Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་ཆུང་ཉི་མ།

Posted on 2012-12-042012-12-04 By ཁ་བརྡ་ No Comments on བུ་ཆུང་ཉི་མ།

འཁྱམས་པོ།

ཨ་མ་རྒན་མོ་དེས་ཁ་མུར་མུར་ཁ་ཏོན་ཞིག་འདོན་བཞིན་་་ཏག་ཏག་ལོ་བཞི་དང་ཟླ་གསུམ་ལོན་མ་ཐག་པས་ཚ་བོ་ཉི་མའི་གདོང་ལ་ཅེར་ནས་མགོ་ལ་ལག་པས་བྱིལ་བྱིལ་འགའ་བྱེད་བཞིན་མིག་མཐའ་མཆི་མས་ཁེངས། ” འུ་ཚང་གི་#མཐོ་རུས་མ་ཁྱོད་ཀྱི་ཨ་མ་དང་ཕ་མཐོ་རིས་པོ་་་་ད་དུང་ཁྱོད་ཀྱི་ཨ་ཅེ་་་་དྲིན་ཆེན་ཁོང་ཚོ་ཡོད་དུས་ཁྱིམ་འདི་དྲོད་ཀྱིས་ཁེངས་ཞིང་ཡོད་ཚད་སྣུམ་ཅི་ལེར་ཡོད་པ་རེད། ད་ཤུལ་དུ་རྨོ་མོ་ང་ལ་འཆི་ཁའི་ལག་རྟེན་ཞིག་ལྷག་པ་ནི་བུ་ཆུང་ཁྱོད་རེད་་་་་་དཀོན་མཆོག་གིས་མཁྱེན་་་་་་ངའི་བུ་ཆུང་འདི་ཅིག་སྲུངས། ཁྱོད་ལའང་བདག་པོ་ཞིག་རྒྱག་ནི་ང་ལས་ལྷག་ཡོད་པ་མ་རེད། ད་ཅི་བྱ་ཅི་བྱ་་་་ཨ་མའི་གཅེས་ཕྲུག་་་་་་་འུ་མ་བུ་གཉིས་ཀྱི་སྐྱིད་སྡུག་འདི་་་་་རྒྱལ་བ་རིན་པོ་ཆེས་ཅིག་མཁྱེན། བོད་གངས་ཅན་ཚང་ལ་སྐྱིད་པའི་ཉི་མ་ཞིག་ཤར་རན་རེད། འ་་་་འ་འ་ད་འུ་ཚང་ཚིག་ནས་ཚར་ཐལ་་་་་་བོད་པ་ཚང་་་་་ཨོཾ་མ་ཎི་པདྨེ་ཧུཾཿ་་་་་་”ཞེས་མིག་ཟུང་དལ་གྱིས་བཙུམས་པ་ན་མིག་ཆུ་རྡོག་འཕྲེང་འགའ་མིག་མཐའི་གཉེར་སྲུབ་བརྒྱུད་དེ་སྣ་རྩེར་སླེབས་པ་ན་སྣ་ཆུ་དང་འདྲེས་ནས་ས་ལ་ཟགས། དེ་དུས་བུ་ཆུང་གིས་” ངའི་ཨ་ཕ་དང་ཨ་མ་་་་་ཨ་ཅེ་་་་་་ཕྱིར་ནམ་ཡོང་རྒྱུ་རེད། ཨ་མ་ལོ་ལོན་་་་ཁྱོད་ལ་མིག་ཆུ་ཐོན་བཞིན་འདུག ཁྱོད་ངུ་བ་ཡིན་ནམ་་་་་”
“ཨ་མ་རྒས་སོང་ཟིག་་་་རེད། ད་ཨ་མ་རྒས་སོང་ཟིག་་་་་་མེད་མེད་་་་་ཨ་མ་ངུ་བཞིན་མེད་་་་་ཨ་མའི་ལོ་ལོ་་་་ ཁོང་ཚོ་ཕྱིར་ཡོང་ཡོད་པ་མ་རེད། ཁོང་ཚོ་རྫུ་འཕྲུལ་གྱི་དུ་བ་སྔོན་པོའི་རྟ་མཆོག་ལ་བཅིབས་ནས་སྟེང་ལྷ་ཡུལ་ལ་ཕེབས་སོང་བ་རེད། ཕྱིར་ཡོང་ཐུབ་གི་མ་རེད་ལོ་ལོ་་་་་”
“ཨ་མ་་་་་་ཨ་མ་ལོ་ལོན་་་་དེ་ན་ཨ་མས་བཤད་ན་་་་མེ་དཔུང་གི་ནང་ན་རྫུ་འཕྲུལ་གྱི་དུ་བ་སྔོན་པོའི་རྟ་མཆོག་ཡོད་ལ་དེར་ཞོན་ནས་ལྷ་ཡུལ་ལ་སོང་ན་ངའི་ཨ་མ་དང་ཨ་ཕ་་་་་ཨ་ཅེ་ལ་ཐུག་གི་རེད་དམ། དེས་ན་ང་ཡང་དེར་འགྲོ་གི་ཡིན། ངས་ཨ་མ་དྲན་གི་་་ཨ་ཕ་དྲན་་གི་་་་ཨ་ཅེ་ཡང་དྲན་གི་་་་་་ངས་ཁོང་ཚོ་ངོ་མ་དྲན་གི་་་་་ཨ་མ་ལོ་ལོན་་་་་་ང་དེར་འགྲོ་ཆོག་གི་རེད་དམ་་་”
“་་མ་རེད་་་་མ་རེད་་་་་་ཨ་མའི་ལོ་ལོ་་་་ཁྱོད་ད་དུང་ལོ་ཆུང་བས་དུ་བ་སྔོན་པོའི་རྟ་མཆོག་ལ་ཞོན་ཐུབ་ནི་མ་རེད། རྟ་མཆོག་དེ་རྟ་མཆོག་རྒོད་པོ་ཞིག་ཡོད་པས་དེར་ཞོན་རྒྱུ་ནི་ལས་སླ་པོ་ཞིག་མ་རེད། ཨ་མའི་ལོ་ལོ་་་ ཉི་མ་ཞིག་ལ་ཁྱོད་ཕོ་རྒོད་སྟག་འདྲ་ཞིག་ཆགས་ན་་་་་དེ་དུས་ཁྱོད་ཀྱིས་ཀྱང་དུ་བ་སྔོན་པོའི་རྟ་མཆོག་དེ་ཞོན་ཐུབ་གི་རེད་ལ། ཁྱོད་ཀྱིས་ང་ཁྲིད་ནས་འུ་གཉིས་ཀ་སྟེང་ལྷ་ཡུལ་ལ་འགྲོ་་་་་འུ་ཚང་བཟའ་མི་ཚང་མ་དེར་ལྷན་འཛོམས་བྱེད་ཆོག་གི་རེད་་་་་་”
“་་་་རེད་རེད་་་་་་ཨ་མ་ལོ་ལོན་་་་་འུ་གཉིས་ཀ་འགྲོ་་་་་་ངས་ཉི་མ་དེ་ལ་སྒུག་ནས་འདུག་གི་ཡིན། ངས་ཨ་མ་དྲན་གི་་ ཨ་ཕ་དྲན་གི་་་ ཨ་ཅེ་ཡང་དྲན་གི་་་་ ང་ཁོང་ཚོ་ལ་ཐུག་ན་འདོད་་་་་་་”

# ཨ་མདོའི་འབྲོག་སྐད་དུ་ལྷ་ཡུལ་ནས་སྐྱེ་རྒྱུ་ཞེས་པའི་དོན།

བརྩམས་སྒྲུང་།

Post navigation

Previous Post: སྒང་དྲུག་རི་བོའི་སྐྱོ་གླུ།
Next Post: དགུན་ལྷགས་རུས་རྐང་ལ་ཟུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme