Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་རྒན་བྱང་ཆུབ་སེམས་མ་བུག་ཏོར་ཡ་སོ་ཐོ

Posted on 2012-12-182012-12-18 By ཁ་བརྡ་ 18 Comments on དགེ་རྒན་བྱང་ཆུབ་སེམས་མ་བུག་ཏོར་ཡ་སོ་ཐོ

སྤྲུལ་སྐུ་དབང་ཆེན།

རང་ལོ་ཉེར་བདུན་ལ་སོན་པའི་ལོ་རིམ་དང་པོའི་སློབ་ཆུང་གི་དགེ་རྒན་བྱང་ཆུབ་སེམས་མ་བུག་ཏོར་ཡ་སོ་ཐོ་ཞུ་བ་ཁོང་གིས། མེ་མདས་སྐད་སྒྲ་ཐོས་མ་ཐག་མོ་རང་གི་འཛིན་གྲྭའི་ནང་གི་སློབ་མ་ཡོངས་རྫོགས་གབ་སྦས་བྱས་ནས་མོ་རང་མེ་མདའ་ཁུར་མཁན་གྱི་གདོང་ལ་བུད་ཏེ། འཛིན་གྲྭ་འདིར་སློབ་མ་གཅིག་ཀྱང་མེད་། ཚང་མ་ལུས་རྩལ་འཛིན་གྲྭ་ལ་འགྲོ་སོང་ཞེས་ལབ་ནས་མདུན་བཀག་པས་མེ་མདས་ཁ་ནས་ཚེ་སྲོག་ཤོར་བ་རེད། མེ་མདའ་ཁུར་མཁན་དེས་མོའི་འཛིན་གྲྭའི་ནང་གི་སློབ་མ་གཅིག་ཀྱང་བསད་མེད་པ་རེད། དེ་ནི་བུག་ཏོར་ཡས་རང་སྲོག་བློས་གཏོང་བྱས་ནས་གཞན་སྲོག་བསྐྱབས་པ་ཡིན་པས་ཨ་རི་གཙོའི་སྤྱི་རྒྱལ་མི་མང་པོ་ཞིག་ཧ་ལས་ཤིང་ཧང་སང་འདུག །སྲོག་བསྐྱབས་པའི་བུག་ཏོར་ཡའི་འཛིན་ཆུང་གི་བུ་མོ་ཞིག་གི་ཨ་མས་འདི་ལྟར། བུག་ཏོར་ཡ་ནི་རྟག་ཏུ་བྱམས་བརྩེ་ལྡན་པའི་བུད་མེད་མིག་ལྟོས་བྱེད་ས་ཤིག་ཡིན། མོས་བརྩེ་བས་བྱམས་སྐྱོང་འོག་འཚར་ལངས་བྱང་བའི་སློབ་ཕྲུག་ད་ལྟ་ལོ་རིམ་གསུམ་པ་ཡིན་པའི་ངའི་བུ་མོ་ཆེ་བས་ཡང་རྟག་ཏུ་བུག་ཏོར་ཡས་བྱམས་བརྩེས་བཀའ་དྲིན་གླེང་བཞིན་ཡོད་ཟེར། བུག་ཏོར་ཡས་རྟག་ཏུ་སློབ་ཕྲུག་ཚོ་དང་མཉམ་དུ་ཐང་ལ་བཞུགས་ནས་དམིགས་བསལ་གྱི་སྒོ་ནས་ལྟ་བསྐྱང་ཡང་དག་པ་བྱེད་པ་མ་ཟད་སློབ་ཕྲུག་ཚོ་ལ་རང་གིས་སྒོར་མོ་བཏང་ནས་ཞལ་ཏོག་བཟའ་ཆས་རིགས་ཡང་ཉོས་ནས་སྟེར་བཞིན་མཆིས་ཟེར།

 

http://www.wtnh.com/dpp/news/fairfield_cty/newtown-victoria-soto-27-teacher
གསར་འགྱུར།

Post navigation

Previous Post: ཚན་རིག་གི་སྐྱོན་མཚང་བསྔོགས་པ།
Next Post: གནས་སྐོར།

Comments (18) on “དགེ་རྒན་བྱང་ཆུབ་སེམས་མ་བུག་ཏོར་ཡ་སོ་ཐོ”

  1. སྤོབས་པ་མཐའ་ཡས། says:
    2012-12-18 at 2:42 am

    སྐྱབས་སུ་མཆི། འདི་བྱང་ཆུབ་སེམས་མ་ཞིག་ཡིན་པ་ཐེ་ཚོམ་མེད་པ་རེད། འདི་ལྟ་བུའི་མིའི་རིགས་ཀྱི་ཐ་ཤལ་གདོལ་སྤྱོད་ཀྱི་བྱ་བས་ང་ཚོ་ལ་གྱོང་སྤྲོད་བཞིན་པའི་ཞོར་དུ་འདི་ལྟ་བུའི་མིའི་དྭངས་མ་རེ་རེའི་གཟི་བརྗོད་ཀྱང་མངོན་ཐུབ་ཀྱིན་ཡོད་པ་དེ་ནི་མིའི་རིགས་ཀྱི་རྒྱལ་ཁ་ཞིག་ཀྱང་རེད།

  2. འབྲོག་པ་རྒད་པོ། says:
    2012-12-18 at 3:44 am

    ཕྱི་གླིང་བ་ཚོས་མེ་བསྲེག་གི་ལས་འགུལ་འདི་སྨྱོན་པ་རེད་ལབ་མཁན་མང་པོ་བྱུང་། ད་ཡིན་ན་འདི་འདྲའི་གནས་ཚུལ་བྱུང་སྐབས་གང་ཞིག་ལབ་འདོད་ཡོད་དམ། མ་གཞི་ནས་སྙིང་རྗེ་རེད། འདི་འདྲའི་རིགས་མང་པོ་བྱུང་ཚར་བ་རེད། ངོ་མ་ཨ་རི་ནང་ལ་ཉི་ཤུ་སོན་པ་ཡན་ཆད་ལ་མེ་མདའ་ཉོ་ཆོག་པའི་དབང་ཆ་ཡོད་པས། འདི་ནི་ཨ་རིའི་ནོར་འཁྲུལ་ཆེ་ཤོས་ཞིག་ཡིན་པ་རེད།
    དེ་སྔོན་འདི་འདྲ་ཞིག་བྱུང་སྐབས། བོད་ཕྲུག་བུད་མེད་ཞིག་གིས་འདི་ལྟར་འཛིན་ཁང་སྒོ་བརྒྱབ་པས་གནས་ཚུལ་ཡོད། འདི་གཉིས་གཅིག་མཚུངས་ཆོག་ཡོད།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-12-18 at 4:07 am

    སྐྱེ་བ་རྗེས་མ་ཡང་འདི་ལས་མཛེས་པ་དང་། འདི་ལས་དཔའ་བ་ཅིག་འཁྲུངས་ངེས་པས། མིའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་འདུན་ཡོད།

  4. ཀརྨ་སྐལ་བཟང་ says:
    2012-12-18 at 6:29 am

    ཧ་ཧ་ཧ་འབྲོག་པ་རྒད་པོ་ཟེར་བ་དེ་འཛམ་གླིང་ནང་སྟོབས་ཆེ་བའི་
    ཨ་རིས་རྒྱལ་ཁབ་ལ་ཆ་སྲིད་སྲིད་སློབ་མཁན་མི་འདི་འདྲ་མཁས་པ་
    ཁ་ཤས་ཞིག་བོད་ལ་ཡོད་ན་བོ་རང་བཙན་མགྱོག་པོལེན་ཐུབ་ས་རེད་

  5. ཞུས་ཆེན་པ། says:
    2012-12-18 at 7:22 am

    ཚེ་ལས་འདས་པའི་དགེ་རྒན་གཞོན་ནུ་མ་འདི་དངོས་གནས་དཔའ་མཛངས་ཐབས་མཁས་ཅན་ཞིག་རེད། དངངས་སྐྲག་ཆེ་བའི་ཛ་དྲག་གི་དུས་སྐབས་འདི་འདྲར་རང་ཉིད་ཐར་ཐུབ་མ་བྱས་པར་སོ་སོའི་སློབ་ཕྲུག་ཚང་མ་སྦས་སྐུང་བྱས་ཏེ་རང་ཉིད་གཅིག་བུ་ལག་དམར་བའི་གདོང་ལ་འཐོན་དེ་ཞུ་བ་འཐེན་སྐབས་ལག་དམར་བས་དེ་མ་ཐག་མེ་མདའ་རྒྱབ་ཏེ་བསད་འདུག དཔའ་མོ་འདི་བྱང་ཆུབ་སེམས་དཔའ་མིན་པའི་དབང་དུ་དང་རུང་བྱང་ཆུབ་སེམས་དཔའི་ཀུན་སྤྱོད་ཀྱི་ཆ་ཤས་ཤིག་མོ་ལ་མངའ་བ་ཤ་སྟག་རེད། མོའི་མཛད་སྤྱོད་ལ་ཡི་རང་ཞུ་བ་དང་མཉམ་དུ་སྙིང་ཐག་པ་ནས་མྱ་ངན་གུས་འདུད་ཞུ། ཧ་ཅང་ཕངས་པ་ལ། ཧ་ཅང་སེམས་པ་སྐྱོ་བ་ལ། གནས་ཚུལ་འདི་ཐོས་མ་ཐག་ངའི་ཡིད་སེམས་སྐྱོ་བའི་ཁེངས་ཏེ་མིག་ཆུ་རང་དབང་མེད་པར་ཤོར་སོང་། གནས་ཚུལ་ཐབས་སྡུག་འདི་འདྲ་ཨ་རིར་ཐེངས་མང་བོར་བྱུང་མྱོང་ཡོད་པ་རེད་དེ་ད་དུང་ཁྲིམས་ཐོག་ནས་མི་སེར་ཀྱིས་མེ་མདའ་འཁྱེར་ཆོག་པའི་ཁྲིམས་གཞི་ལ་བཀག་འགོག་ཕྱིར་བསྡུ་མེད་པ་ནི་སེམས་ཁམས་མི་དྭངས་པའི་མི་སྨྱ་སེ་སྨྱོ་སེ་དང་། བྱམས་སྙིང་རྗེ་དང་ཐ་ན་བརྩེ་བ་ཙམ་ཡང་མེད་པའི་མིའི་སེམས་ལ་གདོན་ཞུགས་པའི་སྨྱོ་འབག་ཅན་རྣམས་ཀྱིས་གང་བྱུང་དམར་གསོད་བྱེད་པའི་ཉེན་ཚབས་ཅན་གྱི་རིགས་ཡོང་གཞི་གཙོ་བོ་ཞིག་རེད། ད་ཨོཾ་མ་ཎི་པདྨ་ཧུཾཿ

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-18 at 7:52 am

    བིཀྟོ་རི་ཡ་སོ་ཏོ་ཞེས་པའི་ཕྲུ་གུ་རྣམས་ཀྱི་སློབ་དཔོན་མ་དེ་གཞན་ལ་ཕན་སེམས་ཅན་ཡིན་པ་བྱུང་ཆུབ་སེམས་རྒྱུད་ལ་ལྡན་པར་སྣང་། རང་གིས་ཐབས་མཁས་ཀྱིས་རང་གི་་སློབ་མ་རྣམས་ལ་སྲོག་སྐྱོན་མ་བྱུང་བ་དང་། རངཉིད་ཀྱི་སྲོག་ཤོར་བ་དེ་ལ་སྐྱེ་བ་སྔོན་མའི་ལས་ཤིག་ཡོད་ངེས། མདོ་སྡེ་ལས་བརྒྱ་པ་སོགས་མདོ་ན།
    ལུས་ཅན་དག་གི་ལས་རྣམས་ནི།
    བསྐལ་པ་བརྒྱར་ཡང་ཆུད་མི་ཟ།
    ཚོགས་ཤིང་དུས་ལ་བབས་པ་ན།
    འབྲས་བུ་ཉིད་དུ་སྨིན་པར་འགྱུར།།
    ད་ལྟ་སེམས་བཟང་གིས་གཞན་མང་པོའི་སྲོག་བསྐྱབས་པའི་འབྲས་བུར་མཐར་ཐམས་ཅད་མཁྱེན་པ་འཐོབ་པར་ངེས་པས། རང་ཅག་རྣམས་ཀྱིས་ཀྱང་དེ་འདྲ་བའི་ལས་བརྩོན་དགོས་པ་དང་། དེ་འདྲ་བྱེད་ཐུབ་པའི་སྨོན་ལམ་ནི་རང་རེ་བོད་རིགས་ཚང་མས་ཁ་ནས་འདེབས་དང་འདེབས་བཞིན་པ་ལགས་སོ།།

  7. བན་དེ་བ། says:
    2012-12-18 at 8:03 am

    བུ་མོ་འདི་ནི་བྱང་ཆུབ་སེམས་མ་དངོས་གནས་རེད་འདུག
    ནང་པའི་བྱང་ཆུབ་སེམས་དཔའ་སེམས་མ་རྣམས་ནི་ལྐོག་གྱུར་གྱི་རེད།
    ཡང་ན་ལྷ་ཁང་ནང་གི་བྱང་ཆུབ་སེམས་མ་རེད།

  8. རེབ་ཐོག་མདའ says:
    2012-12-18 at 9:21 am

    རང་ལས་གཞན་གཅེས་འམ་གཞན་ཕན་ཁོ་ན་བསམ་པའི་གང་ཟག་ནི་མིའི་འཇིག་རྟེན་འདིའི་ཆེས་རླབས་ཆེན་ཀྱི་གང་ཟག་དེ་ཡིན། གལ་སྲིད་མིའི་སྤྱི་ཚཽགས་ནང་དུ་འདི་འདྲའི་སྐྱེས་བུ་དམ་པ་མང་ཙམ་ཡོད་ཀྱིས་
    ས་སྒང་འདིར་ཉིན་ལྟར་འཇིག་སྣང་དང་མིག་ཆུའི་བརླན་པའི་དུས་ཤིག་འབྱུང་བའི་ཧ་ཅང་ཉུང་། མི་བུ་འདིའི་རྣམ་ཤེས་བདེ་བ་ཅན་དུ་སྐྱེས་པའི་སྨོན་ལམ་གྲངས་མེད་འདེབས།

  9. རྩ་འགབ་ཚང་། says:
    2012-12-18 at 9:53 am

    རང་ཁེ་འགྲན་རྩོད་ཀྱིས་འུར་ཟེང་གི་དུས་རབས་འདི་ལ་་་་་རླབས་ཆེན་བུད་མེད་འདི་ལྟ་བུ་འགའ་རེ་བཞུགས་གནང་ཡོད་པ་་་་་་གནམ་འོག་གི་བསོད་ནམས་རེད་་་

  10. རྡོ་རྗེ་ says:
    2012-12-18 at 10:54 am

    འགྲོ་བ་མི་ཟེར་བ་འདི་ཆ་མ་མཚུངས་དངོས་རེད། ལ་ལས་མིའི་ཚེ་སྲོག་དོན་མེད་ད་འཕྲོག ལ་ལས་རང་གི་ཚེ་སྲོག་བློས་གཏང་བྱས་གཞན་གྱི་སྲོག་སྐྱོབ་པར་བྱས།

  11. ཀླུ་སྨྱོན། says:
    2012-12-18 at 11:29 am

    བདག་ནི་བླ་མ་གཞན་སྤངས་ནས།།
    སྙིང་རྗེ་ཁྱོད་ལ་སྐྱབས་སུ་མཆི།།

  12. བན་དེ་བ། says:
    2012-12-18 at 12:10 pm

    བདག་ནི་བླ་མ་གཞན་སྤངས་ནས།
    བཅུ་དྲུག་སྒེགས་མར་བདག་སྐྱབས་མཆིའོ།

  13. ངོ་ལུག says:
    2012-12-18 at 4:36 pm

    ཨ་རི་ལ་ཕྲུ་གུ་མང་པོ་བསད་པའི་ཉིན་མོ་དེར། ཨོ་བྷ་མ་མིག་ཆུ་ཤོར་བའི་ཉིན་མོ་དེར། ཨ་རིའི་རྒྱལ་དར་ཕྱེད་ཕབས་བྱས་པའི་ཉིན་མོ་དེར། ཏག་ཏག་ཉིན་མོ་དེ་རང་ལ་རྒྱ་ནག་གི་ཧེ་ནན་ཟེར་བའི་ལུང་པར་མི་ཞིག་གིས་བྱིས་པ་ཉིས་ཤུ་ཙམ་ལ་གྲི་བརྒྱབ་ནས་རྨས་ཡོད་པའི་གནས་ཚུལ་བྱུང་མོད། རྒྱ་ནག་གི་བརྙན་འཕྲིན་དང་གཞུང་འོག་ཚགས་ཤོག་ཁག་ཏུ་ཨ་རིའི་བཀྲ་མ་ཤིས་པའི་དོན་རྐྱེན་དེ་ས་བསྒྲགས་གནམ་བསྒྲགས་བྱས་པ་ལས་ཧེ་ནན་དུ་བྱུང་བའི་བྱིས་པའི་ཁྲག་དམར་དེ་དག་སྦས་སྐུང་བྱས་ཡོད་པ་དང་། གནས་ཚུལ་དེ་དྲ་བའི་ནང་དུ་མ་གཏོགས་ཐོན་ཐུབ་མི་འདུག ཨ་རིའི་མི་སེར་རྣམས་ལ་མཚོན་ཆ་ཉར་ཆོག་པའི་དབང་ཆ་དེ་ནི་༡༧༨༩ལོར་གཏན་ལ་ཕབས་པ་དང་། དེ་ཡང་༡༧༧༦ལོར་ཨ་རི་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་རྗེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོས་ཡོད་པ་དང་། ལོ་ཤས་རྗེས་མི་སེར་གྱི་དབང་ཆ་འགན་ལེན་ཡོང་བའི་ཆེད་དུ་རྩ་ཁྲིམས་ནང་དུ་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། དཔེ་ཆ་འགྲིམ་སྤེལ་རང་དབང་སོགས་རིམ་པས་སྣོན་ཡོད་པ་དང་། མི་སེར་གྱིས་མེ་མདའ་འཛིན་ཆོག་པ་དེ་ཡང་རྩ་ཁྲིམས་ནང་གི་སྣོན་ཆའི་གྲས་ཡིན་པར་འདུག དེ་ཡང་མི་སེར་རྣམས་ལ་མེ་མདའ་མེད་ན་ནམ་ཞིག་སྲིད་གཞུང་དེ་ཉིད་སྒེར་གཅོད་དང་རུལ་སྲུང་གི་གནས་སུ་ལྷུང་ནས་ཆབ་འབངས་རྣམས་རྐང་འོག་ཏུ་བརྫི་སྲིད་པ་དང་། དེ་ལྟ་བུའི་གནས་ཚུལ་མི་ཡོང་བ་དང་བྱུང་ཀྱང་མི་སེར་རྣམས་ཀྱིས་སྲིད་གཞུང་མགོ་རྟིང་སློག་ནས་གཞུང་གསར་པ་འཛུགས་ཆོག་པའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་མི་སེར་རྣམས་ལ་མཚོན་ཆ་འཛིན་དབང་ཡོད་པ་བྱས་འདུག ༥༩གོང་ང་ཚོ་བོད་ལ་ཡང་མེ་མདའ་འཛིན་ཆོག་པ་འདྲ་ཞིག་མ་རེད་དམ། ཕྱིས་སུ་དམར་གཞུང་གི་སྒེར་གཅོད་འོག་ཚོགས་ཆེན་བཅོ་བརྒྱད་མ་ཚོགས་གོང་རྒྱ་ནག་གི་ས་ཆ་མང་པོར་ཁབ་དང་ཨ་ར་བཞར་བྱེད་གྱི་གྲི། ད་དུང་ཚལ་གྲི་སོགས་ཀྱང་ཉོ་ས་མེད་པ་བྱས་འདུག་ཟེར་གྱི་འདུག རྒྱུ་མཚན་ནི་སྲིད་གཞུང་ངན་དྲག་པའི་དབང་གིས་མི་སེར་གྱིས་ཚལ་གྲི་གནམ་ལ་འཕྱར་ནས་གནམ་སྡེ་སྒོ་མོ་ཁྲག་གིས་དཀྲུག་མི་ཡོང་ངམ་སྙམས་ནས་སྐྲག་གི་ཡོད་ས་རེད། བྱང་ཆུབ་སེམས་མ་དེ་ལ་ཕྱག་དང་མ་ནི་ཡོད།

  14. ཐུ་བ་རྒྱ་མཚོ། says:
    2012-12-18 at 6:39 pm

    སློབ་ཕྲུག་བུ་དང་བུ་མོའི་ཆེད། །
    རང་གི་ལུས་སྲོག་ཡོངས་དོར་བའི། །
    སྐྱེ་གཟུགས་ལེགས་ལྡན་གཞོན་ནུ་མ། །
    ཝི་ཁ་ ཏོ་རེ་ཡ་ སོ་ཏོ། །
    བྱང་སེམས་མིན་ཡང་དཔའ་མོ་ཡི། །
    མཚན་སྙན་ཡོངས་སུ་རྫོགས་པར་གདའ། །

  15. འཇམ་གཅེས says:
    2012-12-18 at 10:08 pm

    དཔའ་བློ་ཁོག་ཅན་ཡོད་ཚད་བྱང་ཆུབ་སེམས་དཔའ་ཟེར་ན་བྱང་ཆུབ་སེམས་པའི་དོན་མ་ཤེས་པའི་འུར་ཤོད་ཙམ་ལས་དེ་མིན་གོ་རྒྱུ་གང་ཡང་མེད། ཡིན་ཡང་དཔའ་མོ་ཞིག་དང་ཡ་རབ་རེད་ཟེར་ན་ཆོག ། དྲ་འབུ་ནི་དྲ་འབུ་རང་རེད་ཞག །བཤད་ཡ་རྫོགས་ནས་གང་བྱུང་བཤད་གྱི་འདུག་་་་་་

  16. ལྷ་སྲས་ཐ་ཆུང་། says:
    2012-12-19 at 5:39 am

    བོད་མི་རྣམས་ཀྱི་གཤེད་མར་གྱུར་བའི་གུང་ཁྲན་གཞུང་གི་དམག་མི་ཚོ་ལའང་རང་ལས་གཞན་གཅེས་བར་འཛིན་པ་དེ་ལྟ་བའི་སེམས་ཞིག་ཡོད་ན་དགའ་བ་ལ།

  17. joegh says:
    2012-12-19 at 12:44 pm

    “བུ་ཏོ་ར”བུག་སེ་འཇོག་དགོས་ས་རེད་གོ

  18. རུ་ཤུལ་བུ་ says:
    2012-12-19 at 4:18 pm

    བྱང་ཆུབ་སེམས་མ་ཟིག་ཡིན་མིན་མི་ཤེས་མོད་བྱང་ཆུབ་སེམས་དཔའི་མཛད་པ་དངོས་ཡིན་མིན་ལ་ཐེ་ཚོམ་མི་འདུག སེམས་གཏིང་ནས་གུས་བཀུར་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme