Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། དྲུག་པ།

Posted on 2014-11-112014-11-11 By རྔ་བ་རྒྱལ་ཁམས་པ No Comments on ༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། དྲུག་པ།

དུས་འཁོར་མཆོད་རྟེན།
དུས་འཁོར་མཆོད་རྟེན།

རྔ་བ་རྒྱལ་ཁམས་པ།
ཚོགས་ཁང་དེར་བཀལ་བའི་སྐུ་ཐང་། མཆོད་ཁྲིའི་སྟེང་གི་མཆོད་རྫས། ས་གདན་སོགས་ལ་བལྟས་ན། ཁང་བ་འདིར་འཆར་ཅན་ཆོས་སྤྱོད་ཀྱི་མཛད་སྒོ་སྣ་ཚོགས་ཤིག་སྤེལ་བཞིན་ལོས་ཡོད་སྙམ་པ་ཞིག་འདུག མཐའ་སྐོར་གྱི་མཆོད་སྟེགས་ལྟ་བུའི་པང་གདན་གྱི་ཐོག བཤམ་སྟོན་བྱས་པའི་ནང་ཆོས་དང་འབྲེལ་བའི་དཔེ་ཆ་དང་། བརྙན་པར་སྣ་ཚོགས། ཀརྨ་པ་ཡབ་སྲས་དང་། ཀ་ལི་རིན་པོ་ཆེ་སོགས་གནས་འདིར་འབྲེལ་ཡོད་ཀྱི་བླ་གྲྭ་དག་གི་ལོ་རྒྱུས་དང་རྣམ་ཐར་སྒྲིག་ཤོམ་བྱེད་སྟངས་ལས། གནས་འདི་ནི་སྤྲོ་འཆམ་གྱི་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་ཤེས་སླ། ང་ཚོས་ཚོགས་ཁང་དེར་མཇལ་གྲུབ་ནས་ཕྱི་ལ་བུད། ངའི་བུ་ཆུང་སླར་ཡང་ཚོགས་ཁང་སྒོ་འགྲམ་གྱི་ནེ་ཙོའི་འཁྲིས་སུ་བཅར་ནས་ཕན་ཚུན་སྐད་ཆ་ཤོད་རེས་བྱེད། དེ་ནས་ང་ཚོ་རྒྱབ་ངོས་ཤིང་ནགས་ཀྱིས་བསྐོར་ཅིང་། སྤང་ཐང་ལྗང་ཁུའི་ངོགས་སུ་དཀར་སང་ངེར་བཞེངས་པའི་དུས་འཁོར་མཆོད་རྟེན་ལ་མཇལ་དུ་ཕྱིན། མཆོད་རྟེན་དེར་སྐོར་བ་ཞིག་རྒྱག་དགོས་བསམས་ཀྱང་། རྒྱབ་ངོས་ཤིང་ནགས་དང་མཆོད་རྟེན་ཀྱི་བར་སྡོམ་གྱི་དྲྭ་བ་སྟུག་པོས་སྤྲེལ་ཡོད་པས་འགྲོ་མ་ཐུབ། མཆེད་རྟེན་དེ་ནི་ཏྰ་ཡི་སི་ཏུ་རིན་པོ་ཆེ་དང་བླ་མ་བསྟན་འཛིན་ཞེས་པ་གཉིས་ཀྱི་བཀོད་འདོམས་འོག ཤང་བ་བཀའ་བརྒྱུད་ཀྱི་བླ་མ་སྐྱབས་རྗེ་ཀ་ལི་རིན་པོ་ཆེའི་རྗེས་དྲན་དུ་སྤྱི་ལོ༡༩༩༣ལོར་བཞེངས་པར་བཤད་ཅིང་། དེ་ནི་འཛམ་གླིང་འདིར་བཞེངས་པའི་དུས་འཁོར་མཆོད་རྟེན་གསུམ་པ་དེ་ཡིན་ནོ་ཟེར། ངེད་ཅག་གིས་གསོལ་འདེབས་སྨོན་ལམ་ཚར་རྗེས། མཆོད་རྟེན་ནས་གཞི་འདོམ་ཉི་ཤུ་ཡས་མས་ཀྱི་སར་ཡོད་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་འདྲར་མཇལ་དུ་ཕྱིན། སྐུ་འདྲ་དེའི་ཆེ་ཆུང་ལ་མི་ཆེན་ཞིག་གི་ཚད་ཙམ་ཡོད་པ་འདྲ། དེའང་དྷ་ན་ཀོ་ཤའི་མཚོ་གླིང་དུ་སྐུ་འཁྲུངས་པའི་རྣམ་ཐར་ལོ་རྒྱུས་ལྟར། ཨར་འདམ་ལས་གྲུབ་པའི་པདྨའི་དབྱིབས་ཅན་གྱི་སྣོད་ཆེན་པོ་ཞིག་གི་ནང་། ཆུས་བཀང་བའི་དབུས་སུ་མེ་ཏོག་པདྨའི་འདབ་མ་རྣམ་པར་བཀྲ་བའི་ཟེའུ་འབྲུར། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་བཞུགས་སྟབས་ཅན། གཡས་གཡོན་ན་མཁའ་འགྲོ་རྣམ་གཉིས་བཞེངས་སྟབས་སུ་བཞུགས་པ། གཤམ་དུ་སྒྱུ་རྩལ་གྱི་རྣམ་པར་བཞེངས་པའི་ཆུ་རྐའི་ནང་། ཆུ་གཙང་ལྷུང་ལྷུང་འབབ་བཞིན་པ་ཞིག་མཇལ། དེའང་བཀོད་པ་ཧྲིལ་བོ་གདུགས་དབྱིབས་ཀྱི་ལྡིང་ཁང་ཟླུམ་པོ་ཞིག་གིས་བསྐོར་ཡོད་པ་མཐོང་།
གུ་རུ་རིན་པོ་ཆེ།
གུ་རུ་རིན་པོ་ཆེ།
སློབ་དཔོན་རིན་པོ་ཆེའི་སྐུ་འདྲ་དེ་ནི་བོད་ཀྱི་སྔགས་བླ་མཐར་ཕྱིན་ཞེས་ཞུ་བས་ཐུགས་བཀོད་ལྟར། སྤྱི་ལོ༡༩༩༠ལོར་བཞེངས་སྐྲུན་གནང་བ་ཞིག་རེད། སྐོར་བ་ཁ་ཤས་བརྒྱབ་རྗེས་ངའི་ཆུང་མས་ལྡུམ་རའི་ནང་གི་མེ་ཏོག་སྡོང་བུ་ལས་བཏུས་པའི་མེ་ཏོག་དམར་སེར་ཆེ་ཆུང་སོར་མོ་གཉིས་ཀྱི་ཚད་ཅན་རེ་རེ་ང་ཚོར་སྤྲད་ནས། ཁ་སློབ་དཔོན་ཡབ་ཡུམ་གྱི་ཕྱོགས་སུ་འཁོར་ནས་མེ་ཏོག་གཏོར་ཏེ་སྨོན་ལམ་བཏབ། སྐྱེ་དངོས་ཀྱི་ཤེས་རིག་ལ་རྨོངས་པ་ནི་ཆེས་ཐབས་སྐྱོ་བོ་ཞིག་རེད། ལྡུམ་ར་འདིར་འདེམས་སྒྲིག་བྱས་པའི་མེ་ཏོག་སྣ་ཚོགས་པ། ཟ་འོག་གི་རི་མོ་བཞིན་དུ་སྣང་མོད། ཕལ་ཆེར་ཞིག་དེ་སྔ་མཐོང་མ་མྱོང་བའི་མེ་ཏོག་ཡིན་པས་ངོས་ཟིན་མ་སོང་། སློབ་དཔོན་མཇལ་རྗེས།
བྱང་ཆུབ་ཤིང་གི་སྡོང་བུ།
བྱང་ཆུབ་ཤིང་གི་སྡོང་བུ།
སྤྱི་ལོ༡༩༨༨ལོར་བཏབ་པར་གྲགས་པའི་བྱང་ཆུབ་ཤིང་གི་སྡོང་བོ་དང་། ཉིས་སྟོང་བདུན་ལོར་བཞེངས་པའི་འོ་ལམ་རྒུ་ཚིགས་ཀྱི་བཀོད་པ་ཆེན་མོ། མེ་ལྷས་བཞེངས་པར་བཤད་པའི་ཡུལ་སྲོལ་སྨན་གྱི་འཁོར་ལོ། ས་སྐྱ་བདག་མོའི་ཐུགས་བཀོད་ལྟར་ཉིས་སྟོང་ལོར་བཞེངས་པའི་སྒྲོལ་མ། ཧིན་ལུགས་ཁྱབ་འཇུག་གི་འདྲ་སྐུ་སོགས་ལ་མཇལ། དེ་ནས་ཁོང་ཚོས་མཛེས་ཤིང་ཡིད་དུ་འོང་བའི་ཞི་བདེའི་ལྡུམ་ར་དེའི་ཁོར་ཡུག་དག་ཏུ་ཅི་དགར་སྤྲོ་འཆམ་གྱིས་པར་སྣ་ཚོགས་ལེན་པའི་མགོ་བརྩམས། ང་ལྡུམ་ར་འདིར་ཡོད་པའི་ཡུ་ཤི་དང་། ཁ་ཆེ། ཨ་རིའི་གདོད་མའི་མི་རིགས་བཅས་ཀྱི་སྲོལ་རྒྱུན་བསམ་བློའི་ལྟ་ཚུལ་མཚོན་པའི་བཟོ་བཀོད་ཀྱི་རྣམ་པ།
ཞི་བདེའི་སྐྱེད་ཚལ་གྱི་ཟུར་ཞིག
ཞི་བདེའི་སྐྱེད་ཚལ་གྱི་ཟུར་ཞིག
སྤང་ཐང་ཅུང་ཁོད་སྙོམ་པོ་ཁོར་ཡུག་ཡངས་པོ་ཅན་དག་གི་ངོས་སུ་བཀོད་ཡོད་པ་དེ་དག་ལ་ལྟ་རུ་ཕྱིན། ཇེ་ཞིག་ནས་ཁོང་ཚོའང་དེར་སླེབས་ཏེ་ང་ཚོ་ཚང་མ་ཨ་རིའི་གདོད་མའི་མི་རིགས་ཀྱི་བསམ་བློའི་དཀྱིལ་འཁོར་གྱི་ནང་གོམ་ཉུལ་བྱས། དེའི་འཁྲིས་སུ་ཡོད་པའི་སྐྱེ་སྟོབས་ཅན་གྱི་ཤིང་ལོར་སྐུ་བརྟེན་པའི་རྒྱ་ལུགས་ཐུགས་རྗེ་ཆེན་པོ་ཁྲུ་གཉིས་ཀྱི་ཚད་ཅན་དེའི་མདུན་ནས་པར་བླངས། དེ་ནས་ཡར་ག་ལེར་ལྟ་ཞོར་ལྟ་ཞོར་གྱིས་ད་གའི་ཚོང་ཁང་གི་ནང་སླེབས། ཞབས་ཞུ་མས “གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང”དུ་འགྲོ་སྟབས་མཚོན་པའི་རིས་བྲིས་འགྲེལ་བཤད་ཅན་ཞིག་གནང་རྒྱུའི་ཞལ་བཞེས་ཐོབ་པ་ལྟར། སྣེ་ལེན་མདུན་སྟེགས་ཀྱི་ཕྱོགས་སུ་ཕྱིན། ཉེ་འཁོར་གྱི་ཚོང་རྫས་དག་ལ་ཞིབ་ཏུ་ལྟ་སྐབས། བུད་མེད་ལོ་ན་བདུན་ཅུ་ཡས་མས་སུ་སླེབས་ཨེ་ཡོད་སྙམ་པ་ཞིག་ཕེབས། བུད་མེད་དེས་མོ་རང་ནང་བ་ཞིག་ཡིན་པ་དང་། ༧སྐྱབས་རྗེ་བདུན་འཇོམས་རིན་པོ་ཆེ་དང་། ཀརྨ་པ་སྐུ་གོང་མ། ཀ་ལི་རིན་པོ་ཆེ་སོགས་མཇལ་མྱོང་བའི་ལོ་རྒྱུས་དང་། བླ་མ་དེ་དག་གི་བྱིན་རླབས་དང་ནང་ཆོས་ཀྱིས་མོའི་མི་ཚེར་འགྱུར་ལྡོག་ཅི་ཙམ་ཐེབས་མིན་གྱི་སྐོར་ལས་འཕྲོས་ཏེ་ལབ་གླེང་རྒྱུན་རིང་བོར་བྱས། མོས་བཤད་ན་གནས་དེ་ནི་བྷ་བྷི་ར་ཞེས་པའི་བུད་མེད་ཅིག་གིས་ཀ་ལི་རིན་པོ་ཆེར་ཕུལ་བ་ཞིག་ཡིན་པ་དང་།
མིས་བཟོས་རྒུ་ཚིགས།
མིས་བཟོས་རྒུ་ཚིགས།
རྗེས་སུ་རྩོད་རྙོག་ཅིག་བྱུང་སྟེ་ཆོས་ཚོགས་མུ་མཐུད་མཇུག་སྐྱོང་མ་ཐུབ་པར། ས་གནས་སྡེ་ཚོགས་ཀྱིས་སྟངས་འཛིན་འོག སྤྱི་གླིང་གི་ངོ་བོར་བསྒྱུར་བཅོས་བཏང་བ་ཞིག་ཡིན་པར་བཤད། ངས་དེར་གནད་དོན་ཞིག་ཡོད་པར་དྭོགས་ནས་འདྲི་དགོས་བསམ་ཡང་མོས་ཁ་གསལ་གྱིས་བཤད་མ་སོང་། ང་ལའང་དུས་ཚོད་ཀྱིས་གོ་སྐབས་སྤྲོད་ཀྱི་མི་འདུག ཚོང་ཁང་དེར་ས་གནས་རང་ནས་འདེབས་འཛུགས་བྱས་པའི་ཤིང་ཏོག་རིགས་མང་བོ་ཚོང་འགྲེམ་བྱས་ཡོད་པ། དེ་ཚོ་ཚང་མ་བསྐྱེད་ཚལ་དེར་ཞལ་འདེབས་ཤིག་གི་ཚུལ་དུ་ང་ཚོས་ཉོས་པས། རྒན་མོ་དེ་དང་མོའི་ལས་གྲོགས་གཉིས་ཆ་ཡིད་ཤིན་ཏུ་མགུ་བའི་ངང་ཚུལ་བསྟན། ང་ཚོས་བུད་མེད་གཞན་པ་དེ་ལས་བོད་དགོན་དུ་འགྲོ་སའི་ལམ་ཡིག་བླངས། བུད་མེད་དེས་བརྗོད་ན་ལམ་སྟོན་འཕྲུལ་ཆས་བརྒྱུད་ནས་ས་འདིར་འགྲུལ་བཞུད་ཁག་པོ་ཡིན་པ་དང་། དེ་ལས་ལམ་ཆེན་གྱི་མིང་དང་ཨང་གྲངས་སོགས་བརྒྱུད་ནས་འགྲུལ་བཞུད་བྱས་ན་ལས་སླ་བོ་ཡོད་ཚུལ་བཤད་ཅིང་། མོས་ཁྱེད་ཚོ་ཆོས་ཚོགས་དེར་འདི་ནས་མ་མཐའང་ཆུ་ཚོད་གཉིས་ནས་གསུམ་བར་འགྲོ་དགོས་པ་རེད་ཅེས་ཟེར། ང་ཚོས་ཀྱང་ཞལ་ཏ་དེ་དག་སེམས་པར་བཟུང་སྟེ། མུ་མཐུད་འགྲུལ་བཞུད་ཀྱི་མགོ་བསླངས། ལམ་སྟོན་འཁོར་ལོའི་རོབ་རྩིས་ལྟར་ན། ང་ཚོ་བསྐྱེད་ཚལ་དེ་ལས་ལྷོ་ཕྱོགས་ཀྱི་ལམ་ཆེན་ཨང་གྲངས་བཅུ་གཅིག་པ་བརྒྱུད། ཕ་ཧ་ལ་ཞེས་པའི་ས་ཁུལ་ནང་སོང་རྗེས་འཚོལ་དགོས་ཚུལ་གསལ་བར་བསྟན། ང་ཚོ་སྐྱོད་བཞིན་པའི་ལམ་ཁ་འདི་རི་སྐེད་ཅིག་ཏུ་ཆགས་པའི་ལམ་ག་ཆུང་ངུ་གུ་དོག་པོ་ཞིག་ཡིན་མོད། ངའི་ཆུང་མ་ཐེ་ཝན་རང་ཁྱིམ་དུ་ཡོད་སྐབས། རླངས་འཁོར་བཏང་སྟེ་རི་ངོས་ཀྱི་ལམ་ཁ་ཀྱག་ཀྱོག་མང་བོའི་ཐོག་འགྲོ་མྱོང་རྒྱུས་ཡོད་ཅིག་ཡིན་པས། འགྲུལ་བཞུད་ཐད་བློ་བདེ་ཀུ་ཡངས་ངང་ཕྱིའི་འཇིག་རྟེན་གྱི་མཛེས་ལྗོངས་དག་ལ་ཅི་དགར་ལོངས་སུ་སྤྱོད་བཞིན་འགྲོ་ཆོག་པ་ཡིན། ང་ཚོས་ལམ་ཆེན་བཅུ་གཅིག་པ་ཟིན་ནས་ཆུ་ཚོད་གཉིས་ལྷག་ཕྱིན་མཚམས། སླར་ཡང་བྱེ་མ་ནག་པོ་དང་རུས་སྦལ་ལྗང་ཁུའི་འཇིག་རྟེན་གྱི་འཁྲིས་སུ་སླེབས། ང་ཚོ་བྱ་འཕུར་བ་ལྟར་མུ་མཐུད་ལྷོ་ཡི་ཕྱོགས་སུ་བསྐྱོད། སྐབས་རེར་རླངས་འཁོར་ལམ་འགྲམ་དུ་བསྡད་ནས་གྲོང་བ་ཚོར་འགྲོ་ལམ་དྲིས། མི་ཕལ་ཆེར་གྱིས་ཆོས་ཚོགས་དེ་ཧ་གོ་གི་འདུག ཁོང་ཚོས་འདི་ནས་མར་ཅུང་ཙམ་སོང་ན་ཕིས་ཁ་ཁས་ཞེས་པའི་ལམ་ཕྲན་དུ་སླེབས་ཤིང་། དེ་ནས་གཡས་ཕྱོགས་སུ་ཕྱིན་ཏེ་ཡར་རི་འགོར་འཛེགས་དགོས་པ་རེད་ཅེས་ལབ་སྟོན་གནང་བ་ལྟར། ལམ་ཁ་དེ་ནས་གཡས་ཕྱོགས་སུ་ཀྱོག ཡར་རི་མགོར་གྲོང་ཁྱིམ་ཐོག་རྩེག་གཅིག་ཅན། ཤིང་སྡོང་དང་མེ་ཏོག་གི་ལྡུམ་ར་ཡིད་དུ་འོང་བ་དག་གིས་བརྒྱན་པ་ཞིག་ཏུ་སླེབས། ང་ཚོ་ལམ་འགྲམ་དུ་བསྡད་ནས་ཡུལ་མི་ཞིག་ལ་དགོན་པ་དེ་གང་དུ་ཡོད་མེད་དྲིས། མི་དེས་ཁྱེད་ཚོ་འདི་ནས་ཡར་ཅུང་ཙམ་སོང་ན “སངས་རྒྱས་ཀྱི་ལམ”ཞེས་འབོད་པའི་ལམ་ཁ་ཞིག་དང་འཕྲད། ལམ་ཁ་དེ་བརྒྱུད་ནས་ཡར་རི་མགོར་འཛེགས་ན། དགོན་པ་དེ་ནི་ལམ་ཁའི་གཡོན་ཕྱོགས་ཀྱི་ཤིང་ནགས་ཀྱི་ཀློང་ན་ཡོད་དོ་ཟེར། ཁོས་བཤད་པ་ལྟར་ང་ཚོ་ལམ་འགྲམ་ཤིང་ནགས་སྟུག་པོ་དང་། རྩྭ་ལྗང་མེ་ཏོག་ཅན་གྱིས་ཁེབས་པ་ཞིག་ཏུ་ཡུན་རིང་སོང་ཡང་ད་དུང་དགོན་པ་དེ་མཇལ་མ་བྱུང་། ང་ཚོ་ཡུལ་སྐོར་སྤྲོ་འཁྱམ་དུ་མ་ཡོང་སྔོན་གྱི་ཉིན་བཞི་བའི་ནང་། ཧ་བ་ཡས་འདིར་དེ་སྔ་མི་ལོ༢༥རིང་བྱུང་མ་མྱོང་བའི་འབྱུང་འཁྲིགས་ཀྱི་རླུང་ཚུབ་ཆེན་པོ་ཞིག་བྱུང་བའི་གསར་གནས་མཐོང་མྱོང་བ་ལྟར། ང་ཚོ་འགྲོ་ལམ་གྱི་ཟམ་པ་ཞིག་ཕྱེད་ཆུ་ལོག་གིས་དེད་ནས་ད་དུང་ཞིག་གསོ་བྱས་མི་འདུག ཆུས་དེད་པའི་འདམ་རྩྭ་རྣམས་ད་དུང་ལམ་འགྲམ་གྱི་ཁུགས་སོ་དག་ཏུ་འཁྱིལ་ནས་ཡོད་པ་མཐོང་།

ལོ་རྒྱུས།

Post navigation

Previous Post: དེ་རིང་གི་གུང་གསེང་།
Next Post: འཇེག་ ཁེ་རོ་ཨེག་ངོ་སྤྲོད་མདོར་བསྡུས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme