Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་གྲོགས་ལ་ཕུལ་བའི་ཀ་བཤད་བཞི་པ།།

Posted on 2014-12-022014-12-02 By ཁ་བརྡ 7 Comments on དྲ་གྲོགས་ལ་ཕུལ་བའི་ཀ་བཤད་བཞི་པ།།

ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

ཀ་མིག་སུམ་བཅུའི་ཀ་བཤད་འདི་ལ་གཟིགས།།
ཁ་དང་མིག་དང་རྣ་བ་རྐང་ལག་བཅས།།
ག་དུས་ཡིན་ཀྱང་ལུས་སེམས་འཚོ་མཁན་ཡིན།།
ང་རྒྱལ་ཁོང་ཁྲོ་འདོད་ཆགས་ཞེ་ལྡང་དུག།


ཅ་ལག་བསོག་འཇོག་འདོད་བརྔམས་ཅན་གྱི་ནོར།།
ཆ་རྐྱེན་འཛོམས་པའི་དུས་ཚོད་ནམ་ཡང་མེད།།
ཇ་ཆང་ཁ་ཟས་ཤ་མར་ཟས་ཀྱི་མཛོད།།
ཉ་དང་འབུ་སྲིན་དེང་དུས་ཟས་ཀྱི་ཕུད།།
ཏ་བ་ཐ་དད་ཅན་གྱི་མི་རིགས་མང་།།
ཐ་མག་ནག་པོ་འཐེན་མཁན་གྲངས་ལས་འདས།།
ད་ར་འོ་མ་ཞོ་སོགས་སྒོ་ཕྱུགས་དྲིན།།
ན་རྒྱུ་ཚ་རྒྱུ་མེད་པ་མཆོག་གསུམ་དྲིན།།
པ་ཊ་ལྟ་བུའི་རི་མོ་མང་ན་ཡང་།།
ཕ་དང་མ་དང་འདྲ་བ་ཤིན་ཏུ་དཀོན།།
བ་དན་ནག་པོ་དར་ལ་གནོད་ལུགས་བཤད།།
མ་སྦྱང་ཤོ་འབག་ཐལ་ཆེའི་རྒྱན་རྩེད་མང་།།
ཙ་བ་གཅིག་ལ་རྩེ་མོ་་གྲངས་ལས་འདས།།
ཚ་གྲང་མ་སྙོམ་དུས་ཀྱི་འཕོ་འགྱུར་རེད།།
ཛ་བརྩེ་ཅན་གྱི་ཆོལ་གསུམ་བོད་རིགས་སྤུན།།
ཝ་མོ་ཁྱི་སྤྱང་ར་ལུག་དགྲ་བོ་རེད།།
ཞ་མོ་མགོ་ལ་གྱོན་པ་རིགས་གཞུང་མིན།།
ཟ་དང་རྒྱུ་ཀར་མི་ཡི་སྲུང་ཀར་མང་།།
འ་ཞ་ཕྱིང་ཞ་སྤག་ཞ་མི་ཡི་ཞ།།
ཡ་རབས་མ་རབས་སྤྱོད་པར་བལྟས་ན་ཤེས།།
ར་ལུག་རྟ་གཡག་འབྲོག་པའི་རྒྱུ་ནོར་རེད།།
ལ་ཆེན་ལ་ཆུང་བོད་ཀྱིས་ས་མིང་རེད།།
ཤ་མར་འོ་ཞོ་འབྲོག་པའི་ཡོང་འབབ་རེད།།
ས་ནི་ནོར་བུ་དགོས་འདོད་ཀུན་འབྱུང་ཡིན།།
ཧ་ཧ་དྲ་གྲོགས་དགའ་བའི་ཀ་བཤད་འདི།།
ཨ་ཅང་མ་བྱས་སྐུ་རྩེད་ཚུལ་དུ་བྲིས།།

སྙན་ངག

Post navigation

Previous Post: མགོན་པོ་ཕྱག་གཉིས་པའི་གསུང་འབུམ་ཁ་བརྡ་མ།
Next Post: ཨེ་ཙིའི་དོལ་ཚོགས་འཇོམས་པའི་གནམ་ལྕགས་ཐོ་བ་ཞེས་བྱ་བ།། ཞར་བཀོད་གཅིག

Comments (7) on “དྲ་གྲོགས་ལ་ཕུལ་བའི་ཀ་བཤད་བཞི་པ།།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 3:55 pm

    ཀ་མིག་སུམ་བཅུ་རེད་དམ། ཀ་མད་སུམ་བཅུ་རེད། ལགས། རྒན་ལགས།

  2. གནམ says:
    2014-12-02 at 7:25 pm

    ཞེ་ལྡང་། ཙ་བ། ཛ་བརྩེ། ཟ་དང་རྒྱུ་ཀར། སྲུང་ཀར། ཧ་ཧ་ཧ། མིང་ཚིག་འདི་ཚོ་སྙིང་རྗེ་བ་ལ། རིན་ཐང་ཆེ་བ་ལ། ཀ་བཤད་ཡིན་པ་ལ།
    སྐྲག་རྒྱུ་མེད་ནིའི་མྱི་ངར་བ་ཞིག་འདུག། བླ་མ་རྡོ་རྗེ་འཆང་མཁྱེན་ནོ། ཧ་ཧ་ཧ།

  3. ཇུས་ཏོག says:
    2014-12-03 at 5:15 am

    ཀ་མིག་ཀ་མད་་འབྲི་ལུགས་མི་འདྲ་མང་།བོད་ཡུལ་ས་ཁྱོན་ཆེ་བའིསྐྱོན་དུ་དྣང་།
    སྨོན་ལམ་ཚིག་མཛོད་ཀ་མད་གསལ་ན་ཡང་།དོན་དངོས་ཀ་མིག་ཡིན་པ་བློ་ཐག་་
    ཆོད་།དགེ་སྐྱོན་མཛུབ་སྟོན་ཐུབ་པའི་དྲ་འབུ་ལགས་།ནར་བ་ནོར་བ་རྒྱལ་པོའི་བུ་
    ལའང་ཡོང་།འཛར་བ་འཛེར་བ་ཙན་དན་ཤིང་ལ་་ཡོང་།

  4. ཇུས་ཏོག says:
    2014-12-03 at 5:47 am

    ཧ་ཧ་བླ་མ་དང་རྡོ་རྗེ་འཆང་་ངོས་འཛིན་མ་ཐུབ་པའི་དྲ་འབུ་འདི་ཚོ་ཧམ་་བཤད་ལ་ཉི་མ་བསྐྱེལ་མཁན་ཞིག་ཡིན་པ་ཐག་ཆོད་།

  5. འཕྲུལ་གྱི་བཙན་པོ། says:
    2014-12-03 at 8:01 am

    སུམ་ཅུ་སུམ་བརྒྱར་སྔོན་འཇུག་མེད།།

  6. ཆོས་འཕེལ་དར་རྒྱས་ says:
    2014-12-03 at 9:23 am

    ཀུ་ཤུ་ཆ་རེ་ཉོས་ནས། ཁུ་བ་བཙིར་་ནས་འཐུང་ཞོར། གུ་རུ་མཚན་བརྒྱད་འདོན་དང་། ངུ་ལབ་མི་དགོས་སྐྱིད་རེད།

  7. ཨ་ར་དཀར་པོ says:
    2014-12-03 at 9:23 am

    མིང་བརྡ་དེ་ཚོ་ཀོ་ལི་གྷལ་གྱི་སྐད་རེད་འདུག་པས་ས་དེའི་སྐད་མི་ཤེས་མཁན་ཚོས་འཕྱ་སྨོད་མ་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme