Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེར་བྱེས་གྲྭ་ཚང་དུ་༸གོང་ས་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་བྱས་པ།

Posted on 2013-07-082013-07-08 By ཁ་བརྡ་ 7 Comments on སེར་བྱེས་གྲྭ་ཚང་དུ་༸གོང་ས་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་བྱས་པ།

མཁོ་སྤྲོད་པ། དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།

 ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༥ ཉིན། སྤྱི་ནོར༸་གོང་ས ༸་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་པ་རྒྱལ་ས་ལྡི་ལི་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ། ལྷོ་ཕྱོགས་ཀ་ཎ་ཌ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་ཞབས་སོར་བཀའ་དྲིན་བསྐྱངས་པ་དང་། གྲོང་ཁྱེར་དེར་ཧིན་ངྷིའི་ཆོས་ཚོགས་ཤིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དེ་གའི་ལྷ་ཁང་དུ་ཕེབས་ཏེ། ཧིན་ངྷིའི་བླ་ཆེན་ཁག་དང་དགེ་འདུན་པ་དང་ཕྱི་ནང་གི་དད་ལྡན་མང་པོས་དགའ་བསུའི་གུས་འདུད་ཞུས་པ་དང་། ཆོས་ཚོགས་དེས་སློབ་ཕྲུག་སྐྱོ་བོ་ཚོར་ཟས་སྦྱིན་གཏོང་བ་སོགས་ལ་གསན་གཟིགས་ཀྱིས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད།དེ་ནས་ཆེད་བཏང་གནམ་གྲུ་བརྒྱུད། ཕྱི་དྲོ་ཆུ་ཚོད་ ༣།༣༠ ཙམ་ལ་སྦེལ་ཀོབ་ལུགས་བསམ་སློབ་གྲྭའི་ཐང་ཆེན་དུ། སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེས་གཙོས་པའི་གནད་ཡོད་མི་སྣ་ཁག་ནས་ཕེབས་བསུ་ཐོག་ཆིབས་འཁོར་ནང་བཞུགས་ཏེ་ཕེབས་སྐབས། ལམ་འགྲམ་གཡས་གཡོན་དུ་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཉིས་ཁྲི་ལྷག་གིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ། དགའ་བསུའི་གསོལ་བ་འདེབས་བཞིན། སེ་ར་ཐེག་པ་ཆེན་པོ་གླིང་གི་ཚོགས་ཆེན་འདུ་ཁང་དུ་ཞབས་སོར་འཁོད་སྐབས་གདན་ས་ཆོས་སྒར་ཁག་གི་མཁན་བླ་ལས་ཟུར་དང་། བཀའ་ཟུར་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ས་གནས་ཁྲིམས་ཞིབ་པ་དང་ལྷོ་སྤྱིས་གནས་འགོ་འཛིན་ཁག་གིས་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དབུས་པའི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ཕེབས་བསུས་ཞུས་ཏེ། མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་ཞབས་སོར་བཀོད་སྐབས་ཁོང་གིས་གསུངས་དོན། ད་རེས་གཙོ་བོ་ལྷོ་ཕྱོགས་ཆོས་སྒར་ཁག་ཏུ་བསྒྲུབ་བྱ་མང་པོ་ཞིག་བསྙེན་རྫོགས་བསྒྲུབ་པའི་ཆེད་དུ་ཕེབས་སྐོར་དང་། དེ་དང་སྟབས་བསྟུན་སེ་ར་བྱེས་གྲྭ་ཚང་དུ་འཁྲུངས་སྐར་རྟེན་འབྲེལ་བྱ་རྒྱུ་དང་། སྦེང་ལོར་དུ་ཕེབས་པའི་ཆོས་ཚོགས་དེས་སྐྱོ་བོ་ཚོར་ཟས་སྦྱིན་གཏོང་བ་དེ་ཚོ་ཁ་ཡོད་ལག་ཡོད་ཀྱིས་གཞན་ཕན་ཡིན་ལུགས་སོགས་གསུངས་ཏེ། དེ་འཕྲལ་སེར་བྱེས་གྲྭ་ཚང་དུ་ཆིབས་བསྒྱུར་བཀའ་དྲིན་སྐྱོང་སྐབས། སེར་བྱེས་མཁན་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་དང་གྲྭ་ཚང་དང་འབྲེལ་ཡོད་ཆེན་པོ་ཧོར་གྱི་ཡུལ་དང་ཐེ་ཝན་དང་། སང་གྷ་ཕོརདང་། མ་ལེ་ཞི་ཡ་སོགས་ཀྱིས་གཙོས་པའི་རྒྱ་རིགས་དང་སོག་རིགས་ཉིས་བརྒྱ་ཙམ་དང་། གོང་གསལ་གནད་ཡོད་མི་སྣ་ཁག་གིས་གདན་ཞུས་ཀྱིས་ཕེབས་གདོང་མཛད་སྒོ་གྲུབ་འཕྲལ། གཙུག་ལག་ཁང་གི་ཡང་སྟེང་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བཀོད།

ཕྱི་ཚེས་ ༦ ཉིན། བོད་ཕྱི་ནང་གིས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་དང་ཞུ་བཞིན་པ་ལྟར། ལྷོ་ཕྱོགས་བོད་མིའི་སྡོད་སྒར་ཁག་གི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཉིས་ཁྲི་ལྔ་སྟོང་ལྷག་འདུ་འཛོམས་བྱུང་ཡོད་པ་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གིས་ཕུན་སུམ་ཚོགས་པའི་བཀོད་སྒྲིག་ལྟར། ཞོགས་པ་ཆུ་ཚོད་༧ པར། སེར་བྱེས་ཆོས་རའི་གསེར་གྱི་ཁྲི་འཕང་མཐོན་པོར། ༸སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྐྱོང་བསྐྱངས། ཆུ་ཚོད་ ༩།༢༠ ཐོག་སྐུ་ཡི་འཁྲུངས་སྐར་གྱི་མཛད་སྒོ་དབུ་འཛུགས་ཞུས་ཤིང་།མཛད་སྒོའི་ཐོག་སེར་བྱེས་གྲྭ་ཚང་གིས་གདན་ཞུས་ལྟར། ཀ་ཎ་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སིངྷི་ངྷར་རཱ་མ་ཡ་མཆོག་དང་ཕྱག་རོགས་ཁྲལ་སྡུད་བློན་ཆེན་དང་མེའི་སོར་གྲོང་ཁྱེར་སྤྱི་ཁྱབ་གཅིག་ལྕོགས་ཝི་ཤྲཱི་ནི་ཝ་ས། པ་ར་སད་མཆོག ཕྱག་རོགས་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁ་ཤས། སྦེང་ལོར་བཅའ་སྡོད་ཧྥ་རན་སིའི་གཞུང་ཚབ་དང་། འཇར་མན་ནིའི་གཞུང་ཚབ་སྐུ་ཚབ་དང་ཕྱག་རོགས། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ན་བྷམ་ཏུ་ཀི་མཆོག་དང་། ཡུལ་སྐོར་བློན་ཆེན་པདྨ་མཁའ་འགྲོ་མཆོག ཕྱག་རོགས་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཁ་ཤས། ཆོས་ཕྱོགས་ཡེ་ཤུའི་བླ་ཆེན་ཁག་གཉིས། ཧིན་ངྷི་དང་ཁ་ཆེ། གཅེར་བུ་པའི་བླ་ཆེན་རེ། སྦེང་ལོར་གྱི་ཏུང་ཀོར་མཐོ་སློབ་དང་། སྦེང་ལོར་ཁེར་རེ་སིའི་མཐོ་སློབ་ཀྱི་རིགས་བདག་ལས་ཟུར། མ་ངྷ་ར་སིའི་མཐོ་སློབ་ཀྱི་འཛིན་སྐྱོང་ལྷན་ཁང་གི་ཆབ་སྲིད་དབུ་ཁྲིད།  གཞན་ཡང་། ཤར་པ་ཆོས་རྗེས་གཙོས་པའི་སེ་ར་བྱེས་སྨད་མཁན་ལས་ཟུར་དང་། རྣམ་གྲྭ་མཁན་ལས་ཟུར། འབྲས་སྤུངས་ཁྲི་བ། ལྷོ་ཕྱོགས་གདན་ས་ཁག་གི་མཁན་ལས་ཟུར། རྣམ་གྲོལ་གླིང་གྱང་ཁང་སྤྲུལ་སྐུ་སོགས་རིས་མེད་ཆོས་སྒར་ཁག་གི་བླ་སྤྲུལ་དགེ་བཤེས་ཀྱིས་ཀྱིས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། མངའ་རིས་རིན་པོ་ཆེ་དང་། བཀའ་ཟུར་རྗེ་བཙུན་པདྨ་སོགས་ཡབ་གཞིས་སྐུ་འཁོར། གཞན་ཡང་། དཔལ་ལྡན་སྲིད་སྐྱོང་། བཀའ་ཟུར་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ས་གནས་ཁྲིམས་ཞིབ་པ་དང་ལྷོ་སྤྱི། ས་གནས་འགོ་འཛིན་ཁག་གིས་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དབུས་པའི་རྒྱ་ཆེའི་སེར་སྐྱ་མང་ཚོགས་རྣམས་སྤྲོ་སེམས་ཁོ་བའི་ངང་། རྒྱ་གར་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། སྦེལ་ཀོབ་དབུས་བོད་སློབ་ཀྱི་སློབ་ཕྲུག་རྣམས་ནས་བསྟོད་དབྱངས་དྲུག་བཅུའི་དབྱངས་ལྡན་མཉམ་གཞས་གཏོང་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་ལྷན་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། གོང་གསལ་རིས་མེད་ཆོས་ལུགས་སྐུ་ཚབ་རྣམས་ནས་འཛམ་གླིང་ཞི་བདེ་དང་། ༸གོང་ས༸་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་སྐུ་ཚེ་མཛད་འཕྲིན་རྒྱས་པའི་ཆེད་དུ། རང་རང་གི་སྨོན་ལམ་གསོལ་འདེབས་གནང་གྲུབ་པ་དང་། ལྷོ་སྤྱི་ཀརྨ་སེང་གེ་ལགས་ནས་དགའ་བསུའི་གསུང་བཤད་དང་།
ཨ་རུ་རུ་ན་ཅལ་མངའ་སྡེ་སྥྱི་ཁྱབ་བློན་ཆེན་མཆོག་ནས་གསུང་བཤད་གནང་བཞིན་པ།།

དེའི་རྗེས་སྦེལ་ཀོབ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོས་གསུང་བཤད་དང་། དེ་ནས་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་སྤྱི་འཐུས་ཀྱི་གསུང་འཕྲིན་སྙན་སྒྲོན་ཞུས་པ་དང་། དེ་ནས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་གསུང་བཤད་དང་། དེ་ནས་ཀ་ཎ་ཌཀ་མངའ་སྡེའི་ཁྲལ་སྡུད་དང་མེའི་སོར་རྫོང་གི་གྲོང་ཁྱེར་བློན་ཆེན་གཅིག་ལྕོགས་མཆོག་ནས་གསུང་བཤད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་ནས་ཨིན་བོད་ཡིག་རིགས་གཉིས་ཀའི་ཐོག་ནས་གསུང་བཤད་དང་།

༸གོང་ས་མཆོག་ལ་འཇིག་རྟེན་མུན་སེལ་གྱི་གཟེངས་རྟགས་འབུལ་བཞེས་མཛད་བཞིན་པ།

དེ་ནས་ལྷོ་ཕྱོགས་གཞིས་ཆགས་ལྔ་ཐུན་མོང་ནས་ཀ་ཎ་ཌ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་མངའ་སྡེའི་བློན་ཆེན་མཆོག་ལ་བཀའ་གདམས་མཆོད་རྟེན་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་དངོས་སུ་གསོལ་སྩལ་དང་། དེ་བཞིན་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལའང་སྟོན་པའི་སྐུ་བརྙན་དྲན་རྟེན་དུ་ཕུལ་བ་དང་། དེ་བཞིན་བློན་ཆེན་ཁག་དང་དམིགས་བསལ་སྐུ་མགྲོན་རྣམས་ལ་འང་སོ་སོར་དྲན་རྟེན་རེ་གསོལ་སྩལ་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་གསུང་བཤད་དང་། རིམ་བཞིན་ཧིན་ངྷིའི་བླ་ཆེན་དང་ཁ་ཆེའི་བླ་ཆེན་གཉིས་ནས་གསུང་བཤད་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་”འཇིག་རྟེན་མུན་སེལ་”ཞེས་པའི་གཟེངས་རྟགས་ཤིག་སྦེལ་ཀོབ་སེར་སྐྱ་འགོ་མང་ཡོངས་ནས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་མཚོན་ཆེད། སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་མཆོག་དང་། ལུགས་བསམ་ས་གནས་འགོ་འཛིན་ཀརྨ་དགྲ་འདུལ་ལགས་གཉིས་ནས་འབུལ་ལམ་ཞུ་སྐབས། སེར་སྨད་མཁན་རིན་པོ་ཆེ་མཆོག་ནས་གཟེངས་རྟགས་ཕུལ་བའི་དགོས་དམིགས་ཡིག་ཐོག་ནས་སྙན་སྒྲོན་ཞུས།

དེའི་རྗེས་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟབ་གསལ་བཀའ་སློབ་གནང་སྐབས། “དེ་རིང་འདིར་དངོས་སུ་འཛོམས་ཡོད་པ་དང་། དངོས་སུ་འཛོམས་མ་ཐུབ་ཀྱང་ང་ལ་དགའ་བའི་མི་མང་གི་འཛམ་གླིང་རྒྱལ་ཁབ་གང་ས་ནས་ངའི་སྐྱེས་སྐར་སྲུང་བརྩི་བྱེད་བཞིན་ཡོད་ལ། ངའི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་ནི། སོ་སོས་སེམས་བཟང་པོ་བྱེད་རྒྱུ་དེ་ཡིན། སེམས་པ་བཟང་པོ་བྱེད་རོགས། སེམས་པ་འཁྲུགས་པ་དང་། ཁོང་ཁྲོ་ཟ་བ་དང་། གནོད་སེམས་དང་བརྣབ་སེམས་སོགས་མ་རུང་བའི་ཚོར་སྣང་བྱུང་སྐབས་ངའི་གདོང་པ་ཡིད་ལ་དྲན་རོགས་གྱིས། “ཞེས་གསུངས། དེ་ནས་རྟེན་འབྱུང་དགའ་སྟོན་གྱི་རྒྱ་གར་གྱི་གཞས་སྣ་ཤིག་དང་བོད་པའི་གཞས་སྣ་ཤིག་འཁྲབ་སྟོན་གྲུབ་པ་དང་། གདན་ས་ཆེན་པོ་སེར་བྱེས་མཁན་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། ༸གོང་ས་མཆོག་གིས་ལྗགས་སྨིན་གནང་བ་དང་། སྐུ་མགྲོན་རྣམ་པར་ཤངས་ལེན་གསོལ་ཚིགས་གཟབ་འབུལ་དང་། སེར་སྐྱ་མང་ཚོགས་ཡོངས་ལ་སེར་བྱེས་གྲྭ་ཚང་ནས་ཉིན་གུང་གསོལ་ཚིགས་ཕུལ་ཞིང་། ཉིན་རྒྱབ་མུ་མཐུད་ནས་སྦེལ་ཀོབ་ལྷ་མོ་ཚོགས་པ་ནས་ཇོ་བོ་རྗེའི་རྣམ་ཐར་གཟིགས་འབུལ་དང་། སྦེལ་ཀོབ་མི་མང་ནས་ཡུལ་ལུང་ཁག་གི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་། ཉིན་རྒྱབ་སེར་སྨད་གྲྭ་ཚང་ནས་མང་ཚོངས་ཡོངས་གསོལ་ཇ་འབུལ་གནང་ཞུས་ཤིང་། ཆུ་ཚོད་གསུམ་པར། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སེར་བྱེས་ཚན་རིག་ཁང་དབུ་འབྱེད་དང་འབྲེལ་སེར་བྱེས་གྲྭ་ཚང་གི་ཚན་རིག་དགེ་རྒན་དང་ལས་བྱེད་སློབ་གཉེར་གནང་མཁན་བཅས་མི་གྲངས་ ༡༣༠ ནས་ཚན་རིག་གི་སྐོར་ལ་དངོས་ཆས་དང་འབྲེལ་ནས་འགྲེལ་བཤད་ཞུས་པརཁོང་གིས་བཀའ་སློབ་ཟབ་མོ་གནང་སྟེ་ཚན་རིག་སྦྱང་རྒྱུ་གལ་ཆེ་ཡིན་སྐོར་དང་། ཚན་རིག་པས་མཐོང་བ་མངོན་གྱུར་ལ་བརྟག་དཔྱད་གཏོང་བ་དང་ནང་ཆོས་ཀྱིས་རྒྱུ་མཚན་གྱི་ལམ་ནས་བརྟག་དཔྱད་གཏོང་བ་གཉིས་ལ་མཐུན་ལམ་ཡོད་སྐོར་སོགས་བཀའ་སློབ་གནང་བ་དང་། ཕྱི་ཚེས་ ༧ ཉིན། རྒྱལ་བའི་གཟིམ་ཆུང་དུ་བསྒྲུབ་བྱ་རྣམས་བསྙེན་རྫོགས་སྒྲུབ་པའི་དབུ་འཛུགས་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་བཞི་བ་མ་ཟིན་ཙམ་ལ་སེར་སྨད་ཐོས་བསམ་ནོར་གླིང་དུ་སེར་སྦྲེངས་བཅས་ཞབས་སོར་བཀོད་དེ་ཕེབས་གདོང་མཛད་སྒོ་གཙུག་ལག་ཁང་དུ་གནང་སྟེ། ཕོ་བྲང་དུ་ཕེབས་ཤིང་། ཕྱི་ཚེས་ ༨ ཉིན་ནས་མུ་མཐུད་སེར་སྨད་གྲྭ་ཚང་དུ་བསྒྲུབ་བྱ་མང་པོ་བསྙེན་རྫོགས་སུ་སྒྲུབ་པའི་མཛད་འཕྲིན་མུ་མཐུད་ནས་བསྐྱངས་དང་སྐྱོང་བཞིན་ཡོད་པ་མ་ཟད། བར་གསེང་རྣམས་སུ་མཇལ་བ་མང་པོར་མཇལ་འཕྲད་ཀྱིས་བཀའ་དྲིན་ཡང་སྐྱོང་བཞིན་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: བྷོ་རེ་ཏི་ཡར་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བ།
Next Post: སྙན་ངག་པ་དང་ཡིག་སྒྱུར་པ་རྒན་པ་རག་ར་རིན་པོ་ཆེ་གླེང་བ།

Comments (7) on “སེར་བྱེས་གྲྭ་ཚང་དུ་༸གོང་ས་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་བྱས་པ།”

  1. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2013-07-08 at 11:23 am

    ཕྱི་ཚེས་༧ ཉིན་རྒྱབ་༼ཆུ་ཚོད་གསུམ་པར། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སེར་བྱེས་ཚན་རིག་ཁང་དབུ་འབྱེད་དང་འབྲེལ་སེར་བྱེས་གྲྭ་ཚང་གི་ཚན་རིག་དགེ་རྒན་དང་ལས་བྱེད་སློབ་གཉེར་གནང་མཁན་བཅས་མི་གྲངས་ ༡༣༠ ནས་ཚན་རིག་གི་སྐོར་ལ་དངོས་ཆས་དང་འབྲེལ་ནས་འགྲེལ་བཤད་ཞུས་པར
    ཁོང་གིས་བཀའ་སློབ་ཟབ་མོ་གནང་སྟེ་ཚན་རིག་སྦྱང་རྒྱུ་གལ་ཆེ་ཡིན་སྐོར་དང་། ཚན་རིག་པས་མཐོང་བ་མངོན་གྱུར་ལ་བརྟག་དཔྱད་གཏོང་བ་དང་ནང་ཆོས་ཀྱིས་རྒྱུ་མཚན་གྱི་ལམ་ནས་བརྟག་དཔྱད་གཏོང་བ་གཉིས་ལ་མཐུན་ལམ་ཡོད་སྐོར་སོགས་བཀའ་སློབ་གནང་བ་དང་།༽ཕྱག་ཚོད་གསུམ་པར་སེར་བྱེས་མཚན་རིག་ཁང་སྒོ་འབྱེད་ཀྱི་བཀའ་དྲིན་བླ་མེད་དུ་བསྐྱངས་གནང་མཛད།

  2. རྒྱ་གར་རྨ་བྱ། says:
    2013-07-08 at 12:08 pm

    ཤིན་ཏུ་ལེགས་སོ།།

    ཏོག་ཙམ་རྗེས་་་་་་

  3. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-07-08 at 12:26 pm

    གཟབ་རྒྱས་
    ཟབ་རྒྱས་
    ཁྱེད་པར་ག་རེ་ཡོད་རེད་དམ།

  4. ལོག་སྨྲ་ཚར་གཅོད། says:
    2013-07-08 at 1:11 pm

    མཛད་སྒོ་རྨང་གཞི་ཡག་པོ་བྱུང་བཞག ཡིན་ཡང་ལས་བྱེད་རྣམས་འབྱོར་ཐག་ཐག་ཅིག་མི་འདུག ཚབ་བེ་ཚུབ་བེ་མང་པོ་ཆགས་སོང་།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-07-08 at 1:24 pm

    ༣༽ ས་སྒོ་བསམ་གཏན་སྒྲོལ་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༨ གི་ཆུ་ཚོད་ ༡༢ སྐར་མ་ ༢༦
    གཟབ་རྒྱས་
    ཟབ་རྒྱས་
    ཁྱེད་པར་ག་རེ་ཡོད་རེད་དམ།
    ཞེས་པའི་ལན་དུ།
    གཟབ་རྒྱས།
    གང་གཟབ་གཟབ་དང་གང་རྒྱས་རྒྱས་བྱས་ནས་མགྲོན་པོ་ལ་གསོལ་ཚིགས་ཕོལ་བ་ཡིན།
    ཟབ་རྒྱས།
    སངས་རྒྱས་ཀྱིས་ཤེར་ཕྱིན་གསུང་དུས་ཟབ་པ། དངོས་བསྟན་ཟབ་མོ་སྟོང་པ་ཉིད་ཀྱི་རིམ་པ་དང་། སྦས་་ནས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་རྒྱ་ཆེ་ལ་ཏིང་ཟབ་པར་གསུངས་ཡོད་པ་རེད་ལྟ་བུའོ།།

  6. བློ་བཟང་། says:
    2013-07-08 at 2:46 pm

    དཀོན་མཆོག་གསུམ་གྱི་བདེན་པ་དང་། དགེ་འདུན་མཐུན་པའི་བྱིན་རླབས་དང་། སེམས་པ་བཟང་པོའི་ནུས་མཐུ་དང་། བླ་སློབ་མཐུན་པའི་དམ་གཙང་ལས། ༧གོང་ས་མཆོག་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པར་ཤོག

    ང་ནི་དུས་ནམ་ཡང་དགེ་འདུན་མཐུན་པའི་སྨོན་ལམ་དང་རེ་བ་ཆེན་པོ་རྒྱ་མཁན་གཅིག་ཡིན། ཡིན་ནའང་མཐུན་པ་ཟེར་བ་སྨོན་ལམ་རྐྱང་པས་ཡོང་མི་ཐུབ་པའི་འདུ་ཤེས་བྱུང་། དགེ་འདུན་ནང་བློ་ཁ་མཐོ་དམན་དང་། བསམ་ཤེས་ཐུབ་མིན་སྣ་ཚོགས་པ་ཞིག་ཡོད་པས། ལས་ཀྱི་སྣེ་མོ་རྣམས་ནས་དེ་ཚོ་ཚང་མ་དམིགས་འུག་དུ་ཆུད་ནས་ལས་འགུལ་ལག་སྟར་གནང་ཐུབ་ན་ཐབས་མཁས་ཐུགས་རྗེ་བླ་ན་མེད་པ་ཞིག་ཡོང་གཤིས། དེ་ནི་མཁས་པའི་ནང་ནས་མཁས་པ་དང་། ཆོས་པའི་ནང་ཆོས་པ་ཞིག་རེད།

    སྲིད་ཕྱོགས་ནས་བསམ་རུང་། རང་ཉིད་ལ་བསྟོད་ར་དང་མཐོང་དགོས་ན། གཞན་མཐོ་དམན་བར་གསུམ་ལ་གང་ཐུབ་ཀྱིས་ཆ་སྙོམས་པའི་འདུ་ཤེས་ཡོད་དགོས་པ་གལ་ཆེན་རེད་ཞེས་ཐོས་མྱོང་།

    གང་ལྟར་ང་རང་སེ་རའི་ནང་ཕོར་པ་བཙུགས་མྱོང་ཙང་གནས་ཚུལ་རོབ་ཙམ་ཤེས། བྱས་སྨད་གཉིས་ལ་ཆ་བཞག་ན་འདུ་ཁང་གཅིག་གི་ནང་གསོ་སྦྱོང་སྡིག་བཤགས་ལྷན་དུ་གནང་བ་དང་། དེ་ཡང་ཕལ་ཆེར་ང་ཚོའི་ལྟུང་མཐུན་བྱིན་རླབས་གནང་གི་ཡོད། རྒྱུ་མཚན་ནི་བཤགས་ཡུལ་ལ་ཉེས་པ་ཆ་མཚུངས་ཡོད་ན་དེའི་ཆ་དེ་མ་བཤགས་པར་བྱིན་རླབས་གནང་བ་རེད། འདུལ་བའི་གཞུང་ལྟར་ན་གསོ་སྦྱོང་མཉམ་དུ་འཚོགས་མཁན་རྣམས་ལྟ་སྤྱོད་མཐུན་པ་དགོས་གལ་ཆེ། གཅིག་གིས་གཅིག་ལ་དོགས་ཟོན་དང་མི་དགའ་བ་བྱུང་ན་འདུལ་བའི་ལས་རྣམ་པར་དག་པ་ཁག་པོ་ཡིན་འགྲོ་ སྨད་ལ་ཆ་བཞག་ནས་གནའ་བསྐྱལ་དམ་བཅའ་ཟིན་ནས་ད་ལྟ་དམ་གཙང་ཐོག་གནས་ཡོད་པ་རེད།

    གཙོ་བོ་ང་ཚོའི་ཤེས་དགོས་པ་ཞིག་ལ་བྱས་སྨད་གཉིས་ཀའི་ནང་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་མི་ཤེས་པའི་ལས་བྱེད་རེ་ཟུང་གི་བྱས་ཉེས་ལས་ཡིན་པ་གསལ་པོ་རེད། དེ་ཚང་མའི་ཐུགས་ལ་མངའ་བ་གནང་རོགས།
    ཁོང་ཚོ་ཆོས་མི་ཤེས་དུས་འཇིག་རྟེན་པའི་བསམ་བློའི་ཤན་ཞུགས་ཆེན་པོ་ཡོད། ཆབ་སྲིད་སློབ་སྦྱོང་མེད་ནའང་སྲིད་དོན་གནང་ཁུལ་བྱས། གང་ལྟར་གཉིས་མེད་སེང་གེ་རེ་ཟུང་ནས་ནང་དཀྲུག་རྒྱབ་བཞིན་ཡོད། དགེ་འདུན་པ་རྣམས་ཐུགས་ལྷོད་པོས་རང་ས་གཏན་པོ་གནང་རོགས། ཁྱེད་རྣམ་པ་མཚན་ཉིད་པ་རེད། གཞན་གྱིས་ལས་སླ་པོས་འགྱུར་ལྡོག་ཐུབ་ཀྱི་མ་རེད་བསམ་བཞིན། སྐྱབས་སུ་མཆིས།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-07-08 at 10:18 pm

    ་་་་་ དེའི་རྗེས་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟབ་གསལ་བཀའ་སློབ་གནང་སྐབས། “དེ་རིང་འདིར་དངོས་སུ་འཛོམས་ཡོད་པ་དང་། དངོས་སུ་འཛོམས་མ་ཐུབ་ཀྱང་ང་ལ་དགའ་བའི་མི་མང་གི་འཛམ་གླིང་རྒྱལ་ཁབ་གང་ས་ནས་ངའི་སྐྱེས་སྐར་སྲུང་བརྩི་བྱེད་བཞིན་ཡོད་ལ། ངའི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་ནི། སོ་སོས་སེམས་བཟང་པོ་བྱེད་རྒྱུ་དེ་ཡིན། སེམས་པ་བཟང་པོ་བྱེད་རོགས། སེམས་པ་འཁྲུགས་པ་དང་། ཁོང་ཁྲོ་ཟ་བ་དང་། གནོད་སེམས་དང་བརྣབ་སེམས་སོགས་མ་རུང་བའི་ཚོར་སྣང་བྱུང་སྐབས་ངའི་གདོང་པ་ཡིད་ལ་དྲན་རོགས་གྱིས། “ཞེས་གསུངས། ་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme