Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོན་པའི་ལྷུང་བཟེད་རྙེད་པ།

Posted on 2014-01-142014-01-14 By ཡེ་ཤེས་ 28 Comments on སྟོན་པའི་ལྷུང་བཟེད་རྙེད་པ།

India-wants-Bud3འདོན་སྤེལ། ༢༠༡༤/༠༡/༡༤
ཁ་སང་རྒྱ་གར་གཞུང་གིས་གསལ་བསྒྲགས་སྤེལ་ཏེ་ཉེ་ལམ་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀཱ་པུར་གྱི་འགྲེམ་སྟོན་ཁང་ཞིག་ཏུ་གནའ་བོའི་ལྷུང་བཟེད་ཅིག་ལ་ཞིབ་འཇུག་བྱས་པ་བརྒྱུད་སྟོན་པ་བཅོམ་ལྡན་འདས་ཀྱི་ཡིན་པ་ར་འཕྲོད་ཡོད་ཟེར།
རྒྱ་གར་གཞུང་གི་གནའ་རྫས་ཞིབ་འཇུག་སྡེ་ཚན་གྱི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་འདས་པའི་ཟླ་ངོ་དྲུག་རིང་། ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀཱ་པུར་(Kabul)ནང་གི་གནའ་རྫས་འགྲེམ་སྟོན་ཁང་ཞིག་གི་རྡོའི་ལྷུང་བཟེད་ཅིག་ལ། ཞིབ་འཇུག་བྱས་པ་བརྒྱུད་དེ་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་། ནང་པ་སངས་རྒྱས་པའི་ཆོས་ལུགས་སྲོལ་འབྱེད་པ་སངས་རྒྱས་ཤཱཀྱ་ཐུབ་པའི་དངོས་རྫས་ཤིག་ཡིན་པ་ར་འཕྲོད་བྱུང་ཡོད་སྐོར་དང་། གནའ་རྫས་རྩ་ཆེན་དེ་གང་མགྱོགས་ཕྱིར་རྒྱ་གར་ནང་གདན་འདྲེན་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་འདུག

༢༠༠༡ ལོ་ཙམ་ནས་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཚོས་ཨབ་གྷན་གཙོས་པའི་དཀྱིལ་ཤར་ཡུལ་གྲུ་ཁག་ནང་དྲག་སྤྱོད་ཀྱི་བྱ་སྤྱོད་སྣ་ཚོགས་སྤེལ་དང་སྤེལ་བཞིན་ཡོད་སྟབས། རྒྱ་གར་གཙོས་ནང་པའི་རྒྱལ་ཁབ་དང་མི་རིགས་ཚོས། ཨབ་གྷན་གྱི་ཧཱ་ཛཱ་ར་ཇ་ཌི་(Hazarajat)ནང་ཕྱི་ལོའི་དུས་རབ་དྲུག་པའི་ནང་གསར་བཞེངས་བྱས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་མཐོ་ཚད་ཧྥི་ཊཱི་ ༡༨༠ ཅན་ཞིག་དང་། གཞན་མཐོ་ཚད་ ༡༢༠ ཅན་ཞིག་ཡོད་པ་གཉིས་དང་། དེ་མིན། ཨབ་གྷབ་འགྲེམ་སྟོན་ཁང་ཁག་ཅིག་ཏུ། རྒྱ་གར་གྱི་གནའ་བོའི་རིག་གཞུང་གྲས་ནང་པའི་དངོས་རྫས་རྩ་ཆེན་ཁག་ཅིག་ཡོད་པ་དེ་དག་རྩ་མེད་བཟོ་སྲིད་པའི་སེམས་འཚབ་ཆེན་པོ་བྱས་ཡོད་ཀྱང་། ཐེངས་འདིར་ངོས་ཟིན་བྱུང་བའི་སངས་རྒྱས་ཀྱི་ལྷུང་བཟེད་དེར་དྲག་སྤྱོད་པའི་གཏོར་བཤིག་མ་ཕོག་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། ལྷུང་བཟེད་དེའི་ཕྱི་ནང་གཉིས་སུ་ཁ་ཆེའི་གསུང་རབ་ཡིག་ཕྲེང་དྲུག་ཅན་གྱི་ཤོ་ལོ་ཀ་གཅིག་བཀོད་ཡོད་སྟབས། ཁ་ཆེ་ཚོས་ཁོ་རང་ཚོའི་ཆོས་ལུགས་དང་འབྲེལ་བ་ཡོད་པ་ཞིག་ཏུ་ངོས་འཛིན་འོག་ད་བར་ཆགས་འཇིག་མེད་པར་གནས་པ་ཞིག་ཡིན་འདུག

ལྷུང་བཟེད་དེ་འཛེང་རྡོ་ཐལ་མདོག་ལས་གྲུབ་ཅིང་། པད་མའི་མེ་ཏོག་གི་གཟུགས་རིས་འཁོད་པ། དབྱིབས་དང་ཁ་མདོག་མཛེས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་མཚོན་པའི་དངོས་པོ་རྩ་ཆེན་ཞིག་ཡིན་འདུག རྒྱ་གར་བྷེ་ཧར་མངའ་སྡེའི་ཡངས་པ་ཅན་ས་གནས་གྲོས་ཚོགས་འཐུས་མི་རག་གྷུ་ཝན་ཤི་(Raghuvansh Prasad Singh)ལགས་ཀྱིས། སྔར་ལའི་ཕྱི་ཟླ་ ༨ པར་གྲོས་ཚོགས་འོག་མའི་ནང་། ལྷུང་བཟེད་དེ་ངེས་པར་དུ་ཡངས་པ་ཅན་ལ་གདན་འདྲེན་ཞུ་དགོས་པའི་གླེང་སློང་བྱས་ཡོད་པ་དང་། ཉེ་ལམ་ཁོ་རང་རྒྱ་གར་གནའ་རྫས་ཞིབ་འཇུག་ཚན་པའི་གཙོ་འཛིན་པར་ཝན་( PravenSrivastava)དང་ཐུག་འཕྲད་བྱས་ཏེ། ཨབ་གྷན་ནང་ཞིབ་འཇུག་མི་སྣ་ཆེད་གཏོང་གིས་རྒྱ་གར་གྱི་གནའ་བོའི་དངོས་རྫས་དེ་དག་ལ་བདག་ཉར་བྱེད་དགོས་སྐོར་བརྗོད་ཡོད་སྟབས། སྐབས་དེར་རྒྱ་གར་གཞུང་གིས་ནཱག་པུར་ (Nagpur)ཞིབ་འཇུག་ཚན་པའི་ཨཱ་རབ་དང་པཱར་ཤཱི་ཡའི་རྡོ་བརྐོས་རི་མོའི་ཆེད་མཁས་པ་སྐུ་ཞབས་མི་ཤི་ར་དང་། སྐུ་ཞབས་ཁཱ་ཝ་ཇཱ་ (G S Khwaja)རྣམ་གཉིས་ཆེད་གཏོང་གིས་འདས་པའི་ཟླ་ངོ་དྲུག་རིང་ཞིབ་འཇུག་བྱས་མཐར། ལྷུང་བཟེད་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་པ་ར་འཕྲོད་གསལ་བོ་བྱུང་ཡོད་འདུག

ཁ་སང་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་ཁཱར་ ( PreneetKaur )ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཐོག རྒྱ་གར་གཞུང་ཚབ་ལས་ཁུངས་བརྒྱུད་ཤེས་རྟོགས་བྱུང་བར་འདས་པའི་ཟླ་དྲུག་རིང་གནའ་རྗས་ཞིབ་འཇུག་ཚན་པས་ཞིབ་འཇུག་བྱས་པ་བརྒྱུད་དེ། ཨབ་གྷན་རྒྱལ་ས་ཀཱ་པུར་ནང་ཡོད་པའི་ལྷུང་བཟེད་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་པ་ར་སྤྲོད་བྱུང་ཡོད་ཅེས་བརྗོད་འདུག

རྒྱ་གར་གནའ་རྫས་ཞིབ་འཇུག་ཚན་པའི་སྙན་ཐོའི་ནང་། ལྗིད་ཚད་(km 350) ནས་ (km 400)བར་དང་། མཐོ་ཚད་ཧྤི་ཊཱི་(Foot 5.7) ཞེང་ཚད་(cm 18)། མཐིལ་ལ་མེ་ཏོག་པད་མ་དང་ཕྱི་ངོས་དང་ནང་ངོས་སུ་ཁ་ཆེའི་གསུང་རབ་ཀྱི་ཚིག་ཕྲེང་ ༦ ཡོད་པའི་རྡོ་བརྐོས་ལྷུང་བཟེད་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་དངོས་པོ་ཡིན་པ་དང་། ༡༨༨༣ ལོར་ཀཱ་ལི་ཀ་ཐཱར་འདོན་སྤེལ་བྱས་པའི་རྡོ་བརྐོས་ཡིག་རིགས་སྙན་ཐོ་ཞིག་གི་ནང་། དུས་རབས་ ༣ པའི་ནང་རྒྱ་ནག་ནས་རྒྱ་གར་ལ་ནང་ཆོས་སློབ་གཉེར་བྱེད་པར་ཡོང་མཁན་ཕཱ་ཧན་ (FaHien ) དང་། དུས་རབས་ ༩ པའི་ནང་ཐང་སན་བླ་མ་(Hiuen Tsang)བཅས་ཀྱི་གསུང་རབ་ཁག་ཏུའང་ལྷུང་བཟེད་དེའི་སྐོར་བཀོད་ཡོད་ཚུལ་བསྟན་ཡོད་འདུག

ལྷུང་བཟེད་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ནས་ཀུ་ཤི་ཎཱ་ཀཱར་ལ་ཕེབས་མཁར། ཡུལ་ཡངས་པ་ཅན་གྱི་གདུལ་བྱ་ཚོར་དྲན་བརྟེན་ཆེད་གསོལ་རས་སུ་བསྩལ་བ་ཞིག་ཡིན་པ་དང་། ཕྱི་ལོའི་དུས་རབས་ ༢ པའི་ནང་ལྷུང་བཟེད་དེ་སྙན་གྲགས་ཆེ་བའི་རྒྱ་གར་ཀུ་ཤན་རྒྱལ་པོ་ཀཱ་ནི་ཤི་ཁཱ་( Kanishka) ཡིས་ཡུལ་ཡངས་པ་ཅན་ནས་ཁོ་རང་གི་རྒྱལ་ས་པེ་ཤི་ཝར་ ( Peshwar) གདན་ཞུ་དང་། དེའི་རྗེས་ཀན་དྷ་ཧར་ ( Kandahar)ནང་གདན་འདྲེན་ཞུས་ཡོད་འདུག ༡༩༨༠ ལོར་ཨབ་གྷན་དུ་ནང་འཁྲུག་བྱུང་སྐབས་སྲིད་འཛིན་ནཱ་འཇི་ལྦུ་ལཱ་ ( Najibullah)ལགས་ཀྱིས་ལྷུང་བཟེད་དེའི་ཕྱི་ནང་དུ་ཁ་ཆེའི་གསུང་ཚིག་བཀོད་ཡོད་མཐོང་སྟེ། ལོ་རྒྱུས་རང་བཞིན་ལྡན་པའི་ཁ་ཆེའི་སྟོན་པ་ཞིག་གི་ཤུལ་བཞག་ཡིན་པར་ཡིད་ཆེས་བྱས་ཏེ། རྒྱ་གར་ནས་ཨབ་གྷན་གྱི་རྒྱལ་ས་ཀཱ་པུར་ ( kabul)གྱི་འགྲེམ་སྟོན་ཁང་ནང་གདན་འདྲེན་ཞུས་ཏེ་ཉར་ཚགས་བྱས་པ་ཞིག་ཡིན་འདུག བོད་ཀྱི་དུས་བབ་དྲ་ཚིགས་ལས་དྲངས།

གསར་འགྱུར།

Post navigation

Previous Post: མེ་ཏོག་ཆུ་ལ་བསྐུར་བའི་དུས་ཚོད།
Next Post: ལྷུང་བཟེད་ལས་འཕྲོས་པའི་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་ཚུལ་རྣམས་བཀོད་པ།

Comments (28) on “སྟོན་པའི་ལྷུང་བཟེད་རྙེད་པ།”

  1. ནམ་མཁའ says:
    2014-01-14 at 1:13 pm

    ལྷུང་བཟེད་དེ་བདག་ཅག་གི་སྟོན་པའི་ལྷུང་བཟེད་ཡིན་ན།དངོས་གནས་ཡིད་སྤྲོ་བ་ཞིག་རེད། ཡིན་ཡང་ལྗིད་ཚད་
    km350ནས400ཟེར་བ་དེ་ཀེ་ལོ༣༥༠ནས་༤༠༠ཟེར་གྱི་ཡོད་དམ།གལ་སྲིད་དེ་ལྟར་ཡིན་ན་ཡིད་ལ་འཆར་དཀའ་བ་ཞིག་རེད། ཞེང་ཚད་དང་མཐོ་ཚད་ལ་དཔག་པའི་ར་འཕྲོད་དཀའ་བར་འདུག་སྙམ། ཕལ་ཆེར་k.g
    འདི་ལྟར་ཡིན་སྲིད། ཀེ་ལོ་གྷ་རམ་ཟེར་བ་དེ་མིན་ནམ་སྙམ།

  2. ནམ་མཁའ says:
    2014-01-14 at 1:14 pm

    གྷ་རམ་མིན་ནམ་སྙམ་ཟེར་བ་ལ་བཅོས་རོགས

  3. ཀླུ་སྨྱོན། says:
    2014-01-14 at 1:18 pm

    རེད་ལགས། k.g

  4. ཞུས་ཆེན་པ says:
    2014-01-14 at 1:39 pm

    དེ་གཏམ་བཟང་ཞིག་རེད། བདག་ཅག་གི་སྟོན་པས་་རྒྱུན་དུ་བསྣམས་པའི་ལྷུང་བཟེད་ཅིག་མིན་ནའང་ཡུལ་གྲུ་ག་གེ་མོ་ཞིག་དང་། ཡང་ན་རྒྱལ་བོ་གང་རུང་ཞིག་གིས་རྗེས་དྲན་ལ་ཕུལ་བའི་ལྷུང་བཟེད་ཅིག་ཡིན་སྲིད། །

  5. BONPO says:
    2014-01-14 at 2:26 pm

    མཁྱེན་མཁན་ཡོད་ན། རྒྱ་གར་གཞུང་གིས་གསལ་བསྒྲགས་ག་བར་སྤེལ་འདུག་གམ། འདིར་སྟོན་རོགས་གནོངས། མ་ཡིག་ལ་གཅིག་བལྟ་འདོད་ཆེ། །

  6. ཀླུ་སྨྱོན། says:
    2014-01-14 at 3:11 pm

    http://www.thehindu.com/features/friday-review/history-and-culture/bring-back-lord-buddhas-begging-bowl-rjd-mp/article5061201.ece
    འདི་རུ་དབྱིན་རྩོམ་གསར་འགྱུར་དང་པར་རིས་ཧ་ཅང་གསལ་བོ་འདུག ལྷུང་བཟེད་ཀྱི་ཕྱི་ངོས་ཁ་ཆེའི་ཡི་གེ་ཡིག་ཕྲེང་དྲུག་འདུག

  7. མདའ་ཚེ་དོན། says:
    2014-01-14 at 4:42 pm

    བདག་ཅག་གི་སྟོན་པའི་ལྷུང་བཟེད་ཡིན་ན།ཕྱི་ནང་དུ་ཁ་ཆེའི་ཡིག་རིས་བརྐོས་ཡོད་པའི་རྒྱུ་མཚན་ག་རེ་ཡིན་ན།ཕྱིས་སུ་ཁ་ཆེའི་ཆོས་ལུགས་པ་ཞིག་གིས་བརྐོས་པ་ཡིན་ནམ།རང་སེམས་ཀྱི་དོགས་པ་ཙམ་ཡིན།

  8. མེ་ཏོག་དཀར་པོ says:
    2014-01-14 at 4:53 pm

    ཀ་པུར་་ལ་ཀ་བྷུལ་ཞེས་བྲིས་རོགས་སྐུ་མཁྱེན།
    ༼ ལྗིད་ཚད་(km 350) ནས་ (km 400)བར་དང་། མཐོ་ཚད་ཧྤི་ཊཱི་(Foot 5.7) ཞེང་ཚད་(cm 18)།༽
    ལྷུང་བཟེད་འདིའི་ཚད་ལ་གཞིག་ན་སྟོན་པའི་སྐུ་གཟུགས་རིང་ཐུང་ feet 30 ཉུང་ཐར་དགོས། དེ་ལྟར་ན་རྡོར་གདན་གྱི་ཞབས་རྗེས་དང་ཏག་ཏག་འགྲིག

  9. བསམ་ཤེས། says:
    2014-01-14 at 5:11 pm

    དངོས་པོའི་འབོངས་ཚད་དང་ལྗི་ཚད། དེ་བཞིན་རིང་ཚད་སོགས་ལ་ལྟ་དུས། འདི་སངས་རྒྱས་ཀྱི་ལྷུང་བཟེད་རྩ་བ་ནས་ཡིན་མ་སྲིད་པ་རེད། མཐོ་ཚད་ལ་ཕེ་ཀྲི་༥ཚེགས་༧ཟེར་དུས། ལྷུང་བཟེད་ཀྱི་རིང་ཚད་ཅིག་པུ་མི་ཚད་གཅིག་རེད། དེ་ཇི་ལྟར་སངས་རྒྱས་ཀྱིས་ལག་ཏུ་འཁུར་དགོས་རས། ལྗི་ཚད་ལ་ཀི་ལོ་༣༥༠ཟེར་དུས་དེ་མི་བཞི་ལྷག་གིས་འདེགས་དགོས། ལྟོ་སྣོད་ཆེན་པོ་འདི་འདྲ་ཞིག་ལག་ཏུ་འཁུར་ནས་སློང་བར་འགྲོ་དུས། མི་རྣམས་དགོད་མི་ཤོར་རམ། སྣང་བ་མི་འགྲོ་བའི་སྐད་ཆ་རེད།

  10. རྟ་བདུན་དབང་བོ says:
    2014-01-14 at 5:48 pm

    ལྷུང་བཟེད་ཕྱི་རུ་ཁ་ཆེ་ཡི་གེ་འདུག་ཟེར། གལ་ཏེ་ཁ་ཆེ་ཡི་གེ་མེད་ན་ཁ་ཆེ་ཚོས་སྔོན་ནས་གཏོར་ཚར་བ་རེད་ཟེར། ངས་བལྟས་ནས་རྡོ་ཡི་ལྷུང་བཟེད་འདི་སྟོན་པའི་ཟས་ལྷུང་བྱེད་ཅིག་ཡིན་རྒྱུ་མ་རེད་སྙམ། རྡོ་ཡི་ལྷུང་བཟེད་ཀྱི་ཕྱི་རུ་ཤིན་ཏུ་མཛེས་པའི་རི་མོ་མངོན་པར་དཔག་ན་སྟོན་པའི་ལྷུང་བཟེད་མ་ཡིན་པ་ཐག་གིས་ཆོད། འདོད་ཆུང་ཆོག་ཤེས་བྱེད་མཁན་ཅིག་གིས་ཤིན་ཏུ་རྐོས་ལེགས་པའི་རི་མོ་ཅན་ཞིག་བེད་སྤྱོད་བྱེད་མི་སྲིད། གལ་ཏེ་བྱེད་ཡང་ལྕི་ཚད་ཅན་གྱིས་ཕོར་བ་ཞིག་དེ་བས་འཁྱེར་མི་སྲིད་པ་རེད།
    གལ་ཏེ་ཟས་སྣོད་ལའང་འདི་འདྲའི་སྤུས་ལེགས་ཤིག་བེད་སྤྱོད་གཏོང་མི་སྲིད་པ་རེད་སྙམ།།

  11. ཕུག་རོན། says:
    2014-01-14 at 5:48 pm

    རིན་ཐང་བྲལ་བའི་དངོས་རྫས་ཤིག་རེད། འདི་གནས་མཆོག་རྡོར་གདན་དུ་གདན་འདྲེན་ཞུ་འོས།

  12. ཨོ་རྒྱན་ཉི་མ། says:
    2014-01-14 at 5:52 pm

    སྟོན་པ་མཆོག་ལ་ན་མོ།

  13. དྲི་མེད་ལྷག་བསམ། says:
    2014-01-14 at 7:29 pm

    ༄༅༎ སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ༎
    གང་ཞིག་དྲན་པས་རྨོངས་དང་ལོག་རྟོག་གི༎
    ཉེས་པའི་མུན་པ་ཅིག་ཆར་སེལ་མཛད་པ༎
    སྟོང་དང་རྟེན་འབྱུང་འོད་གསལ་རྡོ་རྗེ་ཡིས༎
    འགྲོ་ཀུན་ཞི་བར་འགོད་ལ་གུས་ཕྱག་འཚལ༎
    ངོ་མཚར་བྱེ་བའི་འབྱུང་གནས་རྡོའི་ལྷུང་བཟེད༎
    སྐྱེ་རྒུའི་མིག་ཡིད་རྣ་བའི་བདུད་རྩི་རུ༎
    གྲགས་པ་ཙམ་གྱིས་བསོད་ནམས་རྟ་བདུན་གཟིས༎
    རྫོགས་ལྡན་ཉིན་མོའི་དགའ་སྟོན་གསར་བ་འགྱེད༎
    ཚེ་རབས་ཀུན་ཏུ་རྒྱལ་བའི་བསྟན་དང་མཇལ༎
    བློ་མིག་མ་ལྡོང་གཞི་ལམ་གནས་ལུགས་ཤེས༎
    རིས་མེད་གྲུབ་མཐར་་དག་པའི་སྣང་བ་རྒྱས༎
    བསྟན་འགྲོའི་དཔུང་གཉེན་མཆོག་ཏུ་འགྱུར་བར་ཤོག།

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-01-14 at 9:07 pm

    “ཀཱ་བུལ་གྱི་འགྲེམ་སྟོན་ཁང་ཞིག་ཏུ་གནའ་བོའི་ལྷུང་བཟེད་ཅིག་ལ་ཞིབ་འཇུག་བྱས་པ་བརྒྱུད་སྟོན་པ་བཅོམ་ལྡན་འདས་ཀྱི་ཡིན་པ་ར་འཕྲོད་ཡོད་ཟེར།”
    གཅིག་ན་ཡིན་སྲིད། ཉེ་དུས་ཀྱི་དེ་ལྟ་བུ་འབྱུང་བ་དག་ཀྱང་བདེན་པར་ཁུངས་སྐྱེལ་དཀའ་ན། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་དངོས་རྫས་ཤིག་འདི་དང་འདི་ཡིན་ཞེས་ཁུངས་སྐྱེལ་བ་དཀའ་བ་མ་ཡིན་ནམ།

  15. BONPO says:
    2014-01-14 at 10:45 pm

    སྙན་ངག་རིག་པའི་དཔའ་བོ་མཁས་དབང་ཀླུ་སྨྱོན་ལགས། །
    བཀའ་དྲི་ཆེ། བཀླགས་ཡོད་དོ།

  16. ཚེ་རིང་བསམ་གྲུབ། says:
    2014-01-15 at 1:51 am

    གསར་འགྱུར་འགོད་མཁན་སུ་ཡིན་ན་ཡང་བོད་ཡིག་ཤེས་ཙམ་མ་གཏོགས་སྤྱིར་བཏང་གི་དེང་དུས་ཤེས་བྱ་ནི་རྩ་བ་ནས་ཤེས་ཀྱི་མེད་པ་འདྲ། གོང་འཁོད་བཞིན། ལྗིད་ཚད་ལ་ km བརྒྱབས་པ་དང་། གཞན་ཡང་ཀློག་པ་པོ་སུ་ཡིས་ཀྱང་ད་ལྟ་དོ་སྣང་བྱུང་མེད་ཚོད་དུ་འདུག་པ་དེ་ནི། ཞེང་ཚད་ལ་ cm 18 ཟེར་བ་དེ་རེད། དེའི་རིང་ཚད་ནི་སྐྱེས་པ་གཟུགས་ཚད་འབྲིང་ཞིག་གི་ཐོ་གང་ལས་མེད། དེ་འདྲ་ཡིན་ན། ལྷུང་གཟེད་དུ་འབོད་པའི་དངོས་པོ་དེའི་དབྱིབས་ནི་མདོང་མོ་ལྟར་ནར་ནར་ཞིག་ལས་མེད་པ་ཐག་ཆོད། ཧཧཧཧཧ སྐད་གྲགས་ཅན་གྱི་རྩོམ་པ་པོ་ཡིན་ན་འང་འདྲ། མཁས་པ་ཡིན་ནའང་འདྲ། དངོས་གནས་འཐོམ་འཐོམ་ཞིག་ཡོད་ས་རེད།

  17. ཚེ་རིང་བསམ་གྲུབ། says:
    2014-01-15 at 2:10 am

    གནས་ཚུལ་ཁུངས་ལྡན་འདིར་འདུག
    ལྷུང་གཟེད་ཀྱི་ཁ་ཞེང་ལ་ feet 5.7 དང་། མཐུག་ཚད་ལ་ cm18 ཡོད་ཅེས་འཁོད་འདུག

    The ‘bowl’ is by no means small. The solid stone hemisphere, made of greenish-grey granite, is about 5.7 feet in diameter and its rim is 18cm thick on average.

    http://articles.timesofindia.indiatimes.com/2014-01-12/india/46112681_1_bhikshapatra-kabul-museum-begging-bowl

  18. ཀརྡོ་གཉེར་ཕྱག་པ་ says:
    2014-01-15 at 4:33 am

    ་་་་་ ལྗིད་ཚད་(km 350) ནས་ (km 400)བར་དང་། མཐོ་ཚད་ཧྤི་ཊཱི་(Foot 5.7) ཞེང་ཚད་(cm 18)། ་་་་ཞེས་པ་ལ་དཔྱད་ན། ཞེང་ཚད་(cm 18)། ཞེས་པ་ལྟར་ན། སྟོན་པའི་སྐུ་ཚད་དང་ཆེ་ཆུང་ཏག་ཏག་འགྲིག་པ་འདུག
    ་་་མཐོ་ཚད་ཧྤི་ཊཱི་(Foot 5.7) ་་་ ཞེས་པ་ལྟར་ན། ལྷུང་བཟེད་འདི་མི་ཚད་ལྟར་ནར་ནར་རིང་མོ་ཅིག་ཡོད་དགོས་ལ་པ་དེ་ལྟར་མེད་པར། ཞེང་ཚད་དང་མཐོ་ཚད་ཕལ་ཆེར་ཆ་མཉམ་པ། པར་རིས་ལ་མིག་མཐོང་ལྟར་དང་།
    ་་་་་་ ལྗིད་ཚད་(km 350) ནས་ (km 400)བར་དང་། མཐོ་ཚད་ཧྤི་ཊཱི་(Foot 5.7) ་་་་ km དང་ Foot འབྲི་སྟངས་ལྟར་ན། འདི་ནོར་བ་མིན་ནམ་སྙམ། ད་དུང་འདིའི་སྟེང་ངའི་མོ་བབས་ལྟངས་ལྟར་བྱས་ན། འདི་སྟོན་པའི་ལྷུང་བཟེད་ཡིན་པ་ལ་ཐེ་ཚོམ་བྱ་དགོས་མི་འདུག་སྙམ་ལགས།
    གལ་སྲིད་ལྗིད་ཚད་(kg 350) ནས་ (kg 400)བར་དང་། མཐོ་ཚད་ཧྤི་ཊཱི་(Feet 5.7) མཐུག་ཚད་(cm 18)། ཡིན་ན། རྒྱལ་པོའམ་ཁྱིམ་བདག་དད་རྟེན་ཞིག་གིས་སྟོན་པར་ཆེ་བསྟོད་དུ་ཕུལ་བ་ལས། ཕྱག་ཟུང་གིས་བཟུང་ནས་བསྣམ་ཡ་ཅིག་མིན་པའང་སྲིད།
    སྟོན་པའི་ལྷུང་བཟེད་ཀྱིས་འགྲོ་དོན་བྱ་བའི་དུས་ཅིག་ཡིན་ངེས་སོ།། །།

  19. བོད་ལ་ཞེན says:
    2014-01-15 at 4:39 am

    ཆེད་མཁས་མི་སྣས་ཟླ་བ་དྲུག་ལ་ཞིབ་འཇུག་བྱས་པ་རེད་ཟེར། དེས་ན་བརྒྱ་ཆ་བརྒྱད་བཅུ་དགུ་ཅུ་བདེན་པ་ཡིན་སྲིད།

  20. བོད་ལ་ཞེན says:
    2014-01-15 at 4:43 am

    ཁ་ཆེའི་གསུང་རབ་ཡོད་པ་ནི་ཁ་ཆེའི་དམག་གིས་གནོད་པ་མི་འབྱུང་བའི་ཐབས་ཤེས་ཡིན་པ་གསལ་པོ་རེད། གནས་ཚུལ་དེ་འདྲ་བ་བོད་ལ་ཡང་བྱུང་ཡོད། དཔེར་ན་སྔ་མོ་རྒྱ་ནག་གིས་དམག་གིས་མི་གནོད་པའི་ཕྱིར་གྱང་སྟེང་འཇམ་དབྱངས་ཀྱི་སྐུ་བྲིས་པ་དང་། གླང་དར་གྱིས་མི་གནོད་པའི་ཕྱིར་གྱང་སྟེང་བཙུན་པ་ཆང་འཐུང་བའི་རི་མོ་བྲིས་པ་ལྟ་བུ་རེད།

  21. ཀརྡོ་གཉེར་ཕྱག་པ་ says:
    2014-01-15 at 7:29 am

    འདིར་གཟིགས་དང་། ལྷུང་བཟེད་འཁྲིས་སུ་མི་ཅིག་ལངས་བསྡད་འདུག མཐོ་ཚད་ཕི་ཊི་ལྔ་མེད་པ་མངོན་སུམ་ཚད་གྲུབ་རེད།
    https://www.google.hu/search?q=begging+bowl+of+Lord+Buddha&espv=210&es_sm=93&tbm=isch&source=iu&imgil=Z4k1Xb5csKJdKM%253A%253Bhttps%253A%252F%252Fencrypted-tbn1.gstatic.com%252Fimages%253Fq%253Dtbn%253AANd9GcRwUKSz1-W0_is5cNyyoKDP1NOo7tQ7YGJb8Nb6NJCujYxKtq0c%253B635%253B464%253BXtYEItdOW-jXUM%253Bhttp%25253A%25252F%25252Fwww.thehindu.com%25252Ffeatures%25252Ffriday-review%25252Fhistory-and-culture%25252Fbring-back-lord-buddhas-begging-bowl-rjd-mp%25252Farticle5061201.ece&sa=X&ei=z33WUu6qCobCyQPo0oGgDw&ved=0CDcQ9QEwAQ&biw=1142&bih=645#facrc=_&imgdii=_&imgrc=Fm3276lc8Dm45M%253A%3BqzGxAl9K54Cj-M%3Bhttp%253A%252F%252Fpilgriminkabul.files.wordpress.com%252F2011%252F03%252Fimg_0713.jpg%3Bhttp%253A%252F%252Fpilgriminkabul.wordpress.com%252F2011%252F03%252F%3B2048%3B1360

  22. དཀར་མཛེས་གངས་ཕྲུག་ says:
    2014-01-15 at 7:46 am

    ཆེ་དྲག་མི་འདུག་པས་་་མི་ཕལ་པ་ང་འདྲ་ཡིད་ཆེས་པའི་གནས་མེད་དོ།།

  23. ཀརྡོ་གཉེར་ཕྱག་པ་ says:
    2014-01-15 at 7:56 am

    http://pilgriminkabul.files.wordpress.com/2011/03/img_0713.jpg

  24. གནམ says:
    2014-01-15 at 8:35 am

    (རྒྱ་གར་གནའ་རྫས་ཞིབ་འཇུག་ཚན་པའི་སྙན་ཐོའི་ནང་། ལྗིད་ཚད་(km 350) ནས་ (km 400)བར་དང་། མཐོ་ཚད་ཧྤི་ཊཱི་(Foot 5.7) ཞེང་ཚད་(cm 18)།)
    གོང་གི་འདིའི་བསྒྱུར་ཆ་ཚང་ནོར་འདུག་པས། གསལ་བཤད་ཞིག་རྒྱག་འདོད་ཤར་སོང་།

    དོན་ངོ་མས་འདི་འདྲ་ཞིག་བྲིས་འདུག།
    ལྷུང་བཟེད་ཀྱི་ཁ་འཁོར་ན་ཧ་ལམ་feet 5.7ཡོད་པ། དེ་ནི་མྱི་སྟོབ་ཆེན་ཞིག་གི་པང་བ་གང་ཙམ་ཡིན་པ་དང་། ལྷུང་བཟེད་ཀྱི་ཁའི་སྲབ་མཐུག་ལ་cm 18། དེ་ནི་མྱི་དེའི་གོང་མཐོ་ཕྱེད་ཀ་ལྷག་ཙམ་ཡིན་ཡང་ལྷུང་བཟེད་ཀྱི་ལྟོ་བ་ནས་རྐུབ་བར་ཇེ་མཐུག་ནས་ཇེ་མཐུག་ཡིན་པ་དང་། དབྱིབས་ནི་ཧ་ལམ་feet 5.7ཅན་ཞིག་གི་ཟླུམ་ཕྱེད་ཡིན་པ་དང་། ངེས་གཏན་མེད་པའི་ལྗིད་ཚད་ནི་kg 350ནས་400བར་ཡིན་པ་དང་། དེ་ནི་འཛམ་གླིང་གི་འགྱོག་རྡོ་བ་ཆེས་ཤད་ཅན་ཚོས་འགྱོག་ཐུབ་ཞིག་ཡིན་པས།
    མཆན་པ་དང་བསྒྱུར་བ་བོ་འཐོམ་འཐོམ་ཁྱེད་ཚོའི་འཐོམ་སངས་བ་ལ་བྲིས་བ་ཡིན་ནོ།
    Feet, cm, kg ནི་བོད་སྐད་དང་ཚད་ཐོ་ཐུག་པའི་མྱིང་ཞིག་མ་རག་པས། ཤེས་ནི་ཡོད་ན་གསུང་རོགས་གནོངས།

  25. རིན་ཆེན says:
    2014-01-15 at 8:43 am

    གནམ་ལབ་རྒྱག་གི་མ་འདུག་ཨ་ཁུ་ལོ་ལོ།ཁྱོས་མི་ཞིག་འཐོམ་སངས་ཀྱི་ཅི་ལྟར་འཇུག་གམ།ཁྱོད་མཆན་རྒྱབ་ཚད་ན་འཐོམ་ནས་སྐྱག་པ་བཏང་ནས་བསྡད་ཡོད།ངོ་མ་བླུན་པོས་མཁས་བཤད་བྱས་དུས་དྲ་རྩོམ་གྱི་བཅུད་ཡལ་འགྲོ་གི་འདུག

  26. གནམ says:
    2014-01-15 at 8:53 am

    ཧ་ཧ་ཧ། རིན་ཆེན་གྱིས། ནག་པོ་ཞིག་ལབ་འདུག།

  27. གངས་ལྡོམ། says:
    2014-01-16 at 5:05 am

    ལྷུང་བཟེད་འདི་འདྲའི་ཆེན་པོ་དང་ལྗིད་ཁོག་ཚ་པོ་ཞིག་གིས་ག་རེ་བྱས་ཡོད་ན།
    སློང་བྱེད་ཆེ་གི་ཡ། ཧེཧེཧེཧེ

  28. དྲི་མེད་ལྷག་བསམ། says:
    2014-01-16 at 7:48 pm

    མཆན།༢༡། གནའ་བོའི་རྡོ་བརྐོས་སུ་ལྷུང་བཟེད་ཁང་ཆུང་རུ་བཞི་བཞུགས་ཏུ་བཞག ཕྱོགས་གཉིས་ནས་མི་མང་པོ་ཕྲེང་བསྒྲིགས་ཏེ་བསོད་སྙོམ་འབུལ་བ་དང་། མི་གཉིས་ཀྱིས་བཏེག་ནས་ཡོད་པ་སོགས་ཀྱིས་ལྷུང་བཟེད་ཅི་ལྟར་སྤྱོད་དང་། དབྱིབས་བཅས་གསལ་བོར་བསྟན་འདུག ལོ་རྒྱུས་དང་རྫས་འགྱུར་ཞིབ་འཇུག་པ། ཆེད་ལས་པ་རྡོ་བརྐོས་ལག་རྩལ་ཞིབ་འཇུག་པ་སོགས་ཀྱིས་གསལ་བཤད་ལ་ཁུངས་གཏུག་པ་དེང་རབས་ཀྱི་སྲོལ་དང་། མངོན་ཤེས་དང་ལྷ་བ། མོ་རྩིས་ལ་ཁུངས་གཏུག་པ་གནའ་བོའི་ལུགས། འདི་ཙམ་ཞིག་ལས་རང་རེ་ལ་སྒྲུབ་བྱེད་ནོར་འཁྲུལ་མེད་པ་ཅི་ཡང་མེད་ལ། གཅིག་ནས་གཅིག་ཏུ་བརྒྱུད་པར་གྲགས་པའི་རྟེན་དང་གནའ་རྫས། ལོ་རྒྱུས་ཁུངས་ལྡན་ཐམས་ཅད་ཀྱང་དེ་བཞིན་ནོ། །དད་པ་གཙོ་བོར་བྱས་ན་ཡིད་ཆེས་ཀྱིས་བྱིན་རླབས་འཇུག་པས་ཡིད་ཆེས་སྐྱེ་སླ་བའི་དངོས་པོ་གང་ཡང་རུང་བ་ཞིག་གིས་བདེན་པར་བཟུང་བས་དོན་འགྲུབ་པར་འགྱུར་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme