Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ལུས་མེ་སྲེག་མ་གནང་།

Posted on 2012-05-012012-05-02 By ཁ་བརྡ་ 11 Comments on རང་ལུས་མེ་སྲེག་མ་གནང་།

མེ་ཏོག་ལྷ་མཛེས།

རང་ཡུལ་གངས་ཅན་བོད་ཀྱི་སྣོད་བཅུད་རིག་གཞུང་རྣམས་རྩ་མེད་འགྲོ་བའི་ཉེན་ཁ་སྐྱོབས་ཐབས་སུ་དམིགས་ཏེ། རང་རིགས་སྤུན་ཟླ་བཅུ་ཕྲག་བཞི་ལ་ཉེ་བས་རང་ལུས་མེ་ལྷའི་མཆོད་རྫས་སུ་ཕུལ་ནས་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་མཐར་ཐུག་དེ་བྱས་ཡོད། ཁོང་རྣམ་པའི་བློ་སྟོབས་དང་བློས་གཏོང་། རིགས་ཞེན་གྱི་ལྷག་བསམ་ཆེས་ཕུལ་བྱུང་ཡིན་པ་བཤད་མ་དགོས་ནའང་། ཁོང་རྣམ་པའི་རེ་སྨོན་འགྲུབ་མིན་བལྟ་བ་ནིརྩ་བའི་གནད་འགག་སྟེ། གྲུབ་འབྲས་མེད་པའི་ལས་ཀ་ཛ་དྲག་ནི་ལྐུགས་རྟགས་ཆེ་ཤོས་ཡིན། འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་རུ་སྒྲོན་པ་འདིས་གདུག་རྩུབ་ཆེ་བའི་རྒྱ་གཞུང་གི་འོག་ནས་ཡར་ལང་བྱེད་དགོས་པ་སྟོན་གྱི་ཡོད། བོད་མི་རིགས་ནི་ནུས་པས་མ་འདང་བ་ལས་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་ནས་ངོ་རྒོལ་མི་བྱེད་མཁན་ཕལ་ཆེར་མེད་ཅིང་། ཡུ་གུར་སོགས་ནི་རང་ས་ལ་ཡང་གྲངས་ཉུང་མི་རིགས་ཆགས་ཟིན་པས་ཡར་ལང་གི་ནུས་པ་མེད་ལ། སེམས་གཏིང་ནས་དགའ་མཁན་གྱི་རྒྱལ་ཁབ་ཧ་ལམ་མེད་ནའང་རྒྱ་གཞུང་གི་སྟོབས་ཤུགས་ལ་ཁ་གཏད་འཆོལ་གྱི་མེད། སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་ཞེན་པ་ཆེ་བའི་རྒྱ་རིགས་རྣམས་ནི་རང་རྒྱལ་འཐོར་ཞིག་ཏུ་འགྲོ་བའི་ཉེན་ཁར་བསམས་ནས་ནམ་ཡང་མཉམ་ལང་བྱེད་ཀྱི་མ་རེད། ང་ཚོར་རེ་བ་ཡོད་པའི་གཉན་འཕྲང་གཅིག་རང་སྒུག་རྒྱུ་ཡོད་པ་ནི་རྒྱ་གཞུང་ཉམས་གུད་དུ་འགྲོ་བ་ཡིན་ཅིང་། རྒྱ་གཞུང་ཉམས་གུད་དུ་འགྲོ་བྱེད་ནི་ཕྱི་འཛིང་ནང་འཁྲུགས་རེད། གལ་སྲིད་ང་ཚོས་དུས་ཤེས་པར་བྱས་ཏེ་གནས་སྐབས་ཁུ་སིམ་མེར་བསྡད་ཡོད་ན། རྒྱ་ནག་གིས་ཉེ་འཁོར་རྒྱལ་ཁབ་དག་ལ་དྲག་པོའི་དཔུང་འཇུག་བྱ་བའི་འཆར་གཞི་འདིང་གིན་ཡོད་ལ། ནང་འཁྲུགས་ཀྱང་འབྱུང་ཉེར་ཡོད་མོད། བོད་ཀྱི་རྙོག་གླེང་ནི་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བའི་གཙོ་གནད་ཡིན་པའི་འུ་སྒྲ་ལ་བརྟེན་ནས་ངང་འཐེན་བྱ་དགོས་བྱུང་བ་གསལ་པོ་རེད། ང་ཚོས་ཐབས་མཁས་ཀྱི་བྱ་ཐབས་ལ་བརྟེན་ནས་མི་རིགས་རྒྱུན་གནས་དང་། རིག་གཞུང་འཛིན་སྐྱོང་། ཁོར་ཡུག་སྲུང་སྐྱོབས་བྱས་ཐོག་དེང་དུས་ཀྱི་འཕྲུལ་རིགས་ལག་རྩལ་བེད་སྤྱད་ནས་རྒྱལ་ཁ་ལེན་དགོས་པ་ལས་སྡིག་པ་མིག་བཙུམ་རྐྱང་པ་བྱ་རྒྱུ་མེད། ང་ཚོའི་མི་བུ་གཅིག་ཡིན་ནའང་གསོན་པོར་གནས་པའི་སྒོ་ནས་བོད་རྒྱལ་ཁབ་སླར་གསོ་དགོས་པ་ལས་ང་ཚོ་རང་ཤི་མིས་བསད་ཀྱིས་རྫོགས་ནས་རེ་སྨོན་འགྲུབ་ཡོང་བ་ཞིག་མིན། ང་ཚོའི་ཆེད་མཁས་མི་སྣ་རྣམས་རྒྱ་གཞུང་གི་བཙོན་འོག་ཏུ་སོང་། རིགས་ཞེན་བློ་སྟོབས་ཅན་རྣམས་རང་འདོད་ཀྱིས་གཤིན་གྲལ་དུ་ཕེབས་ན། མི་རིགས་ཀྱི་ལྷག་མར་ལུས་པ་ནི་འཁོས་ཆུང་ཀླད་མེད་ཀྱི་མི་བུ་འགའ་ཟུང་ཡིན་རྒྱུ་རེད། བོད་མི་རིགས་ཀྱི་ཆེད་དུ་བོད་ཀྱི་ཁོར་ཡུག་རིག་གཞུང་དགོས་པ་ལས་བོད་མི་རིགས་མེད་ན་དེ་ཚོ་ཡོད་མེད་ཀྱི་ཁྱད་ཅི་ཡོད། བདེན་པ་བཤད་ན་ང་ལ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ཉིད་བློས་ཐོང་བའི་སེམས་སྤོབས་མི་འདུག་ལ། རང་ལུས་མེ་སྲེག་ཕོད་པའི་སྡུག་བསྲན་དེ་བས་ཀྱང་མེད་ཅིང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་བློས་གཏོང་ལ་ཡང་ཕན་འབྲས་ཇི་ཙམ་འབྱུང་མིན་ཆ་མ་འཚལ་བས་ན། སྐྱ་སེར་རྒས་གཞོན་སུ་གཅིག་གིས་ཀྱང་རང་ལུས་མེ་སྲེག་མ་གནང་རོགས་ཞེས། རང་རིགས་ལ་ཞེན་པ་དཀར་བའི་ལྷག་བསམ་གྱིས་སེམས་གཏིང་ནས་ཞུ་བགྱི་ཡིན།

སྣ་ཚོགས།

Post navigation

Previous Post: སྒུག་ཡོད།
Next Post: དེ་རིང་དང་སང་ཉིན།

Comments (11) on “རང་ལུས་མེ་སྲེག་མ་གནང་།”

  1. མེ་ཏོག་དཀར་པོ། says:
    2012-05-01 at 10:07 pm

    མེ་ཏོག་ལྷ་མཛེས་ལགས། མེ་ཏོག་དཀར་པོས་ཨའི་ལོབ་ཡུ་ཡོད་ཟེར་གི་འདུག་གོ

  2. ཤེལ་དཀར་བུ། says:
    2012-05-01 at 11:45 pm

    མེ་ཏོག་ལྷ་མཛེས་ལགས་ད་ག་རང་རེད་བསམ་པ་མཐུན་སོང་རྫུན་གྱི་མཐའ་མ་ལྕགས་ཡིན་ཀྱང་རྡོལ་ཞེས་པའི་དཔེ་ལྟར་རྒྱ་དམར་གྱི་གཡོ་རྫུན་དེ་ནམ་ཞིག་རྡོལ་ལ་ཉེ་བར་ཡོད།

  3. སྐར་ཆེན། says:
    2012-05-02 at 4:11 am

    མེ་ཏོག་ལྷ་མཛེས་ལགས་ཀྱིས་གསུང་པ་དེ་དོན་ལ་གནས་པ་མཐོང་ངོ་།།

  4. ལུང་རྟོགས། says:
    2012-05-02 at 4:56 am

    ཁྱེད་ནི་ཕལ་ཆེར་རྒྱ་ནག་གསང་བའི་ལས་ཁུང་གི་མི་སྣ་འདྲ་ཡིན་ཚོད་རེད། རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་དམག་འདྲེན་རྩིས་ཡོད་པ་ཡང་ཤེས་འདུག འོན་ཀྱང་བོད་མིའི་བློས་གཏོང་གི་གྲུབ་འབྲས་ད་དུང་ཤེས་མེད་པ་ནི་ཡ་མཚན་རེད།

  5. བྲོ་འཚལ། says:
    2012-05-02 at 5:36 am

    མེར་མཆོད་མ་གནང་རོགས་ཞེས་པའི་བསམ་ཚུལ་བྲིས་པས་གར་ཡང་མི་སླེབས་པ་ཡིན་སྟབས་དེ་ལས་དེ་རིང་ཁ་སང་གི་དུས་བབས་དང་མཐུན་པའི་ལས་རིམ་ག་འདྲ་རྩོམ་པ་དང་།་་དེའི་ནུས་པ།་་ཁ་ཕྱོགས།་་་གྲུབ་འབྲས་སོགས་ལ་སྣེ་སྟོན་དང་ལམ་འཁྲིད་བྱེད་པའི་ནུས་པ་མེད་ན་ཡིག་ཚོགས་སྤུངས་པའི་རྒྱུ་ལས་གཞན་ཅི་ཡང་བྲོ་བ་མི་འདུག་་་ལྷག་པར་ལྷ་མཛེས་ཀྱིས་སྐད་ཆ་དེ་དག་ནི་ཉིན་རྒྱུན་བརྗོད་བཞིན་པ་དག་བསྐྱར་བཟློས་ཙམ་ལས་དམིགས་སུ་བཀར་ནས་གསར་བཤད་ཅི་ཡང་མི་འདུག་པས་དོན་དང་མཐུན་པའི་གཏམ་ཞིག་ཡིན་པའི་སྣང་བ་ཅི་ཡང་མ་བྱུང་བའི་མ་ཟད་རྒྱ་འབུ་ནག་པོས་དམག་རྒྱག་རབས་ཤིག་ཤོད་ཀྱིན་པ་ནི་ངོ་མ་མགོ་མ་ཚོས་པའི་གཏམ་ཞིག་ཏུ་མཐོང་བས་གོང་གི་དྲ་གྲོགས་ལུང་རྟོགས་ཀྱིས་མཆན་བཏབས་པ་དེ་བདེན་གཏམ་དུ་འདོད།

  6. རིལ་མ། says:
    2012-05-02 at 5:37 am

    མ་གཞི་ཧུ་ཅིན་ཐོ་དང་ཝུན་ཅ་པོ་ལ་ཁྲིམས་ཐག་གཅོད་དགོས་པ་རེད། གཏུགས་བཤེར་བྱེད་དགོས་པ་རེད། དེ་ལྟར་བྱས་ན་ད་གཟོད་བོད་མི་ཚོས་བསམ་བློ་གཏོང་གི་རེད། དོན་མེད་སྐད་ཅོར་གྱིས་ཅི་ཡང་ཕན་གྱི་མ་རེད།

  7. ཇ་མ་ says:
    2012-05-02 at 9:01 am

    སྡར་མ་མེ་ཏོག་ལྷ་མཛེས། ཁྱོད་ཀྱིས་སེམས་གཏམ་ཡག་པོ་མ་རེད། མ་འོངས་པའི་དཔའ་བོ་དབའ་མོ་རྣམས་ཀྱི་སེམས་ཤུགས་མ་གསོད་རོགས།

  8. ཇ་མ་ says:
    2012-05-02 at 9:04 am

    སྡར་མ་མེ་ཏོག་ལྷ་མཛེས།

  9. མེ་ཏོག་དཀར་པོ། says:
    2012-05-02 at 10:12 am

    དཔའ་བོ་ཇ་མ་ལོ་རྗེས་མའི་གསུམ་དུས་ཉིན་དིལིའི་རྒྱ་གཞུང་ལས་ཁུངས་མདུན་རང་ལུས་མེར་སྲེག་གཏོང་རྒྱུ་གཏན་ཁེལ་འདུག་པས དཔའ་བོ་ཁོང་ལ་གུས་འདུད་ཞུ། དཔའ་བོ་ཇ་མ་རྒྱལ་གྱུར་ཅིག

  10. པད་དཀར་ཕོ་ཉ says:
    2012-05-02 at 10:13 am

    བཀྲ་ཤིས་བདེ་ལེགས་མ་མཇལ་ཡུན་རིང་།

  11. པད་དཀར་ཕོ་ཉ says:
    2012-05-02 at 10:27 am

    ཨ་ཁ། ད་བར་ཧ་གོ་མ་སོང་། བོད་བསྟན་སྲིད་ཀྱི་ཆེད་དུ། དཔའ་བོ་དང་། དཔའ་མོ་མང་པོ་ཞིག་ནས། རང་ལུས་ཀྱང་སྲེག་ཟར་བསྟིམས་ཟིན་འདུག འཕགས་མཆོག་སྤྱན་རས་གཟིགས་མཁྱེན།་ཨྂ་མ་ནི་པདྨེ་ཧཱུྂ། ཁོ་ཚོའི་དམིགས་འདུན་རྣམས་ཇི་བཞིན་འགྲུབ་ཅིང་། བར་དོའི་འཇིགས་སྐྲག་ལ་སོགས་པའི་ཚོར་སྣང་མཐའ་དག་རང་རང་གི་སེམས་ཀྱི་ཆོ་འཕྲུལ་ཙམ་དུ་ངེས་ཏེ། ཡེ་གདངས་འཕོ་འགྱུར་བྲལ་བའི་གཤིས་སུ་གྲོལ་བར་སྨོན། ད་ནས་བཟུང་། ང་ཚོས། རྔམ་རྒྱུག་རོ་མཆོང་བྱ་རྒྱུ་འདི་མཚམས་འཇོགས་བྱས་ནས། དམྱལ་ཁམས་དོངས་ནས་སྤྲུག་ཅིང་། ཞི་བདེའི་གོ་འཕང་ལ་མངའ་བརྙེས་པའི་ཐབས་ལམ་གཞན་དང་གཞན་ཞིག་ལ་གསང་འཇབ་བྱེད་ན་ལེགས་པར་མི་འདུག་གམ། ཨ་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme