Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

2012/5/11 ཉིན་གླིང་ཚ་མ་བུ་གསུམ་ལ་ཁ་བརྡ་བྱས་པ།

Posted on 2012-05-122012-05-12 By ཁ་བརྡ་ 57 Comments on 2012/5/11 ཉིན་གླིང་ཚ་མ་བུ་གསུམ་ལ་ཁ་བརྡ་བྱས་པ།

ཚེ་བརྟན་རྡོ་རྗེ་ཡིས།

ངས་འཐབ་རྩོད་འདི་མཚམས་འཇོག་བྱེད་པ་ནམ་ཡང་མེད། ང་ཤི་བ་ན་འཐབ་རྩོད་མཇུག་རྫོགས་པ་རེད། ཨ་མ་དང་ལྷ་མོ་སྐྱིད་གཉིས་ཀྱི་སྐོར་ལ་སྐད་ཆ་གང་ཡང་མེད། ཁོ་གཉིས་ལ་སྐད་ཆ་ཕྲིས། ཨ་མ་སྨན་ཁང་ལ་བསྟན་དེ་དགའ་རུ་སོང་བ་དང་མུ་མཐུད་འཐབ་རྩོད་གོམ་བགྲོད་བྱེད་རྒྱུ་མ་ཟད། ས་ཁུལ་གཞན་ཞིག་བརྒྱུད་བལ་ཡུལ་ནང་འཛུལ་ཐབས་བྱས་ཏེ་བོད་ལ་འགྲོ་རྒྱུ་ཡིན་ཟེར། ཨ་མ་ལྡོམ་པོ་སྐྱིད་ཀྱིས། ངའི་བུ་གཅིག་པོ་བཏང་སྟེ་ང་ཨ་མ་ཞིག་གི་ངོས་ནས་ཅི་ལྟར་འདུག་ཤེས་སམ། ཚེ་བརྟན་རྡོ་རྗེ་ཡིས་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་གང་ནས་སྤེལ་ན་ང་ཡང་ཁོའི་རྐང་པ་ལ་འབྱར་ནས་འགྲོ་རྩིས་ཡོད། ཕྱིར་འཐེན་ནམ་ཡང་མེད། ངའི་བུ་ཡི་སྔོན་ལ་ང་རང་ཤི་ཐུབ་པར་སྨོན་ལམ་བྱེད་རྒྱུ་ཡིན། ངེད་མ་བུ་ཚོའི་སེམས་པ་དཀར་པོ་དཀར་རྐྱང་ཡིན། ངེད་ཚོས་མྱངས་བའི་དཀའ་ངལ་དང་སྡུག་བསྔལ་འདིས་རྒྱལ་བ་རིན་པོ་ཆེ་དང་། བོད་མི་རིགས་ཀྱི་སྤྱི་དོན་འགྲུབ་པར་ཤོག་ཅེས་སྨོན་ལམ་འདེབས་རྒྱུ་ཡིན། ཟླ་བ་གཉིས་ཀྱི་གོམ་བགྲོད་རིང་དཀའ་ངལ་ཡོད་དང་ཡོད། ཚང་མས་ཤེས་གསལ་རེད། ཡིན་ནའང་། ཞི་བའི་འཐབ་རྩོད་འདིས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་པར་ཕན་རེ་ཐོགས་ན། བོད་མི་རིགས་ལ་ཕན་རེ་ཐོགས་ན་བསམ་ནས་སེམས་ཤུགས་ཆེ་རུ་འགྲོ་བ་མ་གཏོགས་ཆུང་དུ་རྩ་ནས་སོང་མེད།

གྷོ་ར་པུར་དུ་སླེབས་སྐབས་གཞོན་ནུས་གསལ་བསྒྲགས་སྤེལ་བ་ཞིག་གོ་སོང་། སྙིང་ལ་གྲི་བཙུགས་པ་དང་གཅིག་པ་རེད། ངེད་མ་བུ་ཚོས་མི་ཚང་བློས་གཏོང་བྱས་ནས་ལས་འགུལ་ཞིག་སྤེལ་བར་བྱས་པ་ལ་ངོ་སོ་ཕར་ཞོག དེ་འདྲ་ཞིག་བཤད་སྲོད་འེ་ཡོད། ངོ་མ་སེམས་པ་སྐྱོ་ཐལ། ང་ནི་གྲོང་གསེབ་བུད་མེད་ཅིག་གིས་ཅི་ཡང་མི་ཤེས་མོད། ཚེ་བརྟན་དང་མང་པོ་ཞིག་གིས་སྐྱོན་ཡོད་པ་མ་རེད་ཟེར་བ་དང་། ཚེ་བརྟན་གྱིས་དེ་ལ་ལན་འདེབས་ཀྱང་བྱེད་ཀྱིན་མི་འདུག་པས་སྐྱོན་མེད་པ་འདྲ་ཞིག་མཐོང་སོང་། ད་ང་ཚོ་གཅིག་བུས་འཐབ་རྩོད་བྱས་པ་ཙམ་གྱིས་ནུས་པ་ཐོན་རྒྱུ་ཁག་པོ་རེད། བོད་པ་མི་མང་ཚང་མ་ལངས་ནས་ལས་འགུལ་སྤེལ་རྒྱུར་ངོ་མ་རེ་བ་ཅིག་ཆེ་ཀི ངའི་བུ་མོ་ལོ་ཆུང་ཆུང་རེད། སེམས་ཁྲལ་མང་པོ་བྱེད་ཀྱིན་འདུག་པས་ཁོ་མོའི་སེམས་ལ་དཀའ་ངལ་རེ་འཕྲད་མི་ཡོང་ངམ་བསམ་ན་ཟེར་བཞིན་(མིག་ཆུ་གཏོང་བཞིན། )

ལྷ་མོ་སྐྱིད་ཀྱིས།
ང་རང་འཐབ་རྩོད་དུ་འགྲོ་རྒྱུར་དཀའ་ངལ་གང་ཡང་མི་འདུག ད་ལྟ་བར་སོང་བ་རེད། དཀའ་སྣང་བྱུང་མ་སོང་། ང་ལ་ངོ་མ་སེམས་ཁྲལ་འདུག (མིག་ཆུ་བཞུར་གྱིན།)རྡ་རམ་ས་ལ་ན་པ་ལགས་གཅིག་པོ་རེད། ཁོ་ལ་ཁ་ལག་བཟོ་མཁན་ཞིག་ཀྱང་ཡོད་པ་མ་རེད། པ་ལགས་སྙིང་རྗེ་གིན་འདུག དྲན་གྱིན་འདུག འདི་ནས་ཇོ་ཇོ་དང་ཨ་མ་ང་ཚོ་གཅིག་པོ་རེད། བཙོན་ཁང་དུ་བཅུག་ན་བཙོན་པ་ཚོ་སྡུག་ཅག་ཡོད་པ་རེད་ཟེར་གྱིན་འདུག བཙོན་ཁང་ནང་ཐུབ་ཚོད་གཏོང་གིན་རེད་ཟེར། ཨ་མས་རྒྱ་གར་སྐད་གང་ཡང་ཤེས་ཀི་མ་རེད། ང་ཨ་མ་མཉམ་དུ་ཡོད་ན་བཙོན་ཁང་ནང་བཅུག་ན་ཨ་མ་སྐད་ཀྱི་ཐོག་ནས་རོགས་པ་ཙམ་བྱེད་ཐུབ་ཀྱིན་རེད་བསམ་གྱིན་འདུག ཡིན་ནའང་། ང་ཚོ་གསུམ་ཀ་གཅིག་བུ་ས་སྟོང་ནས་ལྷག་སོང་ན་ང་ངོ་མ་ཞེད་ཀྱིན་འདུག ཁ་སང་ནེ་པལ་ཉེན་རྟོག་པ་ཚོས་ཇོ་ཇོ་ལ་སྐད་ཆ་འདྲ་མིན་བཤད་ཀྱིན་འདུག་པ་དང་། ཁོ་ཚོས་ནང་ཁུལ་དུ་འདི་ཚོ་ནག་ཁུང་ཆགས་སོང་ན་ས་ཆ་གཞན་ཞིག་ལ་གཡུག་འཇོག་ཟེར་བ་སོགས་གོ་ཡོང་དུས་སེམས་པ་ངོ་མ་མི་སྐྱིད་ཀི (ངུ་བཞིན་དུ་་་་) ངས་དངོས་སུ་ཉེན་རྟོག་པ་སོགས་ཀྱི་སྐད་ཆ་གོ་བ་དང་། ཨ་མ་དང་ཇོ་ཇོར་དཀའ་ངལ་འཕྲད་པ་མཐོང་ན་སེམས་པས་བཟོད་ཀྱིན་མི་འདུག

གསར་འགྱུར།

Post navigation

Previous Post: གླིང་ཚ་མ་བུ་གསུམ་གྱི་ཞི་བའི་གོམ་བགྲོད་།
Next Post: ཚེ་བརྟན་རྡོ་རྗེས་ལས་འགུལ་མུ་མཐུད་སྤེལ་འཆར།

Comments (57) on “2012/5/11 ཉིན་གླིང་ཚ་མ་བུ་གསུམ་ལ་ཁ་བརྡ་བྱས་པ།”

  1. ཚེ་མདོ་ཐར says:
    2012-05-12 at 5:09 am

    གླིང་ཚ་མ་བུ་གསུམ། ངའི་སེམས་ཁོང་ནས་མིག་ཆུ་ཐེངས་གཅིག་ཐོན་སོང་།

  2. མེ་ཏོག་དཀར་པོ། says:
    2012-05-12 at 5:29 am

    ཅི་ཁག རྒྱུས་མེད་ས་སྟོང་ལ་མ་བུ་གསུམ་ལ་དཀའ་ངལ་ཚད་མེད་ཡོད། སྙིང་རྗེ།

    ཡིན་ནའང་ཨ་མ་ལགས་སུ།
    གཞོན་ནུས་བཤད་པ་ལ་བདག་པོ་རྒྱག་དགོས་མ་རེད། དེ་ནི་གཞོན་ནུའི་ལྟ་བ་དང་ལངས་ཕྱོགས་དང་འགལ་གྱི་ཡོད་པས་རེད། ཁྱེད་མ་ནུ་གསུམ་ལ་དམིགས་ནས་སྡང་བཙགཏན་ནས་མ་རེད།
    གང་ལྟར་གཟབ་གཟབ་གནང་རོགས།
    བོད་རྒྱལ་ལོ།
    ཁྱེད་གསུམ་རྒྱལ་ལོ།

  3. བྱ་ཁྲ་བསོད་ནམས། says:
    2012-05-12 at 5:38 am

    ཁྱེད་མ་བུ་གསུམ་གྱི་སེམས་ཤུགས་དང་འཐབ་རྩོད་ལ་སྙིང་ནས་ཡེ་རངས་དང་རྒྱབ་སྐྱོར་ཡོད་པ་མ་ཟད། ཉིན་མཚན་རྟག་ཏུ་ཁྱེད་གསུམ་གྱི་གནས་སྟངས་ལ་སེམས་ཁྲལ་བྱེད་བཞིན་ཡོད། འོན་ཀྱང་གནས་སྟངས་ཀྱིས་རྐྱེན་པས་བྱ་ཐབས་གང་ཡང་མི་འདུག ཁྱེད་གསུམ་གྱིས་གཟབ་གཟབ་གནང་རོགས། ལྷག་པར་དུ་བལ་ཡུལ་ནང་དུ་འཛུལ་ཞུགས་ཀྱི་ཆོག་ཆན་ཐོབ་ན། དེ་ལས་ཀྱང་གཟབ་གཟབ་གནང་རོགས། ཐུགས་རྗེ་ཆེ།

  4. སྨོན་ལམ says:
    2012-05-12 at 5:40 am

    གསར་འགྱུར་འདི་གཅིག་ཀློག་དུས་མིག་ཟུང་ལས་ཆུ་མ་དལ་གྱིས་ལྷུང་སོང་། ངོ་ནས་ཁག་མི་འདུག ཚོགས་པ་དང་སྐྱིད་སྡུག་ཁ་ཤས། ད་དུང་བོད་མི་རེ་ཟུང་ཁ་ཤས་་་ཉིན་གཅིག་གི་སྐད་འབོད་ལ་ཞུགས་མི་ཐུབ་པར་ད་དུང་འདི་འདྲའི་ལྷག་བསམ་ཅན་ལ་ཁ་གདོང་གཏོང་བ་ནི་ངོ་ནས་སྙིང་རྗེ་བའི་གནས་ཞིག་གྱུར་སོང་། ལྷག་པར་དུ་བུ་མོ་ལྷ་མོ་སྐྱིད་ལ་སྙིང་རྗེ་་་་ཁོ་མོ་ལོ་ཆུང་ཆུང་རེད། བལ་ཡུལ་གྱི་བཙོན་ཁང་ནི་ཁྲིམས་དང་སྒྲིགས་ལམ་ནི་གང་ཡང་ཡོད་པ་མ་རེད་ངོ་ནས་སེམས་པ་མ་སྐྱིད་པ་ཞིག་ཆགས་སོང།

  5. བསོད་ནམས། says:
    2012-05-12 at 5:44 am

    ད་ལྟ་ཚོགས་པའི་ལྟ་བ་ཉི་ཚེ་བ་ཞིག་བཏོན་ནས་མི་ཉམས་ཆུང་སྟེང་རྫིག་རྫིག་གཏམ་སྒྲོག་པ་དེར་སྲོག་གིས་ངོ་རྒོལ་བྱས་དགོས་ནས་བྱེད་བསམ་ཡོད། གཞོན་ནུས་ད་ལྟ་བར་ནང་ནས་མགོ་འཕགས་་ར་འཕགས་་བྱས་ནས་དཔའ་བོ་ཁ་ཤས་བསྐྱལ་ས་ཞིག་ལ་བསྐྱལ་བ་ལས། དགྲ་བོ་རྒྱ་དམར་གྱི་སྒང་གི་བ་སྤུ་ཙམ་འགུལ་བའི་ལས་འགུལ་ཞིག་སྤེལ་ཐུབ་མེད།གང་ལྟར་དེ་ལས་གླིང་ཚ་མ་བུ་གསུམ་གཟི་བརྗིད་ལྡན་ངེས།

  6. དངས་བླངས་པ says:
    2012-05-12 at 6:25 am

    ཁྱེད་གསུམ་གྱི་རང་ནུས་གང་ལྕོག་གི་ལས་འགུལ་སྤེལ་བའི་ཆོད་སེམས་དེ་ལ་རྒྱབ་བསྐྱོར་ཡོད། ཡིན་ཡང་རྒྱ་ནག་གི་རྒྱལ་དར་ཕྱར་བ་དེར་མོས་མཐུན་མེད། ཁྱེད་གསུམ་བོད་པ་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་བསྐྱེདཡོད།

  7. རྒྱ་གྲོལ་གངས་རི་ says:
    2012-05-12 at 6:42 am

    ཁྱེད་མ་བུ་གསུམ་ལ་རྗེས་སུ་ཡི་རངས་དང་ཁྱེད་ཅག་གི་སྙིང་སྟོབས་གུས་འདུད་ཞུ། ཡིན་ནའང་ང་ལ་འབོད་སྐུལ་ཞིག་ཡོད་པ་ནི། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་དར་དམར་གཉིས་གཏན་ནས་འཚམ་པོ་མེད་པའི་ཐུགས་བསམ་ཅུང་གནང་རོགས་གནང་། གང་ཡིན་ཟེར་ན་བོད་རྒྱའི་ཞི་འགྲིག་བྱུང་བའི་ཉིན་དེར་དར་དམར་དགོས་མིན་གནས་ཚུལ་གཞན་ཞིག་རེད་མ་གཏོགས་ལོ་རྒྱུས་ནི་ནམ་ཡིན་ཡང་སུབ་ཐབས་མེད་པའི་རྡོ་རིང་ཞིག་རེད།
    ད་དུང་ཕྱོགས་གཞན་ཞིག་ནས་ཞུས་ན། བོད་དོན་རྒྱབ་སྐྱོར་པ་དང་བོད་མི་མང་པོ་ཞིག་གི་སེམས་ཁོང་ན་དོག་མ་བདེ་པས་ཤུགས་རིང་འབྱིན་གྱི་ཡོད་པ་གསར་ལམ་ཁག་གི་ངར་ཤུགས་ལས་ཤེས་ངེས་ལ་དར་དམར་འདིས་རྐྱེན་གྱིས་འུ་ཚང་གི་སྤྱི་ཚོགས་ནང་ལ་ཆིག་སྒྲིལ་གྱི་ཨ་ལུང་ཆེད་པའི་ཆར་བ་ཇེ་མང་ཇེ་མང་ཡིན་པས་ཕན་གནོད་ལ་བསམ་ཤེས་གནང་དགོས་པ་གནད་གྱི་དོན་པོ་ཞིག་རེད།
    ངས་འབོད་སྐུལ་ཞུས་བ་ནོར་ཡོད་ན་ཁྱེད་མ་བུ་གསུམ་ལ་སྙིང་ཐག་པ་ནས་དགོངས་དག་ཞུས་ཆོག

  8. ལུང་རྟོགས། says:
    2012-05-12 at 7:36 am

    རྒྱ་མིའི་རྒྱལ་དར་འཕྱར་བ་འདི་ལ་ངོས་ལེན་ཞུ་ཐབས་མི་འདུག་ཀྱང་། ཁྱེད་གསུམ་གྱིས་དཀའ་སྡུག་འདི་ལྟར་མྱང་བ་འདི་ཡང་སེམས་ནས་བཟོད་དཀའ་བ་ཞིག་རེད། ལས་འགུལ་མཚམས་འཇོག་རོགས་ཤེས་ཞུ་མི་ནུས་ཀྱང་བུ་མོ་ཆུང་ཆུང་དེས་དཀའ་སྡུག་བཟོད་དཀའ་བས་སློབ་གྲྭ་ལ་ཕྱིར་ལོག་གཏོང་རོགས།

  9. རྒྱ་མཚོ་ཆེན་པོ་ says:
    2012-05-12 at 7:41 am

    ལྷག་བསམ་གྱིས་ཕྱུག་པའི་མ་བུ་གསུམ་ལ་སེམས་ཁོང་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། གཞོན་ནུས་དར་དམར་འཕྱར་བ་ལ་ངོ་རྒོལ་གྱི་རྣམ་པ་ཆབ་སྲིད་ལངས་ཕྱོགས་ཐོག་ནས་ཡིན་པ་ཙམ་ལས་ངོ་བོས་ཆིག་སྒྲིལ་ཡོད་ངེས་སོ། ཁྱེད་གསུམ་འདོད་དོན་འགྲུབ་ཅིང་བདེ་བར་སྨོན་ཏོ།

  10. མེ་ཏོག་དཀར་པོ། says:
    2012-05-12 at 7:45 am

    རྒྱ་མཚོ་ཆེན་པོས་བཤད་པ་དེ་ལེགས། དེ་རང་ཡིན།

  11. བོད་དགའ་ says:
    2012-05-12 at 7:51 am

    ང་ཐོག་མ་ནས་ཁྱེད་ཚོའི་སེམས་ཤུགས་དང་སྙིང་སྟོབས་ལ་རྒྱབ་སྐྱོར་ཡོད། ཁྱེད་གསུམ་ནས་རྒྱ་དམར་གྱི་དམར་དར་མཚམས་འཇོག་གནང་རོགས་དེང་སྐབས་སྤྱི་ཚོགས་ནང་འཁྲུག་རྐྱེན་གྱི་གཞི་མ་ཆགས་ཀྱི་འདུག །

  12. གླིང་དཀར་ལྷ་རྗེས། says:
    2012-05-12 at 7:52 am

    སྙིང་ནས་གུས་བཀུར་ཞུ་འོས་པའི་སེམས་དཀར་ལྷགས་བསམ་ཕྱུགས་པའི་གླིང་ཚང་མ་བུ་གསུམ་ལ་འཚམས་འདྲི་དང་། སྐུ་གཟུགས་ཐུགས་འཇགས་གང་སྤྱིར་ཟབ་ནན་ཡོང་བའི་དེ་སྨོན་ཞུ་རྒྱུ་མ་ཟད་ཁྱེད་ཅག་དགོས་དོན་ལྔ་རྒྱབ་སྐྱོར་ཡོད། ད་ལྟའི་ཆར་བཙན་བྱོལ་སྒྲིག་ཚུགས་ནང་རྐུབ་སྟེགས་སྟེང་ནས་ངར་སྒྲ་སྒྲོགས་མཁན་དང། མིང་བསྒྲགས་བཟོ་འདོད་པའི་ཚོགས་པའི་བྱེད་གཏེ་པ། རྡ་སའི་སྐབས་འཚོལ་ཆབ་སྲིད་པ་ལྕེ་རིང་བ། ནང་ཁུལ་དཀྲུགས་ལ་མཁས་པའི་སྨྱུག་འཛིན་པ་སོགས་ནས་གང་བརྗོད་རུང་སྤྱི་ལོ་བཅུ་ཙམ་ཡང་འགྲོ་མྱོང་བའི་དཀའ་སྡུག་ཚོར་བ་མེད་པས་རྟུག་དྲི་ཆེ་མཐོང་བྱས་ན་ཡང་ཕན་པ་མེད་པས་ཁྱེད་ཅག་ཐུགས་ཚབ་མི་གནང་བའི་རེ་བསྐུལ་ཞུ།།

  13. ཡུལ་གྱར་བ says:
    2012-05-12 at 8:07 am

    མེ་ཏོག་དཀར་པོ་ཞུ་བའི་མཆན་བསྐྱར་དུ་འདྲེན་བཀོལ་བྱས་པར་དོ་བདག་ལ་དགོངས་སེལ་ཞུ། ངས་ཀྱང་ཁྱེད་ཀྱི་ཁ་ཏ་བཞིན་ཨ་མ་ལྡོམ་པོ་སྐྱིད་ལ་སེམས་གསོ་གཏོང་འདོད་ཡོད། འོན་ཀྱང་སེམས་གསོ་ཙམ་མ་ཡིན་པར་དོན་ལའང་གནས་འདུག

    ཅི་ཁག རྒྱུས་མེད་ས་སྟོང་ལ་མ་བུ་གསུམ་ལ་དཀའ་ངལ་ཚད་མེད་ཡོད། སྙིང་རྗེ།

    ཡིན་ནའང་ཨ་མ་ལགས་སུ།
    གཞོན་ནུས་བཤད་པ་ལ་བདག་པོ་རྒྱག་དགོས་མ་རེད། དེ་ནི་གཞོན་ནུའི་ལྟ་བ་དང་ལངས་ཕྱོགས་དང་འགལ་གྱི་ཡོད་པས་རེད། ཁྱེད་མ་ནུ་གསུམ་ལ་དམིགས་ནས་སྡང་བཙགཏན་ནས་མ་རེད།
    གང་ལྟར་གཟབ་གཟབ་གནང་རོགས།
    བོད་རྒྱལ་ལོ།
    ཁྱེད་གསུམ་རྒྱལ་ལོ། རྒྱ་གཞུང་གི་དར་ཆ་འདིར་ཕྲན་གཏན་ནས་མི་དགའ་ནའང་ཁོང་ཚོས་འཁྱེར་བར་ངོ་རྒོལ་བྱེད་བཞིན་མེད། དེ་ནི་ཐབས་ལམ་མི་འདྲ་བ་ཞིག་ཏུ་ངོས་འཛིན་བཞིན་ཡོད།

  14. ཁྲི་གདུགས། says:
    2012-05-12 at 8:11 am

    ཨ་མ་ལགས་ཐུགས་ཁྲལ་རྩ་བ་ནས་གནང་དགོས་མ་རེད། གཞོན་ནུས་ཟེར་ཚད་བདེན་པ་མ་རེད། གཞོན་ནུའི་བློ་ལ་སྟོབས་ཤུགས་ཡོད་མ་རེད་ལ། གཞོན་ནུའི་ཁ་ལ་བདག་པོ་དེ་བས་ཡོད་མ་རེད། ང་ཚོས་གཞོན་ནུས་ཅི་བྱེད་དང་ཅི་བཤད་སྔར་ནས་ཤེས་ཀྱི་ཡོད། གང་ལྟར་ཁྱེད་མ་བུ་གསུམ་གཟབ་གཟབ་གནང་རོགས། ངའི་རེ་བ་ལ་བུ་མོ་དང་ཨ་མ་གཉིས་གནས་སྐབས་རིང་ལས་འགུལ་ནས་ཕྱི་འཐེན་བྱས་ན་བཟང་སྙམ། རྗེས་སུ་ཅི་དགོས་ལྟ་ཆོག་ངེས། ཚེ་བརྟན་ལགས་ཀྱིས་མུ་འཐུད་འཐབ་རྩོད་གནང་ན་བཟང་། ཡིན་ནའང་འགག་རྩ་སླེབས་དུས་གྲུང་ཙམ་གནང་རོགས།

  15. ཤུག་པ། says:
    2012-05-12 at 8:26 am

    ༧ གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱས་ལ་རྒྱ་ཕྱོགས་ནས་རྣམ་པ་འགྱུར་བའི་རང་བཙན་དང་ཕྱེད་རང་བཙན་རེད་ཟེར་ནས་ཡ་མ་བྱས་པ་རེད། ཁྱེད་མ་བུ་གསུམ་ཀྱིས་རྒྱའི་དར་དམར་ཁྱེར་ནས་དབུ་མའི་ལམ་གྱི་འབོད་སྐུལ་ཁྱེར་བ་འདིས་ཁོ་ཚོར་དྲི་བ་ཆེན་པོ་ཞིག་དྲིས་ཡོད་པས། ཁོ་ཚོས་རང་བཙན་མ་ཡིན་པའི་སྐད་ཆ་གང་ཡིན་ཀྱང་གོ་བསྡུར་བྱེད་རྒྱུ་ཡིན་ཟེར་བ་དོན་དངོས་ཡིན་མིན་གྱི་གཏིང་ཐག་ཆོད་ངེས་རེད། དེ་དུས་དབུ་མའི་ལམ་ལ་རེ་བ་ཡོད་མེད་ཀྱང་རོབ་ཙམ་ཤེས་ཡོང་ངེས་ཡིན་ལ། དེ་དུས་ཁྱེད་མ་བུ་གསུམ་གྱི་བཀའ་དྲིན་ཡང་ཤེས་ཡོང་གི་རེད། ཁྱེད་ཚོས་རྒྱ་དར་ཁྱེར་བ་ལ་མོས་མཐུན་ཡོད་ལ། གཞོན་ནུས་ངོ་རྒོལ་བྱས་པ་ལ་ཡང་མོས་མཐུན་ཡོད། གལ་ཏེ་གཞོན་ནུས་རྒྱ་དར་ཁྱེར་བར་རྒྱབ་སྐྱོར་བྱས་པ་ཡིན་ན། དེ་ནི་ཁོ་ཚོ་ལ་ལང་ཕྱོགས་གཏན་པོ་མེད་པའི་རྟགས་རེད། གལ་ཏེ་ཁྱེད་ཅག་རྒྱ་མིའི་སྒོ་ཁར་སླེབ་པ་ཡིན་ན། བདག་གིས་ཉི་མ་དེ་ནི་དབུ་མའི་ལམ་གྱིས་གོང་བྲན་ཏང་ཨར་ལ་གཏད་པའི་ཉིན་མོ་ལ་ངེས་འཚིན་ཞུ་གི་ཡིན། ཆབ་སྲིད་ཀྱི་ལང་ཕྱོགས་མི་འདྲ་བའི་ཆ་ནས་ལས་འགུལ་གྱི་རྣམ་པ་ཡང་འདྲ་མི་སྲིད་པས། དྲ་གྲོགས་ཚོས་ཀྱང་ཁོ་མ་བུ་གསུམ་ལ་ཁ་རྡུང་མ་གཏོང་རོགས་ཞུ་འདོད་བྱུང་།
    བོད་མི་ས་ཡ་དྲུག་གི་རང་དབང་ཆེད། མི་ལུས་རིན་ཆེན་གཏའ་མར་འཇོག་ཕོད་པའི་མ་བུ་གསུམ་ལ་གུས་འདུད་ཞུ། སྲིད་པའི་གངས་རི་མ་ཞུ་ན་ཁྱེད་མ་བུ་གསུམ་བོད་མི་རིགས་ཀྱི་སེམས་ནས་ཞུ་མི་སྲིད། ཁྱེད་ཅག་གི་ཐུགས་རེ་འགྲུབ་པར་སྨོན། ཁྱེད་ཅག་གི་བདེན་དོན་རྒྱལ་གྱུར་ཅིག བོད་རྒྱལ་ལོ།

  16. དམག་ལོག་ says:
    2012-05-12 at 8:36 am

    ཁྱེད་མ་བུ་གསུམ་ལ་དཀའ་ངལ་ཡོད་པ་ནི་བཤད་མི་དགོས། ཀླ་ཀློའི་ནེ་པལ་ཉེན་རྟོག་པ་རྣམས་རྒྱ་ནག་གི་དངུལ་ཤེད་ཀྱིས་མྱོས་ཡོད་པས་གནོད་འཚེ་གཏོང་རྐྱང་ཡིན་ནི་རེད། རླབས་ཆེན་གྱི་མ་བུ་གསུམ་པོའི་ཚེ་སྲོག་སྲུང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

  17. རིག་པའི་བུ says:
    2012-05-12 at 9:09 am

    རྒྱ་མིའི་དར་ཆས་སྐྱོབ་མ་ཐུབ་པ་ཅིང་སྐྱོབ་ཀྱང་མི་ཐུབ་ཡང་རྒྱ་དར་ལ་རེ་བ་བཅོལ་བ་ནི་ནོར་འཁྲུལ་རེད། དཀའ་ལས་རྒྱབ་པ་དེ་དོན་ལ་ཕན་པའི་ཚབ་ཏུ་རྒྱ་ནག་མ་ཕབ་པ་་མརེད། བསམ་བློ་ཟབ་མོ་བཏང་མ་ཐུབ་ན་དེ་འདྲ་རེད། རྒྱ་དར་འཁྱེར་ནས་བོད་མིའི་ནང་ཁུལ འགལ་ཟླ་ཆུང་ཆུང་ཞིག་དང་བོད་མི་མང་བློ་ཞིག་གི་སྙིང་ལ་གྲི་གཙུག་པ་བཞིན་བློ་ཕམ་དང་སེམས་ཁྲལ་སླངས། ལས་འགུལ་སྤེལ་གྱི་རྒྱབ་སྐྱོར་གྱི་ནུས་བ་ཉུང་དུ་བཏང་། ཚེ་སྲིག་ཤོར་བའི་བོད་མི་མང་པོ་ཞིག་གི་རེ་བ་འགོག་རྡོ་བཞག་པས་རྒྱ་གཞུང་དགའ་རུ་བཅུག དེ་ཙམ་བྱོས། གང་ལྟར་སྐུ་གཟུགས་བདག་སྐྱེའ་ཡོང་པ་ཞུ།

  18. མེ་ཏོག་དཀར་པོ། says:
    2012-05-12 at 9:13 am

    བོད་མི་མང་ལ་བསམ་བློ་གཏོང་ཡ་ཞིག་བཟོས་པ་དང་། རྒྱ་གཞུང་དགའ་ཡོད་ན་དོན་དག་ཏོག་ཙམ་ཞིག་གྲུབ་པ་རེད།

  19. གངས་སྤྲེལ་ཚ། says:
    2012-05-12 at 9:42 am

    ཨ་མ་ལགས་་་་་ཁྱེད་དང་བུ་མོ་གཉིས་ལ་ཁག་མེད་་་་་་་་་་་ཁྱེད་བུ་ཆུང་ཚེ་རྡོས་རང་ཚུགས་མ་ཟིན་པ་རེད་་་་དབུ་མའི་ལས་འགུལ་ཁང་རེད་་་་ཚང་མ་ཚར་སོང་ཨ་མ་་་་་་་་་་ཁྱེད་དང་བུ་མོའི་དཀའ་ངལ་་་འདུན་ལམ་ཚང་མ་ཚར་སོང་་་་་་་་་བུ་ཚེ་རྡོས་རང་ཚུགས་ཟིན་ཡོད་ཁྱེད་མ་བུ་གསུམ་ཤི་ན་གཟི་བརྗིད་ཆེ་ཞིང་་གསོན་ན་ཆེས་གངས་རིའི་དཔའ་རྒོད་རེ་མ་རེད་དམ་་་་་་

  20. ལོག་སྨྲ་ཚར་གཅོད་ནས། says:
    2012-05-12 at 9:43 am

    ཁྱེད་མ་བུ་གསུམ་གྱི་ཐོག་མར་ཀུན་སློང་རླབས་ཆེ་བ། བར་དུ་བྱ་བ་རླབས་ཆེ་བ། ཐ་མར་གྲུབ་འབྲས་རླབས་ཆེ་བ།
    ཡིན་པ་ནི་གདོན་མི་ཟ། གཞོན་ནུས་རྒྱབ་སྐྱོར་མ་བྱས་པར་སེམས་སྐྱོ་མི་དགོས། ཁྱེད་ཚོས་དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ཙ་ན་དེ་དང་མཐུན་པའི་ལས་འགུལ་རེད། རང་རང་ལ་ལྟ་བ་རེ་ཡོད་དགོས་
    ལ་ལྷག་པར་དུ་བུ་ཚེ་བརྟན་ལ་སྔ་ཕྱི་བར་གསུམ་གྱི་བསམ་བློ་གཏོང་ཤེས་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པས་སྐྱོན་མེད། གང་ལྟར་ལས་འགུལ་དེའི་རིགས་ལ་དཀའ་ངལ་དང་ཕྱི་ནང་གིས་འགོག་རྐྱེན་བརྒྱ་ཕྲག་ཡོང་རྒྱུ་ནི་ཆོས་ཉིད་ལ་སོང་སེམས་ཤུགས་མ་ཆགས་རོགས། ཁྱེད་མ་བུ་གསུམ་གྱི་འགུལ་རིས་གློག་བརྙེན་དང་པར་རིས་གནས་ཚུལ་སོགས་མཐོང་ཡོང་དུས་རྒྱལ་པོ་དྲི་མེད་ཀུན་ལྡན་མཆོག་ཡབ་ཆེན་གྱིས་ཕྱིར་འབུད་སྐབས་ཀྱི་ཐག་རིང་གི་དཀའ་སྡུག་རྣམས་ལྷང་ངེར་ཡིད་ལ་འཆར་ཡོང་གི་འདུག

  21. བཀྲ་ཤིས་དོན་འགྲུབ says:
    2012-05-12 at 9:51 am

    ཁྱེད་མ་བུ་གསུམ་གྱི་བོད་མི་རིགས་ལ་འཛིན་པའི་ལྷག་བསམ་ནི་གང་རི་ལས་དཀར་ན་ཡངས། རྒྱ་མི་རྒྱ་དར་ཁྱེར་བ་འདི་ནི་དབུ་མ་ལས་འགུལ་ཁང་གི་ཁྱེད་མ་བུ་གསུམ་བེད་སྤྱོད་ལོག་པར་བཏང་བ་ཡིན་པ་གསལ་པོ་ཆག་སོང་དེར་བརྟེན་ཨ་མ་ལགས་སེམས་ཁྲེལ་མ་གནང། རྗེས་མ་དེ་རིགས་མི་ཡོང་བ་གནང་གར་ཆེ།

  22. མཚོ་ནག says:
    2012-05-12 at 10:08 am

    གླིང་ཚ་མ་བུ་གསུམ་ལ་སྙིང་ཐག་པ་རྒྱབ་བསྐྱོར་བྱེད་གི་ཡོད། མ་ཚད་གུས་པས་སྙིང་ཐག་པ་ནས་རེ་བ་ཞུ་རྒྱུ་ཞིག་ལ། ཁྱེད་ཀྱི་གཅུང་མོ་སྟེ་ང་ཚོའོ་གཅུང་མོ་ལྷ་མོ་སྐྱིད་དང་མ་གཉིས་ད་ནས་ལས་འགུལ་དེ་ནས་འཚམ་འཇོག་གནང་རོགས། མ་ཚད་གཅུང་མོ་ལྷ་མོ་སྐྱིད་ཀྱང་ལོ་ན་ཆུང་རྒྱུ་དང། མཐའ་སྲུང་པར་སྒྲིག་ཁྲིམས་མེད་པར་དང་དེའི་ཐོག་བོད་པ་ལ་བརྙས་བཅོས་བྱེད་ཆོག་པའི་དབང་གིས་གནས་ཚུལ་ཐབས་སྐྱོ་བོ་དེ་འདྲ་མི་ཡོང་བའི་ངེས་པ་མེད་པས། ད་ནས་གཅུང་མོ་ལྷ་མོ་སྐྱིད་དང་་མ་གཉིས་གྱི་ལས་འགུལ་འཚམ་འཇོག་གནང་རོགས། སྐུ་མཁྱེན་སྐུ་མཁྱེན་ཟེར་ནས་ཞུ་བར་བྱེད་གི་ཡོད། མིའི་གང་བྱུང་ཟེར་དོག་ལ་སྐྲག་དགོས་མ་རེད། གཅུང་མོ་ལོ་ན་ཆུང་ཆུང་འདི་འདྲའི་ལ་ཞི་བའི་གོམ་བགྲོད་ཡུན་རིང་པོ་འདི་ལྟར་གནང་ཐུབ་པ་དེས་ང་ཚོ་འདོད་པ་ཁེངས་སོང། ད་ནས་གཅུང་མོ་དང་མ་རྒན་གཉིས་ཕྱིར་འཐེན་བྱེད་རོགས། མ་ཚད་རྒྱ་ནག་གི་དར་ཆ་ཁུར་དགོས་བྱུང་བ་དེ་ཡང་ཁྱེད་ཀྱི་རྒྱབ་ཏུ་ངན་བསྐུལ་བྱེད་མཁན་ཡོད་པ་ཐག་གི་ཆོད་རེད། མ་གཏོག་སོ་སོའི་བྱས་པའི་བྱས་རྗེས་དེ་རྐང་རྗེས་ལག་གསུབ་བྱེད་དོག་མེད། ད་དུང་རྐང་གཙུག་ནས་མི་མང་ལ་ཁོང་ཁྲོ་སློང་བ་ཡིན་དོན་མེད། མ་ཚད་བོད་གི་དོན་དུ་བློས་གཏོང་གང་ཡོད་བྱས་པ་དང་དོན་དངོས་ཐོག་དཀའ་སྡུག་ཚ་གྲངས་དུ་མ་དང་དུ་ལེན་ནས་རྒྱ་བལ་ས་མཚམས་བར་དུ་ཡོང་ཐུབ་པ་དེ་ཡང་སྤྱི་གཏང་མི་ཡི་བྱེད་ཐུབ་གི་མ་རེད། དྲ་གྲོགས་ཚོར་ཞུ་རྒྱུར། གཅུང་མོ་ལྷ་མོ་སྐྱིད་དང་མ་རྒན་གཉིས་ལས་འགུལ་ལས་ཕྱིར་འཐེན་བྱེད་རོགས་ཟེར་ནས་ཞུ་བ་རྒྱག་རོགས་ཟེར་ནས་ངས་རེ་བ་ཞུ་གི་ཡོད། ང་མི་ཆེན་ཐོབ་དང་གོ་ས་ཡོད་མཁན་དེ་འདྲ་མིན་ན་ཡང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་མི་ཚོར་ཞུ་བ་བྱེད་གི་ཡོད། ཡིན་ན་ཡང་གོང་དུ་མེ་ཏོག་དཀར་པོ་ཞེས་པ་དེས་བཤད་སྟངས་དེ་སྤྱི་ཚོགས་བཀྲུགས་བསམ་འཆར་གཞི་ལས་མེད་པ་དེ་ཁོ་རང་ཚེ་སྔོན་མ་ལས་ག་རེ་བསགས་པ་ཡིན་ན་ཨ

  23. ལོག་སྨྲ་ཚར་གཅོད་ནས། says:
    2012-05-12 at 10:09 am

    ལྷ་བླ་མ་བྱང་ཆུབ་འོད་དང་ཡེ་ཤེས་འོད་གཉིས་ཀྱིས་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུས་སྐབས་གོར་ཁའི་དམག་གིས་རྒྱ་དངོས་ཟ་འདོད་ཀྱིས་གསེར་མི་གཟུགས་ཙམ་མཁོ་སྤྲོད་མ་ཐུབ་བར་བཙན་དུ་བཀག་ནས་མ་བཏང་བའི་ལོ་རྒྱུས་ཡོད་པ་བཞིན་ཁོང་མ་བུ་གསུམ་པོ་ཡང་སྐྱར་དུ་བལ་པོའི་ས་ཐོག་ཏུ་སླེབས་ན་ཁོང་གསུམ་ལའང་དངུལ་ཚད་མེད་ཟ་འདོད་དང་རྒྱ་དམར་གྱི་ངོ་སྲུང་ཆེད་བཙན་དུ་བཀག་རྒྱུ་ཡིན་པ་ནི་བརྗོད་མི་དགོས་པ་རེད། འོན་ཀྱང་ཁྱེད་མ་བུ་གསུམ་གྱི་ཐོག་མར་ཀུན་སློང་རླབས་ཆེ་བ། བར་དུ་བྱ་བ་རླབས་ཆེ་བ། ཐ་མར་གྲུབ་འབྲས་རླབས་ཆེ་བ།
    ཡིན་པ་ནི་གདོན་མི་ཟ། གཞོན་ནུས་རྒྱབ་སྐྱོར་མ་བྱས་པར་སེམས་སྐྱོ་མི་དགོས། ཁྱེད་ཚོས་དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ཙ་ན་དེ་དང་མཐུན་པའི་ལས་འགུལ་རེད། རང་རང་ལ་ལྟ་བ་རེ་ཡོད་དགོས་
    ལ་ལྷག་པར་དུ་བུ་ཚེ་བརྟན་ལ་སྔ་ཕྱི་བར་གསུམ་གྱི་བསམ་བློ་གཏོང་ཤེས་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པས་སྐྱོན་མེད། གང་ལྟར་ལས་འགུལ་དེའི་རིགས་ལ་དཀའ་ངལ་དང་ཕྱི་ནང་གིས་འགོག་རྐྱེན་བརྒྱ་ཕྲག་ཡོང་རྒྱུ་ནི་ཆོས་ཉིད་ལ་སོང་སེམས་ཤུགས་མ་ཆགས་རོགས། ཁྱེད་མ་བུ་གསུམ་གྱི་འགུལ་རིས་གློག་བརྙེན་དང་པར་རིས་གནས་ཚུལ་སོགས་མཐོང་ཡོང་དུས་རྒྱལ་པོ་དྲི་མེད་ཀུན་ལྡན་མཆོག་ཡབ་ཆེན་གྱིས་ཕྱིར་འབུད་སྐབས་ཀྱི་ཐག་རིང་གི་དཀའ་སྡུག་རྣམས་ལྷང་ངེར་ཡིད་ལ་འཆར་ཡོང་གི་འདུག

  24. མེ་ཏོག་དཀར་པོ། says:
    2012-05-12 at 10:16 am

    མཚོ་ནག་ལགས། ངས་གང་དུ་སྤྱི་ཚོགས་དཀྲུག་གཏམ་བཤད་འདུག་གསུངས་རོགས། དེ་འདྲ་འདུག་ན་ངས་ནོར་བ་རེད་པས་དེ་མ་ཐག་དགོངས་སེལ་ཞུ་རྒྱུ་ཡིན།

  25. མཚོ་ནག says:
    2012-05-12 at 10:30 am

    བོད་མི་མང་ལ་བསམ་བློ་གཏོང་ཡ་ཞིག་བཟོས་པ་དང་། རྒྱ་གཞུང་དགའ་ཡོད་ན་དོན་དག་ཏོག་ཙམ་ཞིག་གྲུབ་པ་རེད། ཅེས་པ་འདི་འཁྲུག་པ་སློང་བའི་སྐད་ཆ་ལས་གཞན་པ་ཅི། ཡིན་ན་ཡང་ལེགས་ཆ་ཡང་ཏིག་ཙམ་ལེན་རྒྱུ་འདུག་པས་ཁ་སྦྱར་ས་སྣ་སྦྱོར། སྣ་སྦྱར་ས་ཁ་སྦྱོར་ནས་དྲ་གྲོགས་ཚང་མ་ཟ་ངེ་ཟིང་ངེ་བཟོས་ཤིག། གོང་དུ་ཁྱེད་གི་སྐད་ཆ་དེས་འགྲོས་ལ་བལྟས་ན། བོད་པ་ཚོ་མ་དགའ་ན་མ་དགའ། རྒྱ་མི་དགའ་ཡོད་ཤས་ཆེ་བས་ལས་འགུལ་ལ་གྲུབ་འབྲས་དོན་པ་བརྩིས་འདུག། ངས་དེ་ལ་སྤྱི་ཚོགས་དཀྲུགས་པའི་གཏམ་ཟེར་ནས་འབོད་གི་ཡོད་ལགས། མ་རེད་བས

  26. མེ་ཏོག་དཀར་པོ། says:
    2012-05-12 at 10:42 am

    དེ་འདྲ་གཏན་ནས་མ་རེད། སྤྱིར་ངས་མཆན་བུ་སྒང་མ་དེའི་ལན་ལ་བྲིས་པ་ཡིན། བཤད་འདོད་པ་ནི་རྒྱ་གཞུང་དགའ་ཟེར་བ་དེ་བཙན་བྱོལ་བས་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ན་བོད་དེ་རྒྱ་ནག་ཁ་མ་བྲལ་བའི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་འོག་སྡོད་གི་ཡིན་ཞེས་པ་དེ་ཁ་ཞེ་གཉིས་མེད་ཡིན་རྟོགས་ཐབས་ལ་ཕན་པའི་སྐད་ཆ་ཡིན།

    གཉིས་པ་བོད་མི་མང་ལ་བསམ་བློ་གཏོང་ཡ་ཟེར་བ་ནི་རྒྱ་གཞུང་འོག་ཏུ་སྡོད་དུས་རྒྱ་དར་དར་བོད་མཉམ་འཕྱར་དགོས་སམ། བོད་དར་གཅིག་པུའམ། རྒྱ་དར་གཅིག་པུ་འཕྱར། དེ་སོགས་བགྲོ་གླེང་ཤུགས་ཆེ་བྱུང་དང་འབྱུང་ན་ལེགས་པོ་རེད་བརྗོད་འདོད།
    ཀུན་སློང་དེ་འདྲ་ཡིན། ཤོད་སྟངས་ནོར་ན་དགོངས་དག
    ངས་ལས་ཡག་པོ་ཞིག་ད་བསགས་མེད་པ་ངེས་གཏན་ཡིན་པ་ང་རང་གི་གནས་སྟངས་གིས་ཤེས་གི་འདུག

  27. ཉི་མ says:
    2012-05-12 at 11:00 am

    ཐོག་མར་ཁྱོད་མ་བུ་གསུམ་གྱིས་སྙིང་སྟོབས་དང་ཆོད་སེམས་སོགས་ལ་སེམས་གཏིང་ཡིད་སྨོན་དང་བསྔགས་བརྗོད་བྱེད་ཀྱི་ཡོད ། ཨ་མ་ལྡོམ་མོ་སྐྱིད་ཀྱི་སེམས་ལ་ན་ཟུག་སྐྱེས་ཁག་མེད་གི་ཁྱིམ་གཞི་དང་བུ་ཕྲུག་སོགས་བསྐྱར་ནས་མི་རིགས་དང་རྒྱལ་ཁབ་ཀྱི་རང་སྲོག་ཕུལ་དུས་ད་དུང་རྒྱབ་ལོག་ན་མི་མང་བོ་ཞིག་གི་སྐད་ཆ་འདྲ་མིན་བཤད་བཞིན་ཡོད་པ་མ་ཟད། ད་དུང་གཞོན་ནུས་ངུར་ཤུགས་དང་རྒྱལ་ཁ་ཡིན་མདོག་མདོག་གིས་ས་བསྒྲགས་རྡོ་བསྒྲགས་བྱས་ནས་ད་དུང་སློབ་ཕྲུག་ཚོགས་པའི་མི་ཁ་ཡིས་ཁ་ལ་ཚ་ཁུག་སྣོན་བཞིན་ཡོད་པའི་སེམས་པ་མི་སྐྱོ་རང་སྐྱོ་རེད །

  28. མཚོ་ནག says:
    2012-05-12 at 11:04 am

    ངས་ཀུ་རྩེད་ཞུས་པ་ཡིན་ད། ལས་ཡག་པོ་བསགས་མི་འདུག་ཞུས་མེད་ད། ཚེ་སྔོན་མ་ག་རེ་བསགས་པའི་ལས་ཡིན་ན་ཟེར་རྒྱུ་དེར་རྒྱུ་མཚན་ཡག་ས་ནས་བསམ་བློ་གཏོང་ན་ཡག་པོ་ཡང་གོ་ཆོག་གི་རེད་ད། ནོར་འཁྲུལ་ཅན་དེ་འདྲ་བཤད་འདུག་ན་དགོངས་པ་མ་འཚོམ་ཨ། ང་རང་གཉིས་སྒེར་ལ་མ་དགའ་བ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡང་མེད་ད

  29. མེ་ཏོག་དཀར་པོ། says:
    2012-05-12 at 11:07 am

    དེ་འདྲ་ག་བ་ག་བ།

  30. ཁ་འབར། says:
    2012-05-12 at 11:10 am

    དངོས་ནས་ཡིན་ན་སེམས་པ་སྐྱོ་དགོས་ནི་ཞིག་རེད། འོན་ཀྱང་ཚེ་བརྟན་རྡོ་རྗེ་རྒྱ་དམར་པོའི་དར་ཆ་ཁུར་ནས་འགྲོ་གིན་ཡོད་པར་རྒྱབ་སྐྱོར་ཁྱོན་ནས་མེད། བུ་མོ་ཆུང་ཆུང་དེ་ཕྱིར་སློབ་གྲྭར་ལོག་ན་ཧ་ཅང་དགའ་ལ་ཨ་མ་སྡོམ་པོ་སྐྱིད་ཡང་སྨན་ཁང་ཡག་པོ་ཞིག་ལ་བལྟན་ཐུབ་ན་དགའ་གི་འདོད་ཀི་ ཚེ་བརྟན་རྡོ་རྗེས་ལས་འགུལ་གྱི་ངོ་བོ་ཅུང་བསྒྱུར་ཐུབ་ན་དགའ་གི་འདོད་ཀི་

  31. དགའ་བའི་བུ་མོ། says:
    2012-05-12 at 11:11 am

    གླིང་ཚ་མ་བུ་གསུམ་ལ་རྗེས་སུ་ཡི་རང་ཡོད་ལ་དེ་བས་བུ་མོ་དང་ཨ་མ་ལགས་གཉིས་ལ་གདུང་སེམས་མཉམ་སྐྱེད་ཞུ་གིན་ཡོད། དེ་སྔོན་སེམས་ནས་དགའ་གུས་སྐྱེད་པ་མ་གཏོགས་ངག་ཐོག་དང་ཡིག་ཐོག་གཉིས་ནས་ཞུ་རྒྱུ་མ་བྱུང་དེ་རིང་ཆེད་དུ་ཞུ་རྒྱུ་ཞིག་ལ་ཁྱེད་རྣམ་པས་དེ་རིང་བར་དུ་སྐུ་ལས་བསྐྱོན་པ་དང་སྐུ་ངལ་ཚད་མེད་བྱུང་བ་ཚང་མ་བོད་མི་རིགས་འདིའི་ཆེད་དུ་ཡིན་པ་བོད་མི་ཚང་མས་ཤེས་གསལ་རེད་ལ་བྱས་རྗེས་སེམས་ནང་གནས་ཡོད་རེད། འོན་ཀྱང་བུ་མོ་དང་ཨ་མ་གཉིས་ལ་བལ་ཡུལ་ས་ཆའི་ནང་དཀའ་ངལ་ཚད་མེད་མི་ཡོང་ངམ་སྙམ་ནས་སེམས་འཁྲལ་ཚད་མེད་འདུག་པས་བྱས་ཙང་ཁྱེད་རྣམ་པ་གཉིས་ནས་བསམ་བློ་ནན་ཏན་ཞིག་གཏོང་རོགས་ཞུ་རྒྱུ་ཡིན།

  32. མདོ་ཁམས་པ། says:
    2012-05-12 at 11:25 am

    རིག་པའི་བུ་དང་གངས་སྤྲེལ་ཚའི་མིང་ཐོག་ནས་གཞོན་ནུ་ཚང་གི་ཟ་འདྲེ་དོན་འགྲུབ་ལྷ་དར་གྱིས་ངར་ངར་བརྫིག་བྱེད་ཀྱིན་འདུག
    ངར་དགོས་ས་དེ་རྒྱ་གཞུང་ལ་རེད། ཉམ་ཆུང་བོད་རིགས་མ་སྨད་གསུམ་མ་རེད། དབུ་མ་ཚང་གི་ཁུག་རྟ་དང་། གཞོན་ནུ་ཚང་གི་དོན་འགྲུབ་ལྷ་དར་ཁྱོད་ཚོས་ནང་དཀྲུགས་བྱས་པ་ཙམ་ལས་ཚོགས་པ་གཉིས་ཀྱི་སྐུ་ཚབ་ཉན་གྱི་མ་རེད། ཁྱོད་ཚོས་ནང་དཀྲུགས་ལ་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་ཡོད།

  33. གཡང་དཀར་ལུག་རྫི་། says:
    2012-05-12 at 11:26 am

    ཁྱེད་མ་སྨད་གསུམ་གྱིས་གང་མགྱོགས་ལས་འགུལ་དེ་མཚམས་འཇོག་བྱས་ན་མ་གཏོགས་ད་ནས་བཟུང་ཚོགས་པ་དང་སྐྱིད་སྡུག་སོགས་ཀྱིས་ཀྱང་རྒྱབ་བསྐྱོར་དང་རོགས་འདེགས་བྱེད་ངེས་མ་རེད། ད་ངོ་མ་ལས་འགུལ་མཚམས་འཇོག་བྱས་ན་བཟང་།

  34. ལ་སྟོད་བུ། says:
    2012-05-12 at 11:31 am

    བུ་མོ་དང་ཨ་མས་བཤད་པའི་མྱོང་ཚོར་གྱི་སྐད་ཆ་གོ་དུས་ངོ་མ་མིག་ནས་སྐྱོ་གདུང་གི་མཆི་མ་ཆུ་བཞིན་འབྲུག་ཡོང་གི་འདུག
    གཅིག་དུ་ནི་དྲ་འབུ་དང་ཚོགས་པ་ག་གེ་མོ་འདི་ཚོས་སེམས་དགའ་བའི་སེམས་གསོ་མེད་པར་ཁ་བརྡུང།
    གཉིས་སུ་ནི་ཆ་མེད་རྒྱུས་མེད་དབང་མེད་གཞན་ཡུལ་འགྲིམ་པའི་དཀའ་སྡུག་དང།
    གསུམ་དུ་ནི་འགྲོ་ཆོག་པའི་ཡི་གེ་ན་གཅིག་མེད་པར་འགྲོ་དགོས་དུས་ཅི་ཡོང་བསམ་པའི་སྡུག་བསྔལ་དང།
    བཞི་རུ་ནི་ཐང་ཁོབ་ཀྱི་ཡུལ་དུ་དབྱར་གྱི་ཚ་དམྱལ་མྱོངས་པའི་དཀའ་སྡུག་དང།
    ལྔ་རུ་ནི་སྐད་བརྡ་མི་འཕྲོད་པའི་སྡུག་བསྔལ་དང།
    དྲུག་ཏུ་ནི་མཐོ་སྒང་གི་འབྲོང་རྒོད་ཐང་ཁོབ་ཀྱི་མ་ཧེ་ཡི་ཡུལ་དུ་ས་ཆུ་མི་འཕྲོད་པའི་དཀའ་སྡུག་ལས་སོགས།
    དཀའ་སྡུག་འདི་ཚོ་ལ་བསམ་ན་ངོ་མ་སེམས་སྐྱོ་ནི་ཞིག་རེད།
    ད་དུང་དྲ་འབུ་འདི་ཚོས་རང་གི་གོམས་པ་གང་ཙམ་ཀྱང་མི་རིགས་ཀྱི་ཆེད་དུ་དཀའ་སྡུག་མི་བཟོད་པར་སྐྱིད་ཉལ་རྒྱགས་ཉལ་གྱིས་ཁ་རྒྱགས་པ་་རེ་བཤད་ཚོད་ལ་བསམ་ན་ངོ་ནང་པ་བ་ཞིག་ཡིན་ན་འདི་ལྟའི་བྱེད་བབ་ཞིག་ཡིན་ནམ།
    ཁྱེད་མ་བུ་གསུམ་གྱི་དགོས་འདུན་མཐའ་དག་བགེགས་བར་མེད་པར་འགྲུབ་པའི་སྨོན་ལམ་དང། གཙོ་བོ་རང་ཉིད་ཀྱི་འཕྲོད་བསྟེན་ལ་དགོངས་པ་བཞེས་རོགས། སྡུག་པོ་ཞིག་བྱུང་དུས་དེ་དུས་ལྷ་བླ་མ་ཚོགས་པ་ག་གེ་མོ་དེ་ཚོས་རོགས་མི་བྱེད་ཁོ་ཐག་རེད།

  35. བཀྲ་རྡོར།། says:
    2012-05-12 at 11:37 am

    སྐབས་འདི་ནས་ལྷག་བསམ་ཅན་ཚོས་སྐད་ཆ་འདི་འདྲ་རེ་བཤད་ནས་འདུག་སྐབས་མིན། ཁོང་ཚོ་རང་སྲོག་དང་བཅས་པ་སྤངས་ནས་བོད་དུ་འགྲོ་ཐུབ་པའི་ཆོད་སེམས་ཡོད་ན། དགེ་རྒན་སོགས་ལས་དོན་ལ་འཐུས་ཤོར་ལ་འགྲོ་མིན་པའི་ཚོང་པའི་རིགས་སོགས་ཀྱིས་ས་མཚམས་ཁག་ནས་ཁོང་ཚོ་ལ་རྒྱབ་སྐྱོར་གྱིས་རྣམ་འགྱུར་བསྟན་ཏེ་ཁོང་ཚོའི་རྒྱབ་ཏུ་བོད་མི་མང་པོ་ཞིག་ཡོད་པ་མཚོན་འཇུག་དགོས། དེ་བཞིན་ཁོང་ཚོའི་བྱེད་སྟངས་འདི་རང་གཞུང་གི་སྲིད་ཇུས་དང་ཡང་མཐུན་ན། ཁོང་ཚོའི་གནད་དོན་འདིའི་ཐད་རང་གཞུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་འཛམ་གླིང་སྒང་ལ་ཤེས་སུ་བཅུག་ན་བཙོན་ཁང་སོགས་ནས་ཁོ་ཚོར་དེ་ཙམ་དཀའ་ངལ་ཡོང་མི་སྲིད།

  36. ཀློག་མཁན། says:
    2012-05-12 at 11:51 am

    ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་དང་ལག་ལེན་དངོས་ཀྱི་སྒོ་ནས་ལས་འགུལ་ལ་རྒྱབ་སྐྱོར་ཡོད།

  37. ཤུག་པ། says:
    2012-05-12 at 12:07 pm

    བོད་པའི་གྷན་ངྷི་ཆུང་ཆུང་ལ་ཕུལ་བ།

    ལས་ཀྱིས་བསྡུས་པའི་མ་དང་སྲང་མོ། །
    ཚེ་གཅིག་འཛོམས་པ་ལས་ཀྱིས་བསྐོས་ཀྱང་། །
    ཉམ་ཆུང་བོད་པའི་གཅེས་སྲོག་འབར་དུས། །
    མ་བུའི་སེམས་པ་གང་ལ་ཕྱོགས་སོང་། །

    རང་དབང་མི་ཡི་ལུང་པ་ཡག་པོར། །
    རང་དོན་རང་གིས་འཁྱོངས་བ་ཡོད་ཀྱང་། །
    རང་ཁྱིམ་དྲོན་མོ་ཐེལ་ལ་བོར་ཏེ། །
    རང་སྲོག་འབེན་ལ་འཇོག་དོན་ཅི་ཡིན། །

    ཤོར་བའི་ཕ་ས་རང་ལ་མེད་དུས། །
    ཁེར་རྒྱུགས་ར་མདའ་གང་ནས་དྲན་སོང་། །
    བརྩེ་མེད་དམག་གི་སོ་ཁ་འགྲིམ་དུས། །
    དཔའ་བོའི་ཕུག་བསམ་སུ་ལ་བཅོལ་ཡོད། །

    རྒྱང་བཞུད་རྐང་ལམ་གཞན་ལ་གཡར་དུས། །
    རེ་བའི་མིག་ཟུང་གཏད་ས་གང་ཡིན། །
    ཚ་གྲང་བཀྲེས་ལྟོག་གདོང་གིས་བསུ་དུས། །
    ནང་གི་སེམས་དོན་སུ་ཡིས་ཤེས་ཡོད། །

    གུང་ཕྲན་མེ་འདའ་བྲང་ལ་གཏད་དུས། །
    དཔའ་དང་དཔུང་བ་གཤིབ་རོགས་སུ་ཡིན། །
    ཁེར་རྐྱང་མུན་པའི་བཙོན་ལ་ཚུད་དུས། །
    སེམས་པའི་ནང་གི་སྐྱོ་རོགས་སུ་ཡིན། །

  38. ཁ་ཐུག says:
    2012-05-12 at 12:25 pm

    ཚེ་བརྟན་རྡོ་རྗེ་ལགས་ཀྱིས་སྐར་ལྔའི་དར་དམར་འཕྱར་དགོས་པའི་རྒྱུ་མཚན་དང་། དེའི་རྒྱབ་ལྗོངས་སོགས་གསལ་བཤད་བཤད་ན་ལེགས། དྲ་ཐོག་གི་གནས་ཚུལ་ལྟར་ན་དབུ་མའི་ལམ་ལས་འགུལ་ཁང་གིས་ངན་བསྐུལ་བྱས་རབས་དང་འཐབ་ཕྱོགས་གཅིག་འགྱུར་ཁང་དེའི་རྒྱབ་ཏུ་ཡོད་རབས་སོགས་བསྒྲགས་ཀྱི་འདུག

    ཁྱེད་ཀྱིས་རྡ་ས་ནས་འགྲོ་དུས་འཁུར་མེད་ལ་བར་མཚམས་ཤིག་ནས་དར་དམ་འཕྱར་སོང་། ཁྱེད་ལ་དར་དམར་དེ་སུ་ཡིས་སྤྲད་བྱུང་ངམ། སུ་ཡིས་དར་དམར་ཁུར་ན་ཡག་པོ་ཡོད་རེད་ལབ་བྱུང་ངམ། དྲང་པོ་གསུངས་རོགས་བྱོས། ཁྱེད་རང་གི་ལས་འགུལ་ཉམས་ཉེས་སུ་འགྲོ་གི་འདུག་ལ་བོད་མི་རྒྱལ་ཞེན་པ་མང་པོའི་སེམས་ལ་ཕོག་གི་འདུག་པས་ཡིན།

    སྐར་ལྔའི་དར་དམར་ག་ནས་རེག་བྱུང་ངམ??????????
    ཉོས་པ་ཡིན་ན་ག་ནས་ཉོས་པ་ཡིན་ནམ།?????????
    གཞན་གྱིས་སྤྲད་པ་ཡིན་ན་སྤྲོད་མཁན་སུ་རེད་དམ།??????
    དགོས་པ་ག་རེ་ཡོད་དམ།????????????
    རྒྱུད་སྐུལ་བྱས་མཁན་སུ་ཡོད་དམ།?????????
    ཁུག་རྟ་སོགས་ཀྱིས་དར་དམར་ཁུར་ན་ཡག་བ་འདུག་ལབ་བྱུང་ངམ།???????????????

    འདི་དག་གསལ་བཤད་ཐུབ་ན་ཁྱེད་ཀྱི་ལས་འགུལ་ལ་བར་ཆད་མི་ཡོང་བ་ལ་ཕན་ཐོགས་ཡོད་ཀྱི་རེད་འདོད་དོ།

  39. ཆོས་འཕེལ says:
    2012-05-12 at 12:34 pm

    ཆོད་སེམས་གཏན་པའི་མ་བུ་གསུམ་གྱི་སེམས་ཤུགས་ལ་རྗེས་སུ་ཡིད་རང་ཞུ། བུ་ཚེ་བརྟན་རྡོ་རྗེས་ཐོག་མར་སེམས་ཤུགས་བསྐྱེད་པ་ནང་བཞིན་དུ་ད་དུང་མུ་འཐུད་ནས་གོམས་བགྲོད་ཞལ་ནས་གསུངས་པ་ནང་བཞིན་མཛད་ནའང་གང་ཡང་ཞུ་རྒྱུ་མེད།

    མ་རྒན་མོ་དང་བུ་མོ་ཆུང་ཆུང་གཉིས་གྱིས་གོམས་བགྲོད་བྱེད་འཚམས་དེར་བཞག་རོགས། ཁྱེད་གཉིས་ཀྱིས་སོ་སོའི་སྙིང་སྟོབས་མཚོན་ཐུབ་སོང་ལ། ཁྱེད་གཉིས་ལ་ཆོད་སེམས་གཏན་པོ་ཡོད་པའི་ཡིད་ཆེས་ཡོད། ངས་ཚིག་ཁ་ཤས་མུ་འཐུད་བྲི་ཉན་འདོད་ཀྱི་ཡོད་རུང་བྲིས་ཐུབ་ཀྱི་མི་འདུག གང་ལྟར་དྲྭ་གྲོགས་རྣམས་ཀྱིས་བསམ་ཚུལ་རེ་བཏོན་ན་ག་འདྲ་འདུག མ་རྒན་མོ་དང་བུ་མོ་ཆུང་ཆུང་གཉིས་ལ་ཞུ་བ་འཐེན་ནས་གོམས་བགྲོད་བྱེད་འཚམས་དེར་བཞག་རོགས། མོས་མཐུན་ཡོད་མེད་གང་། ཡོད་ན་ཡོད་གསུང་མེད་ན་མེད་གསུངས། རང་མི་སར་ཞོགས། གཞན་རང་སར་ཞོགས་ནས་གསུངས་།

    ཁ་ཤས་ཀྱིས་དོན་མེད་ཀྱི་སྐད་ཆ་བཤད་ཀྱིན་འདུག ཁྱེད་མ་བུ་གསུམ་ལ་ཚོགས་པ་སྐྱིད་སྡུག་གི་རྒྱབ་སྐྱོར་ཐོབ་ཀྱི་མ་རེད་པས་ལས་འགུལ་འཚམས་ཞོག་ཟེར་། སྤྱི་ཚོགས་ནང་ཁུལ་དཀྲུགས་ཤིང་རེད། ཁྱེད་མ་བུ་གསུམ་གྱིས་གོམས་བགྲོད་བྱེད་པ་དེ་ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་ནས་རྒྱབ་སྐྱོར་དང་བསྟོད་ར་གཏོང་བའི་ཆེད་དུ་ཡིན་རྒྱུ་མ་རེད། ཁྱེད་ཅག་གིས་བོད་དོན་བདེན་མཐའ་གསལ་བའི་ཆེད་དང་། དབུ་མའི་ལམ་གྱི་དགོངས་བཞེད་བཞིན་རྒྱ་ནག་གི་ངོས་ནས་ཀྱང་བསྒྲུབ་པའི་ཁས་ལེན་བྱེད་པའི་ཆེད་དུ་ལས་འགུལ་འདི་སྤེལ་བ་རེད་བསམ། ཚོགས་པ་སྐྱིད་སྡུག་གིས་རོགས་བྱེད་ན་འདྲ། མ་བྱས་ན་འདྲ་ཁྱེད་རང་ཚོའི་ཐོག་མའི་སེམས་ཤུགས་ཆགས་རྒྱུ་ཡོད་མ་རེད་ལ། སེམས་པ་ཕམས་དགོས་མ་རེད་བསམ།

    སྤྱིར་རྒྱ་མིའི་དར་ཅ་ཁྱེར་དུས་སེམས་ལ་གཟན་པོ་ཚོད་མེད་རེད། འོན་ཀྱང་དབུ་མའི་ལྟ་གྲུབ་ཀྱི་སྐོར་ལ་བསམ་གནོ་བཞེས་ན། དབུ་མའི་ལམ་གཞི་བཞག་གིས་བོད་དོན་གོམས་བགྲོད་བྱེད་སྐབས་རྒྱའི་དར་ཅ་ཁྱེར་བ་དེས་རྒྱ་ནག་གིས་བགས་ལ་ཞ་བའི་རང་བཙན་རྩོད་ཀྱི་ཡོད་རེད་ཟེར་བ་ལོག་བཤད་ཡིན་པའི་གསལ་བསྒྲགས་བྱེད་ཀྱི་ཡོད་རེད། གཞོན་ནུ་ཚོགས་པས་ཁྱེད་མ་བུ་གསུམ་གྱིས་རྒྱའི་དར་ཅ་ཁྱེར་བ་ལ་མོས་མཐུན་མེད་པས་སེམས་ཕམས་དགོས་མ་རེད། གཞོན་ནུ་ཚོགས་པའི་ལངས་ཕྱོགས་རང་བཙན་ཕྱོགས་ལ་འགྲོ་བཞིན་ཡོད་རེད། ཁོ་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་པའི་ཐོག་རྒྱབ་འགལ་བྱེད་ཀྱི་ཡོད་རེད། དེ་ཆབ་སྲིད་ཚོགས་པ་ཐམས་ཅད་ཀྱི་འགྲོ་སྟངས་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་མཁན་ཡིན་ན་ཁྱེད་ཅག་གིས་རྒྱའི་དར་ཅ་ཁྱེར་བ་ལ་དགག་པ་དོན་མཐུན་བྱེད་རྒྱུ་མེད། དེའི་རྒྱུ་མཚན་ང་ཚོའི་རྒྱའི་དར་ཅ་ཙམ་མ་ཟད་རྒྱའི་ལག་ཁྱེར་དམར་ཛར་རེ་ཁྱེར་གྱི་ཡིན་ཟེར་ནས་ཁས་ལེན་གྱི་ཡོད་རེད་བསམ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་ནང་ལ་སྡོད་པ་ཁས་ལེན་ཟིན་སྐབས་སུ། རྒྱའི་དར་ཅ་ཁྱེར་བ་ཁས་ལེན་པ་མ་རེད་པས། གལ་སྲིད་ངས་དབུ་མའི་ལམ་ལ་གོ་ལོག་ཕྱིན་འདུག་ན་གསལ་བཤད་གནང་རོགས།

  40. དཔལ་སྟུག says:
    2012-05-12 at 12:37 pm

    འོ་ཁག་མེད་ཁྱེད་ཅག་གི་སྐད་ཆ་དེའི། ངའི་སེམས་པ་སྐྱོ་སོང་། མིག་ཆུ་ཡང་བཞུར་སོང་།

  41. གངས་སེང་དཀར་མོ། says:
    2012-05-12 at 12:38 pm

    གླིང་ཚ་མ་བུ་གསུམ་གྱིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཞི་བས་གོམ་བགྲོད་བྱས་པ་འདི་དངོས་གནས་གཟི་བརྗིད་རེད་ལ་ང་ཚོ་ཚང་མས་རྒྱབ་སྐྱོར་ཡོད། ད་དུང་། ཁྱེད་རྣམ་པས་འདོད་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་ཡོད། གཙོ་བོ་ཁྱེད་རྣམས་ཀྱིས་ལམ་བར་ནས་གཟབ་གཟབ་བྱེད་དགོས་པ་འདི་གལ་ཆེན་པོ་རེད།

  42. དཔལ་སྟུག says:
    2012-05-12 at 12:40 pm

    ཨ་ཧོ་ཧོ་ཁག་ཟིག་མེད། ཁྱེད་ཅག་གི་སྐད་ཆ་དེའི། ངའི་སེམས་པ་སྐྱོ་སོང་། མིག་ཆུ་ཡང་བཞུར་སོང་། བྱ་ཐབས་ཀྱང་ཟད་སོང་།

  43. ཞོལ་ཕྲུག says:
    2012-05-12 at 12:41 pm

    གླིང་ཚ་མ་བུ་གསུམ་མདུན་ནས་མདུན་དུ་བསྐྱོད་ཅིག
    རང་དབང་གི་མདུན་དུ་གོམས་ཞེང་ཆེན་པོས་བསྐྱོད་ཅིག
    ཁྱེད་ཚོའི་ཞབས་རྗེས་རེ་རེའི་སྟེང་དུ། མི་རིགས་ཀྱི་ལས་དབང་རེ་རེ་ཡོད།

    སྙིང་སྟོབས་ཅན་གྱི་ཨ་མ་ལགས། ཁྱེད་རང་ཐུགས་ཕམ་མ་གནང་རོགས། གཞོན་ནུའི་གསལ་བསྒྲགས་དེ་ནི་ཁྱེད་ཚོར་ཆེད་དུ་དམིགས་པ་ཞིག་མིན་ཅིང་། རྒྱལ་སྤྱི་དང་རྒྱ་ནག་ལ་བོད་ཀྱི་གཞོན་ནུ་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་གསལ་སྟོན་བྱས་པ་ཙམ་རེད། དེ་ཡང་ང་ཚོར་མཁོ་ངེས་ཞིག་རེད།

    ན་ཆུང་མ་ལྷ་མོ་སྐྱིད། ཁྱེད་ལོ་ན་ཆུང་ཆུང་ཡིན་ཀྱང་། སྡུག་རུས་དེ་འདྲ་ཁྱོག་པ་གཟི་བརྗིད་ཡིན། ད་དུང་ཁྱོད་ཀྱི་སེམས་ནང་རྡ་སར་ཡོད་པའི་པ་ལགས་དང་། ཡུལ་སྐད་མི་མཁྱེན་པའི་ཨ་མ་ལགས་ཀྱི་འཚོ་བའི་ཐོག་འགན་འཁུར་ཐུབ་པ་ནི་སྤྱིར་བཏང་ཞིག་ག་ལ་ཡིན། ཁྱོད་ལ་གདོང་དམར་བོད་པའི་གཅེས་ཕྲུག་གཞན་དང་མི་འདྲ་བའི་ལ་རྒྱ་ཞིག་ཡོད་པ་ནི་ཕ་མ་བཟང་པོའི་ཕྲུ་གུ་བཟང་པོར་ངེས། ཁྱོད་ཐུགས་གཡེང་གནང་མི་དགོས། རྡ་སར་ཡོད་པའི་པ་ལགས་ཀྱིས་ཁྱེད་གསུམ་གྱི་ལས་འགུལ་ལ་སྤྲོ་སྣང་གིས་ཁེངས་ནས་བཞུགས་པ་ཐེ་ཚོམ་མེད། དེ་ནི་ཟུར་བལྟས་ལེབ་མཐོང་རེད།

    གང་ལྟར་ཁྱེད་མ་བུ་གསུམ་ནི་གདོང་དམར་བོད་པའི་མི་རབས་གསུམ་གྱི་འཐུས་མི་ཡིན། ཁྱེད་ཚོའི་ལས་འགུལ་དེར་བར་ཆད་མི་ཡོང་བའི་དཀོན་མཆོག་ལ་གསོལ་བ་སྨོན་ལམ་བཏབ་ཀྱི་ཡོད།

    ཐུགས་རྗེ་ཆེ།

  44. ཆབ་བྲག་ལྷ་མོ་སྐྱབས། says:
    2012-05-12 at 12:46 pm

    བུ་བུ་མོ་ཁོང་གཉིས་ཀྱི་ཕ་རྒན་གང་ན་བཞུག་ཡོད་ན། ཁོང་ལ་བདག་སྐྱོང་གནང་གིན་ལོས་ཡོད། དེའི་སྐོར་ཤེས་མཁན་སུ་ཡོད།

  45. རེབ་ཐོག་མདའ says:
    2012-05-12 at 12:49 pm

    ག་རེ་བྱས་ནས
    གླིང་ཚ་མ་བུ་གསུམ་ལ་སེམས་གཏམ་རེ་ཤོར་སོང་།
    རྡ་སའི་ཚོགས་པ་ད་ཚོ་ཡིད་ཐང་རེ་ཆད་སོང་།།
    ལུས་སེམས་བོད་ལ་ཕུལ་བའི་གླིང་ཚའི་ལྷག་བསམ།།
    སེང་གེ་བཀའ་ཤག་ཚང་གི་གོ་ན་ཆོག་མོད།།
    ཨ་རི་ཡོ་རབས་སོགས་ལ་འགྲུལ་སྐྱོད་ཙམ་ལས།།
    སྐུ་ངོ་དེ་ཚོ་ག་རེ་བྱས་གི་ཡོད་དམ།།

    ཚོགས་པའི་མིང་ཅན་གཞོན་ནུ་བུད་མེད་ལ་སོགས།།
    མར་མེ་ཁྲོམ་སྐོར་ཞིག་གི་རྩེ་མོ་རྩེ་བཞིན།།
    རང་བཙན་དབུ་མའི་བར་གི་བལྟ་བ་རྩོད་ཀྱིན།།
    མ་འོངས་འཛུགས་སྐྲུན་ཁ་ལྕེ་སྙན་མོ་བར་ནས།།
    སྐྱ་སེར་རྒན་གཞོན་ལག་ནས་ཞལ་འདེབས་བསྡུ་ཞོར།།
    གླིང་ཚ་མ་བུ་སེམས་པ་ས་ལ་གཡུག་གི།།

    ཁ་བྱང་གཟུགས་པོ་འོག་གི་ཚོགས་པ་དེ་དག།
    མགོ་སྔ་ཡོད་པའི་ལས་གཅིག་ཀྱང་མེད་གི།།
    གཞུང་དོན་ཁ་ལ་གླེང་བཞིན་སྒེར་དོན་སྒྲུབ་ཞོར།།
    རང་ཉིད་རྡ་གྲོང་ནས་ཉི་མ་གཏོང་བཞིན།།
    ནུབ་ཕྱོགས་ཨ་རི་ཡོ་རབས་རྒྱ་གར་སོགས་ལ།།
    བོད་དོན་གལ་ཆེན་ཡིན་པའི་ཁ་ལྕེ་བརྡར་གི།།

    བཙན་བྱོལ་བོད་པ་རི་གྲོང་ཆུང་ཆུང་།།
    ཆོལ་གསུམ་བོད་པ་འཛོམས་སའི་གནས་ཚང་ཆུང་ཆུང་།།
    ཆུང་ཆུང་གྲོང་ལ་འདུ་བའི་བོད་པའི་ཚོགས་ན།།
    གླིང་ཚ་མ་བུ་འདྲ་མི་བུ་ཉུང་གི།།
    ཕ་ཡུལ་གངས་ལྗོངས་བོར་བའི་ཁ་སང་དེ་རིང་།།
    རང་གི་ནང་མི་ནུབ་ཀྱི་གླིང་ནས་བཞག་དེ།།
    སེམས་པ་བོད་ལ་འཁོར་བ་དེ་བས་ཉུང་གི།།

    གླིང་ཚ་མ་བུ་སེམས་པ་སྐྱོ་སྐྱོ་མ་གནང་།།
    ཨ་མ་རྒན་མོ་་སྐྱོ་བའི་མིག་ཆུ་མ་གཏོང་།།
    གླིང་ཚའི་བུ་རྒོད་སེམས་པ་ཨ་ཐང་མ་ཆད།།
    བུ་མོ་ཆུང་ཆུང་ཞེ་སྣང་སྐྲག་སྣང་མ་བྱེད།།
    སྐྱབས་གནས་དཀོན་གསུམ་ལ་སྤྱན་ཞིག་ཡོད་ན།།
    བུ་ངའི་སྙིང་ཁོངས་དམར་བོ་དཀྱིད་ལ་བཟུང་ནས།།
    མ་བུ་སྐུ་ལུས་བདེ་བའི་སྨོན་ལམ་བཏབ་ཡོད་།།

    རེབ་མིང་འཛིན་པ་ནས་མིག་ཆུ་བར་ནས་བྲིས་བའི་སྙིང་གཏམ་ཡིན་པ་ལས་སྤྱི་ཚོགས་དང་ཚོགས་པ་དག་སྐྱོན་བརྗོད་ཀྱིས་ཆེད་དུ་མིན་།

  46. གནམ says:
    2012-05-12 at 12:51 pm

    ཁྱོ་ལ་མ་སྲིང་གཉིས་ཁྲིད་པའི་སྤོབས་པ་ཡོན་ན་འདི་གཉིས་འཇོག་པའི་ལས་འགན་དེ་ཡང་ཁྱོ་ལ་ཡོད་པ་རེད། མ་གཞི་མི་བྱེད་དགུ་བྱེད་བྱེད་མཁན་དེ་ཁོ་རང་རང་རེད། དང་པོ་རྡ་ས་ནས་མགོ་འཛུག་སྐབས་ང་ཚོ་ཚང་མ་ཁྱོའི་རྒྱ་ན་ཡོད། ཡིན་ན་ཡང་ཁྱོས་དར་དམར་ལག་ལ་ཐེག་པ་ནས་བཟུང་ང་ཚོ་ཁྱོད་ཀྱི་རྣམ་དཔྱོད་མེད་པའི་ལས་ཉེས་ལ་ཡིད་ཆད་པ་རེད། བོད་རྒྱ་ཆའི་༩༠་ལ་འདོད་མོས་མེད་པ་ཤེས་བཞིན་དུ་ད་དུང་ཨུ་ཚུགས་ཀྱིས་དར་དམར་ལ་གཅེས་བ་དེ་ཁྱེད་རང་གི་དགོས་འདུན་རེད། བུ་མོ་དང་ཨ་མ་གཉིས་ལ་བོད་མི་གཞན་ལས་ལྷག་པའི་བོད་ལ་ལྷག་བསམ་དང་ཤ་ཚ་ཡོད་པ་བདེན་པ་རེད། ཆབ་སྲིད་ཀྱི་གོ་རྟོག་མ་དེ་ཡང་གསལ་བོ་རེད། ང་ཚོས་ཤེས་ཡོད། ད་འགྲིག་སོང་། ཞུ་བ་མ་ཞུ་པའི་བསམ་པ་མེད།་ཁ་ལ་ཉན་པའི་རེ་བ་མི་འདུག ཉལ་ན་གཉིད་མི་ཡོང་གི ལང་ན་སེམས་མི་བདེ་གི
    གནས་ཚུལ་མི་བཟང་བའི་གཏམ་ངན་ཞིག་ལ་སྒུག་ནས་བསྡད་ཡོད།
    ཅི་འདྲ་འདྲའི་མི་ཨུ་ཚུགས་ཅན། ཨ་མ་དང་སྲིང་མོ་གཉིས་ཚེ་ཐར་ལ་གཏོང་རོགས། དྲིན་ཆེན་པོ། ཁྱོ་རང་སྟག་ཤ་ར་རེད། རྒྱུག་ལ་ཟེར་ན་རྒྱུགས། འགྲོ་ལ་ཟེར་ན་ཕྲོས།

  47. ཤུག་པ། says:
    2012-05-12 at 1:14 pm

    ཞོལ་ཕྲུག་གི་གསུང་བ་དེ་ག་རང་ཡིན།
    གལ་ཏེ་ང་གོང་ཕྲན་ཏང་ལ་སྙིང་ནས་དགའ་བའི་སོ་བ་ཞིག་ཡིན་ན། ངས་གླིང་ཚ་མ་བུ་གསུམ་ལ། ཁྱོད་ཚོའི་གོམས་བགྲོད་ལ་བོད་མི་བརྒྱ་ཆའི་ ༩༠ ཡི་ཡི་རིང་བྱེད་ཀྱིན་མེད། ཁྱོད་ཀྱིས་རྐང་རྗེས་ལག་སྲུབ་བྱས་སོང་། ད་མཚམས་འཇོག་རོགས། ཁྱོད་ཀྱི་ལས་འགུལ་ཏེ་འདྲ་ཞིག་སྤེལ་བ་ལས་མ་སྤེལ་ན་བཟང་། སོགས་བཤད་དེ་ཁོ་ཚོ་ས་འོག་འཇུག་འེ་ཐུབ་ལ་འབད་ངེས་ཡིན།
    གླིང་ཚ་ལགས། རྣམ་རིག་གསལ་དགོས་ཡ།

  48. ཐུབ་བསྟན says:
    2012-05-12 at 1:39 pm

    ད་ལྟར་རང་བོད་མི་རིགས་ཧ་ཅང་དཀའ་ངལ་གྱི་གནས་སུ་ལྷུང་བའི་སྐབས་འདིར་བོད་རིགས་སྤུན་ཟླ་ཚང་མས་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་ཚོར་བ་ཧ་ཅང་དྲག་པོ་ཞིག་གིས་རང་སོ་སོས་གང་འཇོན་གྱི་འཐབ་རྩོད་བྱེད་ཀྱིན་ཡོད་པ་ནི་སྤོད་པ་བསྐྱེད་འོས་ཞིག་ཡིན། ལྷག་པར་ཁྱེད་མ་བུ་གསུམ་ལྟར་བུ་རང་དོན་ཁྱེད་དུ་གསོད་ནས་སྙིང་སྟོབས་དང་ལྷག་བསམ་ཡོངས་ལ་མངོན་པའི་སྔོན་ཐོན་སྤུན་རྣམས་ནི་ངད་རྗེས་ལུས་སྤུན་ཟླས་ཁ་མིག་བརྟེན་སའི་མིག་དཔེ་བཟང་པོ་ཞིག་ཡིན་ལ་མི་རབས་ལོ་རྒྱུས་ཁྲོད་ནམ་ཡང་མི་ཡལ་ཤིང་ནམ་ཡང་རྗེད་པ་མེད།།

  49. ནོར་བུ་ says:
    2012-05-12 at 1:44 pm

    ཚེ་བརྟན་རྡོ་རྗེ་ཁྱེད་མ་བུ་གསུམ་གྱི་སེམས་ཤུགས་དང་སྙིང་སྟོབས་ལ་ངས་ཐོག་མར་བརྒྱ་ཆ་བརྒྱ་ཀུས་བཀུར་ཡོད་ཡིན་ན་འང་ཁྱེད་ཀྱི་རྒྱ་མིའི་ཁྲག་དར་འཕྱར་བ་དེ་མཐོང་ཡོང་དུས་ངས་སེམས་པ་སྐྱིད་མ་སོང། ངའི་སྙིང་ནས་རེ་བ་ལ་ཁྱེད་ཀྱི་རྒྱ་དམར་གྱི་དར་འཕྱར་བ་དེ་མཚམས་འཇོག་གནང་རོགས་དེང་སྐབས་སྤྱི་ཚོགས་ནང་འཁྲུག་རྐྱེན་གྱི་གཞི་མ་ཆགས་ཀྱི་འདུག་ཕ་བཟང་བུ་ཐུགས་སེམས་ཡག་པོ་བཞེས་རོག ཁྱེད་ཀྱི་ལས་འགུལ་དེ་བོད་མི་ས་ཡ་དྲུག་གི་དོན་དུ་ཡིན་པ་མ་རྟོག་མི་ཁ་ཤེས་ཞིག་གི་ཁ་ལ་མ་ཉན་རོག་ཕ་བཟང་བུ། དོན་དག་ཆུང་ཆུང་མ་རེད་ཆེན་པོ། འདི་ང་གཅིག་པུ་རེ་བ་མིན་གཞི་ལུས་བོད་མི་མིང་པོ་ཞིག་གི་རེ་བ་རེད་ཐུགས་ལ་བཟུང་། མཐར་ཁྱེད་མ་བུ་གསུམ་པོ་བདེ་ཐང་ངང་བཞེད་དོན་འགྲུབ་པའི་སྨོན་འདུན་བཅས།།

  50. དངས་བླངས་པ says:
    2012-05-12 at 2:36 pm

    གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཞུ་རྒྱུར། ཁྱེད་མ་བུ་གསུམ་གྱི་ཞི་བའི་གོམ་བགྲོད་ཟླ་བ་གསུམ་ཙམ་བྱས་ཟིན་པ་རེད། དེ་ལ་དཀའ་སྡུག་དང་དྲོ་གྲང་དུ་མས་མནར་གཅོད་བྱས་ཡོད་པ་ནི་བཤད་མི་དགོས། ད་གཅུང་མོ་དང་མ་རྒན་གཉིས་པོ་ཞི་རྒོལ་དེ་ལས་ཕྱིར་འཐེན་བྱེད་རོགས། ཁྱེད་ནི་བུ་ཞིག་རེད་མ་ཚད་མ་བསྐུལ་དངས་བླངས་གྱི་ཁས་ལེན་པའི་གྲལ་རེད། ཡིན་ན་ཡང་ཁྱོད་རང་འཚམ་འཇོགས་བྱོས་ཡང་ཟེར་མི་ཕོད་ལ་མུ་འཐུད་ལས་འགུལ་སྤེལ་རོགས་ཀྱང་ཟེར་མི་ཕོད། སོམ་ཉི་ངང་གནས་ཡོད། ད་ཁྱོད་རང་གཅུང་མོ་ཕྱིར་འཐེན་བྱས་ན་མ་གཏོག་རྗེས་མ་འགྱོད་པ་རྟས་མི་ཟིན་པའི་གནས་ཚུལ་ལྷག་ན། སོ་སོའི་སོ་སོར་ཁོང་ཁྲོ་བྱེད་དགོས་པའི་གནས་སྟངས་ཆགས་ན་ཕྱི་ཚར་རེད་ད། གྲོགས་པོ་ལགས་ཁྱེད་རང་ལ་སེམས་ཤུགས་འདུག། དགའ་བོ་བྱུང། ད་མ་སྨད་གཉིས་པོ་ཕྱིར་འཐེན་བྱེད་རོགས། གྲོགས་པོ་ལོ་ལོ་ངས་རེ་བ་ཡིན། རྡ་སའི་སློབ་སྤྱི་དེ་ཚོར་མི་ཁྱད་མཚར་འདུག་བ། ཡང་ཁྱེད་མ་བུ་གསུམ་པོ་ཏིག་ཙམ་མ་འགྲིགས་པ་བྱུང་ན་བུ་མོ་སློབ་གྲ་འགྲོ་དགོས་རེད། བྱས་ཙམ་སློབ་གྲའི་ནང་ནས་ཕྱིར་ཕུད་མི་བྱེད་པའི་ངེས་པར་མེད་དུས། མ་སྔ་མ་ཕྱི་རེད། ཕྱིར་འཐེན་བྱོས། མ་རྒན་ལྡོམ་མོ་སྐྱིད་ལགས། བུ་ཡི་མི་ཚེའི་སེམས་ངལ་ལས་བུ་མོའི་མི་ཚེ་ལ་བསམ་བློ་མེད་པ་ག་རེ་རེད། བུ་དང་བུ་མོ་འདྲ་གི་མ་རེད། བུ་ཟེར་བ་དེ་ཁ་ཐུག་བསད་མ་སོང་ན་གནས་ཚུལ་ཆེན་པོ་དེ་འདྲ་ལྷག་རྒྱུ་ཡོད་མ་རེད། ཡིན་ན་ཡང་བུ་མོ་ཟེར་མཁན་དེ་མི་ཚེ་འཕྲོ་བརླག་འགྲོ་བ་ཇ་ཡུན་ཙམ་རེད། མ་རྒན་ལགས། ད་བུ་མོ་ལ་སྡུག་པོ་མ་གཏོང། བུ་མོ་ཕྱིར་འཐེན་བྱེད་རོགས།

  51. བདུད་རྡོ says:
    2012-05-12 at 3:03 pm

    ཁྱེད་མ་བུ་གསུམ་ལ་བགེགས་བར་ཆད་མེད་པའི་སྨོན་ལམ་འདེབས།གཞན་གྱི་བསྟོད་སྨད་ལ་དགའ་སྡུག་བྱེད་རིན་མེད།རང་གི་ཐོག་མའི་དམ་བཅའ་དེ་སེམས་ལ་བཞག་ནས་རྣམ་རིག་སྒྲིམ་རོགས།འོན་ཀྱང་བླུན་རྟགས་ནི་ནམ་ཡང་བྱེད་མི་རུང།

  52. སྟག་སྨྱོན། says:
    2012-05-12 at 4:24 pm

    ངོ་ཚ་ཁྲེལ་མེད་ཀྱི་བོད་མི་མང་བ་ལ། འདི་འདྲ་ཡིན་ཙང་སྤྱི་དོན་བསྒྲུབ་མཁན་ཉུང་དུ་ཉུང་དུ་འགྲོ་གི་ཡོད་པ་རེད། ཁོང་གསུམ་གྱི་ཚེ་སྲོག་ལ་ཐུག་ཡོད་ཀྱང་ད་དུང་འཚང་འབྲུ་ལུགས་ལ་ལྟོས་དང་། ཡང་སྙིང་ཁྱེད་ཚོས་ཚེ་རྡོར་མ་བུ་གསུམ་རྒྱལ་གཅེས་དཔའ་པོའི་མཚན་སྙན་མི་སྤྲོད་ཟེར་གྱི་ཡོད་པ་འདྲ། མིང་སྐམ་པོ་འདི་འདྲ་ཞིག་ཐོབ་ཀྱང་བེད་སྤྱོད་ཡོད་མ་རེད། འདི་ནི་གཞོན་ནུ་སོགས་ཀྱིས་བོད་མི་དཔའ་ཚོ་མེད་བརླག་བྱེད་སྤྱད་ཀྱི་མགོ་སྐོར་གྱི་ཚིག་སྐམ་དེ་རེད། ཚིག་སྐམ་འདི་འདྲའི་ཆེད་དུ་དཀའ་ལས་བརྒྱབ་ན་སྨྱོན་པ་རེད།
    སྤྱི་བཏང་རྒྱ་དར་འཕྱར་བ་ནས་ཚེ་རྡོེར་ལ་ལྷག་པར་དུ་རྒྱབ་སྐྱོར་དང་ཤ་ཚ་སྐྱེས་ཡོང་གི་འདུག ཚེ་རྡོ་མི་བུ་དཔའ་པོ་དང་གླེན་པ་ཞིག་ཡིན་ཙང་། རྡ་སའི་ཆབ་སྲིད་པ་ཚོས་ཁོང་གི་བྱས་རྗེས་དང་ལས་འགུལ་བེད་སྤྱོད་ལོག་པ་བཏང་བ་རེད། སྔོན་མ་བྷིར་སློབ་གྲྭ་ཡང་འདི་ལྟར་རྩེད་སྤྱད་བྱས་པ་རེད། མ་གཞི་རྒྱ་དར་དེ་ཚེ་རྡོར་རང་གིས་ཉོས་པ་རེད་དམ། རྒྱ་དར་ཞིག་ཚེ་རྡོར་གྱི་ལག་པར་ག་ནས་རག་པ་རེད་དམ། འདི་ནི་བོད་མིས་བོད་མི་བཙོང་གི་ཡོད་པ་མཐོང་ཐུབ་པ་མ་ཡིན་ནམ། སུས་ཚེ་རྡོར་ལ་རྒྱ་དར་དེ་བསྐྱལ་བ་རེད་དམ།
    ང་ཚོས་ཚེ་རྡོར་མ་བུ་གསུམ་བཙོང་མཁན་གྱི་རྡ་སའི་མི་ངན་དེ་ཚོ་ཤེས་དགོས་པ་རེད།
    ཚེ་རྡོར་ལ་ང་ཚོས་ཁོ་རང་གི་ཐོག་མིའི་འབོད་ཚིག་ལྔའི་ནང་དོན་གྱིས་ཐོག་ནས་རིན་ཐང་གཅོད་དགོས་པ་ལས། རྒྱ་དར་གྱི་ཐོག་ནས་མ་ཡིན། རྒྱ་དར་དེ་བོད་མི་བཙོང་མཁན་ཞིག་གིས་ཚེ་རྡོར་ཡང་སྐབས་བསྟུན་བཙོང་བ་རེད། བྱས་ཙང་ང་ཚོས་ཚེ་རྡོར་བཙོང་མཁན་གྱི་ནག་ཅན་པ་ལ་ཉེས་པ་གཅོད་མི་ཐུབ་པར། གནོད་འཚེ་ཕོག་ས་ཚེ་རྡོར་ལ་མནར་གཅོད་འཕར་མ་གཏོང་དོན་འདུག་གམ། ང་ཚོའི་ལས་འགན་ཚེ་རྡོར་མ་བུ་གསུམ་བལ་དམག་གི་མནར་གཅོད་དང་། བོད་མི་ནང་ཁུལ་བཙོང་མཁན་གྱི་རྡ་སའི་མི་ངན་ཚོའི་ལག་འོག་ནས་ཚུར་སྐྱབས་དགོས་པ་དེ་རེད།

  53. ལ་རྒྱའི་བདག་པོ། says:
    2012-05-12 at 5:21 pm

    གང་ལྟར་གླིང་ཚ་མ་བུ་གསུམ་གྱི་ལྷག་བསམ་དང་།སྙིང་སྟོབས།ཆོད་སེམས་བཅས་ལ་ང་ཚོས་དོ་ཟླ་མི་ཐུབ་ལ་ང་ཚོ་སུས་ཀྱང་དེ་ལྟར་བྱེད་སྤོབས་མེད་པས་ཁོངགསུམ་གྱི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་དང་ཡི་རངས་ཞུ།དེ་མིན་ཕྱོགས་འཐེན་གྱི་དུག་མདའ་འཕེན་མཁན་དག་ནི་བསམ་བཞིན་དུ་དགྲ་བོའི་ཕྱོགས་སུ་སོང་མེད་ཀྱང་དོན་སྙིང་སྤྱི་ཚོགས་དཀྲུགས་གཞིར་འགྱུར་བས་དགྲ་བོར་དཔུང་རོགས་བྱས་པ་དང་སྒོ་ཀུན་ནས་མཚུངས་སོ།

  54. གཞོན་ནུ་ཟླ་མེད། says:
    2012-05-12 at 7:05 pm

    གླིང་ཚ་མ་བུ་གསུམ་པོའི་གནས་ཚུལ་འདི་གོ་ནས་སེམས་པའི་ངོས་སུ་བརླན་ཞིག་བབས་སོང་། ངོ་ནས་མི་གཤིས་དྲང་མོར་མདའ་འདྲ་འདྲ། ལྷག་བསམ་དག་མོ་གསེར་འདྲ་འདྲ་རེད། ད་ངས་ཁྱོད་ཚོ་ལ་ཞུ་སྙིང་འདོད་པ་ནི། ཁྱོད་ཚོས་བློས་གཏོང་ཆེ་དྲག་པ་རེད། བོད་མི་ཁྱིམ་ཚང་རེ་ནས་ཁྱོད་ཚོས་ཁྱིམ་ཚང་ནས་བཞིན་བློས་གཏོང་བྱེད་མཁན་ཅུང་ཁེག་པོ་ཡོད་ཀྱི་རེད།
    དེ་ནས་ཚོགས་པ་ཁག་དང་། མི་སྒེར་བ་སུ་ཞིག་གིས་དགག་ཕྱོགས་ནས་བཤད་ཀྱི་ཡོད་ན། དེ་ནི་ཉན་མཁན་གཞན་ཞིག་ལ་ཤོད་ཀྱི་ཡོད་པ་རེད། མ་བུ་གསུམ་པོས་དེ་དག་ལ་མཉམ་འཇོག་བྱེད་དགོས་པ་མ་རེད། དེ་ཆབ་སྲིད་ཀྱི་སྐད་ཆ་ཞིག་རེད། ཁ་གསལ་རུ་བཏང་ན་ང་ཚོ་ཕ་ཡུལ་ན་འཇིག་རྟེན་ཁ་དཔེ་ཞིག་ཡོད་པ། བཤད་ས་བུ་མོ་དང་ཉན་ས་མནའ་མ་ཟེར་བ་ཞིག་ཡོད་པ་དེ་རེད། ཁྱེད་རང་ཚོས་ལྷག་བསམ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ། འོན་ཀྱང་སྲོག་བློས་གཏོང་གི་ཡིན་ཟེར་ན་མོས་མཐུན་མེད། འདི་རྒྱབ་ལྗོངས་མཐུག་པོ་ཞིག་གི་ངོས་ནས་བཤད་ཀྱི་ཡོད།

  55. ནག་ཐར་སྐྱིད། says:
    2012-05-12 at 7:29 pm

    དོན་དངོས་ནས་ཚོགས་པ་འདི་གཉིས་ག་ཁྱི་རྔ་མ་མེད་ནི་འདྲ་བོ་དང་། དེའི་རྗེས་ན་འུར་འདྲོགས་བྱེད་མཁན་དག་མི་གཏད་སོ་མེད་ནི་དག་དག་རེད། གླིང་ཚ་མ་བུ་གསུམ་གྱིས་དགོས་འདུན་དོན་ཚན་དག་ཁོ་ནིའི་ཆེད་དུ། སྙིང་ལ་རུས་བ་བཅུག་ནས་ཤུགས་རྒྱག་རོགས། མཐའ་ལ་ཐུག་ན་བརྟན་པོ་བཟང་ནི་རེད། ཨམ་ཚུགས་བསྡམས་རོགས། མི་ཚེ་ལ་གོ་ཐོས་མེད་པའི་གནས་སྟངས་ཞིག་བྱུང་སོང་རུང་། ཁྱེད་མ་བུ་གསུམ་གྱི་ལྷག་བསམ་སྟོད་ཀྱི་རྒྱལ་བའི་མཁྱེན་ནི་རེད། དེ་ནི་བླ་མེད་ཀྱི་སྙིང་སྟོབས་ལས་བྱུང་བར་བརྟེན། སུ་ཡིས་ཀྱང་ནག་བསུབ་གཏོང་ཐབས་ཡོད་མི་སྲིད། སྨད་ཀྱི་ཁྱི་རྔ་མ་མེད་ནི་ཚོའི་འདོད་ཐོག་ལ་འགྲོ་སྲིད་པ་རེད་དེ། དེ་ཉིན་ནས་གླིང་ཚ་མ་བུ་གསུམ་གྱིས་ལྟད་མོ་ལྟོས་དང་། བོད་གངས་ཅན་ན་མི་བུ་སྙིང་ན་རུས་རྐང་ཅན་རེ་ཡོད་ཚེ། ཁྱི་ལ་ཁྱིའི་ཚོད་ཀྱི་དབྱུག་པ་སྤྲོད་ཁོ་ཐག་ཡིན་ངེས།

  56. ཤུག་པ། says:
    2012-05-12 at 9:49 pm

    ཁྱེད་མ་བུ་གསུམ་ལ་མུ་འཐུད་དུ་འཐབ་རྩོད་གནང་རོགས་ཞུ་མི་སྤོབ།
    གཅིག ང་ནི་སྤྱི་དོན་མི་ནུས་པའི་ཉལ་སའི་ནང་གི་སྨྱུག་འཛིན་པ་ཞིག་ཡིན་པས་སོ།
    གཉིས། འཇིགས་སུ་རུང་བའི་གཤེད་མ་དག་གི་དྲུང་དུ་ཁྱེད་མ་བུ་གསུམ་སྐྱེད་འདོད་ཡེ་ནས་མི་འདུག
    གསུམ། ཁྱེད་མ་བུ་གསུམ་ལ་ཆག་སྒོ་བྱུང་ན་དེ་ནི་ང་ཚོ་བོད་མི་རིགས་ཀྱི་ཀྱོང་གུད་དཔེ་མེད་ཅིག་རེད།
    དེའི་ཕྱིར། གླིང་ཚ་ལགས། ཁྱེད་ཀྱིས་སྲོག་ལ་ཉེན་མེད་པའི་ཁ་ཕྱོགས་ཤིག་གདམས་ན་ཅི་འདྲ་ལགས།
    འདི་ནི་སེམས་པའི་ནང་གི་རེ་སྐུལ་ཡིན་ཡ།
    འདི་ནི་སྡར་མ་ཞིག་གི་སེམས་དོན་ཡིན་པས་རིན་ཐང་ཆུང་ན་ཡང་། ཉལ་ས་བདེ་ཡང་སེམས་པ་མི་བདེ་བའི་ང་དང་ང་ལྟ་བུའི་སེམས་དོན་ངོ་མ་དེ་ཡིན།

  57. སྐྱུ་རྩི་ནས། says:
    2012-05-12 at 9:57 pm

    ཁྱེད་གསུམ་གྱི་ལས་འགུལ་ལ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད། གུས་ཀྱི་རེ་བ་ལ་ད་ལྟ་གནས་སྐབས་མཚམས་འཇོག་གནང་ན་ལེགས་པར་སེམས། གང་ལགས་ཞེས་ན་བལ་པོའི་ཉེན་རྟོགས་པས་ཡག་པོ་མི་བྱེད་པ་ཐག་ཉེ། དེ་བས་ཚེ་རྡོར་ཁྱེད་རང་གི་དགུན་ན་མཐོ་བའི་ཡུམ་དང་། དགུན་ན་གཞོན་པའི་གཅུང་མོར་ཡང་དཀའ་ངལ་འཕྲད་ངེས། ངས་ཁྱེད་རང་ཚོའི་བསམ་ཚུལ་ཤེས་ཀྱི་ཡོད། བོད་ནང་གི་དཀའ་ངལ་ལ་བསམ་ན་ང་ཚོ་ཚང་མས་དེ་ལྟར་བྱ་དགོས་ངེས་ཀྱང་། ང་ཚོས་དུས་དང་གནས་སྐབས་རྣམ་པ་འདྲ་མིན་གྱི་ཐབས་ཤེས་ལ་བརྟེན་དགོས། ང་ཚོས་ཤེས་དགོས་པ་ནི། འཛམ་གླིང་རྒྱལ་ཁབ་ཚོས་ནི་བྱམས་སྙིང་རྗེའི་སེམས་གསོ་ཙམ་ནས་རྒྱབ་ལ་དགོས་པའི་རྒྱལ་སྤྱིའི་དཔུང་སྟོབས་ནི་དགྲ་བོའི་ཕྱོགས་ལ་ཕྱོགས་པ་ལས་ང་ཚོར་མེད། ང་ཚོའི་དཔའ་རྒོད་མང་པོའི་སྐུ་སྲོག་མེས་ལྕེས་གཏུམས་ཀྱང་རྒྱལ་སྤྱིས་ནི་ཟུར་མིག་ཙམ་ཡང་ལྟ་མྱོང་མེད། ང་ཚོས་ལུ་གུ་བརྒྱུད་དུ་དེ་ལྟར་བྱས་ན་སྒོང་ང་བྲག་ལ་བརྡབས་པ་འདྲ་བོ་ཞིག་ཡོང་ཉེའི་འདུག

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (82)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme