Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོགས་པོའི་ནང་དུ་ཞག་གཅིག་ཉལ་བ།

Posted on 2013-08-23 By ཡེ་ཤེས་ 25 Comments on གྲོགས་པོའི་ནང་དུ་ཞག་གཅིག་ཉལ་བ།

ཀླུ་སྨྱོན།

ཁྱིམ་མཚེས་རྨོ་མོས་སྡུག་སྨོས་ལུང་བ་གང་།།

སྐམ་གཉེར་མཆུ་ཏོའི་ནང་ནས་བྱོ་བཏང་ཐལ།།

ཆང་དམ་དུད་སྣེ་གྲངས་ཀྱིས་མི་ཟིན་པས།།

གྲོགས་པོའི་ཁྱིམ་གྱི་ཕྱི་ནང་ཡོངས་སུ་གང་།།

སྙན་ངག

Post navigation

Previous Post: རྒྱ་མཚོ་འཁྱོམས་ཏེ་གོད་ཆག་བྱུང་།
Next Post: དྲི་བ་ཞིག་ཡོད། ཤེས་མཁན་ཚོས་ལན་རེ་གནང་རོགས།

Comments (25) on “གྲོགས་པོའི་ནང་དུ་ཞག་གཅིག་ཉལ་བ།”

  1. ཅོག་མྱི། says:
    2013-08-23 at 11:47 pm

    འཇའ་ར་ར་ཆེད་གི་སོང་ནས།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-08-24 at 1:37 am

    ཀླུ་སྨྱོན་ལགས་ཀྱིས།
    ཁྱིམ་མཚེས་རྨོ་མོས་སྡུག་སྨོས་ལུང་བ་གང་།།
    སྐམ་གཉེར་མཆུ་ཏོའི་ནང་ནས་བྱོ་བཏང་ཐལ།།
    ཆང་དམ་དུད་སྣེ་གྲངས་ཀྱིས་མི་ཟིན་པས།།
    གྲོགས་པོའི་ཁྱིམ་གྱི་ཕྱི་ནང་ཡོངས་སུ་གང་།།
    ཀརྡོས།
    ཁྱིམ་མཚེས་མི་མོས་སྟོད་ཧྲེང་ནུས་བུམ་བསྟན། །
    མཆུ་དམར་སྣུམ་ནག་སྐྲ་ལོ་མར་ལ་གློད། །
    ཆང་འཐུང་དུད་འཐེན་འགྱིང་སྟབས་དུ་མ་བསྟན། །
    གྲོགས་པོའི་ཁྱིམ་ནང་གཉིད་དང་ཟས་བཅུད་བྲལ། །
    ཀུ་རེའི་ཚུལ་དུ།

  3. གནམ says:
    2013-08-24 at 4:24 am

    ཨ་ཁུས། རྒན་མོ་བཟི་མཚམས་ནས། དམར་ཁྲིད་ཞིག་བྱེད་རྒྱུ་མ་དྲན་ནོ་ཨོ་ཟིག་རེད། ཧ་ཧ།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-08-24 at 7:48 am

    ་་་་ཨོ་ཟིག་རེད། ་་་ ཨ་ཡིན་ནམ། ཨའུ་ཙམ་ཟེར་སྲོལ་ཡོད།

  5. བསམ་ཤེས། says:
    2013-08-24 at 2:43 pm

    ད་རྒན་ཀླུ་སྨྱོན་ཆང་དང་བུད་མེད་སྟེང་ལ་དུ་བ་འཐེན་གྱི་ཡོད་ཚོད། བླ་མ་མཁྱེན་ནོ། སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་མཁྱེན་ནོ། 

  6. གནམ says:
    2013-08-24 at 10:03 pm

    ཅིག།
    ཞིག།
    ཤིག།
    ཟིག།
    ཨོ་(འོ)ཡག་བྱུང་།
    ཨའུ་ཙམ་ཡག་བྱུང་ཟེར་མི་ཟེར་མི་ཤེས།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-08-25 at 12:07 am

    ཡང་། གནམ་གྱིས། ཟིག། ཡིན་ན་ཅིག་ཁ་བརྡར་འཁྱེར་ཡོང་ནས་ང་སྡོད་དུ་བཅུག་བགྱིད་མི་འདུག ཟིག་ཟེར་ན་ག་རེད། འདི་ཨ་མདོའི་སྟག་ཟིག་ནི་མིན་མདོག་མེད། གནམ་ལགས།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-08-25 at 12:32 am

    མིན་མདོག་མེད། འདི། ཡིན་མདོག་མེད། ལ། བཅོས།

  9. རྩེ་རྒྱལ says:
    2013-08-25 at 8:59 am

    ཁྱིམ་མཚེས་གནས་མོའི་བུ་མོ་ཡང་ཆུང་མ།
    དཀར་འཇམ་ནུ་མས་སྟོད་ཁེབས་གྱེན་དུ་བཏེགས།
    ཤ་སྲབ་འོག་ནས་པད་མ་སྦུབས་སུ་འབུར།
    མཚར་སྡུག་བཞིན་ལས་དྭངས་བའི་མིག་ཟུངས་མངོན།

  10. གནམ says:
    2013-08-25 at 10:31 am

    ཀརྡོ་ལས་ངན་པོ། ངས་ཁྱོ་ལ་སྐེ་ཞིག་སྟོན། ཀ་ག། ཅ་ཇ། པ་བ། ཏ་ད། ཤ་ཞ། སོགས་སྒྲ་དྲག་དབྱེ་བ་གཅིག་ལ་ཀློག་པས། དེ་ལྟར་མི་འབྲི་ག་མེད་དུ་ཆགས་པ་རེད། དེ་ལྟར་བྲིས་ན་སྐྱོན་གྱི་ཆ་ཡང་དག་ཙམ་ཟིག་ཡོད་པ་མ་རེད་ཟེར་ཡ་ཡིན། གཙོ་བོ་ཁྱོ་འདྲ་གླིང་མགོ་ཅན་དག་གིས་ཤེས་དགོས་བ་དེ་གལ་ཆེན་པོ་རེད། ཧ་ཧ།

  11. ལུང་རྟོགས། says:
    2013-08-25 at 11:13 am

    གནམ་འདི་ལས་ཨུ་ཚུགས་ཚ་བ་ཞིག གླིང་མགོ་ཅན་ཟེར་ན་ཅི་རེད།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-08-25 at 2:02 pm

    ་་་་ དེ་ལྟར་བྲིས་ན་སྐྱོན་གྱི་ཆ་ཡང་དག་ཙམ་ཟིག་ཡོད་པ་མ་རེད་ཟེར་ཡ་ཡིན། ་་་་ཟིག་ཟེར་ཅི་རེད། གནམ་ལགས།

  13. གནམ says:
    2013-08-25 at 6:23 pm

    གླིང་གི་གི་གུ་ལྷག་མ་རེད། གླང་གི་གུ་མེད་པའི་མགོ་ཅན་ཟེར་བ་ཡིན། ཧ་ཧ།

  14. བསམ་ཤེས། says:
    2013-08-25 at 7:06 pm

    ཅིག།
    ཞིག།
    ཤིག།
    ཟིག
    ཅི། བྱི་རིལ་ཅི་སྟེར་དང་།
    ཤི། ཆུ་ཤི་ཐུངས།
    ཞི། དགེ་རྒན་ཞི་རིལ་ཞག
    ཟི། མྱི་ཟི་ཟུང་ཞའ།

  15. ཀརྡོ་གཉེར་ཕྱག་པ་ says:
    2013-08-25 at 10:35 pm

    ཤི། ཆུ་ཤི་ཐུངས།
    ཞི། དགེ་རྒན་ཞི་རིལ་ཞག
    ཟི། མྱི་ཟི་ཟུང་ཞའ།
    ལོག་སྐད་འདི་གསུམ་གྱི་དོན་ག་རེ་རེད།

  16. གནམ says:
    2013-08-26 at 6:57 am

    བསམ་ཤེས་ལགས། བསམ་མ་ཤེས་བའི་སྐད་ཆ་ཆོད་མེད་དེ་འདྲ་ལ་གུས་ཞབས་མེད།

  17. བསམ་ཤེས། says:
    2013-08-26 at 11:37 am

    གནམ། ཁྱེད་ཀྱིས་དགོན་པ་གཤིགས་ནས་བླ་ཤིང་ནང་ལ་འཁུར་དུས་འཛུམ་མུལ་མུལ། གཞན་གྱིས་གྱང་རོ་ལ་གཅིན་པ་གཏོང་དུས་ཆོ་ངེ་ཀུ་ཅོ། ཟིག་འགྲོ་སར་ཤི་འགྲོ་མ་ཐུབ་པ་འདིའི་སུའི་བཀའ་རས། མི་འདྲ་མཉམ་ཡིན་སར་ཁྱེད་བྱེད་ཆོག་པ་དང་ངས་བྱེད་མ་ཆོག་པའི་འདུ་ཤེས་འདིས་གང་མཚོན་གྱི་འདུག ཁྱེད་གནམ་གྱིས་བཤད་ཚད་བདེན་པ་དང་ང་བསམ་ཤེས་ཀྱིས་བཤད་ཚད་ཆོ་མེད་པའི་འདུ་ཤེས་འདིས་གང་མཚོན་གྱི་འདུག

  18. བསམ་ཤེས། says:
    2013-08-26 at 12:00 pm

    ཀ་རྡོ་ལགས།

    ཅི། བྱི་རིལ་ཅི་སྟེར་དང་།
    ཤི། ཆུ་ཤི་ཐུངས།
    ཞི། དགེ་རྒན་ཞི་རིལ་ཞག
    ལོག་སྐད་འདི་གསུམ་དེ་དབུས་གཙང་གི་ཁ་སྐད་རེད། ཡིག་སྐད་སྒྲ་མ་དག་པར་ཐོན་པའི་ཚིག་ཕྲད་རེད། དཔེར་ན། བྱི་རིལ་༼མངར་ཆ།༽ཅིག་སྟེར་དང་ཟེར་རྒྱུའི་ཚབ་ལ། བྱི་རིལ་ཅི་སྟེར་དང་ཟེར། མི་ཞིག་འགྱེལ་བཞག་ཟེར་རྒྱུའི་ཚབ་ལ། མི་ཞི་རིལ་བཞག་ཟེར། གཙོ་བོ་དབུས་གཙང་པ་ཚོས་རྗེས་འཇུག་གི་སྒྲ་དོར་བ་དེ་རེད། 

  19. བསམ་ཤེས། says:
    2013-08-26 at 12:10 pm

    གནམ་ལགས། ཁྱེད་ཀྱིས་ཚིག་ཕྲད་ལ་ཟིག་བཅུག་ཙང་ངས་ཅི་ཞི་སོགས་བཅུག་ནས་དེ་དག་བགྲོ་གླེང་ཡོང་བའི་ཆེད་དུ་ཡིན། རྒྱུ་མཚན་ནི། ཟིག་ནི་ཨ་མདོའི་ཁ་སྐད་ཡིན་པ་དང་། དབུས་གཙང་གི་ཁ་སྐད་ལ་ཅིག་གི་ཚབ་ལ་ཅི་ལྟ་བུ་མང་པོ་ཡོད། དཔེ་གོང་ལ་ཀརྡོ་ལགས་ལ་སྤྲད་ཡོད། ངའི་བསམ་པར་ཟིག་དེ་ཨ་མདོའི་ཚིག་ཕྲད་ཅིག་གམ་ཞིག་སྒྲ་འགྱུར་བ་རེད་སྙམ། དབུས་གཙང་པས། ཁྱི་ཅི་མཐོང་བྱུང་ཟེར་བ་ལས། ཁྱི་ཅིག་མཐོང་བྱུང་ཟེར་གྱི་མིན་འདུག 

  20. ཀརྡོ་གཉེར་ཕྱག་པ་ says:
    2013-08-26 at 12:14 pm

    དབུས་གཙང་པས། བྱི་རིལ་༼བྱི་རིལ་ནི་གོ་རམ་དང་མི་འདྲ་བའི་མངར་ཆ་རིལ་རིལ་ལ་ཟེར་༽གང་སྤྲད་ག་རེ་སྤྲད་བྱུང་། དང་། མི་ཞིག་རིལ་༼རིལ་བ་ནི། ཐུར་དུ་འགྲིལ་བའམ་ལྷུང་བའི་དོན་༽འདུག
    ཁོ་འགྱེལ་སོང་། ཟེར་དུས་མར་ཐུར་དུ་རིལ་བ་མིན་པར། ཕར་ཤིང་སྡོང་དང་དར་ཆ། ཀ་བ་འགྱེལ་བ་ལྟར་འགྱེལ་གོ་དགོས། རིལ་བ་དང་དགྱེལ་གོ་དོན་སོ་སོར་ཡོད་པ་ལ། བསམ་ཤེས་ཀྱི་བློས་ཁྱབ་མི་འདུག

  21. ཀརྡོ་གཉེར་ཕྱག་པ་ says:
    2013-08-26 at 12:16 pm

    མར་ལ་རིལ་བ་དང་། ཕར་རམ། ཚུར་ལ་འགྱེལ་བ་གཉིས་གོ་དོན་སོ་སོར་ཡོད་རེད་དོ།།

  22. གནམ says:
    2013-08-26 at 6:22 pm

    ཐེབས་བར་སྣོན་པ་ལ་དགའ་བོ་ཡོད་པ་ལས། ཡོད་པ་མེད་པར་བསྒྱུར་བ་ལ། རྒྱུ་མཚན་ངེས་ཅན་དང་། དགོས་བ་གལ་ཆེན་མེད་ན་མི་སྤྲོའོ། སྔོན་འཇུག་དང་རྗེས་འཇུག་གི་སྒྲ་ཙམ་ཅི་བཞིན་དུ་མི་གསལ་བ་ཚང་མ་བརྗེ་དགོས་ན། ཁྱོའི་རྐང་ཐུང་ནང་ལ་སྐྱག་པ་ཤོར་གི་འཇུག་གི་རེད་ཐལ།

    ལྷ་སའི་ཁ་སྐད་གོ་བས་མ་ཚད་བཤད་ཡང་དགའ་ཅན་ཤེས་འི་ཡོད། ཚང་མ་དེ་འདྲ་ཞིག་རྩ་བ་ཉིད་ནས་མིན། དཔེར་ན། ཨ་མ་ལགས། སྤྲུའུ་ལགས་ཞིག་/ ཤིག། ཤིང་སྡོང་ལགས་འི་སྒང་ལ་བཞུགས་བཞག་ཟེར། སྐབས་དེར་སྤྲུའུ་ལགས་ཞིག་ལས་ཞི་དང་ཤིག་གཉིས་ཆ་མི་ཟེར།
    ངས་ཁྲིམས་བཟོས་མེད། ང་ཁྲིམས་ཀྱིས་བཟོས་བ་རེད། དེ་ན་ཚང་མས་ཁྲིམས་ཡོད་ལུགས་ཡོད་བྱས་ན་མི་དགའ་འམ།

  23. ཀརྡོ་གཉེར་ཕྱག་པ་ says:
    2013-08-27 at 1:59 am

    ལྷ་ས་པའམ། དབུས་གཙང་པས།
    ཨ་མ་ལགས་ཀྱིས། ཨ་ཕ་ལགས་ལ་སྤེལ་༼སྤྲེལ་༽ལད་བཤད་སོང་།
    ཨ་ཕ་ལགས་ཀྱི་སྤེའུ་༼སྤྲེའུ་༽ལ་བག་ལེབ་གནང་སོང་།
    ལྟ་བུ་ཟེར།

  24. གནམ says:
    2013-08-27 at 4:18 am

    སྤྲེའུ་རེད། སྤྲུའུ་ཟེར་བ་དེ་ལྷོད་ཡང་ལ་ཤོར་བ་རེད། ཐུགས་མ་ཁྲོས།

  25. ཅོག་མྱི། says:
    2013-08-29 at 11:04 pm

    ང་ཚོ་སྡེ་བ་ནས་སེ་དང་སེའུ་ཟེར། ཁྱིམ་མཆེས་ལུང་བ་ནས་ཧཕེ་དང་ཧཕེའུ་ཡང་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme