Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<< ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 4 )

Posted on 2020-04-17 By ཁ་བརྡ 1 Comment on << ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 4 )

བློ་བཟང་རིན་ཆེན།

<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་དང་པོའི་དེང་གི་སྤྱི་ཚོགས་དང་བདེ་སྐྱིད་འཚོལ་སྙེག་ཅེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།

དེང་གི་སྤྱི་ཚོགས་ཀྱི་གནས་བབས།

ལེའུ་འདིའི་ནང་ལ་དེང་གི་སྤྱི་ཚོགས་སྤྱི་ཡོངས་ཀྱི་གནས་བབས་གསལ་སྟོན་གནང་འདུག སྤྱིར་ལེའུ་འདིར་དེང་གི་སྤྱི་ཚོགས་ཞེས་པ་ནི་ལོ་ངོ་ཉི་ཤུ་ཡར་སྔོན་གྱི་སྤྱི་ཚོགས་དམིགས་སུ་བཟུང་ཡོད་ཀྱང་དེའི་གནས་བབས་དང་ད་ལྟའི་གནས་བབས་ཕལ་ཆེར་གཅིག་མཚུངས་ངེས། གང་ལྟར་དེང་གི་སྤྱི་ཚོགས་ནི་དགེན་འདུན་ཆོས་འཕེལ་གྱིས་”གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག ། ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག ། མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། ། གཅིག་ལས་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུག །”ཟེར་བ་བཞིན་འབྱོར་ལྡན་དང་འབྱོར་མེད། ཤེས་ཡོན་ཅན་དང་བླུན་པོ། ཆོས་ལུགས་པ་དང་ཆོས་མེད་སྨྲ་བ། མདོར་ན་ཕོ་མོ་དབྱེ་བ་མེད་པར་ཐམས་ཅད་བདེ་བའི་ཆེད་དུ་རྒྱུག་པ་ནི་གཅིག་མཚུངས་སུ་ངེས། ཚུལ་འདིས་ང་ཚོ་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ནི་གཅིག་མཚུངས་ཡིན་པ་རྟགས་དང་རྒྱུ་མཚན་གྱིས་སྒྲུབ་མི་དགོས་པར་རྟོགས་ནུས་པར་གསུངས་ཡོད།

ལྷག་དོན་དཔལ་འབྱོར་ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་ཁག་ཏུ་ཕྱིའི་རྣམ་པ་མཛེས་ཤིང་ལྟ་ན་སྡུག་པ། བརྗིད་ཉམས་དོད་པོ་ཞིག་ཡིན་ནའང་། ནང་གི་མིའི་སེམས་ཁམས་ནི་དབུལ་ཕོངས་དང་གྲོང་གསེབ་པ་ཚོ་ལས་ལྡབ་འགྱུར་གྱིས་སེམས་ཁྲལ་དང་དཀའ་སྡུག་མྱོང་བཞིན་ཡོད། གཙོ་ཆེར་འཕྲུལ་ལས་ལ་བརྟེན་ནས་ཕན་ཚུན་ཐད་ཀར་བརྟེན་པའི་བྱ་བ་མང་པོ་ཞིག་ཉུང་དུ་བཏང་ཡོད། དེར་བརྟེན་”མི་གཞན་ནི་རང་ཉིད་ཀྱི་བདེ་བ་ལ་གལ་ཆེན་ཞིག་ཆགས་མེད་སྟབས། གཞན་གྱི་བདེ་བ་དེ་ཡང་རང་ལ་གལ་ཆེན་མིན་ཟེར་བའི་འདུ་ཤེས་”ཤུགས་ཆེན་འབྱུང་གི་ཡོད་པ་དངོས་ཡོད་རེད། དེ་ལྟར་ཕྱོགས་ཡོངས་ལ་བསམ་བློ་གཏོང་དུས་དུས་རབས་འདིར་ཕན་ཚུན་ལ་གཞི་རྩའི་བྱམས་བརྩེ་སྟོན་མི་ཐུབ་པའི་སྤྱི་ཚོགས་ཤིག་གསར་གཏོད་བྱས་པའི་དགོངས་ཚུལ་གནང་འདུག དེའང་ཧ་ཅང་བདེན་ཏེ་དཔལ་འབྱོར་གྱི་ཡང་རྩེར་འགྲོ་བཞིན་པའི་གྲོང་ཁྱེར་རང་བཞིན་ཅན་གྱི་སྤྱི་ཚོགས་ཁག་ལ་སོམས་དང་། མི་ཚོགས་ས་ཡ་མང་པོ་ལྷན་ཅིག་ཏུ་འཚོ་བཞིན་ཡོད་ཀྱང་ཁེར་རྐྱང་དང་སེམས་གཅོང་གིས་མནར་བསྡད་པ་གྲངས་ལས་འདས། མ་ཟད་སྤྱི་ཚོགས་དཔལ་འབྱོར་གྱིས་ཡོངས་སུ་བསླུས་ཏེ་རྒན་པོ་ཚོར་སྡོད་རོགས་སྒོ་ཁྱི་རེ་ལས་མེད་པར་གནས་ཡོད། མདོར་ན་དེང་གི་སྤྱི་ཚོགས་ནི་རང་དོན་གཙོ་སྒྲུབ་དང་རང་རྒྱལ་གཞན་ཕམ་གྱི་བྱ་བ་གཙོ་བོ་གཉེར་བའི་བྱམས་བརྩེ་དང་བྲལ་བ་ཞིག་ཏུ་འཁུམས། མ་ཟད་སེམས་མི་བདེ་བ་དང་། ཡིད་ཆད། ཡིད་མི་ཚིམ་པ། ཁེར་རྐྱང་དང་སེམས་གཅོང་གིས་ཡོངས་སུ་མནར་བའི་སྤྱི་ཚོགས་ཤིག་གྲུབ་པ་དེའོ།།

ཅིའི་ཕྱིར་དེ་ལྟར་དུ་གྱུར་བ་རེད།

དེང་གི་སྤྱི་ཚོགས་འདི་ཅིའི་ཕྱིར་དེ་ལྟར་གྲུབ་པ་རེད་ཟེར་ན། དེ་ནི་སྤྱི་ཚོགས་ཀྱིས་ངོས་འཛིན་བྱེད་ཚུལ་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད། སྤྱི་ཚོགས་ཁྱོན་ཡོངས་ནས་དཔལ་འབྱོལ་གཙིགས་ཆེན་དང་ཚན་རིག་ལ་རྨོངས་དད་བྱེད་པ་མང་དྲགས་པས་མིག་སྔུན་གྱི་སྤྱི་ཚོགས་འདི་གྲུབ་པ་རེད། དེ་ཡང་མཐར་དེད་ན་གང་ཟག་སྒེར་སོ་སོའི་འདོད་རྔམས་དང་མ་རིག་པ་སོགས་ལ་འབྲེལ་བ་དམ་པོར་བདོག་པ་གདོན་མི་ཟའོ།།

ཡང་མང་པོ་ཞིག་གིས་ཚན་རིག་གིས་ཆོས་ལུགས་སུན་ཕྱུང་ཡོད་པའི་ཡིད་ཆེས་བྱེད་པར་མ་ཟད། ཚན་རིག་ནི་ཤེས་རིག་གི་འབྱུང་ཁུངས་མཐར་ཐུག་པ་ཡིན་པར་བསམ་ཡོད། ཁོང་ཚོས་ཚན་རིག་ལ་རྨོངས་དད་བྱེད་པ་མང་དྲགས་ནས། དེ་ལས་ལྡོག་པའི་ལྟ་ཚུལ་གཞན་རྣམས་ལ་བརྩི་འཇོག་བྱེད་མ་ཐུབ་པར་ལྷག་ཡོད། མ་ཟད་ཅི་ཞིག་དགེ་བ་ཡིན་པ་དང་། ཅི་ཞིག་སྡུག་པ་ཡིན་པའི་ཉིན་རེའི་བླང་དོར་ཐམས་ཅད་ཐག་གཅོད་མ་ནུས་པར་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། དེ་དག་ནི་ཚན་རིག་ལ་རྨོངས་ཞེན་ཆེ་བ་དང་ཚན་རིག་གི་ཚད་བཀག་ལས་བརྒལ་མ་ནུས་པས་རེད། ཚན་རིག་པས་ཇི་ལྟར་ཞིབ་དཔྱོད་བྱས་ཀྱང་ཤེས་པའི་ངོ་བོ་དང་། བྱེད་ལས་སོགས་ལ་བླུན་རྨོངས་སུ་གྱུར་ཡོད། དེར་བརྟེན་བླང་དོར་གྱི་རྣམ་གཞག་མང་པོ་ཞིག་ལ་འགྲེལ་བཤད་མ་ཕོག་པར་བརྟུལ་ཞུགས་བཟུང་ནས་ཡོད། ཤེས་པ་ནི་ཁ་དོག་དང་རྡུལ་རྫས་ཀྱིས་གྲུབ་པ་མིན་སྟབས་ཁོ་ཚོས་བརྟག་ཐབས་ལ་མི་འཇུག་པའི་སྣང་ཚུལ་ཞིག་ཡིན། དེ་ནི་དཔལ་ལྡན་ཆོས་གྲགས་ཀྱིས་”མ་མཐོང་ཕྱིར་ན་མེད་པ་མིན།།”ཞེས་གསུངས་པ་བཞིན་ཚན་རིག་གིས་མ་རྙེད་པ་ལས་མེད་པ་མིན་པའི་གནད་འདི་ཡིད་ལ་ངེས་དགོས།

མདོར་བསྡུས་ན་སྤྱི་ཚོགས་སྤྱི་ཡོངས་ཀྱིས་དཔལ་འབྱོར་དང་ཕྱིའི་རྣམ་པ་གཙིགས་ཆེན་བྱེད་པ་ལས་ནང་སེམས་ཀྱི་རིན་ཐང་སྣང་མེད་བཏང་བ་སོགས་ལས་མིག་སྔུན་གྱི་སྤྱི་ཚོགས་ཡ་ང་བ་འདི་གྲུབ་པ་རེད།

དེ་ལ་འགྱུར་བ་གཏོང་བའི་ཐབས་ལམ་འཚོལ་བ།

ཡ་ང་བའི་སྤྱི་ཚོགས་འདི་ལ་བཟང་ཕྱོགས་ནས་འགྱུར་བ་གཏོང་བའི་ཐམས་ལམ་ཡོད་དམ་ཟེར་ན། དེ་ནི་ཏན་ཏན་ཡོད་པ་ཡིན་ཏེ། མིས་བཟོས་པའི་སྤྱི་ཚོགས་ཀྱི་དཀའ་ངལ་དག་སྔ་ཕྱི་མ་གཏོགས་མིས་སེལ་ནུས་པ་ནི་ཆོས་ཉིད་ཅིག་རེད། དེའང་ཕྱི་དངོས་པོའི་ཡར་རྒྱས་དོར་བ་ཙམ་གྱིས་སྤྱི་ཚོགས་ཀྱི་དཀའ་སྡུག་ཐམས་ཅད་ལས་གྲོལ་འགྲོ་བར་སེམས་པ་ནི་ཕུགས་རྒྱང་མ་རྟོགས་པའི་བསམ་ཚུལ་ཞིག་རེེད།

དེ་ལས་”སྲོལ་རྒྱུན་གྱི་གྲོང་ཚོའི་ནང་དུ་ཡོད་པའི་མཐུན་སྒྲིལ་དང་ཆོག་ཤེས་ཚད་མཐོ་བོ་དེ། སྟོང་ལོ་གསར་བའི་ཕྱི་དངོས་པོའི་ལོངས་སྤྱོད་དང་ཟུང་དུ་སྦྲེལ་བའི་འཚོ་བའི་ལུགས་སྲོལ་ཞིག་འཚོལ་རྒྱུ་འདི་ཡིན།” མ་ཟད་ནང་སེམས་ཀྱི་ཆ་ལ་སྣང་མེད་དུ་མི་གཏོང་བར་ཅི་ཞིག་དགེ་བ་ཡིན་པ་དང་གང་ཞིག་སྡུག་པ་ཡིན་པ། ཡང་ན་ཅི་ཞིག་ཚུལ་མཐུན་དང་གང་ཞིག་ཚུལ་མཐུན་མིན་པའི་བླང་དོར་གྱི་རྣམ་གཞག་རྣལ་མ་ཞིག་འཚོལ་རྒྱུ་དེ་རེད།

ང་ཚོ་འགྲོ་བ་མི་ནི་བསམ་བློ་དང་མྱོང་བ། འཆར་སྣང་དང་རིགས་སྟོབས་སོགས་དུད་འགྲོ་ལས་རྦད་དེ་ཁྱད་དུ་འཕགས་ཡོད་སྟབས། ང་ཚོའི་འདོད་པ་ནི་ནོར་ལོངས་སྤྱོད་ཙམ་དང་དབང་ཤེས་ཀྱི་བདེ་བ་ལས་བརྒལ་ཡོད་ལ། འཚོ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཡོད་ནའང་། ད་དུང་དངངས་སྐྲག་དང་སེམས་གཅོང་གིས་འཚོ་ཡོད་པ་ནི་དེའི་དཔེར་མཚོན་གསལ་བོ་ཞིག་རེད། དེར་བརྟེན་ང་ཚོས་དབང་ཤེས་ཀྱི་བདེ་བ་ཙམ་མིན་པར་ནང་སེམས་ཀྱི་བདེ་སྐྱིད་ཅིག་འཚོལ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་བསམས་ནས་ལེའུ་འདིའི་མཇུག་ཏུ་”ང་ཚོར་གསར་བརྗེ་ཞིག་དགོས་པ་ནི་མངོན་གསལ་ཡིན་ནའང་། དེ་ནི་ཁྱབ་སྲིད་དང་། དཔལ་འབྱོར། འཕྲུལ་ལས་སོགས་ཀྱི་གསར་བརྗེ་ཞིག་མིན་ཞིང་། ཕྱི་ལ་ཕྱོགས་པའི་ལས་འགུལ་ཞིག་གིས་མི་འགྲིག་པ་ནི་འདས་པའི་དུས་རབས་འདིའི་ཉམས་མྱོང་གིས་གསལ་པོར་བསྟན་ཡོད། དེའི་ཕྱིར་ངོས་ཀྱིས་འདིར་གྲོས་གཞི་རུ་འདོན་བཞིན་པ་ནི་ཆོས་ཀྱི་གསར་བརྗེ་ཞིག་ཡིན་”ཞེས་གསུངས་པ་གནད་ལ་ཕོག་པའི་གདམས་ངག་ཏུ་འཁུམས་སོ།།

2020/3/29/ བློ་བཟང་རིན་ཆེན་གྱིས་རང་ཤག་ཏུ་བྲིས།

མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་དེང་གི་སྤྱི་ཚོགས་དང་བདེ་སྐྱིད་འཚོལ་སྙེག་ཅེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།

སྣ་ཚོགས།

Post navigation

Previous Post: << ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 3 )
Next Post: ཚེ་ཏན་ཞབས་དྲུང་གིས་རྨ་ལྷོ་མི་རིགས་དགེ་ཐོན་ནས་གནང་བའི་གསུང་བཤད།

Comments (1) on “<> ( 4 )”

  1. Abharu Jigwang says:
    2020-04-18 at 5:16 pm

    བློ་བཟང་རིན་ཆེན་ལགས་ཀྱི་རྩོམ་ཡིག་དེ་ཡག་པོ་བྲིས་གནང་འདུག་
    གོང་ས་མཆོག་གི་དགོངས་པ་ལ་གཞི་བཅོལ་ནས་བྲིས་པ་ནི་ལེགས་།
    ཡིན་ཡང་གོང་ས་མཆོག་གི་ནམ་ཡང་མཚན་རིག་དང་དཔལ་འབྱོར་གཉིས་ཀ་མེད་པའི་
    མེད་ཐབས་ཞིག་རེད་གསུངས་ཡོད་།
    འཇིག་རྟེན་གོ་ལ་འདིའི་ནང་མཚན་རིག་དང་དཔལ་འབྱོར་མེད་ན་ཅི་གང་ཡང་བྱེད་མི་ཐུབ་པ་
    དངོས་ཡོད་རེད། རང་རེའི་དགོན་སྡེ་གྲ་ཚང་ནང་ལོ་ངོ་ཉི་ཤུ་གསུམ་བཅུ་ནང་ཆོས་སྦྱང་ནས་དགེ་
    བཤེས་ཐོན་ན་ཡང་དཔལ་འབྱོར་གྱི་ཆེད་དུ་ཕྱི་རྒྱལ་ཁག་ལ་ཕྱིན་ནས་དཔལ་འབྱོར་གསོག་གི་ཡོད་པ་
    དངོས་སུ་མཐོང་ཆོས་སུ་ཡོད། དེ་བཞིན་མཚན་རིག་མེད་ན་ཡང་་འཇིག་རྟེན་གོ་ལའི་ནང་ལས་ཀ་གང་ཡང་བྱེད་མི་
    ཐུབ་པ་ཡང་དངོས་མཐོང་རེད། ཁ་ནས་ར་རེ་བཤད་ན་མ་བཤད་ན་དོན་ངོ་མ་དེ་འདྲ་རེད།
    ཆོས་ཀྱི་ཐོག་ནས་བཤད་ན་ཡང་བློ་སྦོང་ཐུབ་ན་སེམས་ལ་ཞི་བདེ་ངེས་པར་སྐྱེ་ཐུབ་པ་དེ་ཡང་བདེན་
    པ་དངོས་གནས་རེད། མི་ཞིག་ལ་རྐང་ལག་གཉིས་ཀ་མེད་པའི་མེད་ཐབས་ཡིན་པ་ལྟར་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme