Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<< ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 3 )

Posted on 2020-04-17 By ཁ་བརྡ 1 Comment on << ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 3 )

བློ་བཟང་རིན་ཆེན།

ཉིན་འདི་དག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་གར་ཆིབས་བསྒྱུར་བསྐྱངས་པས་སྤྱི་སྒེར་ཚང་མ་བྲེལ་བྲེལ་ཟང་ཟིང་དུ་གྱུར། དགོན་པའི་གླིང་དཀྱིལ་དུ་འགྲོ་སྐབས་འཛམ་གླིང་ཤར་ནུབ་གང་སར་ནས་ཕེབས་པའི་སྐུ་མགྲོན་རྣམས་ཡར་མར་བསྐྱོད་པའི་འཚང་ཁ་ནི་རྫོགས་མཐའ་མེད་པ་ཞིག་རེེད། རེ་ཞིག་གི་ཁོམ་ལོང་སྤྱད་ནས་ཨ་ཞང་དང་ལྷན་དུ་སྒོ་མང་འཚིག་ཇ་ཁང་ལ་སོང་བ་ཡིན། ཇ་ཁང་ནང་གི་མགྲོན་པོ་རྣམས་ཕན་ཚུན་ཁ་བརྡའི་གདངས་ལ་ལྷུང་ཞིང་། སེམས་ཀྱི་གཏམ་རྒྱུད་ལྷུག་ལྷུག་ཏུ་འཆད་བཞིན་འཚིག་ཇ་དང་མངར་ཇ་རྒྱུན་ཆད་མེད་པར་བཏུང་བཞིན་གདའ། དེ་ནས་རང་ཤག་ལ་ཡོང་སྟེ་ཉེ་ཆར་ལྟ་འཕྲོ་བྱས་པའི་<<སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་བཞག་>>ཀློག་མགོ་བརྩམས་པ་ཡིན།

དེ་རིང་ལྟ་སའི་ཚན་པ་ནི་ས་བཅད་དང་པོའི་(དེང་གི་སྤྱི་ཚོགས་དང་བདེ་སྐྱིད་ཀྱི་འཚོལ་སྙེག་)ཅེས་པ་དེ་རེད། ཚན་པ་འདིར་དཔེ་དེབ་འདི་གང་གི་ཆེད་དུ་འབྲི་དགོས་པའི་སྤྱི་ཚོགས་ཀྱི་གནས་སྟངས་དམར་རྗེན་དུ་བཀོད་འདུག དེ་ཡང་ཁ་གསལ་བོར་བཤད་ན། འུ་ཅག་གི་སྤྱི་ཚོགས་ནི་ཚན་རིག་དར་རྒྱས་ཕྱིན་པ་དང་བསྟུན་ཕྱིའི་མཐུན་རྐྱེན་བློ་ཡུལ་ལས་འདས་པའི་ཡར་རྒྱས་ཕྱིན་པ་སུ་ཞིག་གིས་བསྙོན་དུ་མེད་པའི་མངོན་གྱུར་ཞིག་རེད། དེ་བཞིན་འཕྲུལ་ལས་དར་ཁྱབ་ཏུ་ཕྱིན་ཏེ་ཉིན་རེ་བཞིན་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་གོང་འཕེལ་དུའགྲོ་བཞིན་པ་ནི་དངོས་ཡོད་གནས་སྟངས་ཤིག་རེད། འོན་ཀྱང་ཕྱི་དངོས་པོའི་མཐུན་རྐྱེན་གཅིག་པུ་ལ་བརྟེན་ནས་ང་ཚོས་བདེ་སྐྱིད་ཚད་དང་ལྡན་པ་ཞིག་བསྒྲུབ་མི་ཐུབ་པ་ནི་མངོན་གསལ་རེད། དཔེར་ན་ཕྱི་དངོས་པོའི་མཐུན་རྐྱེན་ཚད་གཞི་མཐོན་པོར་སླེབས་པའི་རྒྱལ་ཁབ་དག་གི་ནང་ལ་འཚོ་བ་རོལ་བའི་མི་ཚོར་ལྟོས་དང་། སེམས་ཁྲལ་དང། བློ་ཕམ། ཡིད་མ་ཚིམས་པ། སེམས་མ་བདེ་བ། སྐྱོ་ཞུམ་སོགས་སེམས་ཀྱི་སྡུག་བསྔལ་ཚད་མེད་མྱོང་བཞིན་པ་མཐོང་ཐོས་ཉམས་མྱོང་དང་བསྒྲགས་ནས་བྲིས་འདུག

གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་དངོས་སུ་ཕེབས་མྱོང་བའི་རྒྱལ་ཁབ་ཁག་ཏུ། ཐོག་མའི་སྣང་ཚུལ་ལ་མི་རྣམས་མཛེས་ཤིང་ལྟ་ན་སྡུག་པ། ཞི་དུལ་ལྡན་ཞིང་གུས་བཀུར་ཆེ་བ། ཁོ་ཚོའི་འཚོ་བའི་ནང་ལ་འཁང་ར་བྱེད་དགོས་པ་གང་ཡང་མེད་པ་དྲན། ཕྱིས་སུ་གནས་ཚུལ་རིམ་གྱིས་ཤེས་རྟོགས་བྱུང་སྐབས། ཁོ་ཚོའི་འཚོ་བའི་ནང་དུ་ཡིད་མ་ཚིམས་པ་དང་། དངངས་སྐྲག་གིས་ཁེངས་ཤིང་། རང་ཉིད་ཁེར་རྐྱང་དུ་ལྷག་པའི་ཚོར་བ་ཤུགས་དྲགས་ཀྱིས་མནར་བཞིན་འདུག འདི་ནི་ཡར་རྒྱས་ཕྱིན་ཟིན་པའི་སྤྱི་ཚོགས་ཀྱི་ཁྱད་ཆོས་ཤིག་ཏུ་གྲུབ་པར་བརྗོད་འདུག

དེང་གི་སྤྱི་ཚོགས་འདི་ལྟར་ཡི་མུག་པ་ཞིག་ཏུ་ཆགས་དོན། ཚན་རྩལ་ཡར་རྒྱས་ཕྱིན་པ་དང་བསྒྲགས་ཁ་པར་དང་གློག་ཀླད། རླངས་འཁོར་སོགས་འཕྲུལ་ཆས་ཀྱི་སྤྱོད་སྒོ་ཆེ་རུ་ཕྱིན་ཏེ་གཞན་ལ་བརྟེན་མི་དགོས་པའི་བསམ་ཚུལ་ཤུགས་ཆེན་བྱུང་། དེར་བརྟེན་“མི་གཞན་ནི་རང་ཉིད་ཀྱི་བདེ་བ་ལ་གལ་ཆེན་ཞིག་ཆགས་མེད་སྟབས། གཞན་གྱི་བདེ་བ་ཡང་རང་ཉིད་ལ་གལ་ཆེན་མིན་ཟེར་བའི་ལྟ་ཚུལ་ཞིག་”བྱུང་བས་སྤྱི་ཚོགས་འདིར་ལུས་པོའི་ཆ་ཤས་ཕན་ཚུན་ཇི་ཙམ་ཉེ་རུང་སེམས་ཀྱི་བར་ཐག་རྒྱང་དུ་བཀྱེད་པའི་གནས་ཚུལ་འདི་བྱུང་བ་རེད། མ་གཞི་འདི་དག་”འཇིག་རྟེན་རྒུད་པ་ཇི་རྙེད་པ།། དེ་ཡི་རྩ་བ་མ་རིག་པ།།”ཞེས་པ་བཞིན་རང་རྒྱུད་ཀྱི་མ་རིག་པའི་དབང་གིས་བྱུང་བ་ཡིན་ཞིང་། ཕྱི་དངོས་པོའི་ཡར་རྒྱས་ལ་མཐོང་ཆེན་ཆེ་དྲགས་པ་དང་། ཚན་རིག་གི་གྲུབ་འབྲས་ལ་བརྟེན་པ་མང་དྲགས་པ་གཉིས་ལའང་འབྲེལ་བ་དམ་པོ་ཡོད་པ་སྨོས་ཅི་དགོས།

དེ་བཞིན་ཆོས་ལུགས་ཀྱི་ཤན་སྟོབས་ཉམས་ཤིང་། ཚན་རིག་གིས་ཆོས་ལུགས་སུན་ཕྱུང་ཡོད་པའི་ལྟ་ཚུལ་ཤུགས་ཆེན་འབྱུང་བཞིན་པའི་སྐབས་འདིར། ཉིན་རེའི་འཚོ་བའི་ནང་དུ་རང་ཉིད་ཀྱི་སྤྱོད་ལམ་ཇི་ལྟར་བཀོད་འདོམས་བྱེད་དགོས་པའི་དཀའ་ངལ་དང་འབྲེལ་ནས་མགོ་རྙོག་མང་པོ་འབྱུང་བཞིན་ཡོད། མ་ཟད་བཙན་གཡེམ་དང་དྲག་སྤྱོད། དམར་གསོད་སོགས་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་པ་དང་། ད་དུང་ང་ཚོས་རྒྱུན་དུ་ཐོས་བཞིན་པའི་ཁྱིམ་ཚང་དང་སྤྱི་ཚོགས་ནང་བྱུང་བའི་ལོག་སྤྱོད་དང་བཤུ་གཞོག་གི་སྐོར། ན་གཞོན་མང་པོ་ཞིག་ཆང་དང་ཉལ་ཐལ་ལ་ངན་ལང་ཤོར་བ། བཟའ་ཚང་གཉེན་འཐོར་དུ་སོང་བས་ཕྲུ་གུ་མང་པོ་དྭ་ཕྲུག་དང་ལྟ་རྟོགས་བྱེད་མཁན་མེད་པར་གྱུར་བའི་དཀའ་ངལ་སོགས། ཐམས་ཅད་འཇིག་རྟེན་ཡོངས་ཁབ་ཀྱི་བླང་དོར་གྱི་རྣམ་བཞག་ཅིག་མ་ཆགས་པས་རེད། དེའང་གསལ་བོར་བརྗོད་ན་དགེ་སྡུག་གི་སྤང་བླང་དང་། ཚུལ་དང་མཐུན་མིན་གྱི་རྣམ་གཞག་ཅིག་ཁོང་དུ་མ་ཆུད་པས་རེད། མདོར་ན་དེ་དག་ཐམས་ཅད་ཕྱིའི་དངོས་པོའི་མཐུན་རྐྱེན་ལ་བརྟེན་པ་ཤུགས་དྲགས་ཏེ་ནང་སེམས་ཀྱི་ཆ་དེ་སྣང་མེད་དུ་ཤོར་བས་ཡིན་པར་སྡོམ་ཚིག་ཏུ་བཀོད་འདུག

སྡོམ་ཚིག་འདི་ནི་དཔེ་དེབ་འདི་ཉིད་གང་གི་ཆེད་དུ་བརྩམས་པའི་སྤྱི་ཚོགས་ཀྱི་ངོ་གདོང་དམར་རྗེན་དུ་གསལ་སྟོན་བྱས་པ་རེད། དེ་ལྟ་བུའི་ཡ་ང་བའི་སྤྱི་ཚོགས་འདིར་དབང་ཤེས་ཀྱི་མྱོང་ཚོར་ལས་བརྒལ་ཏེ་བླང་དོར་རྣམ་པར་འབྱེད་པའི་བློ་གྲོས་ཡང་དག་པ་ཞིག་ལ་བརྟེན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་མིན་”རྩ་བ་སྣང་མེད་དུ་བཏང་བའི་གནད་དོན་ཐག་གཅོད་མ་བྱས་ཚེ། ཕྱི་ནས་མྱོང་བའི་དམག་འཁྲུག་དང་། འཆལ་སྤྱོད། དྲགས་སྤྱོད་སོགས་དང་། ནང་ནས་མྱོང་བའི་སེམས་ཁམས་དང་། མྱོང་ཚོར་གྱི་སྡུག་བསྔལ་སོགས་སེལ་ཐབས་མེད་པ་ཡིན། དེར་བརྟེན་ལོ་བརྒྱ་ཕྲག་ལྷག་གི་ལས་འགུལ་ཏེ། མང་གཙོ་དང་། སྒེར་དོན་རང་ལུགས། སྤྱི་ཚོགས་རང་ལུགས་བཅས་ཀྱིས་ང་ཚོའི་བསམ་བློ་ལ་མཐོར་འདེགས་བྱས་ཡོད་ཀྱང་། ཐོག་མའི་དམིགས་ཡུལ་ཇི་བཞིན་ང་ཚོར་སྤྱི་ཁྱབ་ཀྱི་བདེ་སྐྱིད་ཅིག་བསྐྲུན་མེད་པར་”གསུངས། དེའི་ཕྱིར་ད་ལྟ་འུ་ཅག་ལ་གསར་བརྗེ་ཞིག་དགོས་པ་ནི་དངོས་ཡོད་རེད། དེའང་ཆབ་སྲིད་དང་། དཔལ་འབྱོར། འཕྲུལ་ལས་སོགས་ཀྱི་གསར་བརྗེ་ཞིག་མིན་པར་ནང་སེམས་ཀྱི་དཔལ་ཡོན་མཐོང་བའི་ཆོས་ཀྱི་གསར་བརྗེ་ཞིག་དགོས་པའི་གྲོས་གཞི་བཏོན་འདུག

200/1/5ཉིན་ལ་མགྲོན་ཁང་ཐེབས་ཆགས་ཤིག་ནས་བློ་བཟང་རིན་ཆེན་གྱིས་བྲིས།

སྣ་ཚོགས།

Post navigation

Previous Post: རྒྱ་ནད་ཀོཝེད་གླུ་གཞས།
Next Post: << ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 4 )

Comment (1) on “<> ( 3 )”

  1. རིག་པའི་བུ་རྒོད། says:
    2020-04-17 at 9:17 pm

    མགྲོན་ཁང་ཐེེབས་ཆགས་ཤིག་ནས་ཡི་གེ་མང་པོ་དེ་འདྲ་བྲིས་ཐུབ་ན་སྐར་མ་ལྔའི་མགྲོན་ཁང་དུ་བཞག་ན་གླེགས་བམ་རྩོམ་ས་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme