Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་བྷེ། གཞས་ཞིག་གི་དོན་དུ་འཛིན་བཟུང་བྱས་བའི་གླུ་བ་དགེ་བྷེ།

Posted on 2015-04-242015-04-24 By འབྲོང་བུ་ཟླ་བ་ཚེ་རིང་ 2 Comments on དགེ་བྷེ། གཞས་ཞིག་གི་དོན་དུ་འཛིན་བཟུང་བྱས་བའི་གླུ་བ་དགེ་བྷེ།

༢༠༡༤།༠༥།༣༡ ཉིན་ཚེ་རིང་འོད་ཟེར་གྱིས་བྲིས། གཅན་བློས་བསྒྱུར།

1རང་ལོ་ཉེར་བདུན་ལ་སོན་པ་ཨ་མདོ་རྔ་བ་ནས་ཡིན་པའི་གླུ་བ་དགེ་བྷེ་འདི་ལོའི་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ཁྱུང་ཆུ་ས་ཆར་འཁྲབ་སྟོན་གྲུབ་མཚམས་སུ་ས་གནས་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་མི་སྣས་བཙན་ཁྲིད་བྱས་ནས་ད་ལྟའི་ཆར་ཁོང་གི་སྐོར་ལ་གནས་ཚུལ་ཅི་ཡང་ཤེས་རྟོགས་བྱུང་མེད། སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་བའི་ཚེས་བཞི་ཉིན་ངས་རང་ཉིད་སྒེར་གྱི་དྲ་རྒྱའི་སྟེང་དགེ་བྷེས་བཏང་གནང་བའི་གླུ་གཞས་༼ང་ཡོང་གི་ཡོད༽་ཅེས་བའི་གཞས་ངོ་སྤྲོད་དང་འབྲེལ་ཁོང་གི་སྐོར་ལ་འདི་འདྲ་ཞིག་བྲིས་ཡོད།

 
༼དགེ་བྷེ་ནི་་་་་་་་བློ་སྤོབས་དང་རིག་སྟོབས་ལྡན་པའི་བོད་པའི་གླུ་བ་ཞིག་ཡིན་པ་མ་ཟད་ཁོང་གི་ཤུགས་རྐྱེན་ནི་དེ་ལས་ཀྱང་ཚོད་དཔག་དཀའ་བ་ཞིག་ཏུ་སྣང་། ཁུངས་ལྡན་གནས་ཚུལ་ཡོང་ཁུངས་དུ་མ་ཞིག་གིས་ཁོང་དུས་ཡུན་རིང་པོ་ཞིག་ནས་ང་ཚོའི་མིག་ལམ་ནས་ཡལ་ཟིན་པར་འདོད་་་་་་་་་་་་་་་་་་་་་་་་༽

 
སྤྱི་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ཁོང་གིས་རྐ་ཆུ་ས་ཆར་གླུ་གཞས་འཁྲབ་སྟོན་མཛད་སྒོ་ཞིག་ཏུ་གླུ་གཞས་བཏང་གནང་སྟེ་མི་མང་གི་མདུན་སར་ཐོན། ང་ཚོས་ཁོང་གི་རང་དབང་གི་འཚོ་བར་དགའ་བསུ་བྱེད་པར་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ་ཁོང་འཛིན་བཟུང་བྱས་པའི་གཏམ་ངན་ཐོས། ངས་གོ་ཐོས་ལ་ཐེངས་འདིའི་གླུ་གཞས་འཁྲབ་སྟོན་མཛད་སྒོ་སྟེང་གླུ་བ་གླུ་མ་གང་་ཞིག་གིས་འཁྲབ་སྟོན་གནང་ཡོད་པའི་ནང་ནས་གླུ་བ་དགེ་བྷེ་ཡིས་གླུ་གཞས་གཉིས་བཏང་གནང་ཡོད་འདུག སྤྱིར་ཁོང་གིས་བཏང་གནང་བའི་གཞས་ཚིག་གི་ནང་དོན་གཙོ་བོ་ཁག་ནི་བོད་མི་གཞོན་སྐྱེས་རྣམས་ཀྱིས་བོད་ཡིག་བཀོལ་སྤྱོད་བྱེད་དགོས་ཚུལ། ཐུན་མོང་མ་ཡིན་རིག་གཞུང་གཅེས་འཛིན་དང་གོང་འཕེལ་གཏོང་རྒྱུ། ཞི་འཇམ་བག་དུལ་ཀྱི་གཤིས་སྤྱོད་བཟང་བོར་བསྟོད་བསྔགས། བོད་མི་རྣམས་ཀྱིས་ཆང་འཐུང་སྦག་རྒྱག་སོགས་ཚུལ་མིན་ཀྱི་སྤྱོད་ཚུལ་སྤོངས་དགོས་ཚུལ་ལ་སོགས་པ་བཀོད་ཡོད་པ་མ་ཟད་བོད་མི་རྣམས་ཀྱིས་ཀྱང་ཁོང་གི་གཞས་ལ་དགའ་མོས་དང་མཐོང་ཆེན་གནང་གི་འདུག

 

སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་རི་མཐོ་ས་གཙང་དྲ་རྒྱའི་སྟེང་གླུ་བ་དགེ་བྷེས་བཏང་གནང་པའི་༼བོད་རྒྱལ་ལོ༽དང་༼ང་ཚོ་ལ་ཡོད་པ་སྡུག་བསྔལ་ཡིན་༽ཞེས་བའི་གླུ་གཞས་གཉིས་ཀྱི་གླུ་ཚིག་དང་བཅས་བ་བཀོད་འདུག།།གཞས་དང་པོའི་བསྟན་བྱ་གཙོ་བོ་ནི་༧གོང་ས་མཆོག་དང་བོད་མི་མང་གིས་རྒྱལ་ཁར་བཅངས་བའི་རེ་བ་དང་། ལོ་ངོ་་པོར་གཞིས་བྱེས་གྱེས་བྲལ་གྱི་སྡུག་བསྔལ། ད་དུང་གཞིས་བྱེས་མཉམ་འཛོམས་ཡོང་བའི་རེ་བ་ཟབ་མོ་བཀོད་འདུག།། གཞས་གཉིས་པ་ང་ཚོ་ལ་ཡོད་པ་སྡུག་བསྔལ་ཡིན་ཞེས་བའི་གདངས་དབྱངས་ལ་མྱ་ངན་གྱིས་མནོན་པའི་ཁྱད་ཆོས་ཡོད་པ་མ་ཟད་གཞས་ཚིག་གི་ནང་དོན་ཀྱང་ཧ་ཅང་ཟབ། གཞས་འདིས་བོད་ཀྱི་ལོ་རྒྱུས་སྟེང་གི་གལ་ཆེའི་བྱུང་བ་༧གོང་ས་མཆོག་བྲོས་བྱོལ་ལ་ཕེབས་པ། རང་ལུས་མེར་སྲེག། ང་དགུ་ལོའི་ཡས་མས་སུ་བོད་མི་སྟོང་ཕྲག་་བོ་ བསད་ཚུལ་སོགས་བོད་མི་རྣམས་ལ་འདས་སོང་གི་ལོ་རྒྱུས་དྲན་གསོ་གནང་འདུག གཞས་འདི་གཉིས་ཀ་དགེ་བྷེ་ཡིས་ཉིས་སྟོང་བཅུ་གཉིས་ལོར་བཏོན་གནང་བའི་འོད་སྡེར་ནང་དུ་འདུག་ལ་འོད་སྡེར་འདིར་ཁྱོན་བསྡོམས་གཞས་བཅུ་གཅིག་ཡོད་པ་ཚང་མ་རྒྱ་གཞུང་གིས་བཀག་བསྡོམ་བྱས་འདུག གལ་སྲིད་ཁྱེད་རང་རྒྱ་ནག་གི་དྲ་རྒྱའི་ཚད་བཀག་ལས་བརྒལ་ཐུབ་ཚེ་གཞས་འདི་གཉིས་རྒྱལ་སྤྱིའི་དྲ་རྒྱའི་སྟེང་ནས་བལྟ་ཉན་བྱས་ཆོག།།

 

དགེ་བྷེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་གདུང་ལེན་དཀྲོལ་རྡུང་བྱེད་མཁན་ཞིག་རེད། གདུང་ལེན་ནི་གཞས་ལེན་པ་དང་མཉམ་དུ་སྒྲ་སྙན་དཀྲོལ་སྲོལ་ཡོད་པའི་རོལ་མོའི་སྒྱུ་རྩལ་ཞིག་ཡིན། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་བའི་ནང་ཧྤ་རན་སིའི་ཉམས་ཞིབ་པ་འགའི་བཏོན་པའི་རྩོམ་ཡིག་ཞིག་གི་ནང་ཁོང་ཚོ་གསང་བའི་ངང་བོད་ཨ་མདོའི་ཕྱོགས་སུ་རང་ལུས་མེར་སྲེག་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཞིབ་འཇུག་བྱེད་དུ་སོང་བའི་སྐོར་དང་མཉམ་དུ་དགེ་བྷེའི་གཞས་ནི་བོད་ནང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་དང་། གདངས་དབྱངས་དལ་ལ་མྱ་ངན་གྱིས་ནོན་པའི་ཁྱད་ཆོས་ཡོད་པ། གཞས་ཚིག་ནི་༧གོང་ས་མཆོག་དང་ཁ་བྲལ་བའི་སེམས་ཀྱི་སྡུག་བསྔལ་མངོན་སུམ་དུ་བརྗོད་ཡོད་པ་མ་ཟད་བོད་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་རྣམས་གཟི་བརྗིད་ལྡན་པའི་དཔའ་བོ་ཡིན་པ་སོགས་ཀྱིས་སྐོར་བཀོད་འདུག། འོན་
ཀྱང་དགེ་བྷེའི་གཞས་ནི་མྱ་ངན་དང་གདུང་བས་མནོན་པ་གཅིག་པུ་མ་ཡིན་པར་རེ་བ་དང་བློ་སྤོབས་ཀྱིས་ཁེངས། བོད་རྒྱལ་ལོ་ཞེས་བའི་བརྙན་ཐུང་ནང་དུ་ཁོས་ཨ་མདོའི་འབྲོག་ཆས་སྤྲས་ནས་དྭངས་གཙང་གི་ཁ་བཏགས་དཀར་བོས་བསུ་མ་བྱེད་པ་དང། ཁོས་རླུང་རྟ་མཁའ་དབྱིངས་སུ་སྤུར། མུ་མཐའ་མེད་རྩྭ་ཐང་སྟེང་གོམ་པ་དལ་གྱིས་སྤོས། ཡིད་འོང་བརྗིད་ཆགས་ལྡན་པའི་འཛུམ་མདངས་དང་རེ་བའི་ཁྲོད་ནས་གཞས་འདི་ལྟར་བླངས་་་༼ལྷ་རྒྱལ་ལོ། བོད་རྒྱལ་ལོ། དེ་རིང་༧གོང་ས་སྐྱབས་མགོན་ལྷ་རྒྱལ་ལོ་་་་་་་་་་་་་་་་་་་་་ ༽

 
དགེ་བྷེ་ནི་རྔ་བ་བར་མ་ཤང་སྒ་ཤོག་༼ཁཱ་ར་རཱ་༽གྲོང་ཚོ་ནས་ཡིན་ལ་ཕ་མ་གཉིས་དང་། ཕུ་བོ་བཞི། སྲིང་མོ་གཅིག་བཅས་མཉམ་དུ་འཚར་ལོངས་བྱུང། ཁོ་ཆུང་དུས་ནས་བོན་པོའི་རྟོགས་ལྡན་དགོན་པར་གྲྭ་བ་བྱས། ཕྱིས་སུ་སྐྱ་སར་ཕབ་ནས་ད་ལྟ་བུ་མོ་ཞིག་ཀྱང་ཡོད། འདས་བའི་ལོ་འགའི་རིང་ཁོང་སྐབས་རེར་གསང་བའི་ཐོག་ཁྱིམ་མི་ལ་བསྐོར་རྒྱག་པ་ཙམ་ལས་གཞན་འབྲོག་པའི་རྩྭ་ཐང་ཆེན་མོར་ཉེན་ཡོལ་བྲོས་བྱོལ་ལ་འགྲོ་དགོས་བྱུང་ཡོད། ཐེངས་འདིར་ཁྱུང་ཆུར་མགྲོན་འབོད་ཞུས་བ་བཞིན་རིག་རྩལ་དགོང་ཚོགས་སུ་གཞས་བཏང་བར་ཕེབས། ཁོ་གཞས་བཏང་ཚར་རྗེས་མགྱོགས་མྱུར་ངང་ཉེན་ཡོལ་དུ་འགྲོ་རྩིས་ཡོད་མོད་སྟབས་མ་ལེགས་པ་ཞིག་ལ་འཛིན་བཟུང་བྱས་འདུག །

 
ངས་དགེ་བྷེའི་གཞས་ལ་བརྩི་མཐོང་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ཁོས་ང་ཚོ་བོད་མི་རྣམས་ཀྱི་སེམས་ཁོངས་སུ་ཉར་བའི་རེ་བ་དང་བསམ་ཚུལ་དམར་བརྗེན་དུ་བརྗོད་ཡོད་པ་ང་ཚོས་ཤེས་གསལ་ཡིན། ལོ་སྔོན་མའི་ཉིན་ཞིག་ངས་པོ་ཏཱ་ལའི་རྒྱབ་ངོས་ཀྱི་ཀླུ་ཁང་དུ་ཇ་ར་མོ་བཏུང་ནས་བསྡད་ཡོད་པའི་སྐབས་སུ་གློ་བུར་དུ་སྐད་སྒམ་ལས་དགེ་བྷེས་བཏང་གནང་བའི་ང་ཡོང་གི་ཡོད་ཅེས་བའི་གླུ་གཞས་གྲགས་བྱུང་། ང་ལ་བརྗོད་མི་ཤེས་བའི་ཚོར་ཟབ་མོ་སྐྱེས་བ་དང་མཉམ་དུ་དངངས་སྐྲག་ཀྱང་ངང་གིས་ལངས་བྱུང་། དེ་མ་ཐག་ཏུ་ཇ་ཁང་ནང་ཁུ་སུམ་པོར་གྱུར་བས་འདི་གར་ཡོད་པའི་མི་ཚང་མས་གཞས་འདི་ངོས་ཟིན་པའམ་ཤེས་ཀྱིས་ཡོད་པ་ཐག་ཆོད་ནས་བཤད་ཐུབ། དགེ་བྷེ་གཞས་ཞིག་གི་དོན་དུ་འཛིན་བཟུང་བྱས་བ་རེད། དོན་དག་འདི་དྲན་ཐེངས་རེར་ངས་དེ་སྔོན་ར་ཤི་ཡ་སྤྱི་མཐུན་རྒྱལ་ཁབ་སྐབས་སུ་བྱུང་བའི་འཇིགས་སྐྲག་ཅན་གྱི་གནས་ཚུལ་ཅིག་དྲན་བྱུང་། དེ་དུས་ར་ཤི་ཡའི་སྙན་ངག་པ་ཨོ་སེ་པི་ མན་སྒྲིལ་སི་གྲམ་གྱིས་ར་ཤི་ཡའི་སྲིད་དབང་སྒེར་འཛིན་རིང་ལུགས་པར་ཟུར་ཟའི་སྙན་ངག་ཅིག་བྲིས་བའི་རྒྱུ་མཚན་གྱིས་འཛིན་བཟུང་བྱས་ཤིང་བཙོན་དུ་བཅུག།། བཙོན་ཁང་དུ་གཅར་རྡུང་དང་མནར་གཅོད་གྱིས་མ་བཟོད་པར་མཐར་རང་ཤི་བརྒྱབ་འདུག།། ཁོང་གི་སྙན་ངག་གིས་ཀྱང་ད་ལྟའི་ང་ཚོ་བོད་ཀྱི་གནས་སྟངས་འདི་ལྟར་མཚོན་པར་བྱེད་ཐུབ་༼ང་ཚོ་ས་གཞི་འདིའི་སྟེང་དུ་གསོན་པོར་གནས་ཡོད་པ་ཚོར་མི་ཐུབ་ལ། གོམ་པ་བཅུ་མཚམས་ནས་ཁྱེད་ཀྱིས་ང་ཚོའི་སྐད་ཀྱང་གོ་མི་ཐུབ་་་་་་་་་་་་་་་་་་་༽

འགྱུར་རྩོམ།

Post navigation

Previous Post: ནོ་བྷེལ་གཟེངས་རྟགས།
Next Post: ༼ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་མ་འོངས་པའི་ཁ་ཕྱོགས་༽ཅེས་པའི་བགྲོ་གླེང་ཐའེ་ཝན་དུ་འཚོགས་པ།

Comments (2) on “དགེ་བྷེ། གཞས་ཞིག་གི་དོན་དུ་འཛིན་བཟུང་བྱས་བའི་གླུ་བ་དགེ་བྷེ།”

  1. ཕུན་ཚོགས་བཀྲ་ཤིས། says:
    2015-04-24 at 7:07 am

    བོད་གངས་ཀྱི་དཔའ་རྒོད་ཚོ། ང་ཚོས་མི་རབས་ནས་མི་རབས་བར། ཚེ་རབས་ནས་ཚེ་རབས་བར་རྒྱ་ནག་པོ་འདིའི་གདོང་ལ་ཐལ་བ་ཞིག་ལས་འདེབས་མ་ཐུབ་ནའང་འདེབས་དགོས་པའི་ཚོད་དུ་སླེབས་འདུག། རྒྱ་ནག་པོས་ང་ཚོ་མིརིགས་ཡོངས་རྫོགས་རྩ་མེད་བཟོ་སྟངས་དང་། ༸རྒྱལ་མཆོག་ཡིད་བཞིན་ནོར་བུ་བོད་དུ་ཕེབས་པར་བཀག་འགོག་བྱེད་སྟངས་ལ་བལྟས་ན་མཚན་མོར་གཉིད་མི་འོང་། ཉིན་མོར་ཟས་ཁ་ལ་འགྲོ་ཡི་མི་འདུག། རྒྱ་ནག་པོའི་ལྟས་ངན་དེ་ཚོ་རྩ་མེད་ཆགསཔར་ཤོག། བོད་གངས་ཅན་པ་དར་ཞིང་རྒྱས་པར་ཤོག

  2. དམུ་ཐག་གི་བུ་རྒྱུད། says:
    2015-04-24 at 8:14 am

    ༼སྒ་ཤོག༽་མ་རེད་༼ཀ་ཤུལ་༽རེད། བར་མ་ཤང་གི་ནང་དུ་༼ཁཱ་ར་རཱ༽ཟེར་བ་ཞིག་མིག་བརྒྱར་སྤྲུལ་ནས་བལྟས་ཀྱང་མཐོང་རྒྱུ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme