Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

2016 ལོའི་སྤྱི་འཐུས་སུ་ལངས་རྒྱུ་མིན།

Posted on 2015-08-252015-08-25 By ཁ་བརྡ 22 Comments on 2016 ལོའི་སྤྱི་འཐུས་སུ་ལངས་རྒྱུ་མིན།

༼སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱི་ངོ་དེབ་ནས་འདྲེན་བཀོད་ཞུས་པ་ཡིན༽

དེང་སྐབས་དྲ་རྒྱ་དང་། གསར་ལམ་ཁག དེ་བཞིན་ཕྱི་སྡོད་བོད་རིགས་མི་མང་འདུ་འཛོམས་ཀྱི་ཁོར་ཡུག་ཀུན་ན་འུར་ཟིང་ཆེ་བ་ནི་སྐབས་གཉིས་པའི་སྲིད་སྐྱོང་དང་། སྐབས་༡༦ པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཡིན་པས། འོས་སུ་བཞེངས་མཁན་གྱི་སྲིད་སྐྱོང་འོས་མི་དང་། སྤྱི་འཐུས་འོས་མི་རྣམ་པ་འཚངས་ཁ་ཤིག་ཤིག་གིས་ཕེབས་བཞིན་པ་དང་། ལྷག་པར་ཤེས་འཇོན་ཚད་ལྡན་གྱི་གཞོན་སྐྱེས་མང་པོ་ཞིག་སྤོབས་སེམས་ལྡན་པའི་ངང་སྲིད་སྟེགས་ཀྱི་སྡིངས་ཆར་མངོན་བཞིན་པ་ནི་དགའ་འོས་པའི་དོན་བཟང་ཞིག་ཡིན། འདི་ནི་མང་གཙོའི་ཁེ་དབང་ཡིན་ལ། བཙན་བྱོལ་དུ་ཕེབས་ཏེ་དཀའ་ལས་བརྒྱབ་པའི་མི་རབས་རྒན་པའི་ལས་གཞི་མཇུག་སྐྱོངས་ཤིག་ཀྱང་ཡིན་པས་བཀྲ་ཤིས་པ་ཞིག་ལ་ངོས་འཛིན་བྱས་ཆོག

སྐབས་སུ་བབ་པ་ཞིག་ནི། ཉེ་ཆར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ནས་ངེད་རང་སྐབས་༡༦ པའི་སྤྱི་འཐུས་སུ་ལངས་རྒྱུར་རྒྱབ་སྐྱོར་ཞུ་རྒྱུའི་སྙན་ཡིག་འབྱོར་བ་དང་། མི་རབས་གསར་པའི་མཐུན་ཚོགས་ནས་ཀྱང་སྤྱི་འཐུས་ངོ་སྤྲོད་ཀྱི་ཁོངས་སུ་འཇོག་རྒྱུ་སོགས་ཀྱི་བརྡ་ལན་འབྱོར་སོང་། དེ་བཞིན་མདོ་སྨད་པ་རྒན་རབས་ཁག་ཅིག་ནས་ཀྱང་སྤྱི་འཐུས་སུ་བསྐྱར་ལངས་དགོས་པའི་རེ་འདུན་བཏོན་སོང་།

ཁྱེད་རྣམ་པས་སྤྱི་དོན་འཁུར་ལེན་གྱི་བསམ་ཤེས་དང་། ལྷག་བསམ་གྱི་འབོད་བརྡ་ལ་ལག་ཟུང་ཐལ་མོ་སྦྱར་ཏེ་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཡིན་ན་ཡང་། འདབ་གཤོག་གཉིས་ལྡན་གྱི་གཞོན་སྐྱེས་མང་པོ་ཞིག་སྐབས་༡༦ པའི་སྤྱི་འཐུས་སུ་ལངས་དང་ལངས་བཞིན་པར་གོ་སྐབས་སྤྲོད་རྒྱུ་དང་། རང་ཉིད་ལ་མ་འདང་པའི་སྤྱི་འཐུས་ཚད་ལྡན་གྱི་ཆ་རྐྱེན་ཁག་ཅིག་ཁ་བསབ་ཐུབ་རྒྱུ་སོགས་ཀྱི་ཆེད་སྐབས་༡༦ པའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་ཕྱིར་འཐེན་བྱེད་རྒྱུ་གཏན་འཁེལ་བ་ལགས་ན་སྤྱི་སྒེར་སུ་རུང་ནས་ངེད་རང་འོས་སྦྱོར་དང་བརྒྱུད་འགོད་མི་བྱེད་པའི་འབོད་སྐུལ་ཞུ་རྒྱུ་དང་། འོས་མི་ངོ་སྤྲོད་བྱེད་པོ་རྣམ་པས་ཀྱང་ཀུན་སྤྱོད་གཙང་བ། ལངས་ཕྱོགས་བརྟན་པ། ཤེས་འཇོན་ཚད་ལྡན་རིགས་ཤིག་འདེམས་སྒྲུག་ངོ་སྤྲོད་ཀྱིས་མི་མང་ལ་རོགས་འདེགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ཕྱོགས་མཚུངས་སུ་ཕྱི་ལོ་༢༠༡༡ ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གི་འགོ་ཁྲིད་ལ་རྩིས་འབུལ་གནང་ཡོད་པ་དང་། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞེས་མི་མང་གིས་བདམས་པའི་སྲིད་སྐྱོང་ཐོན་པར་ཐུགས་དགྱེས་མཉེས་ཆེན་པོའི་བཀའ་སློབ་གནང་བ་འདིས་སྲིད་དོན་གྱི་སྟེགས་སུ་ཡོད་པའི་ཆོས་ལུགས་པའི་སྡེ་ལ་ཤུགས་བསྟན་གྱི་གོ་བ་ཞིག་ཡོད་ཀྱང་སྲིད། ལྷག་པར་ཁོང་གི་བཀའ་སློབ་སྙིང་གི་ནོར་བུའི་ནང་། དེང་སང་ཡུལ་གྲུ་ཁ་ཤས་ནང་ཐོབ་གོ་ས་དང་། དངུལ་དངོས་ཀྱི་ཁེ་ཕན། འཕྲལ་སྒང་གི་གཏམ་སྙན་གྲགས། ཐོབ་ཐང་སོགས་ཡོང་ཐབས་ལ་དམིགས་ཏེ་བླ་མ་གྲྭ་བ་སྲིད་དོན་ནང་འཛུལ་ཞུགས་བྱེད་པ་དེ་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་བ་ཡིན་ན་ཡག་རྟགས་ཤིག་རྩ་ནས་མིན་ཞེས་གསུངས་འདུག་པས། དེང་སྐབས་མི་མང་གི་འདོད་བབ་ལ་གཞིགས་ནའང་བླ་མ་གྲྭ་བ་སྲིད་ལ་ཞུགས་རྒྱུར་མོས་འདུན་མེད་པའི་ཕྱོགས་ཙམ་མཐོང་བཞིན་འདུག་པས་ངས་རང་ཉིད་ལ་འཛུབ་མོ་ཞིག་ཀེར་དགོས་པ་སྐབས་དང་དུས་ལ་རན་པ་ཞིག་ཏུ་མཐོང་སོང་།

ལག་ཟུང་སྙིང་ཀར་སྦྱར་ཏེ་བཀའ་དྲིན་ཞུ་ཡུལ་ཉག་གཅིག་ནི། སྐབས་༡༥ པའི་སྤྱི་འཐུས་འོས་བསྡུའི་སྐབས་སུ་ང་ལ་ལྷག་བསམ་རྣམ་དག་དང་། ཡིད་ཆེས་གཙང་མ། དྲངས་ཚུགས་བརྟན་པའི་སྒོ་ནས་རྒྱབ་སྐྱོར་གནང་མཁན་གྱི་སྙིང་ཉེ་བའི་མདོ་སྨད་རྒྱ་ཆེ་མི་མང་རྣམས་ཡིན་པས། སྤྱི་འཐུས་ལོ་ལྔའི་རིང་རྡ་སའི་ཉེ་འཁོར་དང་ཁ་མ་བྲལ་བར། ཚོགས་གཙོ་སྦྲེལ་བོས་བསྐོ་འཇོག་དང་བཀོད་ཁྱབ་གནང་བའི་ལམ་སྟོན་དང་ལས་རིམ་ཁག དེ་བཞིན་རྒྱུན་བཞུགས་རྒྱུན་ལས་ཀྱི་འགན་འཁུར་ཞུས་པ། ཆད་ལྷག་མེད་པར་ཚོགས་བཅར་གཙང་མ་ཞུས་པ། ས་ཁུལ་བགོས་འགྲེམ་ལ་ཕྱོགས་སྐྱོད་ཀྱི་ཆ་ཤས་བླངས་པ། གཞན་ཡང་སྤྱི་འཐུས་ཀྱི་ལས་རིམ་བར་གསེང་སྐབས་དབུ་མའི་ལམ་གྱི་ལས་གཞི་གལ་ཆེར་བསམ་ཏེ་དབུ་ལམ་དབུས་ལས་འགུལ་ཁང་དུ་ལོ་གཉིས་དང་ཕྱེད་ལྷག་གླ་ཕོགས་སོགས་གང་ལ་ལྟོས་མེད་ཀྱིས་དྭང་བླངས་ཞབས་ཞུ་ཞུས་པ་དང་། ས་གནས་ཁག་སུམ་ཅུ་ལྷག་ཙམ་ནང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་དུ་སོང་བ། མདོ་སྨད་དབུས་རྒྱུན་ལོ་གསུམ་ལས་ཡུན་ཆ་ཚང་ཞུས་པ། སྐུའི་གྱ་སྟོན་ཚོགས་ཆུང་ནང་འགན་འཁུར་ཞུས་པ། དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་སྐུའི་བརྟན་བཞུགས་ཕུལ་བའི་འགན་འཁུར་ཞུས་པ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཁྱབ་ཁོངས་སུ་གང་ཡོང་གིས་ཞབས་འདེབས་ཕྲན་ཙམ་ཞུ་བའི་སྐལ་བཟང་བྱུང་བ་ནི་ངས་ཁྱེད་ཅག་ལ་ལས་བསྡོམས་ཉིང་བསྡུས་ཤིག་གི་དོད་ཙམ་ཡིན་ལགས།

སྐབས་༡༥ པའི་སྤྱི་འཐུས་ལས་ཐོགས་རྨོག་རུ་བསྟན་པ་ནས་ ༢༠༡༥/༨/༢༠ ཉིན།

གསར་འགྱུར།

Post navigation

Previous Post: འདམ་ལྕོག་རྩེ་ལ།
Next Post: སྐད་ཡིག་གཙང་མ་བེད་སྤྱོད་གནང་ཕྱོགས་སྐོར།

Comments (22) on “2016 ལོའི་སྤྱི་འཐུས་སུ་ལངས་རྒྱུ་མིན།”

  1. ཞོལ་གཡག་འབྲོང་རྒྱུད། says:
    2015-08-25 at 1:58 pm

    བཟང་ཕྱོགས་ཀྱི་གོམ་པ་དང་པོ་དེ་རེད། ལོ་མང་སྤྱི་མཐུས་ཀྱི་ཞབས་སྟེགས་བཟུངས་བསྡད་མཁན་ཚོས་ཁོང་ལ་མིག་དཔེ་བལྟ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།

  2. ཁུ་བྱུག says:
    2015-08-25 at 2:55 pm

    བསམ་ཤེས་ལ་བཀའ་དྲིན་ཆེ། དེང་བླ་མ་གྲྭ་བས་སྲིད་ལ་ཐེ་ཏོག་བྱེད་བཞིན་པ་ལེགས་གནས་སུ་མ་མཐོང་ལ། གྲོས་ཚོགས་ནང་ཕུ་མདའ་དཀྲུག་མཁན་མང་ཆེ་བ་ཆབ་སྲིད་ཀྱི་ཤེས་རྒྱ་དབེན་པའི་གྲྭ་རྒན་རྐྱང་རྐྱང་རེད་འདུག མི་སྐྱ་ཆོས་ཀྱི་གོ་རྟོགས་ཞན་པོ་ཚོས་ཆབ་སྲིད་པ་བླ་གྲྭ་དེ་དག་གིས་ཉེ་རིང་ཆགས་སྡང་གི་བྱས་ཉེས་སྐྱུག་བྲོ་རྣམས་རིག་དུས་སངས་རྒྱས་ཀྱི་བསྟན་པ་ལའང་རྨ་འབྱིན་སྲིད་པ་དང་། རང་ཉིད་གྲྭ་བ་རྣམ་དག་ཡིན་ན་ཁྱིམ་པ་བསུན་སྦྱིན་གྱི་ལས་ཀྱང་བསག་པ་སོགས་ཕྱོགས་ཡོངས་ནས་བླ་གྲྭས་སྲིད་ལ་ཇུས་ཏོག་སྤངས་ན་ལེགས་སྙམ།

  3. བཙན་པོ། says:
    2015-08-25 at 3:24 pm

    ཨེ་མ་ཧོ། འདི་ལས་ལྷག་པའི་གཏམ་བཟང་གང་ན་འདུག ད་ནི་གྲོས་ཚོགས་ར་བའི་ནང་གི་གྲྭ་རྒན་སྨྱོ་འཚུབ་བེར་བ་དེ་དག་གིས་བཀུར་འོས་རྨོག་རུ་བསྟན་པ་བཟང་ཕྱོགས་མིག་དཔེ་ཡ་མ་བྲལ་བ་བླངས་ཏེ་གྲོས་ཚོགས་ནས་ཐོན་རོགས་གནང་། ད་དུང་གཏམ་བཟང་ཞིག་ལ་རི་བོ་དགེ་ལུགས་པའི་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་སྐབས་རྗེས་མའི་སྤྱི་འཐུས་འོས་འགྲན་ཁྲོད་ཞུགས་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་འདུག

  4. བོད་ཀྱི་རིགས། says:
    2015-08-25 at 3:36 pm

    ཡག་བྱུང་། ཨུ་གོ། གྲྭ་རྒན་བླ་རྒན་ཚོར་དགོས་པའི་དམིགས་དཔེ་ཞིག་ཐོན་བྱུང་། འཆར་་གཞི་གཞན་ཞིག་མེད་ན་བཟང་། ཆབ་སྲིད་དང་རྦད་དེ་ཁ་བྲལ་བ་དེ་ཤིན་ཏུ་བཟང་། ཕྱིར་གདན་སར་ཕེབས་ཏེ་སློབ་གཉེར་གྱི་མཇུག་སྐྱོང་ཐུབ་ན་ལེགས། ཆོས་མེད་སྲིད་མེད་ཅིག་མ་གནང་རོགས། མདའ་དཀྲུག་ཕུ་དཀྲུག་དེ་ཡང་མ་གནང་རོགས། བཀའ་དྲིན་ཆེ།

  5. ལྷ་སྡེ་གནམ་ལོ་ཡག says:
    2015-08-25 at 8:48 pm

    ངས་བལྟས་ན། བོད་ལ་ཚད་གཞི་ངེས་ཅན་ཡོད་པའི་རང་དབང་ཞིག་མ་བྱུང་བར་དུ་དགེ་འདུན་པ་ཚོའང་བོད་དོན་ཐད་འོས་འགན་ངེས་ཅན་ཞིག་འདུག་བསམ། ཐ་ན་གོ་མཚོན་ཐོགས་ནས་གཡུལ་ལ་འགྲོ་དགོས་པའི་ཉིན་མོ་ཞིག་ལའང་འགྲོ་རྐྱང་གནང་བ་ལས་ཀ་ཀོར་བཤད་ས་ལྷག་མི་འདུག དེ་ལས་ལྡོག་ནས་བོད་ཀྱི་བདེན་མཐའ་སེལ་བའི་ཕྱི་ཉིན་ནས་སྲིད་དོན་ནང་ཞུགས་པ་སྤང་ནས་འཇིག་རྟེན་ཀུན་ཁྱབ་ཀྱི་འོས་འགན་ཉམས་སུ་ལེན་ཐུབ་ན། ད་གཟོད་ཆོས་པ་རེད་ལ་བདག་ལས་གཞན་གཅེས་ཀྱི་རྒྱལ་བའི་སྤྱོད་པའང་རེད་འདོད། ཡིན་ནའང་། དགེ་བཤེས་རྨོག་རུ་བསྟན་པ་ལགས་ཀྱིས་སེམས་ཐག་བཅད་ཟིན་པས། སྒྲུབ་པ་ཉམས་ལེན་གྱི་ཐད་ནས་མིག་དཔེ་བཟང་བོ་ཞིག་ཞོག་པའི་རེ་བ་དང་སྨོན་འདུན་གཉིས་ཀ་ཡོད།

  6. གངས་ཕྲུག། says:
    2015-08-25 at 10:06 pm

    གྲྭ་པས་སྲིད་དོན་གྱི་བྱ་བ་བྱེད་རྒྱུར་གཙོ་ཆེ་སོང་ན་མིང་ཙམ་གྱི་གྲྭ་པ་ཡིན་པ་ལས་མཚན་ཉིད་ཚང་བའི་གྲྭ་པ་ཞིག་མིན་པར་གསལ་པོ་རེད། སྲིད་དོན་ལབ་དུས་གྲོས་ཚོགས་ནང་ལ་འཛུལ་དང་མ་འཛུལ་ཅིག་པུས་མ་རེད། གྲྭ་གཟུགས་ཁ་ཤས་སྤྱི་ཚོགས་དང་མི་སྡེ་གང་སར་ཁྱི་འཁྱམས་བཞིན་དུ་འཇིག་རྟེན་པའི་བྱ་བ་དང་འབྲེལ་བའི་གཏམ་དང་སྙན་གྲགས། ཐོབ་དང་གོ་ས། རྒྱུ་དང་དངོས་དངུལ། གཡོན་སྦྱོར་དང་ཕྱོགས་ལྷུང་། གཡོལ་སྒྱུར་དང་ཁྲམ་པ་སོགས་མི་སྤྱོད་ངན་པ་རིགས་ལ་རྒྱུགས་བཞིན་དེ་དག་ངེས་པར་དུ་མེད་པ་བཟོ་དགོས། སྲིད་དོན་གྱི་བྱ་བ་ཉུང་དུ་གཏོང་ནས་ཆོས་ཕྱོགས་ཀྱི་ལས་ལ་འབོད་པ་ཆེ་ཙམ་དགོས་རྒྱུ་དེ་གྲྭ་པའི་བཟང་སྤྱོད་རེད། གང་ལྟར་མི་སྡེའི་སྤྱི་ཚོགས་དང་གྲོང་འདབ་ཀྱི་གྲྭ་གཟུགས་དེ་ཚོར་ཚོད་འཛིན་དང་དོར་ལེན་དགོས་རྒྱུ་ནི་སྤྱི་ཚོགས་དང་མི་སྒེར་གང་ཅིས་འོས་འགན་རེད།

  7. གཙན་ནག་པ། says:
    2015-08-25 at 11:00 pm

    སྲིད་ཀྱི་བྱ་བ་སྤངས་ནས་ཆོས་སྣལ་མ་བྱེད་པ་ནི་སྟོན་པ་ཤཀྱའི་རྒྱལ་པོའི་རྣམ་ཐར་བཟང་པོ་ཞིག་རེད་རྗེས་སུ་ཡིད་རང་ཞུ། འོན་ཀྱང་ཆོས་སྲིད་གཉིས་ཀ་སྤངས་ཏེ་སྲང་ལམ་གསུམ་མདོ་ཀུན་པ་ཁྱི་འཁྱམས་བཞིན་རྒྱུགས་པའི་ཕུང་གསུམ་པ་ཞིག་དུས་ནམ་ཡང་མ་གནང་རོགས་བཞེས་རེ་བ་སྙིང་ནས་ཞུ།།

  8. ལྷ་མོ། says:
    2015-08-26 at 2:08 am

    རྨོག་རུ་བསྟན་པའི་ཐག་གཅོད་འདི་ལ་ངོ་མ་བསྔགས་བརྗོད་ཡོད། ཧ་ཅང་གི་རླབས་ཆེན་དགོངས་གཞི་རེད།ཆོས་པ་ཆོས་ས་ནས་བསྡད་ན་ངོ་མ་ཡག དེ་མིན་དེང་སང་གྲྭ་བ་དེ་ཚོའི་ནང་དུ་མི་སྐྱ་ལས་སྡུག་པའི་ཚོར་བ་བྱུག་སྟེ་དྲ་ལམ་ཁག་ན་སྨྱོན་རྟགས་སྟོན་གི་འདུག

  9. སྟག་སེང་ཁྱུང་འབྲུག says:
    2015-08-26 at 2:12 am

    བསམ་བློ་ཡག་པོ་བཏང་གནང་འདུག དངོས་གནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། གསར་འབྱོར་ཚོ་ལངས་ན་ཕན་ཐོགས་ཆེ་བར་མཐོང་། གཞིས་ཆགས་ཚོ་ལ་བློ་གཏད་ཡོད་མ་རེད།

  10. རྨོག་རུ་བསྟན་པ། says:
    2015-08-26 at 2:41 am

    གྲོགས་རྣམས་སྐུ་ཁམས་བཟང་། ཁ་བརྡ་ཚང་གིས་ངེད་ཀྱི་འབོད་བརྡ་དྲ་ཐོག་ཏུ་བཞག་པ་དང་། དྲ་གྲོགས་མང་པོ་ཞིག་ཕེབས་ཏེ་རང་རང་གི་དྲན་ཚུལ་གྱི་དགོངས་འཆར་དང་ལམ་སྟོན་གནང་འདུག་པར་སྙིང་ནས་བཀའ་དྲིན་ཆེ།
    ཁྱེད་རྣམ་པས་གང་བཤད་ཀྱང་སྤྱི་ཚོགས་ལ་འགན་འཁུར་བའི་ཚོར་བར་ངོས་འཛིན་བྱེད་ངེས་ཡིན་པས་ནམ་ཡང་བཀའ་དྲིན་ཆེ།

  11. ཅོ་རི་ཉི་མ། says:
    2015-08-26 at 2:54 am

    དམ་པ་དགེ་ཆོས་ཀྱིས།
    བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས།
    ཐོབ་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པས།
    འཁྲུལ་སྣང་བདེ་གནས་སྐབས་རྨི་ལམ་ཙམ་སོང་རྗེས།
    ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣང་རེ་འདུག་གོ་་་་་ཅེས་པ་ལྟར་

    བལྟས་ན་སྐྱིད་སྐྱིད་འདྲ་བའི་གྲོས་འཚོགས་ཀྱི་རྐུབ་སྟེགས།
    ཐོབ་ན་རང་རང་སྐབས་ཀྱི་རྙོག་དྲག་རེ་ཡོད་པས།
    འཁྲུལ་སྣང་སྲིད་ཀྱི་གོ་གནས་རྨི་ལམ་ཙམ་སོང་རྗེས།
    འདི་ཕྱི་གཉིས་མེད་སོང་བས་སྐྱོ་སྣང་ཞིག་བསླེབས་ཤག་་་ཧཧ

    དམ་པ་དགེ་ཆོས་ཀྱིས
    ཉེ་འབྲེལ་འཁོར་གཡོག་འཛོམས་པ་ཚོང་འདུས་ཀྱི་མགྲོན་པོ།
    སྟོབས་འབྱོར་ཁེངས་དྲེགས་དར་བ་རྨི་ལམ་གྱི་ལོངས་སྤྱོད།
    སྐྱིད་སྡུག་སྤེལ་མའི་ཉམས་མྱོང་དབྱར་དགུན་གྱི་འགྱུར་ལྡོག
    བསམ་ཞིང་མ་བཅོས་ཤུགས་པའི་གླུ་དབྱངས་ཤིག་ཤོར་སོང་།།

  12. ཅོ་རི་ཉི་མ། says:
    2015-08-26 at 3:24 am

    ཆོས་པ་ཆོས་སར་བསྡད་དགོས་ཟེར་བའི་སྐད་ཆ་འདི་ཁ་ཞེ་གཉིས་ཀྱིས་བཤད་ཡོད་ན་ཆོས་སྲིད་གཉིས་ཀྱི་དབང་ཆ་ཟིན་བསྡད་མཁན་ཆེ་ཆེ་དྲག་དྲག་རྣམས་ལ་ལབ་དགོས་རེད། མ་གཏོགས་གྲྭ་པ་གྲྭ་རྐྱང་ཚོའི་ཐོག་ཏུ་བཤད་པས་ཅང་ཕན་ཐོགས་མེད་པ།

    བོད་ནང་གི་དགོན་སྡེ་ཁག་ནི་དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་་འཆད་རྩོད་རྩོམ་བྱེད་ས་དང། འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་ཁྲིམས་ཐག་བཅད་ས་ཆགས་བསྡད་ཡོད་པ་ནི་མིག་མདུན་དུ་ཡོད། བླ་སྤྲུལ་རྣམས་ནི་ཆོས་སྲིད་གཉིས་ཀྱི་ཐོག་ཏུ་ལག་པ་བརྐྱངས་མཁན་མང་ཤོས་རེད།

    བཙན་བྱོལ་ནང་དུ་བླ་སྤྲུལ་ཆེ་ཆེ་དྲག་དྲག་རྣམས་ལ་ཅང་ཞུ་མི་ཕོད་པར་ཉམ་ཆུང་གྲྭ་རྐྱང་ཚོའི་ཐོག་ཏུ་ཁྱི་ཟུག་ཟུག་བྱས་བསྡད་པ་འདིའི་ཕུགས་བསམ་ངོ་མ་ཕྱོགས་ཞེན་ཙམ་ལ་ངོས་འཛིན་བྱེད་ཀྱི་ལས་ཅང་མེད། དོན་དངོས་པོའི་ཐོགས་ནས་ཆོས་སྲིད་ཟུང་འབྲེལ་ལ་དགག་པ་རྒྱབ་མཁན་ཞིག་ཡིན་ན་ཆེ་ཆེ་དྲག་དྲག་རྣམས་ལ་རྒྱབ་དགོས་ངེས་རེད་དོ། སྟག་བཞག་ནས་ཞི་མི་ལ་རྡུང་རྡེག་བཏང་ནས་ཅི་ཕན་ནམ།

  13. སྒྲོལ་མ་མེ་ཏོག says:
    2015-08-26 at 4:18 am

    མི་མང་པོས་སྐབས་གཉིས་པའི་སྲིད་སྐྱོང་འོས་བསྡུ་ཞེས་ལབ་ཀྱི་འདུག རྨོག་རུས་ཀྱང་དེ་ལྟར་ལབ་འདུག ད་སྔ་བློ་བཟང་སེངྒེ་བཀའ་བློན་ཁྲི་པར་འོས་འདེམས་བྱས་པ་ལས་སྲིད་སྐྱོང་ལ་འོས་འདེམས་བྱས་མེད། སྲིད་སྐྱོང་འོས་བསྡུ་ནི་ད་ཐེངས་དང་པོ་ཡིན། ལོ་མང་པོ་ཕྱིན་རྗེས་ལོ་རྒྱུས་དེབ་ཐེར་ནང་འདི་ལྟར་འགོད་ནོར་ཐེབས་ཉེན་ཆེ་བས། ཡིད་གཟབ་བྱ་གལ།

  14. ཅོ་རི་ཉི་མ། says:
    2015-08-26 at 4:23 am

    བཙན་བྱོལ་སྒྲིག་འཛུགས་ཀྱི་བང་མཛོད་ནང་གི་ཙི་ཙི་དག་གིས་དགྲ་བོ་ངོ་མ་ཞི་མི་རེད། བང་མཛོད་ནང་གི་ཙི་ཙི་ཚོས་ངོས་ནས་བྱས་ན་ཆོས་རྒྱུད་ཁག་གི་སྤྱི་འཐུས་གྲྭ་རྐྱང་ཞི་མི་འདྲ་བ་དེ་དག་བཀག་ཐུབ་ཐབས་བྱེད་དགོས་ངེས་རེད། བཀག་མ་ཐུབ་ན་བང་མཛོད་ནང་དུ་ཙི་ཙི་ཡིས་སྣང་བ་གང་སྐྱིད་བྱེད་ས་མེད། འདིར་བོད་མི་དམངས་ཀྱིས་ཤེས་ཀྱི་ཡོད། དངོས་ཡོད་ཡིན་ནོ། བང་མཛོད་སྟོང་པ་བཟོ་འདོད་ན་ཞི་མི་རྩ་མེད་བཟོ་དགོས། འབྲུ་རིགས་འཕེལ་རྒྱས་འགྲོ་དགོས་ན་ཙི་ཙི་རྩ་མེད་བཟོ་དགོས།

    མའོ་ཀྲུང་ཞིའི་ཡིས་ཞི་མི་དཀར་ནག་གཉིས་ལ་ཁྱད་མེད་ཅེས་བཤད་པ་རེད། ཙི་ཙི་སུས་བསད་ན་སྤྱི་དོན་རེད་ཅེས་བཤད་པ་རེད་དོ། ཡིན་ཀྱང་མའོ་ཤི་ནས་བཟུང་ཙི་ཙི་མང་པོ་བཙོན་ཁང་ནས་ཐོན། ཙི་རྒན་ཏན་ཞོ་ཕིང་གཙོ་བོར་གྱུར་པའི་རྒྱ་ནག་པོའི་ཡུལ་དུ་ཀུན་སྤྱོད་མེད་པའི་ཙི་ཙི་ཡིས་ཁེངས། མ་ཟད་ཙི་ཙི་ལ་ལྕགས་ཀྱི་སོ་སྐྱེས་གསེར་དངུལ་ཡང་ཟོས། རྡ་སའི་ཙི་ཙི་ལྕགས་ཀྱི་སོ་ཅན་དེ་དག་གི་ཁ་གཏོད་སུ་ཡིས་བཅག་དགོས་སམ།

  15. ཅོ་རི་ཉི་མ། says:
    2015-08-26 at 4:36 am

    སྤྱི་པའི་བང་མཛོད་ནང་གི་ཙི་ཙི་ལ།
    ལྕགས་ནག་དུག་གི་འགྲམ་སོ་སྐྱེས་ཉིན་མོར།
    ལྕགས་ཀྱི་སྡེར་མོ་ཅན་གྱི་ཞི་མི་ལ།
    དམངས་ཀྱིས་བློ་གཏད་མི་བཅོལ་ཀ་མེད་རེད།།

    རྒྱུ་འབྲས་དྲང་བདེན་བོར་བའི་སྤྱི་ཚོགས་ནང་།
    རྐུ་མ་ཇག་པ་མགོ་བོ་མཐོ་དུས་སུ།
    དཔུང་པའི་ཤ་རྒོད་རྒྱས་པའི་རྡོ་རྡོ་ལ།
    ཉམ་ཆུང་རེ་བ་མི་བཅོལ་ཀ་མེད་རེད།།

  16. ཅོ་རི་ཉི་མ། says:
    2015-08-26 at 4:54 am

    ཙི་ཙི་སྟག་ལ་དགའ་བའི་རྒྱུ་མཚན་ཡོད།
    སྟག་གིས་ཙི་ཙི་བསད་པའི་ལོ་རྒྱུས་མེད།
    སྟག་རྒོད་མགོ་བོར་རྡུངས་མཁན་དཔའ་བོ་དེ།
    ནག་པོ་རྒྱ་ཡི་ཡུལ་གྱི་ཝང་སང་རེད།།

    སྟག་མོས་ངར་སྐད་སྒྲོག་དུས་བྲིས་འགྲོ་མཁན།
    ཞི་བའི་རྩྭ་ཟན་ཅན་གྱི་རི་དྭགས་རེད།
    རྩྭ་ཟན་ཤ་རུས་ལོངས་སུ་སྤྱོད་མཁན་དེ།
    ཙན་དན་སྡོང་པོའི་ཁྲོད་ཀྱི་སྟག་མོ་རེད།

  17. གངས་ཅན་། says:
    2015-08-26 at 7:06 am

    རྨོག་རུ་བསྟན་པ་ནི་གྲྭ་ས་ཡོད་དུས་གྲོང་སར་དགའ་བ་དང་གྲོང་སར་སྡོད་དུས་གཡོལ་སྒྱུར་ལ་དགའ་བའི་མགོ་རིལ་ཅན་གྱི་སྐབས་འཚོལ་སྲིད་དོན་པ་ཞིག་རེད། ཨ་མདོ་བ་ལ་ཨོ་འདོ་མེད། ཟེར་བ་ནི་ཅི་མི་བདེན། མི་འདི་ཚོའི་རིགས་ཀྱི་བྱ་སྤྱོད་ལ་ལྟོས་ན་དགོད་མོ་ཤོར་ཡ་རང་རེད།

  18. རིན་ཆེན says:
    2015-08-26 at 7:34 am

    ཡག་པོ་རེད་ཆོས་རྒྱུད་སྤྱི་འཐུས་དགོས་མེད་བཟོས་ན་འགྲིག་གི་རེད། ཆོས་པ་ཡག་པོ་མ་བྱུང་།འཇིག་རྟེན་པ་ཡག་པོ་ཞིག་ཀྱང་མི་བྱུང་བར་ནས་ཕུང་གསུམ་པ་ཞིག་བྱས་ན་མི་འོས།བསྟན་པ་ཡར་འཕེལ་བཀའ་རྒྱུད་སྤྱི་འཐུས་དེ་ད་རུང་དགོངས་པ་ཞུ་གི་མ་རེད་ལ།རྙོག་དྲ་ལ་དགའ་མཁན་ཚོས་རྐུབ་སྐྱག་སྲུང་ནས་འདུག་གི་རེད།

  19. ཇུང་ཏོག་ says:
    2015-08-26 at 8:54 am

    གཏམ་བཟང་རེད་དེ་འདྲ་བའི་གཏམ་བཟང་ཆོལ་ཁ་གཞན་དང་ཆོས་ལུགས་ཚོར་ཡང་དགོས་པ་རེད་མ་གཞི་ཆོལ་ཁའི་ནང་དུ་ཡོད་པའི་ཀླད་རྙིང་དེ་ཚོ་རེད་ཆོལ་ཁ་དང་ལུང་ཚན་གྱི་མིང་ཁྱེར་རང་ཕྱོགས་ཀྱི་མི་སྲིད་སྐྱོང་འོས་མི་འདོན་ནས་མི་མང་མགོ་འཐོམ་དུ་བཅུག་འདུམ་།

  20. གངས་ཕྲུག། says:
    2015-08-26 at 11:22 am

    རྨོག་བསྟན་འདིས་བྱེད་རྒྱུ་མང་བའི་འཆམ་པོ་ཞིག་རེད།

  21. བྱམས་པ། says:
    2015-08-26 at 12:09 pm

    འདབ་གཤོག་གཉིས་ལྡན་ཚོ་མང་དུ་བཞེངས་རོགས། རྨོག་བསྟན་གྱི་ཐག་གཅོད་འདི་བུ་རྒོད་པོའི་ཐག་གཅོད་ཅིག་རེད།

  22. བྱམས་པ། says:
    2015-08-26 at 12:10 pm

    ཁྱེད་ནང་བཞིན་བསོད་ནམས་རྒྱལ་མཚན་གྱིས་ཀྱང་བསམ་བློ་གཏོང་ཤེས་ན་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme