Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<<བདག་དང་ཐ་སྙད་ཅིག་གི་གཏམ་རྒྱུད།>>

Posted on 2015-01-282015-01-28 By ཁ་བརྡ 13 Comments on <<བདག་དང་ཐ་སྙད་ཅིག་གི་གཏམ་རྒྱུད།>>

ལོ་མ་རྒྱལ།

 
ལོ་གསུམ་གྱི་ཡར་སྔོན་ལ། ཡིག་བསྒྱུར་གྱི་ལས་གཞི་འདི་མགོ་ཚུགས་ནས་མཚམས་ཤིག་ཏུ། ང་རང་(sadism) ཟེར་བའི་དབྱིན་ཇིའི་ཐ་སྙད་འདི་དང་ཐོག་མར་འཕྲད། དེའི་སྐབས་དོན་ནི་གཞན་གྱི་སྡུག་བསྔལ་མཐོང་དུས། རང་སེམས་དགའ་བ་དང་སྐྱིད་པའི་དོན་རེད། ཡིན་ན་ཡང་། བོད་སྐད་ནས་དེའི་སྐད་དོད་ཅི་ཡིན་པ་མ་ཤེས་པའམ། ཡང་ན། དེའི་དོན་ལ་འཕྲོད་ཅིང་འབྱོར་བའི་ཐ་སྙད་ཅིག་མ་རེག་པར། ངས་ལོ་གསུམ་ལ་ས་སློག་སློག་དང་བལ་གསེད་གསེད་བྱས་ཏེ། ཚིག་མཛོད་ཁག་ཏུ་ཡང་བཙལ་ཡིན་ལ། དཔེ་རྙིང་ཁག་ཏུ་ཡང་ལྟ་ཁུལ་བྱས་ཡིན།

དེ་ཡང་། ཚིག་མཛོད་ཁག་ཏུ་”sadism” ཟེར་བའི་ཐ་སྙད་འདིའི་དོན་ནི་འདི་ལྟར་བསྒྱུར་འདུག་སྟེ།
དང་བོ། བཀྲ་ཤིས་ཚེ་རིང་གིས་བརྩམས་པའི་<<དབྱིན་བོད་རྒྱ་གསུམ་ལྷན་སྦྱར་གྱི་ཚིག་མཛོད།>> ་དུ། གནག་པའི་འཁྲིག་སྤྱོད། ཅེས་བསྒྱུར་འདུག །

གཉིས་པ། བོད་གཞུང་ཤེས་རིག་ལས་ཁུང་གི་<<དབྱིན་བོད་ཚིག་མཛོད་གསར་མ།>> ་ཞེས་པའི་ནང་དུ། རྩུབ་སྤྱོད་འཁྲུག་སྦྱོར། ཞེས་བསྒྱུར་འདུག །

གསུམ་པ། གདོང་ཐོག་གི་<<དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་སྣང་བ་གསར་པ།>> ་ཞེས་པའི་ནང་དུ། མནར་གཅོད་ཀྱི་འཁྲུག་བདེ། ཞེས་བསྒྱུར་འདུག །

བཞི་བ། <> : n .1 a from of sexual perversion characterized by the enjoyment of inflicting pain or suffering on others . 2. The enjoyment of cruelty to other .ཞེས་བཀོད་འདུག །

དབྱིན་ཇིའི་ཚིག་མཛོད་ལ་གཞི་བཞག་ན། བོད་ཡིག་གི་མཛོད་ཁག་ཏུ་”sadism ” ཟེར་བའི་ཐ་སྙད་འདིའི་གོ་བ་དང་བོ་དེ་མ་གཏོགས་བསྒྱུར་མི་འདུག ། ཡིན་ན་ཡང་། ང་རང་ལ་དགོས་པ་ནི་གོ་བ་གཉིས་པ་སྟེ། གཞན་གྱི་སྡུག་བསྔལ་མཐོང་དུས། རང་སེམས་དགའ་བའི་དོན་དེ་ཡིན་པས། ང་རང་གིས་བསྔོགས་པའི་རང་རེའི་ཚིག་མཛོད་ཁག་ཏུ་དེ་འབྲེལ་གྱི་ཐ་སྙད་བསྒྱུར་ཡོད་པ་གང་ཡང་གསལ་ཁ་མ་བྱུང་།

དེ་ནས། ཁ་དཔེ་ལ། མི་ཤེས་ན་མྱི་ལ་དྲིས། མི་རིག་ན་སྒང་ང་བུད། ཟེར་བ་ལྟར། ཉམས་མྱོང་ཅན་གྱི་རྒན་པ་དང་། རིག་རྩལ་ཅན་གྱི་གཞོན་པ་རྣམས་ཀྱི་རྣ་རྩར་ཡང་བཞག་སྟེ། སེམས་ལ་འཛིན་རྒྱུའི་ལན་ཞིག་ཡོང་བར་སྒུག་ནས་བསྡད། ད་རུང་། ཁྱོས་མི་ཟ་ན། ངས་མི་འཐུང་། ཟེར་བའི་རོགས་གའི་ནང་ལ་ཡང་། དྲིས་དྲིས་ནས་སུན་རག་དང་། བཤད་བཤད་དེ་རྣ་ལ་གཤགས་རག་ཏུ་གླེང་གླེང་ཡང་། དེ་ལ་འཕྲོད་ཅིང་འབྱོར་བའི་ཐ་སྙད་ཅིག་མ་རེག།

དེ་ནས། ཆད་པ་དང་ཉོབ་བ། སུན་པ་དང་སྐྱོ་བ་བཅས་ཀྱིས་མུ་ནས་དེ་ཡི་ཐད་ལ་མ་ཁ་སོ་བཏབས་ཀྱིས་ཨུ་ཚུགས་ཀྱང་མ་བྱས་པར། ཕྱུག་ཟོག་རི་རྒྱག་བྱེད་པ་ལྟར། རེ་ཞིག་(sadism)་ཟེར་བའི་ཐ་སྙད་དེ་ལོགས་སུ་བཞག་སྟེ། མཐོང་ན་ཡང་། མ་རིག་ཁུལ་བྱས་ནས་ཚིག་འབྲུ་རྗེས་མ་དག་བསྒྱུར་བའི་ཕྱོགས་ལ་བརྟུན་པ་སྤྱད་ཡིན།

མཚམས་ཤིག་གི་ཞུ་དག་གི་སྐབས་སུ། སླར་ཡང་ཐ་སྙད་དེ་དང་འཕྲད་བྱུང་། སྐབས་དེར་ངས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཏེ། (sadism)་ཟེར་བའི་ཐ་སྙད་འདི་(བསམ་ནག་པ་) ་ཞེས་བསྒྱུར་བ་ཡིན། འོན་ཏེ། ད་རུང་། དེ་ཡིས་འདོད་བློ་ཁེངས་པ་དང་། མ་ཡིག་གི་གོ་བ་རྣལ་མ་ཞིག་ཡོང་མེད་པ་ཡང་ཚོར་ཚོར་བྱུང་མོད། ངས་དེ་ལྟར་མི་བསྐྱུར་རང་བསྐྱུར་དུ་གྱུར། རྒྱུ་མཚན། ངས་རང་ཉིད་ཀྱི་གློ་སྙིང་བྲང་གསུམ་ནས་བསློགས་བསློགས་ནས་ཅིག་བུད་པ་དང་། བཙལ་བཙལ་ནས་ཅིག་རྙེད་པ་ནི། དེ་ཁོ་ནའོ།།

དེའི་རྗེས་ནས། རང་ཉིད་ཀྱི་ཡིག་བསྒྱུར་ལས་གཞི་ཆུང་ཆུང་འདི་རང་ངོས་ནས་རགས་ཟིན་ཞིག་བསྒྱུར་གྲུབ་ཏེ། ཞུ་དག་བྱེད་པའི་གོ་རིམ་དུ་བསླེབས། ཞུ་དག་བྱེད་མཁན་མི་གསུམ་ལ་རེ་བ་ཞུས་ཡིན། མཐའ་མ་དེ། <<མེ་ཏོག་ཕྲེང་རྒྱུད།>> ་གྱི་སྒྱུར་བ་བོ་ཟླ་བ་གཞོན་ནུའམ། རྡོ་རྗེ་སྐྱབས་ཡིན།

ཁ་ཉིན། ཁོས་ངང་མོའི་འགྲོས་ལྟར་ཡིག་འབྲུ་རེ་རེར་ཞུ་དག་བྱས་ཟིན་པ་རྣམས་ངའི་ལག་ཏུ་སོན་བྱུང་། སྐབས་དེར། ཁོས་ང་ལ་(sadism)ཟེར་བའི་ཐ་སྙད་འདིའི་སྐོར་གླེང་བྱུང་། ད་ནི། སླར་ཡང་ང་རང་ཐ་སྙད་དེ་འཕྲད་བྱུང་། ཡིན་ན་ཡང་། ཐེངས་འདིར་སེམས་ལ་འཛིན་རྒྱུའི་ཚིག་ཅིག་དང་། རུམ་མ་འཛིན་རྒྱུའི་བྲོ་ཞིག་ཡོད་པའི་སྣང་བ་ཡིས་དགའ་ལྷང་ལྷང་གིས་སེམས་རྩར་སྐྱིད་པའི་དྲོད་ཅིག་འཁྱིལ་སོང་།

ཁོས་འདི་ལྟར་ཟེར། (sadism)་ཟེར་བ་འདི་ཕལ་ཆེར་”སྙིང་ཚིམ།”ཞེས་པ་དེ་ཡིན་པ་འདྲ། སྙིང་ཚིམ་ཟེར་བའི་ཐ་སྙད་འདི་<<མི་ལ་རས་པའི་པའི་རྣམ་ཐར།>> ་ན་ཡོད་རབ་བཤད་བྱུང་། དེ་ནས། ང་རང་གིས་མྱུར་དུ་དཔེ་མཛོད་དུ་སོང་ནས། མི་ལ་རས་པའི་རྣམ་ཐར་དུ་བལྟས་ཡིན། ཏག་ཏག་ཁོས་བཤད་པ་བཞིན། སྙིང་ཚིམ་ཞེས་པའི་ཐ་སྙད་འདི་ཐེངས་མ་ཁ་ཤས་ལ་མཐོང་སོང་། དོན་ཡང་། སྐབས་བབ་ཀྱི་(sadism) ཟེར་བ་དང་ཐག་ཉེ་ཞིང་། འབྱོར་མོ་འབྱོར་མོ། འཕྲོད་པོ་འཕྲོད་པོ་ཞིག་རེད་འདུག།

དེ་ཡང་མི་ལའི་རྣམ་ཐར་ལས། ཐོས་པ་དགའ་ཡིས་མཐུ་བརྒྱབས་ཏེ། ཨ་ཁུ་དང་ཨ་ནེའི་ཁྱིམ་གཏིབས་ནས་མི་རྟ་སོ་ལྔ་ཤི་བ་གྲགས་རྗེས། ཡུམ་མྱང་ཚ་དཀར་རྒྱན་གྱིས་འདི་ལྟར་བཤད་ཡོད་དེ། ༼དང་པོ་ཨ་ཁུ་དང་ཨ་ནེ་གཉིས་ན་རེ་མ་སྨད་ཚོ་མང་ན་དམག་དྲོངས། ཉུང་ན་མཐུ་ཐོངས་ཟེར་བྱས་སོ། ། ད་ཉུང་བའི་མཐུ་བཏང་བས་མང་བའི་དམག་ལས་ལྷག་པ་ཞིག་བྱུང་ངོ། ། སྟེང་གི་མི་ལ་ལྟོས། འོག་གི་ཕྱུག་ལ་ལྟོས། བར་གྱི་ནོར་ལ་ལྟོས། ལར་མ་ཤི་ཚེ་རིང་ཙ་ན། བུས་བསྟན་པའི་ལྟད་མོ་འདི་འདྲ་མཐོང་བའི་དུས་བྱུང་བ་ཡིན། ང་མྱང་ཚ་དཀར་རྒྱན་ལ་ད་ལན་ལས་ཉམས་དགའ་བ་ཨེ་འོང་ལྟོས་དང་ཟེར། “སྙིང་ཚིམ”་དང་གཤགས་བདར་བ་ཁྱིམ་དུ་མ་ཚུད་པ་ཀུན་གྱིས་ཐོས།༽

སྐབས་དོན་གྱི་སྙིང་ཚིམ་གྱི་གོ་བ་ཡང་། གཞན་གྱི་སྡུག་བསྔལ་མཐོང་ཏེ། རང་སེམས་དགའ་བ་དང་སྐྱིད་པའི་ཉམས་དང་རྣམ་འགྱུར་ཞིག་ལ་གོ་བ་གསལ་བོར་མངོན། གཞན་ཏུ་ན། འདི་ལྟར་ཡང་གོ་སྟེ། ཤ་འཁོན་དང་སྙིང་ནད་དྭངས་པའམ། སངས་པའི་ཉམས་ལ་ཡང་གོ་ཆོག་སྙམ། དྲིལ་ན། སྐབས་དོན་གྱི་སྙིང་ཚིམ་ཞེས་པ་ནི་དབྱིན་ཇིའི་(sadism) ་ཟེར་བའི་སྐབས་དོན་དང་ཤིན་ཏུ་ཉེ་བར་འདོད་དོ།

དེ་ནས། ང་རང་གིས་སྙིང་ཚིམ་ཟེར་བའི་ཐ་སྙད་འདི་<<དག་ཡིག་གསར་སྒྲིག>> ་ཏུ་བཙལ་ཡིན། ཡིན་ན་ཡང། དེ་དག་ཡིག་གསར་སྒྲིག་ན་མི་འདུག ། དེ་ནས། ཁ་པར་སྒང་ན་ཡོད་པའི་ཚིག་མཛོད་གཞན་ཞིག་གི་ནང་དུ་བཙལ་ཡིན། དེ་ཡི་<< ཚིག་མཛོད་ཆེན་མོ་>> ཞེས་པའི་ནང་ན། ད་གཟོད་སྙིང་ཚིམ་ཞེས་པའི་ཐ་སྙད་འདིར་མཆན་འགྲེལ་བྱས་འདུག། དེ་ཡང་། སྙིང་ཚིམ་དང་སྙིང་ཚིམ་འདེབས་པ། སྙིང་ཚིམ་བགྲངས་པ། སྙིང་ཚིམ་བདར་བ། སྙིང་ཚིམ་རྒྱག་པ་ཞེས་པའི་ཐ་སྙད་འདི་དག་མིག་སྔུན་དུ་ལྷིང་ངེར་ཐོན་སོང་།

ཚིག་མཛོད་དེ་ན། “སྙིང་ཚིམ”ཁོ་ན་ཡི་མཆན་འགྲེལ་ནི། ཡིད་དགའ་བ་དང་འདོད་པ་གང་བའི་དོན། ཞེས་བཀོད་ཡོད་ཅིང་། སྙིང་ཚིམ་འདེབས་པ། སྙིང་ཚིམ་བགྲངས་པ། སྙིང་ཚིམ་བདར་བ། སྙིང་ཚིམ་རྒྱག་པའི་མཆན་འགྲེལ་དེ་ནི། གཞན་ལ་སྡུག་བསྔལ་བྱུང་བ་ལ་དགའ་བའི་ཚིག་བརྗོད་པ། ཞེས་བཀོད་འདུག་པས། དབྱིན་ཇི་ཡི་(sadism) ་ཟེར་བའི་ཐ་སྙད་འདིའི་སྐབས་དོན་དང་འཕྲོད་ཅིང་འབྱོར་མོ་འབྱོར་མོ་ཞིག་རེད་འདུག །

མི་ལའི་རྣམ་ཐར་ན། སྙིང་ཚིམ་གྱི་གོ་བ་ནི། ཚིག་མཛོད་དེ་ལྟར་གྱི། ཡིད་དགའ་བ་དང་འདོད་པ་གང་བའི་དོན་ནི་གཞར་ཡང་མི་གདའ་ཞིང་། ཕྱི་མའི་སྙིང་ཚིམ་འདེབས་པ་ལ་སོགས་ཀྱི་གོ་དོན་དང་ཡོངས་སུ་ཆ་འདྲ་བས། ང་རང་གིས་(sadism)་ཟེར་བའི་དབྱིན་ཇིའི་ཐ་སྙད་འདི་བོད་དུ་”སྙིང་ཚིམ་” ཞེས་བསྒྱུར་བ་ཡིན།

མཐར། ལོ་ངོ་གསུམ་གྱི་རིང་ལ་ས་སློག་རྡོ་སློག་བྱས་ནས་བཙལ་བའི་དབྱིན་ཇིའི་(sadism) ་ཟེར་བའི་སྐད་དོད་དེ། “སྙིང་ཚིམ”་ཞེས་པའི་ཐ་སྙད་འདི་དེ་ལྟར་ང་ལ་རེག་བྱུང་། འདི་ནི་ཡིག་སྒྱུར་བས་དབྱར་རྩ་དགུན་འབུ་བཙལ་བཙལ་ལྟར། ཐ་སྙད་འཚོལ་བའི་གོ་རིམ་ཞིག་རེད། །

25/01/2014

རྩོམ་རིག

Post navigation

Previous Post: ཟླ་བ་མིན་པའི་ཟླ་བ་དཀར་པོ།
Next Post: དྲན་ཚོར་གྱི་ཁ་དོག

Comments (13) on “<>”

  1. ཀླུ་སྨྱོན། says:
    2015-01-28 at 2:33 pm

    གཏམ་དཔེ་ལས་འདི་ལ་རོ་ཐོག་རྟ་རྒྱུག་དང་འབྲོང་བསད་པས་མི་ཚད་འབྲོང་རྔ་འཕྱར་སོགས་ཟེར།

  2. བོད་ཁམས་སྡེ་ says:
    2015-01-28 at 2:39 pm

    ད་གཡུགས་ཤོག་མི་ཡི་ལོ་ངོ་གསུམ་གྱི་ནང་དུ་ཚིག་མཛོད་རྩོམ་འགྲོ་གི་ཡོད་རེད་ ཁྱེད་ནི་ཚིག་རྐང་གཅིག་སྒྱུར་དུས་ལོ་གསུམ་འགོར་གྱི་ཡོད་ན་འདི་ན་ཅང་གླེང་རིན་མ་མཐོང་།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-01-28 at 3:25 pm

    དོན་ལ།
    སྙིང་ཚིམ་དེ་ཡི་ལྡོག་ཆོས། །
    རྗེས་སུ་ཡི་རང་འདྲ་བྱུང་། །
    དཔེ་ལ།
    གཞན་ལ་སྙིང་ཚིམ་མ་བྱེད། །
    རང་ལ་འོངས་བའི་དུས་འོངས། །

  4. རྟ་བདུན་དབང་བོ says:
    2015-01-28 at 5:25 pm

    སྙིང་ཚིམ་དང་རྗེས་སུ་ཡི་རང་གཉིས་གཅིག་པ་འདྲ་བོ་མཐོང་སོང་། ༼གནོད་སེམས༽ཡང་ན་༼འདོད་ལོག༽༼ལོག་སེམས༽སོགས་ཟེར་ན་ག་འདྲ་འདུག sadism མ་གཞི་དབྱིན་ཇི་ཚིག་འདི་ཆགས་སྤྱོད་དང་འདྲེས་པའི་དོན་གཅིག་ལ་གོ་དགོས་པ་འདྲ། །

  5. རྡོ་རྗེ་རྒྱལ་མཚན། says:
    2015-01-28 at 7:51 pm

    འདི་ལྟར་ཆུང་ས་ནས་ཆེ་སར་བལྟ་མཁན་ཚོར་རྗེས་སུ་ཡི་རངས་ཡོད།
    དེ་མ་གཏོགས། དང་པོར་སྟག་གི་མགོ་འདྲ་ཞིག་བཤད་ཁུལ་གྱིས་མཐའ་མར་ཙི་ཙིའི་རྔ་མར་གྱུར་འགྲོ་བ་དེ་ཚོ་ལ་ནི་ཡི་ག་བརྒྱབ་བསྡད་ཡོད། དཔེར་ན། ཀླུ་སྨྱོན་ལྟ་བུ།

  6. གངས་ལྡོམ། says:
    2015-01-28 at 9:23 pm

    ཆུ་ཐིགས་བསགས་པས་རྒྱ་་མཚོ་་་་ཞེས་པའི་འདི་ན་མཆིས།

    དཔེ་ཡག་པོ་འདུག རྗེས་སུ་ཡི་རངས་ཡོད།

  7. ཁྱུང་སེ། says:
    2015-01-28 at 9:40 pm

    སྙིང་ཚིམ་ཞེས་པ་ནི་་་་ཡིད་སྐྱོ་བ་དང་སེམས་སྐྱོ་བ་བློ་འགྱོད་པ་སོགས་ལ་གོ་བ་རེད། དེ་འདྲའི་ཚིག་ཏུན་ཧོང་དང
    ཡིག་རྙིང་མང་པོའི་ནང་དུ་འདུག

  8. གངས་ཕྲུག། says:
    2015-01-29 at 1:06 am

    ཡིད་ཚིམ་དང་སྙིང་ཚིམ་ཞེས་པ་ནི་བཟང་ངན་ནམ་ལེགས་ཉེས་ཀྱི་ཕྱོགས་གཉིས་ཆར་འཇུག་པ་མ་ཟད་དེ་ལེགས་ཆར་མངས་བ་འཇུག་པས་sadism ཞེས་པའི་ཨིན་ཚིག་འདིའི་གོ་དོན་ལེགས་པར་ཞིག་མ་རེད། ཡིན་རྒྱུ་མ་ནི། འཁོན་ཚིམ། ཞེས་སྒྱུར་ན་འཚམས། དེ་ནི་གནག་སེམས་ཀྱི་ཁོངས་གཏོག་ཞིག་རེད་བསམ་གྱིན།

  9. BONPO says:
    2015-01-29 at 8:27 am

    sadism ཆགས་གདུང་གནག་སེམས། ?

  10. BONPO says:
    2015-01-29 at 9:14 am

    sadism ཆགས་སྲེད་གནག་སེམས། འདོད་གདུང་གནག་སེམས། ?

  11. ལོ་མ་རྒྱལ། says:
    2015-01-29 at 9:43 am

    ཚང་མར་ཐུགས་རྗེ་ཆེ། གཞན་གྱི་སྡུག་བསྔལ་མཐོང་དུས། རང་སེམས་དགའ་བའི་དོན་ཡོད་པའི་བོད་རང་གི་ཐ་སྙད་ཅིག་ཤེས་ཀྱི་ཡོད་ན་གསུངས་རོགས་གནང་། (སྙིང་ཚིམ་ལས་གཞན་པའི)

  12. BONPO says:
    2015-03-10 at 10:44 pm

    མི་ལའི་ཡུམ་མྱང་ཚ་དཀར་རྒྱན་གྱིས་གསུངས་པ་དེ་དང་ཕྱོགས་འདྲ་བ། བོན་དཔེ་རྙིང་པ་ཞིག་གི་ནང་དུའང་་་སྙིང་ཚིམ་་་ཟེར་བའི་ཚིག་འདི་འདུག མཁྱེན་འདོད་ཡོད་ན་ངས་མགོ་ནས་མར་ཏོག་ཙམ་འབྲི་ཆོག ། །

  13. རྨུ་ཐག་གི་བུ་རྒྱུད། says:
    2015-03-11 at 5:33 am

    (སྙིང་ཚིམ་)ཟེར་བ་འདི་སྙིང་ནད་བཅིང་སའི་དགྲ་བོར་རྐྱེན་ངན་བྱུང་ན་ཚིམ་སྣང་སྐྱེ་བ་དེར་ཟེར་བ་འདྲ། ལོ་མ་རྒྱལ་ལ་རྗེས་སུ་ཡི་རངས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (64)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (53)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme