Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་ལ་བབ་པའི་སྐད་ཆ།

Posted on 2009-10-202009-10-20 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 20 Comments on དུས་ལ་བབ་པའི་སྐད་ཆ།

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

འབྱུང་འགྱུར་གྱི་ལོ་ངོ་ཉི་ཤུ་སུམ་ཅུའི་ནང་རྒྱ་ནག་ལ་འགྱུར་བ་ཞིག་འགྲོ་མིན་ཇི་ལྟར་ཡང་། དུས་ཚོད་ཀྱི་སྔ་ཕྱི་ཞིག་མ་གཏོགས་རྒྱ་ནག་གི་ཆབ་སྲིད་འཛིན་སྐྱོང་བྱེད་སྟངས་ལ་འགྱུར་བ་ཞིག་ཡོང་མིན་ཇི་ལྟར་ཡང་། འབྱུང་འགྱུར་གྱི་རྒྱ་ནག་འདི་མང་གཙོ་ཆགས་མིན་ཇི་ལྟར་ཡང་། ད་ལྟའི་དུས་སུ། རྒྱ་ནག་གི་དཔལ་འབྱོར་གྱི་ཁྲོམ་ར་ཆེ་ནས་ཆེ་རུ་འགྲོ་བཞིན་པ་མ་ཟད་འབྲེལ་བའི་སྒོ་མོ་ཡང་ཆེ་ནས་ཆེ་རུ་ཕྱེས་བཞིན་པ་ནི་དངོས་ཡོད་གནས་སྟངས་ཤིག་ཆགས་བཞིན་འདུག ཡོ་རོབ་ཤར་ནུབ་དང་བྱང་ཨ་རི་གཉིས་ཀྱིས་རྒྱ་ནག་དང་མཉམ་དུ་ཚོང་ལས་ཀྱི་འབྲེལ་བ་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་དང་གཅིག ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཁག་ཅིག་གིས་ཀྱང་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་འཇོག་བཞིན་པའི་གནས་སྟངས་དང་གཉིས།
ལྷོ་བྱང་ཨ་ཧླེ་རི་ཀའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ནུས་བའི་འབྱུང་ཁུངས་ལ་རྒྱ་ནག་གིས་ཇུས་གཏོགས་བྱེད་འགོ་ཚུགས་བཞིན་པ་དང་གསུམ། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཡང་རྒྱ་ནག་གིས་འདྲེ་ལག་རྐྱོང་བཞིན་པའི་གནས་སྟངས་བཅས་ཕྱོགས་ཡོངས་ལ་བལྟས་ན། བོད་དོན་འདི་ཉག་ཕྲ་བའི་གནས་སྟངས་ཤིག་གི་འོག་ལ་ཚུད་བཞིན་འདུག་པ་མ་ཟད་བོད་ཀྱི་རྩ་དོན་འདི་ཡང་རྒྱ་མཚོའི་རླབས་རིས་ཇི་བཞིན་ཕར་གཡོ་ཚུར་གཡོའི་གནས་སྟངས་ཤིག་ཆགས་བཞིན་འདུག

དེ་ལས་མང་བ་། “དུས་ལ་བབ་པའི་སྐད་ཆ།” »

རྩོམ་རིག

འབྲུག་པའི་སྐད་དང་ཨ་མདོའི་སྐད་འདི་ཐེངས་རེ་བལྟས་ན་བོད་སྐད་འདྲ་བོ་འདུག

Posted on 2009-10-19 By དབང་ཕྱུག་ 165 Comments on འབྲུག་པའི་སྐད་དང་ཨ་མདོའི་སྐད་འདི་ཐེངས་རེ་བལྟས་ན་བོད་སྐད་འདྲ་བོ་འདུག

པདྨ་ནས། བོད་བཙན་པོོའི་དུས་རབས་ཀྱི་སྐབས་སུ་འཛམ་གླིང་སུམ་ཆ་གཉིས་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ལ་ཕྱི་མིག་གིས་བལྟས་ཚེ་ངེས་པར་བོད་སྐད་འདི་གཞི་རྒྱ་ཆེན་པོ་ཞིག་དང་གལ་ཆེན་པོ་ཆགས་ཡོད། བོད་ཀྱི་གསུང་རབ་རྣམས་ཀྱི་བརྡ་ཆད་ལ་བསམ་ན་ཀུན་མཁྱེན་ཀློང་ཆེན་པས་བོད་དབུས་གཙང་གི་སྐད་གང་བཟང་་བཟང་དུ་བསྒྱུར་ཞེས་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་དུ་གསུངས་འདུག་པས་བོད་དབུས་གཙང་གི་སྐད་ཐོག་ཏུ་ཡོད་པར་གསལ། བོད་ཀྱི་མཐའ་འཁོབ་རྣམས་སུ་སྐད་རིགས་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱེད་བཞིན་ཡོད་པའི་ནང་ནས་ཁྱབ་ཆེ་ཤོས་དེ་ཨ་མདོའི་སྐད་དང་འབྲུག་པའི་སྐད་འདི་གཉིས་རེད། ཨམ་སྐད་དང་འབྲུག་སྐད་འདི་གཉིས་ངེད་བོད་པ་དབུས་གཙང་པ་ཞིག་གིས་ཉན་ཚེ་རྣ་བ་གསར་བར་གོ་སླ་ཤོས་ནི་འབྲུག་པའི་སྐད་རེད། ཨམ་སྐད་འདི་ཧ་ཅང་འཁྲེགས་པོ་ཞིག་ཚོར་གྱིན་ཡོད། འོན་ཀྱང་ཡི་གེ་འབྲི་བའི་ཚེ་ཨ་མདོ་པ་དང་བོད་དབུས་གཙང་གཅིག་གྱུར་ཡིན་པ་མཁས་པས་བྲིས་པའི་བསྟན་བཅོས་རྣམས་ཀྱིས་གསལ་ལྟོན་བྱས་ཡོད། དེང་སང་གི་གཞོན་སྐྱེས་མང་པོ་ཞིག་གིས་རང་རང་ལུང་པའི་ཡུལ་སྐད་མང་པོ་ཡིག་ཐོག་ཏུ་འབྲི་བཞིན་པ་དེས་བོད་ཀྱི་སྐད་ཡིག་གཅིག་གྱུར་ལ་གནོད་ཚབ་ཆེན་པོ་གཏོང་གིན་འདུག་པར་བརྟེན་སྨྱུགས་ཐོག་པ་ཚང་མས་བོད་ཀྱི་སྐད་ཡིག་གཅིག་གྱུར་ལ་ནུས་པ་འདོན་པར་བྱེད་ཀྱི་མ་བརྗེད་པར་གྱིས།

སྣ་ཚོགས།

འོད་ཟེར་ལ་བཞག་པའི་ལན།

Posted on 2009-10-19 By dhatsenpa 7 Comments on འོད་ཟེར་ལ་བཞག་པའི་ལན།

འོད་ཟེར་གྱི་དྲ་ཐོག་སུ་ཞིག་ནས་ལན་བཞག་པ་འདི་ལྟར། འོད་ཟེར་ལགས། བཀྲ་ཤིས་བདེ་ལེགས། སི་ཁྲོན་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་རྒྱལ་སྤྱིའི་ཁ་པར་སྐུད་ལམ་དང་ཡིག་འཕྲིན་ཚང་མར་བཀག་རྒྱ་བསྡམས་འདུག ང་ཚོས་ཕྱི་ལོགས་སུ་ཁ་པར་གཏོང་དཀའ། མི་མང་པོ་ཞིག་ནས་རང་གི་ནང་མིར་འབྲེལ་བ་འཛིན་ཐུབ་པ་མི་འདུག ཨ་ལྕག་ལགས་ལ་རེ་བ་ཞུ་རྒྱུར། གནས་ཚུལ་འདི་རྒྱལ་ཕྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་བཤད་ནས་ཁོ་ཚོས་འདིར་དོ་སྣང་གནང་འཇུག་རོགས། ཤ་རུས་སོ་སོར་བྲལ་བ་སྙིང་རྗེའི་ཡུལ་ལས་འདས། ཐ་ན་སྤྱིར་བཏང་གི་གནས་འབྲེལ་རིགས་ཀྱང་མཚམས་བཅད། ཁོ་ཚོ་ཡང་སྙིང་མི་གཞན་པས་ཅི་ཞིག་མཐོང་བར་སྐྲག་སྣང་སྐྱེ་གི་ཡོད་པ་རེད?ཁོ་ཚོས་ལག་ལེན་འདེབས་བཞིན་པ་དང་དྲིལ་བསྒྲགས་གཉིས་རྦད་དེ་རྒྱབ་འགལ་ཡིན་པ་འཛམ་གླིང་མི་མང་གིས་མཐོང་བར་ཞེད་སྣང་སྐྱེ་གི་ཡོད་པ་རེད་དམ?བོད་མི་རྣམས་ངོ་མ་སྙིང་རྗེ། རེ་བ་ནི་རྒྱལ་ཕྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་དང་ཚོགས་པ་ཁག་ནས་བོད་དོན་མ་གློད་རོགས། དོན་ངོ་མའི་ཞི་བདེ་དེ་མཐའ་མཇུག་ཡོང་གི་རེད།

གསར་འགྱུར།

མདོ་སྨད་མཛོ་དགེར་རྒྱ་གཞུང་ལ་ངོ་རྒོལ།

Posted on 2009-10-18 By དགེ་རབ་ 3 Comments on མདོ་སྨད་མཛོ་དགེར་རྒྱ་གཞུང་ལ་ངོ་རྒོལ།

གཤམ་གསལ་ནི། གྲགས་པ་ལགས་ཀྱིས་ཁ་བརྡ་ལ་བཏང་བའི་གསར་འགྱུར་རེད་ལ། དེ་ནི་ཉེ་ཆར་མཛོ་དགེར་རྒྱ་གཞུང་ལ་ངོ་རྒོལ་གྱི་སྦྱར་ཡིག་བཀྲམས་པའི་སྐོར་རེད།

གསར་འགྱུར།

རྩོམ་སྐུལ།

Posted on 2009-10-17 By དགེ་རབ་ 9 Comments on རྩོམ་སྐུལ།

མཁྱེན་ལྡན་སྐྱ་རེངས་བརྙན་དེབ་ཀློག་པ་པོ་རྣམས་དང་། རྩོམ་ཡིག་ཞལ་འདེབས་གནང་མཁན། འགན་འཁྲིའི་དགེ་སློབ་རྣམ་པ་ཡོངས་ལ། ད་ལན་འདི་ནས་རྒྱུ་འགྲོན་བུན་གཡར་བྱས་ནས་སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་འདོན་ཐེངས་གསུམ་པ་འདོན་སྤེལ་ལེགས་གྲུབ་བྱུང་ཡོད་ཅིང་།  འབྱུང་འགྱུར་༢༠༡༠ལོར་ཡང་སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་བཞི་པ་མུ་འཐུད་འདོན་སྤེལ་ཞུ་རྒྱུ་ཡིན་ན། ཁྱེད་རྣམས་ཀྱིས་གཞིས་བྱེས་ཡོང་གི་བོད་ཕྲུག་གཙོ་གྱུར་གྱིས་བོད་རིགས་ཡོང་གི་ཤེས་ཚད་གོང་མཐོར་འཕེལ་སླད།  ནང་ཆོས་ངོ་སྤྲོད། ཚན་རིག་དང་། སྒྲུང་རྩོམ། དཔྱད་རྩོམ། ལོ་རྒྱུས། བསྒྱུར་རྩོམ། མི་སྣ་ངོ་སྤྲོད། རྒྱུན་ཤེས་སམ་ཤེས་བྱ། བསླབ་བྱ།…

དེ་ལས་མང་བ་། “རྩོམ་སྐུལ།” »

གསལ་བསྒྲགས།

བྱིས་སྒྲུང་ངོ་སྤྲོད་དང་བཅས་པ།

Posted on 2009-10-162009-10-18 By དགེ་རབ་ 1 Comment on བྱིས་སྒྲུང་ངོ་སྤྲོད་དང་བཅས་པ།

ངག་དབང་རྡོ་རྗེ་
———————-
ངོ་སྤྲོད།
ཨ་རིའི་གྲོས་ཚོགས་ཀྱིས་༸གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་བའི་ལོ་འཁོར་དུས་དྲན་སླེབས་ཉེར་ཡོད་པའི་ཉིན་གཉིས་ཀྱི་སྔ་རོལ་ཏུ། ང་ལ་སྟེས་དབང་ཞིག་གི་དབང་གིས་སྒྲུང་དེབ་འདི་འདྲ་ཞིག་ཐོབ་བྱུང་། (༸གོང་ས་མཆོག་གི་སྙིང་རྗེ་དང་ངོ་མཚར་ཆེ་བའི་ལྡུམ་ར། )
H. H.The Dalai Lamas Compassion
Wonder Garden
ཁྱི་རྒད་མོ་དང་རི་བོང་གི་ཕྲུ་གུའི་སྒྲུང་ཞེས་པའི་དེ་ངས་ཚར་གསུམ་བཀླགས་རྗེས། བསམ་གཞིགས་ཕྱི་སྐོར་ནང་སྐོར་བྱས་རྗེས་དུས་དྲན་ཁྱད་པར་ཅན་གྱི་ཉིན་མོ་འདིར་དྲ་ཐོག་ཏུ་སྤེལ་ནས་དྲ་གྲོགས་ཚོའི་སྤྱན་སྔར་བཤམ་རྒྱུ་སེམས་ཐག་བཅད་པ་ཡིན། འདི་ནི་༸གོང་ས་མཆོག་ལ་འཕགས་མཆོག་སྙིང་རྗེ་ཆེན་པོ་ཞེས་པའི་མཚན་བཟང་གསོལ་བའི་མཚན་དོན་དང་འབྲེལ་བ་ཆེ་ལ། ཁོང་གི་འཛམ་གླིང་སྐྱེ་འགྲོའི་བདེ་སྐྱིད་ལ་ཇི་མི་སྙམ་པའི་ཐུགས་ཁུར་བཞེས་བཞིན་ཡོད་པའི་དན་རྟགས་ངོ་མ་ཞིག་ཀྱང་ཡིན་སྟབས། འདི་ལྟར་དོན་ལྡན་གྱི་བྱིས་སྒྲུང་འདི་དྲ་ངོས་སུ་འདོན་རྒྱུར་ཐབས་ཤེས་བྱས་པ་ཡིན།

དེ་ལས་མང་བ་། “བྱིས་སྒྲུང་ངོ་སྤྲོད་དང་བཅས་པ།” »

བརྩམས་སྒྲུང་།, སྣ་ཚོགས།

རྒྱལ་བུ་དང་སྤྲེའུ།

Posted on 2009-10-16 By དགེ་རབ་ 1 Comment on རྒྱལ་བུ་དང་སྤྲེའུ།

གཅན་བཟོད་རྒྱམ། (ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་མ་ཡིག་ཨང་P.T.900.ལས་དེ་བཞིན་གཤེགས་པས་རྒྱལ་པོ་གོ་འཕངས་བཏུལ་བ་ཞེས་པ་ལས་གོ་བདེར་ཕབས་པ།) གནའ་སྔ་མོ་རྒྱལ་པོ་ཞིག་གིས་རང་གི་སྲས་ཡི་གེ་སློབ་ཏུ་གཏོང་བ་ལ། རོལ་མོར་མཁས་པའི་སྤྲེའུ་གཅིག་ཕྱི་བཞིན་དུ་བཏང་། ལམ་དུ་རྒྱལ་སྲས་ཤིང་ཀུན་ཙ་ལའི་གྲིབ་འོག་ལ་ཉལ་ཞིང་ངལ་གསོ་བ་དང་སྦྲང་མ་མི་འོང་བར་སྤྲེའུ་ལ་སྲུང་དུ་བཅུག སྤྲེའུས་ཤིང་སྟེང་ལ་བལྟས་ནས་ཀུ་ཤུ་གཅིག་འདུག་པ་མཐོང་ནས། ཀུ་ཤུ་ལེན་དུ་ཤིང་སྡོང་ལ་འཛེགས། རྐེད་ཙམ་དུ་བསླེབས་པ་དང་ཕྱིར་བལྟས་བར་རྒྱལ་སྲས་ཀྱི་ཞལ་ལ་སྦྲང་བུ་གཅིག་བབས་ཤིང་ཟ་བཞིན་འདུག་པ་མཐོང་ནས། སྤྲེའུ་སྐྲགས་ཏེ་ཤིང་སྡོང་ལས་བབས་ནས་ལག་པ་གཉིས་ཀྱིས་རྡོ་ཞིག་བླངས་ཏེ་སྦྲང་མ་ལ་བསྣུན་པ། སྦྲང་མ་མ་སོད་པར་འཕུར། རྒྱལ་སྲས་དེར་བསད། སྤྲེའུ་འཇིགས་ཏེ་རིའི་ཕ་རོལ་ཏུ་འབྲོས་སྙམ་ནས་སོང་སོང་བ་དང་། བར་གྱི་ཆུ་ཆེན་པོ་ཞིག་ལ་མ་ཐར་ཏེ་རྡུགས་པ་ལས། མི་གླང་དེད་ཅིག་འོངས་ཏེ་མི་དེས་གླང་གི་མཇུག་མར་འཇུས་ཏེ་ཆུར་བརྒལ་ནས་སོང་བ་དང་། སྤྲེའུས་དེ་མཐོང་ནས་སྙིང་ལ་ངས་ཀྱང་བདག་གི་མཇུག་མར་འཇུས་ཏེ་ཆུར་རྒལ་ན་ཐར་སྙམ་ནས་ཁོ་བོ་རང་ཉིས་ཀྱི་མཇུག་མར་འཇུས་ཏེ་ཆུར་ཞུགས་པས་ཆུས་འཁྱེར་ཏེ་ཤིའོ།།…

དེ་ལས་མང་བ་། “རྒྱལ་བུ་དང་སྤྲེའུ།” »

གསར་འགྱུར།

སྐྱོ་གར།

Posted on 2009-10-162009-10-17 By དགེ་རབ་ 4 Comments on སྐྱོ་གར།

གཅན་བཟོད་རྒྱམ།

ཞོགས་པའི་ཉི་མ་རི་རྩེར་བབས་མ་ཐག་གཞིས་གྲོང་གསུམ་པའི་མི་དམངས་རྒན་དར་གཞོན་གསུམ་ཚང་མ་མ་སྐུལ་དང་བླང་དང་མ་བསྡུས་རང་འདུས་ཀྱིས་གཞིས་གྲོང་འདབས་ཀྱི་མཆོད་རྟེན་དེའི་རྩར་ནག་ཀྱུག་གེར་ཚོགས་འདུག
མི་ཚོགས་ཀྱི་དཀྱིལ་དུ་རས་ལྭ་ཐག་བབ་གྱོན་པའི་རྒན་པོ་ཞིག་གིས་སྐེ་བསྲིངས་ཏེ་མཐའ་སྐོར་ལ་ལན་འགར་བལྟས་རྗེས་གཡས་ལག་གི་ཁུ་ཚུར་དགུང་ལ་ཕྱར་ཞིང་སྐད་ཤུགས་ཆེན་པོས་”བོད་་་་རང་་་་བཙན་་་།”ཞེས་སྐད་འབོད་མགོ་བཙུགས་པ་དང་། དེར་འདུས་ཀྱི་མི་དམངས་ཚང་མས་ཀྱང་སྐད་ཤུགས་གང་ཡོད་ཀྱིས་”གཙང་་་་མ་་་་ཡིན་་་་་”ཞེས་རྒན་པོ་དེའི་སྐད་གདངས་ལ་འགྲན་ཟླ་བྱེད།
“བོད་་་་རང་་་་་བཙན་་་་།”

དེ་ལས་མང་བ་། “སྐྱོ་གར།” »

བརྩམས་སྒྲུང་།

ཨ་ཕྲེང་ཨ་མའི་བུ་མོ།

Posted on 2009-10-12 By བེ་རི་འཇིགས་མེད 13 Comments on ཨ་ཕྲེང་ཨ་མའི་བུ་མོ།

སྒང་ནེ་ཡེ་ཤེས་འཇིགས་མེད། ཨ་མའི་བུ་མོ་ཡིད་འོང་མ་ཁྱེད་ཐོག་མར་གནས་འདིར་མཇལ་བ་ནས།། ཧ་ཅང་ཉེ་བོའི་ཕན་ཚུན་འཚམས་འདྲིའི་སྐད་ཆ་གང་ཡང་མ་བྱུང་ཡང༌།། ས་ལ་སྐྱེས་པའི་ཚིགས་གསུམ་སྙུག་མ་ཇི་བཞིན་ཕྲ་རིང་སྐུ་གཟུགས་དང༌།། ཤ་ཡི་མདོག་ནི་དཀར་ཞིང་གཙང་བས་མོ་བརྒྱའི་ཁྲོད་ནས་མངོན་པར་མཛེས།། ལ་རྒྱའི་གེ་སར་སྨིན་ལ་རྫོགས་པའི་གངས་ཅན་བུ་མོའི་ཁྱུ་མཆོག་ཏེ།། ར་བ་གྲུ་བཞི་སློབ་གྲའི་ཚལ་ན་དུས་འདིར་ཁྱེད་འདྲ་གཞན་མ་མཆིས།། ཡ་རབས་སྤྱོད་པས་ཕྱི་ནང་མེད་པར་ཚུལ་མཐུན་བག་ཡོད་ལས་ལ་བརྩོན།། འ་འུར་བྲེལ་བའི་གོམས་གཤིས་མེད་པར་རྟག་ཏུ་དལ་བུའི་འགྲོས་ལ་བརྟེན།། ཟ་ཟོར་མ་མཛེས་སྐུ་ལ་མི་བཞེས་བབ་ཆགས་གྱོན་པ་ལེན་པ་ལ།། ཞ་མོ་གང་ལས་ལྡབ་བརྒྱའི་མཛེས་པ་གནག་སྣུམ་དབུ་སྐྲ་སྐུ་སྐད་འཁྲི།། ཝ་ལེར་ཁྱེད་ཉིད་ཡང་ཡང་བལྟས་ན་ཡིད་དབང་མི་འཕྲོག་སུ་ཞིག་ཡོད།། ཛ་དྲག་ཆེ་བའི་སྤྱི་སྒེར་ལས་ལ་ལེ་ལོ་མེད་པར་དང་དུ་ལེན།། ཚ་གྲང་འབྱུང་བའི་འགྱུར་ལྡོག་དག་ལས་ཇི་མི་སྙམ་པའི་བཟོད་སྤོབས་ཆེ།། ཙ་ཀྲ་སྐོར་བའི་གནས་མཆོག་འདི་ནས་དལ་འབྱོར་དོན་ཡོད་བརྩོན་པ་སྟེ།།…

དེ་ལས་མང་བ་། “ཨ་ཕྲེང་ཨ་མའི་བུ་མོ།” »

སྙན་ངག

བོད་ཀྱི་སྔོན་མའི་འགྱུར་ལ་དབྱེ་ཞིབ་བྱས་ཏེ་མ་འོངས་པའི་འགྱུར་གྱི་ཁ་ཕྱོགས་འཚོལ་སྒྲུབ།

Posted on 2009-10-122009-10-12 By བེ་རི་འཇིགས་མེད 7 Comments on བོད་ཀྱི་སྔོན་མའི་འགྱུར་ལ་དབྱེ་ཞིབ་བྱས་ཏེ་མ་འོངས་པའི་འགྱུར་གྱི་ཁ་ཕྱོགས་འཚོལ་སྒྲུབ།

སྒང་ནེ་ཡེ་ཤེས་འཇིགས་མེད།

གཅིག ཐོག་མའི་གླེང་སློང༌།
དེ་ཡང་ཡངས་ཤིང་རྒྱ་ཆེ་ལ་མུ་མཐའ་མེད་པའི་ཤར་གླིང་ཨེ་ཤཡའི་གཙུག་རྒྱན། སྙན་གྲགས་ཀྱི་མེ་ལྕེ་སུམ་རྩེན་གྱི་ཡུལ་དུའང་མཆེད་ཅིང༌། ངོ་མཚར་བའི་གངས་རིའི་མུ་མཁྱུད་ཀྱིས་ཡོངས་སུ་སྐོར་བའི་བསིལ་ལྡན་གངས་ཅན་གྱི་བོད་ཅེས་བྱ་བ་འདི་ནི་མི་ལོ་ཆིག་སྟོང་ལྷག་གི་ཡ་སྔོན་ནས་དགྲ་འདུལ་ཞིང་གཉེན་སྐྱོང་བའི་ཆབ་སྲིད་ཀྱི་བྱ་གཞག་དང༌། ཁྱིམ་མཚེས་མི་རིགས་གཞན་གྱི་རིག་གཞུང་གི་ལེགས་ཆ་གང་ཡོད་འཛེམས་ཟོན་མེད་པར་དགོས་མཁོ་ལ་གཞིགས་ནས། ནང་འདྲེན་བྱ་རྒྱུའི་གཞི་རིམ་གྱི་གཤིས་ཀ་ཡོད་པའི་མི་རིགས་ཤིག་ཡིན་སྟབས། ད་ཆ་འཛམ་གླིང་ཁྱོན་ཡོངས་ཀྱི་ཆ་ནས་བཤད་ན་བོད་མིའི་མི་འབོར་གྱི་གྲངས་ཚད་དང༌། བཀའ་བསྟན་གྱི་འགྱུར་གྲངས་སོགས་གང་གི་ཐད་ནས་ཀྱང༌། འདི་ལྟར་ལེགས་བྱང་ཕྱུག་པོ་ཡོད་པ་ནི་ཕལ་ཆེར་དཀོན་པོ་ཡིན། སྤྱིར་བཏང་འགྲོ་བ་མིའི་གཞི་རིམ་གྱི་དགོས་མཁོར་འགྱུར་པའི་རིག་པའི་གཞུང་ལུགས་ཐམས་ཅད་འཇིག་རྟེན་མི་སྡེ་སྤྱི་ཡོངས་ཀྱིས་ལོངས་སུ་སྤྱོད་པའི་ཐུན་མོང་གི་རིག་གནས་ཤིག་ཡིན་ཀྱང༌། དེ་དག་ཡུལ་ལུང་སོ་སོའི་གནས་བབ་ལ་གཞིགས་ནས་བཀོལ་སྤྱོད་བྱེད་ཚུལ་ཅུང་ཟད་མི་འདྲ་བ་སྣང་བ་ཙམ་ལས། གཞི་རྩའི་ཆ་ནས་འཚོ་བའི་དགོས་མཁོར་གྱུར་པ་གཅིག་པ་ཡིན། བོད་སྐད་དུ་བཞུགས་པའི་ནང་པ་སངས་རྒྱས་པའི་བཀའ་དང༌། བསྟན་བཅོས་ཀྱིས་མཚོན་རིག་པའི་གཞུང་ལུགས་མང་ཆེ་བ་ལེགས་སྦྱར་གྱི་སྐད་ལས་བསྒྱུར་བ་ཡིན་ཅིང༌། དེ་ཡང་བོད་རྗེ་སྲོང་བཙན་སྒམ་པོའི་ཆོས་བློན་སློབ་དཔོན་ཐུ་མི་སམ་བྷོ་ཊ་རྒྱ་གར་དུ་ཡི་གེ་སློབ་པར་གཏོང་སྐབས། རྒྱ་གར་ནི་ཆོས་ལུགས་དང༌། སྐད་ཡིག རིག་པའི་རྣམ་གཞག་བཅས་མི་འདྲ་དུ་མ་ཡོད་པའི་རིག་གཞུང་གི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ཀྱང༌། ཐོན་མིས་རྒྱ་མཚོ་ལས་ནོར་བུ་བླངས་པ་བཞིན་བོད་ཀྱི་ཡི་གེའི་མ་ཕྱི་གཙོ་བོ་ནཱགརའི་ཡི་གེ་འབའ་ཞིག་ལ་ཁུངས་གཏུགས་གཞི་བཅོལ་གནང་བ་མ་ཟད། དགོས་དབང་གིས་འཕྲི་སྣོན་སོགས་མཛད་དེ། སྒྲའི་རྣམ་གཞག་སྟོན་པའི་གཞུང་ལུགས་དང་བཅས་པ་གསར་དུ་མཛད་ནས་གཏན་ལ་ཕབ་པ་དེ་ནི། བོད་ཀྱི་ཆོས་ཆབ་རིག་ནོར་དང་བཅས་པའི་རིག་གནས་ཀྱི་སྒོ་མོ་ཡོངས་སུ་ཕྱེ་བའི་གསེར་གྱི་ལྡེའུ་མིག་ལྷད་མེད་པ་ཞིག་རེད། ད་ཆ་འཛམ་གླིང་ཐོག་གི་བློ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་སྐོམ་པས་ཆུ་དང༌། ལྟོགས་པས་ཟས་བཞིན་དོན་གཉེར་བྱེད་བཞིན་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདིའི་ཐེག་པ་གསུམ་དང༌། རྒྱུད་སྡེ་བཞིས་བསྡུས་པའི་གཞི་ལམ་འབྲས་བུའི་རྣམ་གཞག་ཆ་ཚང་ལ་ཕྱིན་ཅི་མ་ལོག་པར་སྟོན་ཐུབ་པའི་རང་རེའི་བོད་ཀྱི་དབྱངས་གསལ་སོ་བཞིའི་བདག་ཉིད་དུ་གྱུར་པའི་སྐད་ཡིག་འདི་ཉིད་ལ་གནས་པ་དེ་ནི། སྔོན་གྱི་ཆོས་རྒྱལ་ལོ་པཎ་དག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། སྟོན་པ་ཐུབ་པའི་དབང་པོའི་ཆོས་ཀྱི་ཕུང་པོ་བརྒྱ་ཁྲི་བཞི་སྟོང་གི་ཚིག་དོན་ཟུར་ཙམ་ཡང་མ་ཉམས་པར། རང་རེའི་སྐད་ཡིག་འདིའི་ནང་དུ་འཚོ་སྐྱོང་བྱེད་ཐུབ་པ་བྱུང་བ་ནི། བོད་མིས་ཁམས་གསུམ་འགྲོ་བ་ཡོངས་ལ་ཕུལ་བའི་རྣམ་དཀར་གྱི་ལེགས་སྐྱེས་རྨད་དུ་བྱུང་བ་ཞིག་ཡིན།

དེ་ལས་མང་བ་། “བོད་ཀྱི་སྔོན་མའི་འགྱུར་ལ་དབྱེ་ཞིབ་བྱས་ཏེ་མ་འོངས་པའི་འགྱུར་གྱི་ཁ་ཕྱོགས་འཚོལ་སྒྲུབ།” »

དཔྱད་རྩོམ།

དཔེ་དེབ་གསར་འཐོན་དང་། རེ་བ་སྟོང་རྒྱག

Posted on 2009-10-11 By དགེ་རབ་ 15 Comments on དཔེ་དེབ་གསར་འཐོན་དང་། རེ་བ་སྟོང་རྒྱག

དེང་སང་བཙན་བྱོལ་གྱི་སྤྱི་ཚོགས་ཁྲོད་ཚོགས་སྡེ་དང་འབྱོར་ལྡན་གང་སར་སྐྱབས་བཅོལ་གྱིས་དཔེ་དེབ་གསར་པ་མང་བོ་ཞིག་འཐོན་བཞིན་ཡོད་པ་ཚང་མས་ཧ་གོ་གསལ་ལྟར་ཡིན།
འོན་ཀྱང་དཔེ་དེབ་འདོན་པ་པོ་དེ་དག་གི་ནང་ནས་མང་པོ་ཞིག་གི་རེ་བ་ལ་དཔེ་དེབ་དེ་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་བ་དང་། མི་མང་པོ་ཞིག་གིས་ལྟ་ཀློག་བྱས་ནས་རང་ཉིད་ཀྱི་ཤེས་ཚད་རྟོགས་ཐབས་བྱེད་བཞིན་ཡོད་པ་སྤྱི་འགྲོས་ལྟར་ཡིན་ནའང་། ཁ་ཤས་ཞིག་གིས་བློ་ཁ་ཧ་ཅང་མཐོ་དྲག་ནས་རེ་བ་སྟོང་པ་ཞིག་རྒྱག་གི་ཡོད། ཁོང་ཚོ་རྒྱག་རྒྱུའི་རེ་བ་དེ་ནི་ཁྱད་མཚར་པོ་ཞིག་ཡོད་ཀྱང་། གཅིག་བྱས་ན་ཐབས་ཤེས་བཟང་པོ་དང་རྙོག་ཁྱོན་ནས་མེད་པ་ཞིག་ཏུ་ཡང་འགྱུར་སྲིད་པ་ཞིག དོན་གྱི་ཁོང་ཚོའི་རེ་བ་ནི་དཔེ་དེབ་སྟོན་པ་ལས་མིང་གྲགས་ཆེན་པོ་ཐོབ་རྒྱུུ་དང་རྙོག་སྒྲ་མང་པོ་མི་ཡོང་བ་དེ་རེད།

དེ་ལས་མང་བ་། “དཔེ་དེབ་གསར་འཐོན་དང་། རེ་བ་སྟོང་རྒྱག” »

རྩོམ་རིག

༈ གངས་ཅན་མགོན་པོར་སྨྲེ་ངག་གིས་བསྐུལ་བ།

Posted on 2009-10-11 By དགེ་རབ་ 16 Comments on ༈ གངས་ཅན་མགོན་པོར་སྨྲེ་ངག་གིས་བསྐུལ་བ།

རིག་པའི་རལ་གྲིས

གངས་ཅན་བོད་མིའི་ལྷ་སྐལ།།
འཕགས་མཆོག་ཕྱག་ན་པདྨོ།།
མི་མངོན་དབྱིངས་ནས་གཟིགས་ཤིག།
སྐྱོ་གདུང་གླུ་ལ་གསན་རོག།

ང་ཡིས་ཐོས་པ་བདེན་ན།།
ཁྱེད་ཀྱིས་རྒྱལ་བའི་སྤྱན་སྔར།།
ཁ་བ་ཅན་གྱིས་མགོན་དུ།།
གཡར་དམ་བཅས་པ་ཟེར་གྱི།།

དེ་ལས་མང་བ་། “༈ གངས་ཅན་མགོན་པོར་སྨྲེ་ངག་གིས་བསྐུལ་བ།” »

སྙན་ངག

བོད་ཡིག་གོ་བདེ་བོ་དང༌། ཁ་གསལ་བོ་འབྲི་རོགས།

Posted on 2009-10-11 By དབང་ཕྱུག་ 38 Comments on བོད་ཡིག་གོ་བདེ་བོ་དང༌། ཁ་གསལ་བོ་འབྲི་རོགས།

་་་་་་་་་་་་་ལ་དྭགས་ནས་བོད་སྐད་ཡིག་སྐོར་ལ་གླེང་མོལ་བྱས་པ།
འབྲོག་རུ་ཆོས་གྲགས་ཀྱིས།

ང་རང་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་དེའི་ཕྱིར་དུ་བཞུགས་སྒར་དྷ་རམ་ས་ལ་ནས་ཉིན་ཞག་གསུམ་རིང་མོ་ཌའི་ནང་བསྐྱོད་དེ་ལ་དྭགས་གླེ་རུ་སླེབས་ཐུབ་པ་བྱུང༌། ལ་དྭགས་གླེ་ནི་ལ་དྭགས་ཀྱི་རྒྱལ་སར་གྲགས་པས་ངས་ཀྱང་དོན་སྣང་གང་འཚམ་བྱས་པ་ཡིན། ས་གནས་འདིར་སླེབས་ནས་དང་པོ་ང་རང་དགའ་བོ་བྱུང༌། རྒྱུ་མཚན་ནི་སྲང་ལམ་གྱི་གཡས་གཡོན་དང་ཚོང་ཁང་དང་མགྲོན་ཁང་སོགས་ཀྱི་སྒོ་བྱང་སྟེང་བོད་ཡིག་བྲིས་ཡོད་པ་མ་ཟད། ས་གནས་འདིའི་གནས་ཆེན་ཁག་གི་སྒོ་ཆེན་དང་ཁང་བརྕེགས་སོགས་བོད་ཀྱི་བཟོ་དབྱིབས་བྱས་ནས་བསྐྲུན་ཡོད་པས་ང་རང་དགའ་བོ་བྱུང༌། ཡིན་ནའང༌། སྒོ་བྱང་རྫིག་པོ་དག་གི་སྟེང་བྲིས་ཡོད་པའི་བོད་ཡིག་ཉམ་ཐག་དེ་ཚོ་ཞིབ་ཀློག་ཅིག་བྱས་ཚེ་རེ་འགའ་ཀློག་མི་ཐུབ་པ་དང༌། ཡང་ན་ཀློག་ཐུབ་ཀྱང་དོན་མི་གོ་བའི་བོད་ཡིག་གི་དབྱིབས་གཟུགས་ཏག་ཏག་ཡིན་པ་དེ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཉིན་ཞིག་ངས་ལ་དྭགས་དཔེ་གསར་མཐོ་རིམ་སློབ་གྲྭའི་དགེ་རྒན་ཟླ་བ་དང་མཉམ་དུ་གནད་དོན་དེའི་སྐོེར་ལ་གླེང་མོལ་བྱས་པ་ཡིན། ཉིན་དེར་ངེད་གཉིས་ལྷིང་འཇགས་ཀྱི་ཇ་ཁང་ཞིག་ཏུ་ནས་མཉམ་འཛོམས་བྱས་པ་ཡིན། ངེད་གཉིས་ཀྱིས་ཇ་ཁང་བདག་པོར་བསིལ་ཁུ་གཅིག་རེ་མངགས་རྗེས་སྤྱིར་བཏང་གི་སྐད་ཆ་ཞིག་ནས་མགོ་སློང་སྟེ། གླེང་མོལ་འདིའི་དངོས་གཞི་རུ་ཞུགས་པ་ཡིན།

དེ་ལས་མང་བ་། “བོད་ཡིག་གོ་བདེ་བོ་དང༌། ཁ་གསལ་བོ་འབྲི་རོགས།” »

སྣ་ཚོགས།

༄༅།།ཁྱེད་ཀྱི་ལུས་ཁམས་བདེ་ཐང་ཡིན་ནམ།

Posted on 2009-10-10 By ཀླུ་ 10 Comments on ༄༅།།ཁྱེད་ཀྱི་ལུས་ཁམས་བདེ་ཐང་ཡིན་ནམ།

༄༅།།ཁྱེད་ཀྱི་ལུས་ཁམས་བདེ་ཐང་ཡིན་ནམ།  health-check1

གཤམ་གྱི་དྲི་ཚིག་སོ་གསུམ་ལས་དུས་རྒྱུན་དེ་ལྟ་བུ་ཡིན་འདོད་པ་རྣམས་ལ་རྟགས√འདི་དང༌། ལན་རེར་དེ་ལྟ་བུ་ཡིན་འདོད་པ་རྣམས་ལ་རྟགས△འདི། རྩ་བ་ནས་དེ་ལྟ་བུ་མིན་འདོད་པ་རྣམས་ལ་རྟགས×འདི་རྒྱོབ།
༡༽དུས་རྒྱུན་དུ་རྒྱུ་མཚན་མེད་པར་སེམས་འཚུབ་པ་དང་གར་འགྲོ་འདིར་འདུག་མེད་པ།﹙﹚
༢༽ཉལ་ན་གཉིད་མི་ཁུགས་པ་དང་གཉིད་ལང་སྟེག་པ།﹙﹚

དེ་ལས་མང་བ་། “༄༅།།ཁྱེད་ཀྱི་ལུས་ཁམས་བདེ་ཐང་ཡིན་ནམ།” »

གསོ་རིག

ང་ཡི་བླ་མ།

Posted on 2009-10-09 By དགེ་རབ་ 4 Comments on ང་ཡི་བླ་མ།

ང་ཡི་བླ་མ།
བསེ་རུ།
ཚེ་རབས་ཕྲེང་བའི་ལེགས་བྱས་བསོད་ནམས་རྒྱུས།།
ཁ་བ་རི་པའི་སྐྱེ་འགྲོའི་ཞིང་ཁམས་སུ།།
སྙིང་རྗེའི་གཏེར་ཆེན་བྱང་སེམས་འཕགས་པ་དངོས།།
བསྟན་འཛིན་རྒྱ་མཚོའི་མཚན་དཔེ་བཞད་འདི་རྨད།།

ཐོས་པའི་ཆུ་གཏེར་ཐུགས་ཀློང་ཆེས་ཆེར་རྒྱས། །
བསམ་པའི་རིན་ཆེན་དབང་རྒྱལ་བརྗིད་ཅིང་བརྟན།།
སྒོམ་པའི་ཐུགས་རྗེས་འགྲོ་བར་གཟི་འོད་བཀྱེས།།
ང་ཡི་བླ་མའི་མཛད་འཕྲིན་གླིང་འདིར་མཁོ།།

དེ་ལས་མང་བ་། “ང་ཡི་བླ་མ།” »

སྙན་ངག

༄༅།།མ་འོངས་པའི་བཀའ་བློན་ཁྲི་བར་ད་ལྟ་ནས་བསམ་བློ་ནན་མོ་གཏོང་དགོས།

Posted on 2009-10-09 By དབང་ཕྱུག་ 6 Comments on ༄༅།།མ་འོངས་པའི་བཀའ་བློན་ཁྲི་བར་ད་ལྟ་ནས་བསམ་བློ་ནན་མོ་གཏོང་དགོས།

སྐལ་བཟང་བློ་གྲོས།
ཉེ་དུས་ང་ཚོས་ཚགས་པར་སོགས་ཀྱི་སྟེང་རྟག་ཏུ་མཐོང་ཐུབ་པ་ནི་ཉིས་སྟོང་བཅུ་ཅིག་ལོའི་བཀའ་བློན་ཁྲི་བའི་འོས་གཞིའི་སྐོར་རེད། དེ་ནི་དགའ་འོས་པ་ཞིག་ཏེ་བོད་མི་མང་གིས་རང་གི་དབུ་ཁྲིད་ལ་དོ་སྣང་དང་མི་རིགས་ཤིག་གི་མ་འོངས་པར་སེམས་ཁུར་ཡོད་པའི་མཚོན་རྟགས་ཤིག་རེད་སྙམ། ཡིན་ཡང་ང་ཚོས་ལྷག་ཏུ་དོ་སྣང་བྱེད་དགོས་པ་ཞིག་ནི། དམངས་གཙོའི་ལམ་ཁར་ཡང་དག་པའི་ངང་བསྐྱོད་ཐུབ་མིན་དང་དམངས་གཙོའི་ལམ་དེ་དྲང་བདེན་དང་བོད་མི་ཡོངས་ལ་ཁེ་ཕན་ཡོད་མེད། ཁྲིམས་ཀྱིས་དབང་བསྒྱུར་ཐུབ་ཡོད་མེད་སོགས་ལ་རྣམ་དཔྱོད་ཀྱིས་བརྟགས་དགོས་སྙམ། ཅི་ཕྱིར་ཟེར་ན་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་བཀའ་ཤག་དེ་དམངས་གཙོ་ཡིན་ཡང་དམངས་གཙོ་ཡང་དག་དང་དམངས་གཙོ་ཡང་དག་གི་ལམ་དུ་སོང་ཡོད་མེད་ཐེ་ཚོམས་རེད་སྙམ། བཙན་བྱོལ་ཁྲོད་དུ་ཆེས་ཉེན་ཁ་ཡོད་པ་ནི་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་དང་དྲུང་ཆེ་ཁ་ཤས་ཀྱི་གཞུང་དོན་ཁ་ལ་ཁྱེར་དེ་ཆོལ་ཁ་དང་ཆོས་ལུགས་ཀྱི་སྐོར་ཚོར་སྣང་ཤུགས་ཆེན་ཡོད་པ་དེས་བོད་མི་མང་སྤྱིའི་ལས་དོན་ལ་ཕན་མེད་དང་ལས་དོན་གང་ཡིན་ཡང་ཕྲལ་དུ་སྒྲུབ་མི་ཐུབ་པའི་འགག་རྩ་ལྟ་བུར་ཆགས་འདུག དོན་ལ་མི་རྟོན་ཚིག་ལ་རྟོན་པར་འགྲོ་བ་དང༌། དཔེ་ན་ཉིན་ཤས་གོང་དུ་ཚོགས་པའི་བོད་མི་མང་སྤྱི་འཐུས་ཚོགས་འདུ་རེད། འཐུས་མི་ཞིག་གི་ལམ་གྱི་འགྲོ་སོང་དེ་གཅིག་བུའི་ཐོག་ནས་ཚོགས་འདུའི་མཇུག་ཡང་དག་ངང་བསྡུ་མ་ཐུབ་པ་དེ་རེད། དེ་ནི་དམངས་གཙོ་རེད་དེ་དམངས་གཙོ་ཡང་དག་ཡིན་མིན་ཁ་ཚོན་གཅོད་དཀའ། གང་ཡིན་ཟེར་ན། དེ་ནི་བཅའ་ཁྲིམས་ཀྱི་གཏན་ལ་ཕབ་པ་ལས་བརྒལ་ཡོད་པ་ཤེས་བཞིན་དུ། དཔེར་ན་སོ་སོ་ཆོལ་ཁའི་འཐུས་མི་ཡིན་པས། བཅའ་ཁྲིམས་ལས་ཆོལ་ཁ་གཙོ་ཆེས་སུ་འཛིན་པ། དེ་ནི་ཧ་ཅང་བློ་ཕམ་ཡུལ་ཞིག་རེད་སྙམ། དེ་ཕྱིར་ང་ཚོས་ད་ལྟ་བཀའ་བློན་ཁྲི་བའི་འོས་གཞི་ལ་མི་ག་འདྲ་ཞིག་དགོས་པར་བསམ་བློ་ནན་མོ་གཏོང་དགོས། ཆོལ་ཁ་དང་ཆོས་ལུགས་གཙོ་བོར་མི་འཛིན་པར། བཅའ་ཁྲིམས་ལ་དྲང་བདེན་གྱིས་ངང་ལག་ལྟར་བྱ་ཐུབ་མིན་དང་ལྷག་པར་བོད་ཀྱི་བདེན་མཐའ་སེལ་བ་དེ་གཙོ་བོར་འཛིན་དགོས་སྙམ། ང་ཚོས་ནམ་ཡང་རྟ་མིག་གཅིག་སྐྱོན་ཅན་གྱིས་རྩ་བཟས་པ་ལྟར་མ་ཡིན་པར་འབད་དགོས། ང་ཚོའི་སྤྱི་ཚོགས་འདིའི་དམངས་གཙོ་ནི་སྤྱི་ཚོགས་གཞན་གྱི་དམངས་གཙོ་དང་མ་འདྲ་པ་ནི་སྲིད་དོན་ཚོགས་པ་སོགས་ཀྱི་འཐུས་མི་འདེམས་དེ་འགྲན་བསྡུར་བྱེད་པ་མེད་པ་དེ་རེད། དེ་ཕྱིར་ང་ཚོའི་དབུ་ཁྲིད་དེ་ང་ཚོས་ཕར་བཙལ་དགོས་པ་ལས་ང་དབུ་ཁྲིད་ལ་བསྡད་ཀྱིན་ཡིན་ཟེར་ནས་ཚུར་མི་ཡོང་བ་དེ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོ་དང་པོ་འོས་གཞི་བསྒྲིགས་སྐབས་བསམ་བློ་ཞིབ་མོ་དང་ནན་མོ་གཏོང་རྒྱུ་གལ་ཆེ། ང་ཚོས་བསམ་བློ་གཏོང་སའི་འོས་མི་དེའི་ཀུན་སྤྱོད་དང་སློབ་སྦྱོང་གི་ཆུ་ཚད། ཁོང་ཚོས་བོད་དོན་སྐོར་གྱི་བྱེད་ནུས་བློ་སྟོབས་སོགས་རྒྱབ་ལྗོངས་གང་མང་ཞིག་ང་ཚོས་ངེས་པར་ཤེས་དགོས་ལ། ལྷག་པར་དུ་བོད་རྒྱའི་གནད་དོན་སྐོར་ལ་ཐག་གཅོད་འབྱུང་ཐབས་ཐབས་ལམ་གསར་བ་བཏོན་ཏེ་ྋ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་ཕྱག་རོགས་ཡང་དག་ངང་བསྒྲུབ་ཐུབ་པ། བོད་དོན་དེ་རྒྱལ་སྤྱི་ཅན་དུ་བསྒྱུར་ཐུབ་པ། བོད་མི་ལས་དོན་ལ་དྲང་ཚུགས་ཐུབ་མཁན་དང་ཕུགས་རྒྱང་རིང་པ་ཞིག་ལ་བསམ་བློགཏོང་གལ་ཆེ།

དེ་ལས་མང་བ་། “༄༅།།མ་འོངས་པའི་བཀའ་བློན་ཁྲི་བར་ད་ལྟ་ནས་བསམ་བློ་ནན་མོ་གཏོང་དགོས།” »

སྣ་ཚོགས།

བོད་མི་མང་སྤྱི་འཐུས་་གྲོས་ཚོགས་ནང་སྤྱི་དོན་ཁ་རུ་ཁྱེར་ནས་སྒེར་གྱི་འཁོན་ལན་སློག་པ།

Posted on 2009-10-092009-10-09 By བེ་རི་འཇིགས་མེད 150 Comments on བོད་མི་མང་སྤྱི་འཐུས་་གྲོས་ཚོགས་ནང་སྤྱི་དོན་ཁ་རུ་ཁྱེར་ནས་སྒེར་གྱི་འཁོན་ལན་སློག་པ།

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ།
སྤྱི་དོན་ཁ་རུ་ཁྱེར་ནས་སྒེར་གྱི་འཁོན་ལན་སློག་པ།

སྒང་ནེ་ཡེ་ཤེས་འཇིགསམེད།

ཉེ་སྔོན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ནི་ད་བར་གྱི་གྲོས་ཚོགས་རིམ་པའི་ནང་ནས་ཆེས་ཐབས་སྡུག་གི་གྲོས་ཚོགས་ཤིག་ཏུ་གྱུར་བ་དེས་ལྷག་ལྡན་བོད་རིགས་དང༌། བོད་དོན་ལ་ཐུགས་ཁུར་གནང་མཁན་གྱི་རྒྱ་ཆེའི་མི་མང་མང་པོ་བློ་ཕམ་དང་མནོ་བསམ་བསྐྱར་གཏོང་དགོས་པའི་གནས་སུ་གྱུར་ཡོད་ལ་དེ་བཞིན་རང་རེའི་སྤྱི་ཚོགས་གང་སར་དེའི་སྐོར་གླེང་སློང་ཤུགས་ཆེན་བྱེད་བཞིན་པ་དང༌། གསར་ཤོག་དང་དྲ་རྒྱ་ཁག་གི་ནང་དུའང་གཟུར་བུར་གནས་པ་དང་གཟུར་བུར་རློམས་པ་མི་ཉུང་བ་ཞིག་གིས་དེ་འབྲེལ་ཆེད་རྩོམ་དང་བསམ་ཚུལ་མི་འདྲ་བ་དུ་མ་ཞིག་ཀུན་གྱི་སྤྱན་ལམ་དུ་སྤེལ་ཟིན་པ་ཞིག་རེད། འདིའི་སྐོར་རང་ཉིད་ཀྱི་བསམ་ཚུལ་སྔོན་ནས་སྤེལ་འདོད་ཡོད་ཀྱང༌། དངོས་ཡོད་གནས་ཚུལ་མ་མཐོང་བར་གཞན་གྱི་ཟེར་འགྲོས་ཙམ་ཚད་མར་བཟུང་བའི་གཤིས་ཀ་མེད་པས། བརྙན་འཕྲིན་དངོས་སུ་མཐོང་རྒྱུར་རེ་ཞིག་བསྒུག་དགོས་བྱུང༌། ཁ་སང་བརྙན་འཕྲིན་ཚར་ཤ་ཤས་བསྐྱར་བལྟ་བྱས་དུས་བྱུང་འབྲས་ངན་པ་འདི་འདྲ་ཡོང་བའི་རྩ་བ་ནི་གཙོ་བོ་གནད་དོན་གསུམ་གྱི་ཁོངས་སུ་འདུས་འདུག་སྙམ།
༡ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་མ་རྟོགས་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྲོས་ཚོགས་སུ་ཕུལ་བ།
༢ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་འགལ་བའི་གྲོས་འཆར་གྲོས་ཚོགས་སུ་ཕུལ་བ།

དེ་ལས་མང་བ་། “བོད་མི་མང་སྤྱི་འཐུས་་གྲོས་ཚོགས་ནང་སྤྱི་དོན་ཁ་རུ་ཁྱེར་ནས་སྒེར་གྱི་འཁོན་ལན་སློག་པ།” »

གསར་འགྱུར།

༈ གོ་ལའི་མྱོང་ཚོར།

Posted on 2009-10-08 By དགེ་རབ་ 5 Comments on ༈ གོ་ལའི་མྱོང་ཚོར།

།ཟུངས་ཁྲག་དེ་ཁ་བའི་རི་ལ་བསྒོས།
།ལས་རླུང་གི་ཤིང་རྟས་ཉེར་དྲངས་ཏེ།
།འཛམ་གླིང་གི་འཁོར་ཡུག་བསྐོར་པ་བྱས།
།མྱོང་ཚོར་དང་སྐྱོ་བའི་གླུ་ཞིག་ལེན།

།ཡར་ཐོན་གྱི་རྒྱལ་ཁབ་གཞན་མ་རུ།
།སླེབས་པ་ཡི་དགའ་ཚོར་མེད་པའི་སྟེང༌།
།རང་ཡུལ་གྱི་བོད་པའི་འཚོ་བ་དེ།
།ཡིད་ངོ་རུ་འཆར་ཚེ་སྐྱོ་བས་ཁེངས།

དེ་ལས་མང་བ་། “༈ གོ་ལའི་མྱོང་ཚོར།” »

སྙན་ངག

ཁ་ཆེ་བ་ཚོས་ཡུ་གུར་མི་རིགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ།

Posted on 2009-10-08 By ཀླུ་ 3 Comments on ཁ་ཆེ་བ་ཚོས་ཡུ་གུར་མི་རིགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ།

RFA: ལི་བྷེ་སིས་ཁ་ཆེའི་དྲ་རྒྱའི་བརྒྱུད་ལམ་ནང་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ནང་གི་ཁ་ཆེ་ཚོས་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་དྲག་རྩུབ་ཅན་གྱི་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་ནུས་སྟོབས་དེ་གཏོར་བཤིག་གཏོང་དགོས་ཀྱི་རེད་ཅེས་གསུང་ཡོད་པ་དང། ཆོས་ལ་ཡིད་ཆེས་མི་བྱེད་མཁན་རྒྱ་ནག་དེ་བཞིན་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ནང་བཞིན་མར་ལྷུང་སྟེ་ཁ་བྲལ་འགྲོ་ཡི་རེད་ཅེས་དང། རྒྱ་ནག་གཞུང་གིས་ཁ་ཆེའི་ཆོས་ཀྱི་ཐོག་དྲག་གནོན་བྱེད་པ་སོགས་དྲག་རྩུབ་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་དེ་འགོག་ཐབས་ཆེད་ང་ཚོས་དཀོན་མཆོག་གི་ལམ་བཟང་པོའི་ཐབས་ལམ་དང་ཆོས་ཀྱི་མཚོན་ཆ་འཁྱེར་ནས་རྒྱ་ནག་དང་མཉམ་དུ་གདོང་གཏུགས་བྱེད་དགོས་ཀྱི་རེད། དེ་ནི་ཁ་ཆེ་བ་ཚོའི་དེ་རིང་གི་ལས་འགན་ཆེ་ཤོས་ཤིག་ཡིན་པ་དང་དེའི་ཐད་ལ་རྒྱལ་སྤྱིའི་ནང་ཡོད་པའི་ཁ་ཆེ་བ་ཚོས་ཤར་ཏུར་ཀི་སི་ཏན་ནང་ཡོད་པའི་ང་ཚོའི་སྤུན་མཆེད་ཚོའི་ཐུགས་འདོད་ལྟར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་དགོས་ཀྱི་རེད་ཅེས་ལི་སྦི་ཡིས་ཟེར་བའི་ཁ་ཆེའི་དྲ་རྒྱའི་ཐོག་གནས་ཚུལ་གསལ་སྟོན་གནང་ཡོད་པ་རེད།

གསར་འགྱུར།

ཨ་འཇམ་ལགས་ལ་སྙན་ངག་ཐད་ཀྱི་བགྲོ་གླེང༌།

Posted on 2009-10-082009-10-08 By དབང་ཕྱུག་ 3 Comments on ཨ་འཇམ་ལགས་ལ་སྙན་ངག་ཐད་ཀྱི་བགྲོ་གླེང༌།

ར་རྒྱ་བློ་དབང༌།
མེག་ལོར་ནས་ཤག་ཏུ་ལོག་པའི་ལམ་ཞོར་གྲོགས་པོ་ཞིག་གི་རྩར་སོང་བས་༼དུས་འགྱུར༽དུས་དེབ་འདོན་ཐེངས་བརྒྱད་པ་ཀློག་པའི་གོ་སྐབས་བྱུང། དུས་རྒྱུན་གོ་མྱོང་ཐོས་མྱོང་གི་རྩོམ་པ་པོ་སྐོར་ཞིག་གི་རྩོམ་ཡིག་འདུག་པ་དང་། ཡུན་རིང་ཙམ་ལ་གསར་རྩོམ་ཀློག་རྒྱུའི་སྐལ་བ་མ་བྱུང་བས་གྲོགས་པོའི་ས་ནས་གཡར་ཏེ་ཤག་ཏུ་ལོག འདོན་ཐེངས་འདིའི་བོད་ཡིག་ལ་ཤོག་ངོས་སོ་བཞི་འདུག་ལ། དེའི་ནང་སྔར་བཀླགས་ཟིན་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་རྩོམ་ཡིག་མ་གཏོགས་རེ་རེ་བཞིན་ཚར་གཉིས་རེ་བཀླགས། རྩོམ་ཡིག་དེ་དག་གི་ཁྲོད་ན་ཚོད་མེད་ཀྱི་སྟོང་སྐད་བར་མེད་བཀྲམས་ཤིང་། བསམ་བཞིན་ཚིག་གི་རྒྱུ་མ་རིང་དུ་བསྲིང་བའི་རྩོམ་ཡིག་དགོད་བྲོ་བོ་རེ་ཡང་འདུག་མོད། སྐབས་འདིར་ངས་གླེང་འདོད་པ་ནི་དེ་ཚོ་མིན་པར། ད་ལྟ་བཙན་བྱོལ་བོད་ཀྱི་སྙན་ངག་པའི་ཁྲོད་གདེང་འཇོག་མཐོ་བའི་རྩོམ་པ་པོ་ཨ་འཇམ་ལགས་ཀྱི་རྩོམ་ཡིག་༼ལྡོམ་པོ་ཞིག་གི་ཁེར་ལབ་ཐན་ཐུན༽ཞེས་པ་དེ་ཡིན། ཨ་འཇམ་ལགས་ཀྱི་རྩོམ་ཡིག་དེ་ནི་སྒྱུ་རྩལ་རྩོམ་རིག་ཐད་ཀྱི་བློ་སྦྱོང་དང་། ཡང་ན་ཉམས་མྱོང་གི་སྤྱི་སྡོམ། ལྷག་པར་དུ་སྙན་ངག་ཕྱོགས་ལ་གཏན་ཚིགས་རང་བཞིན་གྱི་མཐའ་སྡོམ་ལྟ་བུར་བྲིས་ཡོད་པ་དང་། འབྲི་ཐབས་ཀྱི་རྣམ་པ་ནི་དེ་སྔ་རྡོ་རྗེ་དབང་ཕྱུག་གི་༼ཨེ་རེད༽དང་ཕྱོགས་མཚུངས་སམ། གང་ལྟར་ཨ་མདོའི་འབྲོག་པ་རྒན་པོ་ཚོའི་བསླབ་བྱ་རྒྱག་སྟངས་དང་གཅིག་མཚུངས་ཤིག་རེད་འདོད། ཡིན་ན་ཡང། རྩོམ་ཡིག་ཞིབ་ཏུ་ཀློག་སྐབས་རེ་གཉིས་ཇི་ལྟར་འདང་བརྒྱབ་ཀྱང་གོ་དཀའ་བ་དང་། ལ་ལ་བསྐྱར་ནས་ཡང་དུ་གླེང་བས་ཉོག་པོར་གྱུར་བ། ཡང་རེ་འགའ་རང་ཉིད་ཀྱི་ངོས་འཛིན་དང་གཏན་ནས་མི་མཚུངས་སྟབས། དོན་ཚན་རེ་གཉིས་དམིགས་སུ་བཀར་ནས་གཤམ་གྱི་དོགས་འདྲི་དག་ཕུལ་བ་ཡིན།

དེ་ལས་མང་བ་། “ཨ་འཇམ་ལགས་ལ་སྙན་ངག་ཐད་ཀྱི་བགྲོ་གླེང༌།” »

སྣ་ཚོགས།

Posts pagination

Previous 1 2 3 4 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ། (75)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme