Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ ཡིག་ ཚེགས་ འཇོག་ སྟངས་ གཞན་པ།

Posted on 2008-07-032008-07-03 By tenzin 13 Comments on བོད་ ཡིག་ ཚེགས་ འཇོག་ སྟངས་ གཞན་པ།

གྲོགསཔོ་ ཚོ།   ང་ཚོས་ བོད་ཡིག་ འདི་ལྟར་ བྲིས་ ཚེ་ ཀློག་བདེ་བ་ དང་། མིག་ ལ་ གནོད་པ་ ཆུང་བ་ མི་འདུག་གམ། ནུབ་ཕྱོགས་ ཀྱི་ ཡི་གེ་ འབྲི་སྟངས་ དེ་ མིག་ལ་ གནོད་པ་ ཆུང་བ་ འདུག་ ཅེས་ ཚན་རིག་པ་ ཚོས་ གསུངས་ཀྱི་འདུག  ང་ཚོས་ ཀྱང་ ལེགས་པའི་ ཆ་རྣམས་ ལེན་ནས་ ང་ཚོའི་ སྐད་ཡིག་ འདི་ ཕུན་སུམ་ ཚོགས་སུ་ བཏང་ ཐུབ་ ན་ ཅིས་ ཀྱང་ མི་ ལེགས་ སམ།

ཡང་ ན་ འབྲི་ སྟངས་ གཞན་ ཞིག་ ནི།

ཟླ་ བ་ འདི་ ནི་ ཕར་ འགྲོ།

གཏིང་ མའི་ ཟླ་ བ་ ཚུར་ འགྲོ།

བཀྲ་ ཤིས་ ཟླ་ བ་ དཀར་ པོ།

ཟླ་ སྟོད་ ཕྱོགས་ ནས་ མཇལ་ ཡོང་།

བར་ ཚེགས་ ལ་ འདི་ ལྟར་ སྟོང་ ཆ་ འཇོག་ ཐུབ་ ན་ ཡིག་ འབྲུ་ ཆུང་ ཀྱང་ གསལ་ པོར་ མཐོང་ ཐུབ་ གསུངས།

གླུ་གཞས།, གསར་འགྱུར།, བརྩམས་སྒྲུང་།, མཚར་གཏམ།, འགྱུར་རྩོམ།, འཕྲིན་ཡིག

Post navigation

Previous Post: བོད་ནང་གི་བོད་ཡིག་དྲ་རྒྱ་ཁག་གཅིག
Next Post: གོང་མ་མཆོད་ཡོན་གྱི་སྐོར་ལ་ལན་གནང་བར་ཐུགས་རྗེ་ཆེ།

Comments (13) on “བོད་ ཡིག་ ཚེགས་ འཇོག་ སྟངས་ གཞན་པ།”

  1. རིག་པའི་རྡོ་རྗེ། says:
    2008-07-03 at 7:33 pm

    གོང་དུ་དྲ་གྲོགས་ཤིག་གིས།   བོད་ཡིག་ཚེགས་༼ཚེག༽འཇོག་སྟངས་གཞན་པ་ཞེས་པའི་རྩོམ་ཡིག་དེར་མཆན་ཞིག་བྲིས་ན།    སྐུ་ཉིད་ཀྱིས་ཚན་རིག་མཁས་པའི་བསམ་ཚུལ་དང་བསྟུན་ཏེ།   བོད་ཡིག་ལ་ཚེག་འཇོག་སྟངས་གསར་བ་ཞིག་གི་བསམ་ཚུལ་བཏོན་གནང་བ་ལེགས་མོད།    བོད་ཡིག་ལ་མཚོན་ན་མིང་ཚིག་རེ་རེའི་མཚམས་ཚེག་རེར་འབྲི་སྲོལ་ཡོད་པ་བཞིན།   སྐུ་ཉིད་ཀྱིས་ཀྱང་དེ་ལས་ལྷག་པའི་ཚེག་འཇོག་སྟངས་ཁྱད་པར་བ་ཞིག་གསུངས་མེད།    ངས་བལྟས་ན་ཁྱེད་ཀྱིས་གསུང་འདོད་པ་དེ་བོད་ཡིག་གི་ཚེག་འཇོག་སྟངས་མ་ཡིན་པར།    བོད་ཡིག་མིང་ཚིག་རེ་རེའི་བར་སྟོང་ཆ་འཇོག་སྟངས་དེ་ཡིན་པ་འདྲ།    གལ་ཏེ་དེ་ཡིན་ན་སྟོང་ཆ་འཇོག་དགོས་དོན་མེད་སྙམ།    རྒྱུ་མཚན་བོད་ཡིག་ལ་མིང་ཚིག་རེ་རེའི་མཚམས་སུ་ཚེག་རེ་འབྲི་བཞིན་ཡོད་པས།   དེས་མིང་ཚིག་སྔ་ཕྱི་མ་འདྲེས་པར་བྱས་ཡོད་པ་མ་ཟད།    ཡི་གེ་ཁོད་སྙོམ་པར་བྱས་ཡོད།   དེའི་ཁར་ད་དུང་སྟོང་ཆ་བཞག་ན་མིག་ལ་མི་མཛེས་པ་དང་།   ཀློག་ཁག་པོ་ཆགས་རྒྱུ་ལས་ལེགས་ཆ་ཞིག་ཨེ་ཡིན་སྙམ་པས་དཔྱད་འཚལ།

  2. སྤོབས་པ། says:
    2008-07-03 at 7:35 pm

    བོད་ཡིག་འདི་དེ་ལྟར་བྲིས་ན་ཧ་ཅང་ྋཐྲྤཀློག་བདེ་བ་དང་ཚེགས་མ་བྲིས་ན་ཡང་ཆོག་སྟབས་འབྲི་མགྱོག་པའི་ཡོན་ཏན་ཞིག་ཀྱང་ཡོད་ངེས་ཀྱང༌། ཤོག་བུ་གྲོན་ཤུགས་ཆེན་པོར་འགྱུར་བའི་སྐྱོན་ཞིག་འབྱུང་ངེས། དཔེར་ན་ཧན་རིག་ཧ་རར་གྱི་དེབ་བོད་ནང་དུ་ལོ་བདུན་ཞེས་པ་དེ་ཚེ་དབང་རྟ་མགྲིན་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་ནས་ཨ་མྱེ་རྨ་ཆེན་གྱིས་དཔར་སྐྲུན་བྱས་སྐབས་བོད་ཡིག་གི་དེབ་དེ་ཕལ་ཆེན་མ་ཕྱི་ལས་རྡབས་ལོག་གིས་འཐུག་པ་ཞིག་བྱུང་འདུག གལ་སྲིད་ཁྱེད་ཀྱིས་བསམ་ཚུལ་ལྟར་བྲིས་ན་དེ་ལས་ཀྱང་རྡབས་ཁ་ཤས་ཆེ་རུ་འགྲོ་ངེས། འོན་ཀྱང་ལོ་ཙཱ་བ་བོད་ཡིག་གི་ཆུ་ཚད་ཧ་ཅང་མཐོན་པོ་རེ་ཡིན་ན་ཚིག་སྡུད་རྒྱག་སྟངས་མང་པོ་ཞིག་གིས་ཅུང་ཟད་བོངས་ཆུང་དུ་འགྲོ་ཡང་སྲིད། གང་ལྟར་ཡང་བསམ་ཚུལ་བཏོན་པ་ལེགས།

  3. མགོན་པོ་ཕྱག་གཉིས་པ། says:
    2008-07-03 at 9:30 pm

    བསྟན་འཛིན་ལགས། སྐུ་ཉིད་ནས་དགོངས་ཚུལ་གསར་པ་ཞིག་བཏོན་པར་དམིགས་བསལ་དགའ་བོ་བྱུང་། ང་ཚོ་ཚང་མ་སྤྱང་རྟོགས་ཁྱུ་གཅིག་ནང་བཞིན་ཐེད་ལྤགས་གཅིག་གི་ཐོག་རུབ་བསྡད་ཡོད་པ་འདྲ་བོ་འདུག དེས་དངོས་གནས་མིག་ལ་ཕན་ཐོགས་འདུག མིག་གཉིས་ལ་བདེ་སྣང་ཞིག་སྟེར་བ་མ་ཟད་ཡིག་རྫོབ་འཚང་ཀ་ཤིག་ཤིག་དེ་ཚོ་ཀློག་རྗེས་ཁྱེད་ཀྱི་ཡི་གེ་ལ་གཅིག་བལྟས་ན་སེམས་ཁམས་ལའང་ལྷོད་ཤ་ཞིག་སྟེར་བའི་སྣང་བ་བྱུང་། དེ་མིག་ལ་མ་ཟད་སེམས་ཁམས་ལའང་ཕན་ཐོགས་ཡོད་པ་འདྲ། སྤོབས་པས་གསུངས་པ་ལྟར་དེ་ལ་མགྱོགས་པའི་ཡོན་ཏན་མི་འདུག ཡི་གེ་རེའི་རྗེས་ནས་སྟོང་པ་རེ་གནོན་དགོས་ན་ལྷག་ཏུ་འགོར། ཁོང་གིས་གསུངས་པ་ལྟར་ཤོག་གྲོན་ཆེན་པོ་རེད། ད་གདམ་ཀ་གཅིག་རང་གཅིག་ཡོད་པ་ནི་མིག་གི་འཕྲོད་བསྟེན་གལ་ཆེན་པོ་རེད་དམ། ཤོག་བུ་བསྲི་ཚགས་གལ་ཆེན་པོ་རེད། གལ་སྲིད་བར་སྟོང་བཞག་ན་དབྱིན་ཡིག་ལྟར་ཚེག་དེ་ཚོའང་དགོས་པ་ཨེ་ཡོད། ཐལ་བ་མ་རེད་དམ།

  4. སྤོབས་པ། says:
    2008-07-03 at 9:43 pm

    རང སྡེའི རིགས ལ ཞེན པ དཀར པོའི མདངས། །
    རང བྱུང སྙིང གི དབུས ན གནས པ འདིས། །
    རང ཡུལ ཁ བ ཅན གྱི རྗེ འབངས ལ།།
    རང གི ནུས པས སྲི ཞུ ཅུང ཟད བསྒྲུབ།

    རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །
    རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །
    རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །
    རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབ། །

    གོང་གསལ་དེ་ཚོད་ལྟ་དང་གཤིབ་བསྡུར་གྱི་ཆེད་དུ་བཀོད་པ་ཡིན། དགེ་སྐྱོན་གང་མཆིས་ཐུགས་ཞིབ་གནང་དང༌།

  5. ཨ་བྷེ་མཁན་པོ། says:
    2008-07-03 at 10:06 pm

    བསམ་འཆར་ཡག་པོ་འདུག སྤྱིར་པར་ཚེག་བྱེད་པའི་སྲོལ་ག་འདི་རང་ཅག་རྣམས་ཀྱི་མིག་ལ་གོམས་ཆེ་བས་མི་ཡག་པའི་ཚུལ་དུ་མི་མཐོང་ཡང་། དོན་དངོས་སུ་སྒྲ་མཚམས་ཚེག་གིས་འབྱེད་པ་འདི་བླུན་པོའི་བརྡ་སྤྲོད་དུ་གྱུར་པས་འབྲི་ཀློག་ཚེགས་
    ཆེ་བ་མ་ཟད། མིག་ལའང་མི་མཛེས་པ་ཤ་སྟག་ཉིད་དུ་ཆགས་ཡོད་ཕྱིར་ཅིས་ཀྱང་ལེགས་བཅོས་གནང་ཐུབ་
    ན་མཆོག་ཏུ་དགེ་བར་སེམས།
    ཇི་ལྟར་བསྒྱུར་བ་ལ་མིང་གྲུབ་ཁ་མི་གཏོར། རྐྱང་ཚན་རྐྱང་མར་འཇོག ངེས་བརྟན་གྱི་མིང་གྲུབ་ལ་བར་
    ཚེག་བྱེད། དེ་དང་རྐྱང་ཚན་བར་བར་ཚེག་སྤོང་། འགའ་ཞིག་ངེས་བརྟན་གྱི་མིང་གྲུབ་མིན་ཡང་ངལ་གསོའི་
    སྡོད་མཚམས་ཀྱིས་སྦྲེལ་མར་བཀླག་དགོས་རིགས་མི་གཏོར་བར་བསྒྲིགས་ཏེ་བར་ཚེག་སྦྱོར། ཤད་རང་སོར་
    འཇོག ཕྱི་རྐང་ཤད་ལ་འཛིན་སྲོལ་སྤངས་ཏེ་ག་ཀ་ཤའི་མཐར་ཆིག་ཤད་བྱ། དེ་ལྟར་སྟོང་ཆ་ཚེག་ལ་བྱས་ཚེ་
    སྦྱོར་ཀློག་གཉིས་ཐད་མངོན་སྐྱེན་གྱི་དགེ་མཚན་ཐོན་ངེས་པ་རེད།
    དེ་འདྲ་ཁོ་བོ་ཡང་སྔ་ས་ནས་སེམས་མོད་བེད་སྤྱོད་སོགས་ཡེ་ནས་མ་གནང་། འདིར་དེ་ལུགས་ཀྱི་དགོངས་
    འཆར་བསླངས་པ་ཤིན་ཏུ་བཟང་། ད་དུང་དེའི་ཁྲོད་བཅོས་འོས་ཀྱི་གནད་འགའ་མཐོང་བ་གོང་དུ་བསྟན་པ་
    ལྟར་ཡིན་པས་ཚང་མས་མི་མཐུད་དུ་གླེང་འཚལ། འོན་ཀྱང་ཡོངས་རྫོགས་དེ་ལུགས་སུ་རྩོམ་དགོས་པ་གནས་
    ལུགས་ལ་མི་སྲིད་པས། སྐབས་བསྟུན་གང་འགྲིག་རང་ཉིད་འདོད་པ་ལྟར་བྱ་རུང་བར་ཡོད་པ་བློ་ལྡན་རྣམས་
    ནས་རྟོགས་དགོས་པ་ལགས་སོ། ། དགེའོ།། ཤིས་སོ།། བསམ་དོན་འགྲུབ་པར་ཤོག།

  6. Gedun says:
    2008-07-03 at 10:20 pm

    གཅིག་བྱས་ན་ང་ཚོ་བོད་རིགས་འདི་རྗེས་ཟློས་བྱེད་པ་དགའ་བ་ནི་ཧ་ལམ་ཕ་སྤྲེའུ་དེའི་དྲིན་གྱིས་ཡིན་པ་འདྲ། ཚན་རིག་པས་བོད་ཡིག་ཀློག་མཁན་དང་དབྱིན་ཡིག་ཀློག་མཁན་གཉིས་བསྡུར་ནས་མིག་ལ་གང་གནོད་བརྟག་དཔྱད་བྱས་པ་དེ་གང་ན་གསལ། ངས་དེ་འདྲའི་གྲུབ་འབྲས་མ་མཐོང་། ང་ལ་ཡིད་ཆེས་ཀྱང་མི་ཡོང་བ་འདི། གང་ལ་གོམས་པ་དེ་ལ་མཁས༎ ཞེས་བཤད་སྲོལ་ལྟར། བོད་ཡིག་ཀློག་ལ་བྱང་བ་ཞིག་ཡིན་དུས། ཚེགས་ཀྱིས་མིག་དང་སེམས་གང་ལའང་གནོད་ཀྱི་མི་འདུག
    མ་གཞི་ནས་བཅོས་འདི་འདྲ་ཞིག་ ༡༩༩༠ ནང་ཨ་མྱེས་རྨ་ཆེན་གྱི་དམངས་གཙོ་ཚགས་པར་དུ་ཡང་བཀོད་པ་རེད། དེ་དུས་ཀྱང་ང་ཚོའི་གླེང་མོལ་བྱུང་ཡོད་པ་རེད། ང་གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་བསམས་མཁན་ཞིག་མིན་མོད། རྙིང་བ་སྲོལ་དུ་འཇགས་ཤིང་གོ་ཆོད་པ་ཞིག་བཅོས་དགོས་པ་ཡང་མི་མཐོང་ལགས།

  7. ལུང་རིགས་རྒྱལ། says:
    2008-07-03 at 11:30 pm

    ངས་བལྟས་ན་དོན་ངོ་མར་དཀའ་ངལ་འདིའི་རིགས་བཤད་མཁན་ཚོའི་ཁ་ཕྱོགས་ཚེགས་ལ་ཕྱོགས་མི་འདུག འདིའི་རྒྱབ་ཀྱི་དཀའ་ངལ་དེ་བརྩེགས་མ་ལ་ཐུག་འདུག ལྷག་པར་དུ་གློག་ཀླད་ཀྱི་མཐེབ་གཞུང་ལ་སླེབས་དུས་དཀའ་ངལ་འདི་དག་བཤད་ངེས། བཟོ་བཅོས་འདིའི་གོམ་པ་དང་པོ་སྤོས་རྗེས་གོམ་པ་གཉིས་དྲན་ཡོང་གི་རེད། དེ་ནས་བོད་ཡུག་དབྱིན་ཡིག་ལྟར་འབྲི་གི་ཡིན་ལབ་གི་རེད། གཅིག་བྱས་ན་བོད་ཡིག་འདི་ཝེ་ལིའི་ནང་བོད་ཡིག་འབྲི་སྟངས་ལྟར། བོད་ཀྱི་ཚབ་ལ། bod དང་། དུས་བབ་ཀྱི་མིང་ལ། dus bab ཅེས་འབྲི་མི་སྲིད་པ་མ་རེད། དར་སྲོལ་འདི་འདྲ་ཞིག་གི་ས་བོན་ཡོད་ཡོད་པ་རེད།
    གལ་སྲིད་ང་ཚོས་ཚན་རིག་པ་ཞིག་ལ་འདིའི་དཀའ་ངལ་ཤོད་ལབ་ན། ཤོག་བུའི་གྲོན་མི་བཤད་པར། ཡི་གེ་གཏགས་པའི་མྱུར་ཚད་བཤད་གི་རེད་སྙམ། དེའི་འཕྲོ་ནས་མིག་ལ་མཛེས་མིན་བཤད་གི་རེད། ངོ་མ་བཤད་ན། ཡིག་འབྲུ་ཁ་འཐོར་ལྟ་བུར་བསྡད་ན་མིག་ལ་མཛེས་དགོས་དོན་ཞིག་ཨེ་ཡོད། ཚེག་བར་དམ་ན་མིག་ལ་གནོད་ཀྱི་ཡོད་སྲིད་རུང་། ཐོག་མ་དེར་གཞུང་པོ་ཏི་ལྔ་དང་བོད་ཡིག་གི་གསུང་རྩོམ་དག་གི་ནང་མི་ཚེ་ཧྲིལ་བོ་བསྐྱལ་མཁན་དེ་དག་གི་མིག་ལའང་བརྟག་དཔྱད་ཅིག་བྱེད་དགོས་པ་འདུག གང་ཡིན་ཟེར་ན་གོང་དུ་མི་ཞིག་གིས་བོད་ཡིག་བཀླགས་ན་མིག་ལ་གནོད་ཀྱི་འདུག་ཚུལ་ཚན་རིག་པས་བཤད་འདུག་ཟེར་བའི་དབང་གིས་ཡིན།

    གཤམ་དུ་བཟོ་བཅོས་ཀྱི་དཔེ་མཚོན་ཡོད། འདི་ན་ད་དུང་དབྱངས་ཀྱི་དཀའ་ངལ་སེལ་ཡོད་པ་མ་རེད། དབྱངས་ཀྱི་ཡིག་འབྲུ་གསར་གཏོད་བྱེད་སྲིད་པ་རེད།

    རང སདེའི རིགས ལ ཞེན པ དཀར པོའི མདངས།
    རང བཡུང སཉིང གི དབུས ན གནས པ འདིས།
    རང ཡུལ ཁ བ ཅན གྱི རཇེ འབངས ལ།
    རང གི ནུས པས སརི ཞུ ཅུང ཟད བསགརུབ།

    democracy
    དམངས གཙོ ཡང་ན། དམངསགཙོ
    human rights
    འགརོ བ མའི ཐོབ ཐང
    country
    རགཡལ ཁབ
    འདི་ལྟར་གོམ་པ་དང་པོ་ཚེག་མེད་པར་བཟོས་ཏེ་བར་སྟོང་འཇོག་གི་རེད། གོམ་པ་གཉིས་པ་བརྩེགས་མ་དག་གཏོར་གི་རེད། འདིའི་རྣམ་པ་ནི་རིག་གསར་སྐབས་དགོན་པ་དང་ལྷ་ཁང་བཤིག་པ་ལྟ་བུ་ཞིག་ལོས་ཡིན། གོམ་པ་གསུམ་པ་ནི་ཝེ་ལིའི་ནང་བོད་ཡིག་འབྲི་སྟངས་ལྟར་འབྲི་གི་རེད། གོམ་པ་བཞི་པ་ནས་ཐད་ཀར་དབྱིན་ཡིག་འབྲི་གི་རེད། སྐབས་འདིར་བོད་ཡིག་གི་ཡིག་གཟུགས་དག་ལ་ཊིན་གྱི་ཡིག་གཟུགས་སུ་འགྱུར་ཚར་ཞིང་། བོད་སྐད་ཀྱང་དབྱིན་སྐད་ལ་འགྱུར་འགྲོ་གི་རེད།

  8. སྤོབས་པ། says:
    2008-07-03 at 11:48 pm

    གྲོས་གཞི་བཏོན་པ་ཙམ་ལས་གྲོས་ཐག་བཅད་པ་མིན། སྟབས་གང་བདེ་བྱེད།

  9. ཨ་མྱེས་བྱ་ཁྱུང༌། says:
    2008-07-04 at 2:39 am

    ཚེག་གི་སྐོར་འདི་བཀླགས་པ་ཡིན། དེ་ནི་དགོས་མེད་ཅིག་ཏུ་སེམས། གང་ཡིན་ཟེར་ན། བསམ་ཚུལ་གླེང་རིམ་ནང་དོན་དག་གཉིས་བཤད་འདུག གཅིག་ནི་ཚེག་མེད་ན་བྲི་མགྱོགས་པ་དང༌། ཅིག་ཤོས་ནི། བར་སྟོང་བཞག་པས་ཀློག་བདེ་བར་ཤོད་པ་གཉིས་རེད། ད་ལྟ་ས་ཁོད་འདིར་འཛོམས་ནས་གླེང་བཤད་བྱེད་མཁན་ཚང་མས་གློག་ཀླད་ནང་ཡི་གེ་གཏགས་ཀྱི་ཡོད་པ་རེད། དེ་བཞིན་ཀློག་གིན་ཡོད་པ་རེད། ངས་བསམས་ན། ཚེག་གི་ཚབ་ལ་བར་སྟོང་བཞག་པས་བྲི་མགྱོགས་པ་ལ་ཁྱད་མི་སླེབས་པ་དང༌། ཡང་མིང་བརྡའི་བར་དང་མིང་བརྡ་དང་ཕྲད་ཀྱི་བར་སོགས་ལ་སྟོང་ཆ་བཞག་པས་ཀློག་བདེ་བའི་ཁྱད་སླེབས་པའི་རྒྱུ་མཚན་དེ་ཡང་མ་མཐོང༌། གང་ལྟར། བར་སྟོང་བཞག་ནས་ཀློག་བདེ་རུ་འགྲོ་བ་ཟེར་བ་འདི། བོད་ཡིག་ཀློག་སྦྱོང་བྱེད་མཁན་ལས་དང་པོ་བ་ཚོར་སྟབས་བདེ་བ་ནི་བདེན་པ་རེད། དེ་མིན་དགོས་པ་རྒྱུ་མཚན་གཞན་པ་ཞིག་ཅང་མཐོང་མ་སོང༌། ཚེག་གི་ཚབ་ཆ་ཚང་བར་སྟོང་ཞིག་གིས་བྱེད་ཐུབ་མིན་དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་ཏན་ཏན་རེད། འདིར་ངས་དེ་རིང་ཁ་སང་གི་ཕྲུ་གུ་ལོ་ཆུང་ཚོའི་བསམ་བློའི་སྐོར་ནས་ཅུང་བཤད་ན། བོད་ཡིག་གི་ནང་སྦྱོང་འབྲི་བ་དང་དབྱིན་ཡིག་གི་ནང་སྦྱོང་འབྲི་བ་གཉིས་ལས། དབྱིན་ཡིག་གི་ནང་སྦྱོང་འབྲི་བར་དགའ་མོས་བྱེད། དེ་ནི་གཞན་གང་ཡང་མ་རེད། བོད་ཡིག་ལ་དབྱངས་དང༌། མགོ་འདོགས་སོགས་ཀྱི་འགོར་གཞི་ཆེ་བ་དང༌། དབྱིན་ཡིག་ལས་དེ་མེད་པས་རེད། ཡིན་ནའང༌། ད་ལྟ་ང་ཚོས་ཤོད་ཀྱིན་པ་ནི། བོད་ཡིག་གི་ཚེག་གི་ཚབ་ལ་བར་སྟོང་བཞག་ན་ཚེག་འབྲི་མི་དགོས་པ་ཡིན་པས་བྲི་མགྱོགས་པར་ཤོད་ཀྱི་ཡོད་པ་རེད། བར་སྟོང་འཇོག་པ་དང་ཚེག་འབྲི་བ་གཉིས་ཕལ་ཆེར་འགོར་གཞི་གཅིག་པ་འདྲ་པོ་རེད། ང་ཚོས་གློག་ཀླད་ནང༌། དེ་རིང་ང་ཚོ། དེ རིང ང་ཚོ གང་བྲིས་ནའང༌། ཚེག་འཇོག་པ་དང་བར་སྟོང་འཇོག་པ་གཉིས་ཀར་དུས་ཚོད་གཏོང་དགོས་པ་མཉམ། དེ་བས་ན། བསམ་ཚུལ་འདི་ཁུངས་འཁྱོལ་བའི་བསམ་ཚུལ་ཞིག་མ་རེད། ཚེག་ཙམ་གྱིས་ག་ལ་ཚད། ཤད་ཁོ་ནར་ཡང་རྣམ་གྲངས་ཁ་ཤས་ཤིག་ཡོད་པ་རེད།

  10. ཁྱུང་སྟོད། says:
    2008-07-11 at 7:09 am

    མ་བསླབ་མ་སྦྱངས་པར་རང་སྣང་གང་ཤར་དུ་བརྗོད་པ་ནི་འགན་ལེན་མེད་པའི་སྟོང་བཤད་ཁོ་ནར་ངེས། ཐོག་མར་རང་ཉིད་ནས་བརྡ་སྤྲོད་ཀྱི་གཞུང་ལ་ལེགས་པོ་ཞིག་སྦྱངས་ཏེ་མིང་བརྡ་ཐ་སྙད་ལ་དག་ཐོན་པ་དང་།ཚིགས་ཕྲད་རྐྱེན་དང་རྣམ་དབྱེ་ལ་སོགས་པའི་བརྗོད་བྱ་དོན་གྱི་ངོ་བོ་སྟོན་པའི་ཚིག་གི་སྡེབ་སྦྱོར་ལ་བྱང་ཆ་ལྡན་པ་ཞིག་གནང་རྗེས། ད་གཟོད་སྐད་ཡིག་ལེགས་བཅོས་ཐད་ཀྱི་བསམ་ཚུལ་རེ་བརྗོད་འོས་མོད། ཐ་སྙད་ཚིག་ཕྲད་ཀྱི་སྦྱོར་བ་ཙམ་ལ་ཡང་ཤིན་ཏུ་རྨོངས་པའི་འུ་ཅག་ལྟ་བུའི་གླེང་གཞི་ནི་ག་ལ་ཡིན་ཏེ་མ་ཡིན་ནོ།

  11. སྤོབས་པ། says:
    2008-07-12 at 9:31 am

    སྐུ་ཞབས་ཚེ་རིང་ལགས། ཁྱེད་ཀྱིས་ང་ཚོ་ཞེས་པའི་ཚོ་སྒྲ་དེའི་ཁོངས་ན་སུ་ཡོད་མི་ཤེས་ཀྱང་གོང་དུ་གླེང་གཞི་སྤེལ་མཁན་དེ་རིགས་ལ་སྐད་ཡིག་བསྒྱུར་བཅོས་གཏོང་བའི་བསམ་ཚུལ་འདོན་མི་ཆོག་པའི་རྒྱུ་མཚན་མེད། རྗོད་བྱེད་ཚིག་གིས་བརྗོད་བྱའི་དོན་སྟོན་མ་ཐུབ་པར་ཁྱེད་ཀྱིས་གང་ཐད་ནས་གོ་བ་མ་ལོན་པར་ལུས་སོང༌། ཡིག་ནོར་རེ་གཉིས་མེད་པ་ཧ་ཅང་དཀའ། སི་ཏུ་པཎ་ཆེན་གྱིས་ཞུ་དག་གནང་བའི་སྡེ་དགེའི་བཀའ་འགྱུར་ན་ཡང་ཡིག་ནོར་ཁ་ཤས་རེ་ད་དུང་ལུས་འདུག། སྤྱིར་བཏང་སྡེ་དགེའི་བཀའ་བསྟན་འདི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་འབོད་པའི་མཁས་པ་ཆེན་པོ་དེས་ཕལ་ཆེར་སྐུ་ཚེ་གང་བོར་ཞུ་དག་གནང་བ་ཡིན་ཡང་ད་དུང་ཡིག་ནོར་གཏན་ནས་མེད་པ་བཟོ་ཐུབ་མི་འདུག ཞོལ་བཀའ་འགྱུར་འདི་ཡང་སྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཞེས་རིག་པའི་གནས་ལྔ་ལ་ཆགས་ཐོགས་མེད་པའི་མཁས་པ་དེ་ལ་སོགས་པས་ཞུ་དག་གནང་ཡང་ད་དུང་ཡིག་ནོར་གང་མང་མཐོང་རྒྱུ་འདུག དྲྭ་རྒྱའི་གླེང་སྟེགས་ནི་གླེང་མོལ་བྱེད་ས་ཙམ་ལས་བསྟན་བཅོས་རྩོམ་ས་དང་ཞུ་དག་བྱེད་མཁན་སོགས་མེད་པས་དེ་ཙམ་གྱི་ཟུར་ཟ་བྱེད་པ་ཡ་ཆ།

  12. རིན་ཆེན says:
    2009-08-18 at 4:13 pm

    ཡི་གེ་ཀློག་བདེ་མི་བདེ་བྱ་བ་ཡི་གེ་གང་ཞིག་ལ་གོམས་ཆ་ཆེ་མི་ཆེའི་ཁྱད་པར་ཡིན་མདོག་ཁ་པོ་རེད་་་་་་་་་་་
    གལ་ཏེ་ཁྱེད་རང་བོད་ཡིག་ལ་གོམས་ཆ་ཆེ་བ་ཡོད་ཚེ་་་་་་་་་་་་ གཅིག་བྱས་ན་་་་་་་You.might.like.it.better.when.the.written.form.of.English.appears.this.way.
    But if you get use to English, Hindi or Chinese more then Tibetan.
    ཁྱེད་ རང་ གི་ བོད་ ཡིག་ འབྲི་ སྟངས་ འདི་ ཀློག་ བདེ་ བ་ མཐོང་ སྲིད་་་་་་་་་་་་

    ཚངས་དབྱངས་ཀྱིས་བཤད་པ་དེ་ལའང་གོ་རྒྱུ་གཏན་ནས་མེད་པ་ཞིག་ཀྱང་མ་ཡིན་་་་་་་་་ སྔོན་མ་ཕོ་བྲང་ཆེན་པོ་པོ་ཏ་ལ་བྱ་བར་་་་་་་་་ ཕོ་ བྲང་ཆེན་ པོ་པོ་ ཏ་ལ་ ཞེས་ཀློག་པ་དང་་་་་་་་་ ང་ན་ཚ་མེད་བྱ་བར་་་་་་་ ང་ན་ ཚ་མེད་ ཅེས་ཀློག་པའི་ལོ་རྒྱུས་ཡོད་ཀྱང་ཡི་གེའི་བར་མཚམས་ཕྱེ་ཏེ་བྲིས་ཡོད་ཚེ་དཀའ་ལས་འདི་ཨེ་སྲིད་་་་་་་་་་་་

    དེར་མ་ཟད་མིང་ཚིག་དང་བྱ་ཚིག་གཉིས་ཀ་ལ་ཐ་སྙད་གཅིག་ཁོ་ན་སྤྱོད་པ་ཤེས་པ་བྱ་བ་ལྟ་བུ་ལ་མཚོན་ན་ཡི་གེ་འབྲི་སྟངས་གི་ཕྱོགས་ནས་བྱ་མིང་གང་ཡིན་དབྱེ་དཀའ་བ་ཞིག་ཡིན་ཀྱང་གལ་ཏེ་་་་་་་་་ ཤེས་ པ་ བྱ་ཚིག་འབྲི་སྟངས་དང་མིང་ཚིག་ཡིན་ན་ ཤེས་པ་ ཞེས་འཐད་ཀར་བྲིས་བའི་ལུགས་སྲོལ་ཞིག་ཡོད་ཚེ་འདི་ལ་སོགས་པ་བརྗོད་ཀྱིས་མི་ལང་པ་མང་པོ་ཞིག་ཀློག་བདེ་པས་མ་ཟད་དོན་གྱི་ཆ་ནས་ཀྱང་འཁྲུལ་བ་བདེ་བླག་ཏུ་བསལ་ནུས་པ་ཞིག་མེད་དམ་་་་་་་་་་་་

    གཅིག་བྱས་ན་ཨ་མྱེས་རྨ་ཆེན་གྱི་དམངས་གཙོ་ཚགས་པར་ཙམ་མ་ཟད་སྔ་མོའི་རྡོ་རིང་ཁ་ཤས་ལའང་འབྲི་ལུགས་དེ་སྤྱད་མེད་དམ་སྙམ་པ་འདུག་པས་འདི་དཔྱད་འོས་པ་ཞིག་ལས་མི་གཅིག་གི་བསམ་ཚུལ་ཡིན་པ་ལ་བརྙད་དེ་རིག་པ་ལ་སྒོ་ལྕགས་རྒྱབ་རྐྱང་བྱེད་ཆོག་ཆོག་ཅིག་བྱས་ན་ལེགས་པོ་ཨེ་ཡིན་སྙམ་་་་་་་་་་་་་་་་་་་་་་

  13. ཀརྨ་རྡོ་རྗེ་ says:
    2010-02-21 at 8:35 am

    བདེན་པ་་རེད། དེ་་ཡིན་ཙང་་ངས་་བར་སྟོང་་བཞག་ན་་སྐྱོན་་ཅུང་ཟད་་ཡོད་པས། ཐབས་ཅིག་་ཡོད་པ་་དེ་ནི། ཚིག་འཚམས་་གཅོད་ས་་རེ་ལ་་ཚེག་གཉིས་རེ་་བྲིས་ན་་ཕན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme