Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁམས་རྫོགས་ཆེན་དུ་ཞི་རྒོལ་ལས་འགུལ་གནས་ཚུལ།

Posted on 2012-04-252012-04-25 By ཁ་བརྡ་ 10 Comments on ཁམས་རྫོགས་ཆེན་དུ་ཞི་རྒོལ་ལས་འགུལ་གནས་ཚུལ།

རྫ་ཚེ་རིང་བཀྲ་ཤིས།

སྤྱི་ལོ་༢༠༡༢ གྱི་ལོ་ཟླ་བ་༤ཚེས་༢༥སྟེ། དེ་རིང༤-༢༥་ཞོགས་པ་ཆུ་ཚོད་༩:༣༠ཡར་མར་ཁམས་རྫོགས་ཆེན་ཤྲཱི་སེང་ལྔ་རིག་སློབ་གླིང་དང་རྫོགས་ཆེན་དགོན་པའི་མཁན་སྤྲུལ་བླ་གྲྭ་དང་སྡེ་བའི་མི་དམངས་༥༠༠ ་ཡར་མར་རྫོགས་ཆེན་ཤང་སྲིད་གཞུང་དང་མངག་གཏོང་ཁང་གི་སྒོར་ཡོང་ནས་རྒྱུ་མཚན་མེད་པའི་དྲག་པོའི་རྡུང་རྡེག་དང་།འཛིན་བཟུང་།སྔོག་བཤེར་རྣམས་མཚམས་འཇོག་དགོས་པའི་རེ་འདུན་བཏོན་ནས་ཞི་སྡོད་བྱས་འདུག། ཚེས༢༢ཉིན་ནས་ཉེན་རྟོག་པ་༦༠ཙམ་སླེབས་ནས་དོན་མེད་རྡུང་རྡེག་དང་དགོན་པ་སྔོག་བཤེར་བསྟུད་མར་བྱས་པས་བླ་གྲྭ་དང་གྲོང་མི་འདུག་བཟོད་གནས་སུ་གྱར་ནས་གནས་ཚུལ་ཛ་དྲག་ཏུ་ཕྱིན་པ་དང་། ས་གནས་སྲིད་གཞུང་གི་སྒོར་རྒྱ་ཆེ་བའི་ཞི་སྡོད་བྱེད་དགོས་བྱུང་འདུག
དང་ཐོག་མི་ལྔ་བརྒྱ་ཙམ་ཡོད་པ་ནས། ད་ཆ་ཕལ་ཆེར་མི་ཉིས་སྟོང་ཙམ་འཛོམས་ཡོད་པ་དང་། གཞུང་གིས་དྲག་གནོན་བྱས་ཏེ་རྡུང་བརྡེགས་རྨས་སྐྱོན་ཕོག་པའི་རིགས་འགའ་ཞིག་སྨན་ཁང་དུ་ཡང་སྐྱེལ་དགོས་འབྱུང་བཞིན་ཡོད་འདུག

གསར་འགྱུར།

Post navigation

Previous Post: བོད་ཀྱི་དྲ་སྣང་དུས་དེབ།
Next Post: བདག་མེད་སྤྲུལ་སྐུའི་འཁྲུངས་སྐར་རོལ་བ།

Comments (10) on “ཁམས་རྫོགས་ཆེན་དུ་ཞི་རྒོལ་ལས་འགུལ་གནས་ཚུལ།”

  1. རུ་དམ་ལུང་གི་བུ། says:
    2012-04-25 at 8:14 am

    གནས་ཚུལ་འབྱོར་གསལ་ཚེས་༢༢ནས༢༤་དམིགས་བསལ་ཉེན་རྟོག་པ་༡༠༠ ་ཙམ་སླེབ་ནས་རྫོགས་ཆེན་སྡེ་དགོན་ལ་ཚད་འདས་ཀྱི་དྲག་རྡུང་མནར་གཅོད་གཏོངཡོད་པ་སྟེ། རྫོགས་ཆེན་སྡེ་བའི་རུ་ཁག་དང་པོའི་རྒྱ་མཚོ་རྡུང་རྡེག་དྲག་པོ་བཏང་ནས་ད་ལྟ་དཀར་མཛེས་རྫོང་མི་དམངས་སྨན་ཁང་གིས་བརྟག་དཔྱད་བྱས་འབྲས་སྲོག་ཉེན་ཆེ་བ་དེའི་རྡུང་དོན་ཉེན་རྟོག་པའི་ངོ་ལ་བལྟས་ནས་རྣམ་འགྱུར་མི་བཟུང་ཟེར་འདུག། ཡང་རྫོགས་ཆེན་དགོན་པའི་གྲྭ་པ་རང་ལོ་༡༣ཅན་པད་རྒྱལ་དང་། བསྟན་འཛིན། ཁྱི་ཐར། མི་འགྱུར། གུར་རྣམ། སྐལ་བཟང་། པད་སྟོབས་སོགས་དང་གྲོང་མི་རི་བུ་དང་། སེང་གེ། ཕུར་བུ་ཚེ་རིང་སོགས་འཇུ་བཟུང་དང་རྡུང་རྡེག་དྲག་པོ་བཏང་བཞིན་པ་དང་། དགོན་པའི་གྲྭ་ཤག་སྔོག་བཤེར། དོན་མེད་བཅར་རྡུང་དྲག་པོ་བཟོད་ཐབས་དཀའ་བའི་མནར་གཅོད་འོག། དེ་རིང་ཚེས༢༥ཞོགས་པ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་དང་། རྫོགས་ཆེན་དགོན་བཅས་ཀྱི་བླ་གྲྭ་དང་རྫོགས་ཆེན་འབྲོག་རུ་སྡེ་པའི་གྲོང་མི་བཅས་སྐྱ་སེར་སུམ་སྟོང་ལྷག་རྫོགས་ཆེན་ཤང་སྲིད་གཞུང་སྒོར་ཞི་བའི་གྱེན་ལངས་ཀྱིས་འདུ་འཛོམས་བྱས་ནས་རྒྱུ་མཚན་མེད་པའི་རྩུབ་སྤྱོད་དང་དྲག་རྡུང་བྱེད་མཚམས་འཇོག་དང་རྒྱུ་ཉེས་མེད་འཇུ་བཟུ་བྱས་པ་གློད་བཏང་དགོས་པའི་རེ་བ་བཏོན་འདུག།

  2. བདེན་རྒྱབ། says:
    2012-04-25 at 9:10 am

    ལྷག་བསམ་དང་འཇོན་ཐང་ཆེ་བའི་ཁ་བརྡ་ཚང་དང་ངའི་ཆེས་དགའ་ཤོས་ཀྱི་སློབ་གསོའི་དཔེ་དེབ་༼དུས་ཐོག་ཆར་པ།༽ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས་ལགས། ཁོ་བོར་དེ་རིང་གི་ཞི་རྒོལ་སྐབས་ཀྱི་དཔར་གཉིས་ཡོད་རུང་ཇི་ལྟར་དྲ་རྒྱའི་ཐོག་གཏོང་སྟངས་སམ་འཇོག་སྟངས་མ་ཤེས་པས་བཀའ་སློབ་གནང་རོགས།

  3. བདེན་རྒྱབ། says:
    2012-04-25 at 9:42 am

    ངའི་རེ་བར་སུ་ཞིག་གིས་སྣང་ཆུང་མི་བྱེད་པར་ལམ་སྟོན་བྱེད་རོགས།

  4. རྫ ་ཚེ་རིང་བཀྲ་ཤིས། says:
    2012-04-25 at 10:42 am

    བདེན་རྒྱབ་ལགས་ttashi07@yahoo.co.in
    འདིའི་ཐོག་སྐུར་གནང་ན་ངས་གསལ་ལམ་ཁག་ཏུ་སྤྲོད་རོགས་ཞུ་ངེས།

  5. བདེན་རྒྱབ། says:
    2012-04-25 at 11:38 am

    ལགས་སོ། ཁོ་བོས་བཏང་བ་ཡིན། འབྱོར་ན་ལན་ཞིག་གནང་རོགས་གྱིས།

  6. བདེན་རྒྱབ། says:
    2012-04-25 at 11:42 am

    ཚེ་བཀྲ་ལགས། དཔར་ལྔ་སྐུར་ཡོད། དཔར་ཉིས་སྒྲིག་ཅན་པ་གཅིག་དེ་ཁ་སྔོན་རྫོགས་ཆེན་ཕུར་འཆམ་སྐབས་༧རྒྱལ་བ་རིན་པོ་ཆེའི་སྐུ་དཔར་གཤམ་པ་དེ་རེད། གཞན་རྣམས་དེ་རིང་གི་ཡིན། ཡོང་ཁུངས་རྩད་བཅོད་མ་བྱེད་རོགས།

  7. རྫ་ཚེ་རིང་བཀྲ་ཤིས says:
    2012-04-25 at 12:37 pm

    རྫ་ཚེ་རིང་བཀྲ་ཤིས་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་ཧ་ཧ་ཧ་ཧ

  8. རྫ ་ཚེ་རིང་བཀྲ་ཤིས། says:
    2012-04-25 at 12:44 pm

    བདེན་རྒྱབ་ལགས་ཀྱི་པར་འཕྲོད་ཟིན་པར་མ་ཟད། གསར་ལམ་ཁག་ཏུ་བཏང་ཟིན།

  9. ཁྲོ་ཐུང་ says:
    2012-04-25 at 2:04 pm

    བདེན་རྒྱབ་དང་རྫ ་ཚེ་གཉིས་ཀྱིས་གསར་འགྱུར་དུས་ཐོག་སྤེལ་བ་ལ་ཐུགས་རྗེ་ཆེ་ཡོད་ལྷགས་པ་དུ་བདེན་རྒྱབ་ཀྱི་ཕྱགས་ལས་ལ་གུས་འདུད་ཞུ་ཞུ་
    ཁམས་རྫོགས་སོགས་ནས་ལས་འགུལ་སྤེལ་རག་ཙམ་སྔ་ལོ་སོགས་གོ་ཀྱང་འདྲ་པར་མཇལ་བ་ནི་ཐོག་མ་དུ་སྣང་

  10. གཟུར་གནས་བློ་ལྡན་། says:
    2012-04-25 at 10:17 pm

    རྒྱ་གུང་ཁྲན་ཏང་ནི་བཙན་གྱི་བུ་། བཙན་ཁ་བརྩེ་མ་བྱེད་སྡོད་དང་དགའ་། སྙིང་གཏམ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme