Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<བོད་བསྟན་སྲིད་ཀྱི་ཕན་བདེའི་སླད་དུ་བདེན་དོན་ཞི་བའི་བློས་གཏོང་ཆེན་པོ།>

Posted on 2012-05-142012-05-14 By ཁ་བརྡ་ 18 Comments on <བོད་བསྟན་སྲིད་ཀྱི་ཕན་བདེའི་སླད་དུ་བདེན་དོན་ཞི་བའི་བློས་གཏོང་ཆེན་པོ།>

ཆབ་བྲག་ལྷ་མོ་སྐྱབས།

ཉེ་ལམ་བོད་ཕྱི་ནང་དུ་སྐུ་སྲོག་མེར་མཆོད་ཀྱི་བློ་འདས་ངོ་རྒོལ་ཆེན་མོ་ཞིག་གི་མེ་ལྕེའི་ཟིལ་ཤུགས་ཕྱོགས་ཀུན་འཕྲོས་པའི་ཐད་ལ་བོད་མི་རང་གིས་གཙོས་མི་རིགས་གཞན་དག་ལ་ཡང་ཚོར་སྣང་ཟབ་མོ་དང་འབྲེལ་ཐུགས་སྣང་ཆེ་བཞེས་ཀྱི་བགྲོ་གླེང་སྣ་ཚོགས་དང་དགོངས་ཚུལ་འདྲ་མིན་གྱི་རྩོམ་ཡིག་སྤེལ་མཁན་དང་སྐད་ཆ་ཅི་རིགས་བརྗོད་མཁན་བྱུང་དང་འབྱུང་བཞིན་པས། ང་ཚོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་ཀྱང། ༼བོད་བསྟན་སྲིད་ཀྱི་ཕན་བདེའི་སླད་དུ་བདེན་དོན་ཞི་བའི་བློས་གཏོང་ཆེན་པོ།༽ཞེས་པའི་ངོས་འཛིན་བསྒྲགས་གཏམ་འདི་སྤེལ་གྱིན་ཡོད།

ཀ༽ སྐུ་སྲོག་མེར་མཆོད་ཀྱི་རྒྱུ་རྐྱེན་གཙོ་བོ།

རྒྱ་ནག་དམར་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་དྲག་ཅི་རིགས་ཀྱིས་བཙན་འཛུལ་དང་ བསླུ་བྲིད་བྱས་པ་ལས་རབ་ཏུ་དྲག་ཏུ་འབར་བའོ།

འདི་ནི་ལོ་གཅིག་གཉིས་རིང་གི་བོད་ཀྱི་གནས་བབ་དང་ས་ཆ་བྱེ་བྲག་པའི་གནས་བབ། གང་ཟག་སྒེར་བའི་བསམ་སྤྱོད་ཙམ་རེ་ལས་བྱུང་བ་ཞིག་གཏན་ནས་མ་ཡིན་པར། རྒྱ་དམར་གཞུང་གིས་ ༡༩༥༠ ལོ་ནས་བོད་ལ་ཞི་དྲག་ཅི་རིགས་ཀྱིས་བཙན་འཛུལ་བྱས་པ་ནས་ད་བར་དུ་རྒྱུན་མ་ཆད་པར་ མངོན་ལྐོག་བརྒྱུད་གསུམ་ནས་བོད་མི་རིགས་ཀྱི་བསྟན་སྲིད་སྣོད་བཅུད་དང་བཅས་པར་ གནོད་འཚེ་བཏང་དང་གཏོང་བཞིན་པ་ཚབས་ཇེ་ཆེར་འགྲོ་བཞིན་པ་འདི་རང་ལ་ཐུག་ཡོད། དེ་བས་མེ་ལྕེ་འདི་ལས་སླ་བོར་འཇགས་སྲིད་པ་ཞིག་གཏན་ནས་མིན།

ཁ༽ སྐུ་སྲོག་མེར་མཆོད་ཀྱི་དགོས་འདུན་གཙོ་བོ།

བོད་མི་རིགས་ལ་རང་སྐྱོང་གི་ཁེ་དབང་གཙང་མ་ཞིག་དགོས་པའི་ཆེད་དུའོ།
བོད་ཀྱི་བསྟན་སྲིད་སྣོད་བཅུད་དང་བཅས་པ་སླར་གསོ་གོང་འཕེལ་ཐུབ་པའི་གཞི་རྩ་ལ་ བོད་ཡོངས་སུ་མི་རིགས་རང་དབང་རང་སྐྱོང་གི་ཐོབ་ཐང་ངོ་མ་ཞིག་དགོས་པ་ལས། ཐོབ་ཐང་བྱེ་བྲག་པ་རེ་དང་། གང་ཟག་བྱེ་བྲག་པ་རེ། ས་ཁུལ་ལ་ལ་ཞིག་དང། དཔལ་འབྱོར་ཉི་ཚེ་བ་རེའི་ཆེད་དུ་གཏན་ནས་མ་ཡིན་ཞིང། ༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ནས་བོད་མི་རིགས་ལ་བདེ་སྐྱིད་ཀྱི་ཉི་མ་གསར་བ་ ཞིག་འཆར་རྒྱུ་ནི་མེ་ལྕེ་རེ་རེའི་འོད་སྣང་ལས་་རབ་ཏུ་ཤིན་ཏུ་གསལ་ལོ།

ག༽ སྐུ་སྲོག་མེར་མཆོད་ཀྱི་ངོ་བོ།

གཞན་ལ་མི་འཚེ་བར་རང་གི་དགོས་འདུན་རེ་སྐུལ་གྱི་ཞི་བ་བློས་གཏོང་ཆེན་པོའི་ངོ་རྒོལ་ཞིག
གོང་གསལ་གྱི་མེ་ལྕེའི་རྒྱུ་རྐྱེན་གཙོ་བོ་དེ་དང་དེ་སེལ་བའི་དགོས་འདུན་གཙོ་ བོ་འདི་དག་གི་ཆེད་དུ་འདི་ལྟར་སྐུ་སྲོག་མེ་ལ་མཆོད་པ་ཞིག་ལགས་ན། འདི་ནི་སྒེར་སེམས་བྲལ་བའི་སྤྱི་སེམས་ཆེན་པོ་ཞིག་དང། རང་ལས་གཞན་གཅེས་ཀྱི་ལྷག་བསམ་ཆེན་པོ་ཞིག་ཅི་ལ་མིན། འདི་ནི་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེན་པོའི་རྣམ་འགྱུར་ཞིག་ཡིན་ལ་བོད་མི་རིགས་ ཀྱི་དཀའ་སྡུག་དང་ཉེན་ཁ་དེ་རྒྱལ་སྤྱི་བསྒྲགས་པའི་བདེན་སྟོབས་ཀྱི་མེ་དཔུང་ ཞིག་ཀྱང་ཡིན། མདོར་ན། བོད་མི་རིགས་ཀྱི་བསྟན་སྲིད་སྣོད་བཅུད་དང་བཅས་པའི་སླད་དུ་བདེན་དོན་དང་ཞི་ རྒོལ་གྱི་འཐབ་རྩོད་རྣམ་དག་ཅིག་ཡིན་པ་ཧ་ཅང་མངོན་པར་གསལ་ལོ།

ང༽ རླབས་ཆེན་གྱི་ཐུགས་རེ་དང་ཞལ་ཆེམས་དག་ང་ཚོའི་གཟི་བརྗིད་ཀྱི་དམ་བཅའ་ཡང་ཡིན།

༡། “བོད་ལ་རང་དབང་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་ལ་བདེ་སྐྱིད་བསྐྲུན་ཐུབ་པ། འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ངེད་གཉིས་ཀྱིས་རང་ལུས་མེར་བསྲེགས་པ་ཡིན།”
༢། “ངེད་གཉིས་ཀྱི་ཆེད་དུ་མི་གཅིག་ལ་གནོད་འཚེ་མེད་ན་ངེད་གཉིས་ཀྱི་བསམ་པ་འགྲུབ་ པ་ཡིན། ངེད་གཉིས་ཀྱི་ཆེད་དུ་ཁྱེད་ཅག་གིས་སེམས་སྐྱོ་ན། མཁས་བ་དང་མཁན་སྤྲུལ་རྣམས་ཀྱི་ཁ་ཉན་ནས་རིག་གནས་སྦྱང་ན་རིག་གནས་སྦྱོང་བའི་ཁ་ ཕྱོགས་མི་ནོར་བ་དང་། རང་རིགས་ལ་དུངས་ཞེན་དང་། རང་གི་རིགས་གནས་ལ་འབད་རྩོན་བྱས་ནས་རང་ཚུགས་མ་ཤོར་བར། རྡོག་རྩ་གཅིག་སྒྲིལ་བྱས་ན་ངེད་གཉིས་ཀྱི་རེ་བ་འགྲུབ་པ་ཡིན།”
༣། “བུ་ང་ཡི་རེ་བ་ཡིན་ན། ཁྱེད་ཚང་མར་མཐུན་སྒྲིལ་ཡོད་དགོས། བོད་ཡིན་ན་བོད་ལྭ་གྱོན་དགོས། དེའི་མི་ཚད་བོད་སྐད་བཤད་དགོས། བོད་ཡིན་ནོ་སེམས་ནས་མ་བརྗེད། བོད་ཡིན་ན་བྱམས་དང་སྙིང་རྗེ་དགོས། ཕ་མ་ལ་བརྩི་བཀུར་དགོས། མི་རིགས་ལ་མཐུན་སྒྲིལ་ཡོད་དགོས། དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས། སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས།”

གོང་གསལ་དཔེ་མཚོན་གསུམ་ནི་ལོ་ན་གཞོན་པའི་སྤྱིར་བཏང་གི་སྐྱེ་བོ་གསུམ་གྱི་ སྤྱིར་བཏང་མ་ཡིན་པའི་རླབས་ཆེའི་ཐུགས་རེ་དང་ཞལ་ཆེམས་དམ་པ་སྟེ། ང་ཚོའི་རྩོམ་པ་པོ་རྣམས་ལ་ངེས་པར་དུ་འདི་འདྲའི་བསམ་བློ་ལྡན་དགོས་ལ། བོད་ཀྱི་གཞོན་སྐྱེས་ཚོས་ཁོང་ཅག་གི་ཞལ་ཆེམས་ཇི་བཞིན་སྒྲུབ་པར་བརྩོན་དགོས། ང་ཚོས་བསམ་དགོས་པ་དང་བརྩོན་དགོས་པ་ནི་འདི་དག་ལས་གཞན་ཞིག་མ་ཡིན་ནོ།།
“བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།
༢༠༡༢།༥།༡༣།ལ་བསྒྲགས་པའོ།།

གསལ་བསྒྲགས།

Post navigation

Previous Post: ཨ་མའི་ཉིན་མོར་ཨ་མ་དྲན་པའི་མགུར།
Next Post: གླིང་ཚ་ཚེ་བརྟན་རྡོ་རྗེས་བལ་ཡུལ་ས་ཐོག་ན་གོམ་བགྲོད་བྱེད་བཞིན་པ།

Comments (18) on “”

  1. ཞི་བ་དགའ་ནས། says:
    2012-05-14 at 4:17 am

    རང་ལས་མེ་ལ་སྒྲོན་སོགས་་དགོས་འདུན་གྱི།།
    ལས་འགུལ་དབུ་མའི་ལམ་དུ་གསལ་བ་ཡི།།
    ལྷག་བསམ་འོད་དང་སྙིང་རྗེ་རླབས་དང་བཅས།།
    རང་སྲོག་སོང་བ་རང་རང་གསུངས་ལ་གཟིགས།།

  2. རྒྱ་གར་རྨ་བྱ། says:
    2012-05-14 at 6:01 am

    ཨ་ཇོ་ཆབ་བྲག་ལྷ་མོ།།
    དཀར་ཁུང་ནང་གི་ཞི་རྒོལ།།
    པེན་བོད་རྩོམ་པོའི་མཐུན་ཚོགས།།
    སྣག་ཚ་རྫོགས་པའི་སྨྱུག་གུ།།

    སྐབས་རེ་ཤེས་ཤེས་མདོག་མདོག།
    སྐབས་རེ་རྨེག་མེད་འཇའ་ཡལ།།
    སྐབས་རེ་ཅི་དྲན་མི་འདུག།
    སྐབས་རེ་དོན་ལའང་འཁེལ་གི།

    ཨ་དང་ཀུ་རེ་ཡིན་ནོ།།
    ཁོང་ཅག་བོད་ཀྱི་རྩོམ་དགེ།
    ད་ལྟ་ཕྱི་གླིང་ཡུལ་དུ།།
    མཛད་འཕྲིན་དལ་ཙམ་ཡིན་འདུག།

  3. བཀྲ་ཤིས་སྒྲོལ་མ། says:
    2012-05-14 at 6:20 am

    ཕྱི་ཡུལ་འགྲིམ་བཞིན་ཕྱི་མྱི་མ་འཁྱོངས་ཤིང་། །
    ནང་དུ་ལོག་འདོད་ངོ་ཚས་མ་ནུས་པར། །
    བར་མ་སྐེད་ནས་དར་ཐག་འཐེན་བཞིན་པ། །
    རྒད་པོ་ཁྱོད་ཀྱི་ད་ལྟའི་གནས་སྟངས་ཙམ། །

  4. དིང་རྡོར་ says:
    2012-05-14 at 6:39 am

    ཡོད་ཡོད་འདྲ་བའི་ཐོབ་དང་གོ་ས་ཤོར།
    པད་ཞག་འདོད་ཀྱང་ལས་ལ་མི་བགྱིད་མཁན།
    ཕྱིར་བཤོལ་འདོད་ཀྱང་ངོ་ཚས་མི་ནུས་པས།
    ལས་མེད་རྒད་པོ་ཉི་མ་འཁྱོལ་དཀའ་ཚོད།

  5. རིག་པའི་བུ says:
    2012-05-14 at 6:53 am

    ཆབ་བྲག་གིས་ཡག་པོ་བྲིས་འདུག གོང་དུ་ཕྲག་ཏོག་མཁན་གྱི་སྐད་ཆ་ནི་ཆུ་ཡི་ལྦི་བ་རེད། ནམ་ཡང་མི་རིགས་ཆེད་དུ་བསམ་བློ་བཏང་བ་ཐུགས་རྗེ་ཆེ།

  6. ཞི་བ་དགའ། says:
    2012-05-14 at 7:17 am

    རྒྱལ་གཅེས་དཔའ་བོའི་འབོད་སྒྲ།།
    འཛམ་གླིང་ཞི་བདེ་ཡིན་མོད།།
    ཞི་བདེ་ཞི་བདེ་ཟེར་བ།།
    ཁྱོད་བདེ་ང་བདེ་ཡིན་དགོས།།
    རང་བཙན་རྩོད་པའི་ལམ་ལ།།
    བདེ་ལམ་དེ་འདྲ་དཀོན་སྙམ།།
    ཁ་ཐུག་རབ་བཟི་མིན་ན།།
    བསམ་བློ་ཡག་པོ་ཐོང་ར།།

  7. འདོད་ལྷ་ཁམས་པ། says:
    2012-05-14 at 7:56 am

    མི་ལོ་དུ་མར་རང་གི་རིག་གནས་ལ།།
    འབད་པའི་སློབ་བུ་བསྐྱངས་པའི་ལག་རྗེས་ཆེ། །
    རང་ལུས་ས་ཕྱོགས་གང་དུ་གནས་ན་ཡང་། །
    རྩ་དོན་འཁུར་དུ་མ་ཡལ་ངོ་མཚར་ཆེ། །

    ཕོ་རོགས་འུག་པ་ཝ་མོ་གསུམ། །
    གང་དུ་གནས་ཀྱང་གཞན་ལ་སྡང་། །
    རང་ལས་མཐོ་བའི་ཡོན་ཏན་ལ། །
    མི་དགའ་གླེན་རྟགས་ཡི་རེ་མུག །

  8. རྒྱ་གར་རྨ་བྱ། says:
    2012-05-14 at 11:12 am

    རྒྱ་གར་རྨ་བྱའི་ཁ་བརྡ།།
    སེནས་ཀྱིས་ཚོར་བས་བྲིས་སོང་།།
    ཇོ་ལགས་ཆབ་བྲག་ལྷ་མོ།།
    དབུ་མའི་ལམ་གྱི་སྨྱུ་གུ།།

    ཁྱེད་ལ་སྡང་སྔང་མེད་དོ།།
    སྐུ་ཉིད་བློ་ཁ་བདེ་རོགས།།
    ཁྱེད་ཀྱི་སློབ་ཁྲིད་རིན་ཐང་།།
    ཕྱི་གླིང་སློབ་མས་གོ་ངེས།།

  9. ཞི་བ་དགའ། says:
    2012-05-14 at 1:29 pm

    ཆོས་གྲོགས་སྐུ་ཞབས་དིང་རྡོར།།
    ཅུང་ཙམ་ཁོ་བོ་ཉོན་དང་།།
    ཏང་གི་རྗེས་བསྐྱོད་ཡིན་ཏེ།།
    ཞི་བདེ་འདོད་ཕྱིར་ཟེར་རམ།།
    འོ་ན་ཞི་བའི་དེད་དཔོན།།
    དེར་ཐལ་དེའི་ཕྱིར་རྟགས་ཁས།།

  10. ཆབ་བྲག་ལྷ་མོ་སྐྱབས། says:
    2012-05-14 at 5:37 pm

    སྐུ་སྲོག་མེར་མཆོད་དཔའ་རྒོད་རྣམ་པའི་འབོད་ཚིག་དང་ཐུགས་རེ་ཞལ་ཆེམས་ནང་ལ་བོད་རང་བཙན་གྱི་ཆེད་རང་ཡིན་ཁ་གསལ་བ་ག་ཚོད་ཡོད་མེད་ཚང་མས་ལོས་ཤེས། ཕལ་མོ་ཆེས་ཆེས་བོད་ལ་རང་དབང་ཐོབ་པའི་ཆེད་དུ་གསལ་འདུག་ག རང་དབང་དེ་ཡང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གསལ་བར་བརྗོད་འདུག་ག དེ་བས་བདག་གིས་མང་པོའི་ལུགས་ལྟར་བོད་མི་རིགས་ལ་རང་སྐྱོང་གི་ཁེ་དབང་ཆ་ཚང་ངམ་གཙང་མ་ཞིག་དགོས་པ་དེ་དགོས་འདུན་རེད་ཅེས་བཤད་པར་ནོར་འཁྲུལ་མེད་སྙམ།

  11. ཆབ་བྲག་ལྷ་མོ་སྐྱབས། says:
    2012-05-14 at 5:42 pm

    སྐབས་དོན་གླེང་འོས་མིན་པའི་སྐད་ཆ་ཆོ་མེད་དཀྲུག་ཤིང་དང་གཏམ་འཆལ་ལྟ་བུའི་རིགས་ཕར་ལ་གཡུགས་ཞོག གནད་དོན་ངོ་མའི་ཐོག་ལ་དགོངས་ཚུལ་རྒྱུ་མཚན་དང་ལྡན་པར་བརྗོད་རྒྱུ་ཡོད་ན་ལན་འདེབས་བྱེད་འདོད་ཡོད། ཡིན་མིན་དང་འགྲིག་མིན་གྱི་ཐག་གཅོད་བློ་གཟུ་བོར་གནས་པའི་ཤེས་ཡོན་ཅན་རྣམ་པས་ཐག་གཅོད་བྱེད་རོགས།

  12. ཆབ་བྲག་ལྷ་མོ་སྐྱབས། says:
    2012-05-14 at 5:46 pm

    ང་དབུ་མའི་ལམ་གྱི་རྗེས་འཇུག་པ་ཞིག་རེད་ཅེས་་སྡང་གིན་ཡོད་ན། ང་ལ་དེ་ལས་ལྷག་པའི་བསྟོད་བསྔགས་དང་དགའ་བ་ཅང་མེད། ང་མུ་མཐུད་དེ་དབུ་མའི་ལམ་པ་བ་ངོ་གནོང་མི་དགོས་པ་ཞིག་བྱེད་འདུན་ཧ་ཅང་ཆེན་པོ་ཡོད། ཅེས་བརྗོད་འདོད་བྱུང་ངོ།

  13. ཆབ་བྲག་ལྷ་མོ་སྐྱབས། says:
    2012-05-14 at 5:51 pm

    རྒྱབ་སྐྱོར་བྱེད་འོས་དང་མི་འོས་དེ་སྐད་ཆ་བདེན་པ་ཡིན་མིན་ཁོ་ན་ལས་གཞི་འཛིན་ས་མེད། ང་མི་ངན་ཆོ་མེད་པ་ཞིག་ཡིན་ན་ཡང་ངའི་སྐད་ཆ་བདེན་པ་ཡིན་ན་དེ་ངོས་ལེན་བྱེད་ལོས་དགོས། སྐད་ཆ་འདི་ཡང་ང་སྒེར་བ་ཞིག་གི་ངོས་ནས་བཤད་པ་ཙམ་མིན་པས་སོ། ང་ལ་དེའི་ཐད་ཀྱི་མིང་ཞིག་དང་འགན་ཞིག་ཡོད་པས་བཤད་དགོས་ཆགས་ཀྱིན་ཡོད་རེད། མི་འགྲིག་ན་རྒྱུ་མཚན་གསལ་བར་བཤད་རོགས།

  14. བཙན་པོའི་བུ། says:
    2012-05-15 at 6:48 pm

    ད་རྒད་པོ་ཆབ་བྲག་ཁྱེད་རང་གིས་ཆབ་སྲིད་ཅང་ཤེས་ཀྱི་མ་རེད། དེ་བས་མགོ་སེར་དེ་ཚོར་ཀ་ཁ་ཡག་ཙམ་སློབ་ཤོར་བོད་ཀྱི་ལོ་རྒྱུས་འདྲ་ཤོད་ཐུབ་ན་བཟང་། དེ་མིན་ཁྱེད་རང་གིས་ཆབ་སྲིད་སྐོར་ཤེས་ཀྱི་མེད་ཁོ་ཐག་རེད། ཁྱེད་རང་གིས་སྤེལ་བའི་རྩོམ་དེའི་ནང་བསམ་བློ་གསར་པ་གང་ཡང་མི་འདུག དེ་དག་ཚང་མ་གསར་འགྱུར་ནང་མཐོན་ཟིན་པའི་སྐད་ཆ་རྙིང་པ་རྐྱང་རེད།

  15. སྟག་སྨྱོན། says:
    2012-05-15 at 7:42 pm

    ༡། སྐུ་སྲོག་མེར་མཆོད་ཟེར་བའི་སྐུ་སྲོག་དམར་མཆོད་བྱས་ཤེས་བྲིས་ན་བདེ་བར་མཐོང་། བསམ་བློ་ཐོངས།
    ༢། ཚེ་སྲོག་ནི་ཚེ་སྲོག་ལས་རྩ་ཆེ་བའི་གྲུབ་འབྲས་ཞིག་གི་ཆེད་གཏོང་འོས་པ་ལས། ཀུན་སློང་དང་སྨོན་ལམ་རྐྱང་བའི་ཆེད་དུ་ཆེས་རྩ་ཆེ་བའི་སྐུ་སྲོག་གཏོང་མི་རུང་།

  16. ཀློག་མཁན། says:
    2012-05-15 at 10:11 pm

    རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་སྐབས་བབ་དང་བསྟུན་ཏེ་རང་ཉིད་ལ་འགན་ཡོད་པ་ལྟར་བསྒྲགས་གཏམ་འདི་སྤེལ་བར་སྙིང་ནས་དགའ་བསུ་ཞུ། མི་འགའ་རེ་ནི་དུས་རྒྱུན་དམིགས་བསལ་གཏོང་རྒྱུ་ལས་ཁ་ཡ་བྱེད་དགོས་དོན་མེད། དེ་ལ་གྲྭ་སའི་ཆོས་གྲྭ་ནང་དུ་བཤད་རྒྱུན་འདི་འདྲ་ཞིག་ཡོད། མངོན་སུམ་དང་འགལ་ན་སྨྱོན་པ་འདྲ་བས་དེ་ལ་རྩོད་མི་རུང་ཞེས་དམ་བཅའ་ཨུ་ཚུགས་ཀྱིས་འཛིན་མཁན་ལ་ཟེར། དཔེ་དེ་གཞི་ལ་བཞག་ནས་དྲ་འབུ་ཚོ་ལ་ཁ་ཡ་མ་གནང་རོགས་ཞུ། རང་ལ་ཡོན་ཏན་ཡོད་མེད་སྤྱི་ཚོགས་ཀྱིས་ཚུར་ཁ་གྲག་རྒྱུ་ལས་རང་ཉིད་ཀྱིས་བཤད་རྒྱུ་དང་དྲ་འབུ་འགའ་རེའི་སྐད་ཆ་ལས་ཤན་འབྱེད་མི་ནུས་སོ།།

  17. དྭངས་བླངས་པ says:
    2012-05-16 at 2:00 am

    ཁ་བརྡ་བརྩོམ་སྒྲིག་པར། ཁྱེད་ཚོར་ཡང་འཐབ་ཤོག་གཅིག་གྱུར་ཚང་གི་ཉོ་ཚར་སོང་བས། ངའི་མཆན་གསུབ་དགོས་པའི་རྒྱུ་མཚན་གསུངས་རོག། གལ་སྲིད་ངས་མཆན་འགོད་ཆོག་གི་མེད་ན་ལན་གསུངས་རོགས་དང། ངས་ནམ་དུ་ཡང་འཚང་ཁ་མི་རྒྱབ། ཕྱོགས་རེས་དང་འཐེན་ཁྱེར་བྱས་ན་བརྩོམ་སྒྲིག་པའི་མཚན་སྙན་ལའང་གནོད་སྲིད།

  18. དམག་ལོག་ says:
    2012-05-16 at 10:02 am

    ངས་བསམ་ཚུལ་ནི། དབུ་མའི་ལམ་ནི་འགོ་འདོགས་པའི་ལམ་རེད། རྒྱ་ལ་བོད་འགོ་བཏགས་ཀྱང་དེང་སང་གི་ཧོ་ཝུན་གཉིས་ནས་ངེས་ལེན་བྱེད་མི་སྲིད་པ་རེད། གཞོན་ནུའི་རང་བཙན་པའི་ལམ་ནི་བྱེས་ཡུལ་གྱི་བོད་མི་རྣམས་དུས་ཐུང་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུ་འཐིམ་པར་བྱེད་པའི་ལམ་རེད། ལམ་འདི་ལ་རྒྱ་ནག་ཧ་ཅང་དགའ། དེ་མིན་ང་ཚོའི་ལམ་གསར་པ་ཞིག་འཚོལ་ཐབས་བྱ་དགོས་པ་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme