Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིར་བོད་ཀྱི་ཆོས་རིག་ལྟེ་གནས་ཁང་གསར་འཛུགས།

Posted on 2009-02-202009-02-20 By tenzin 2 Comments on ཨ་རིར་བོད་ཀྱི་ཆོས་རིག་ལྟེ་གནས་ཁང་གསར་འཛུགས།

ཤམ་བྷ་ལའི་ཕོ་ཉ་དྲ་བ་ནས་འདྲེན། (http://www.shambalapost.com)

 

07february0091

 

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། ཨ་རིའི་མངའ་སྡེ་ཝར་ཇི་ནི་ཡའི་ནང་རྟེན་གཞི་བྱས་ཡོད་པའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང༌། དེ་བཞིན་བོད་རྒྱལ་རབས་ལོ་རྒྱུས་སོགས་བོད་ཀྱི་ཐུན་མོང་མ་ཡོན་པའི་སྲོལ་རྒྱུན་ཆོས་རིག་དར་སྤེལ་གཏོང་སའི་ལྟེ་གནས་ཁང་ཞིག་དངོས་སུ་གསར་འཛུགས་གནང་སྟེ་དབུ་འབྱེད་གནང་ཡོད་པ་དང་དབུ་འབྱེད་མཛད་སྒོའི་སྐབས་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ཆེད་ཕེབས་གནང་ཡོད་པ་རེད།

དེ་ཡང་ཨ་རིའི་མངའ་སྡེ་ཝར་ཇི་ནི་ཡའི་མཐོ་རིམ་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་ལྟེ་གནས་ཁང་ཞིག་༢༠༠༩ལོའི་ཕྱི་ཟླ་༠༡པོའི་ཚེས་༣༠ཉིན་དངོས་སུ་གསར་འཛུགས་ཞུས་གནང་སྟེ་དབུ་འབྱེད་གནང་ཡོད་པ་དང༌། བོད་ཀྱི་ལྟེ་གནས་ཁང་དེས་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་བོད་མིའི་སྤྱི་ཚོགས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དར་འཕེལ་གཏོང་རྒྱུ་ཙམ་མ་ཟད། བོད་རྒྱ་གཉིས་ཀྱི་འབྲེལ་ལམ་གཙོས་བོད་ཀྱི་གནད་དོན་སྐོར་དོན་ཕན་སོན་པའི་དཔྱད་ཞིབ་བྱ་རྒྱུའི་སྡིང་ཆ་ཞིག་བསྐྲུན་རྒྱུའིེ་ཆེད་དུ་ཡིན་པ་རེད།

ཕྱི་ལོ་༡༩༦༠ཡས་མསན་ནས་བཟུང་ཝར་ཇི་ནི་ཡའི་མཐོ་སློབ་དེའི་ནང་བོད་བརྒྱུད་ནང་བསྟན་ཆོས་རིག་གི་སློབ་གཉེར་དེ་ཉིད་སྤེལ་གནང་ས་ཞིག་ཡིན་པ་མ་ཟད། ཕྱི་ལོ་༡༩༧༩ནས་༡༩༨༩བར་ྋགོང་ས་མཆོག་གི་གསུང་བསྒྱུར་ཡིན་པ་སློབ་དཔོན་ཇེ་ཕི་རི་ཧོབ་ཀིན་སི་ལགས་ཀྱིས་ཕྱི་ལོ་༡༩༧༠འགོ་སྟོད་དུ་ནང་ཆོས་སློབ་གཉེར་གནང་རྒྱུའི་སློབ་གཉེར་ལས་གཞི་གཞི་རྒྱ་ཆེ་ལ་ཆེས་སྙན་གྲགས་ལྡན་པ་ཞིག་གསར་འཛུགས་གནང་ཡོད་ལ།

དེ་རྗེས་ཕྱི་ལོ་༡༩༩༨ལོར་མཐོ་སློབ་དེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྷན་ཚོགས་ཆེན་པོ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།

ལྟེ་གནས་ཁང་དེའི་ཟུང་འབྲེལ་འགན་འཛིན་ཇར་མ་ནོ་ཡིས་ཕྱི་ལོ་༡༩༩༠ཡས་མས་སུ་མཐོ་སློབ་དེའི་དཔེ་མཛོད་ཁང་དང་མཉམ་འབྲེལ་གནང་སྟེ་བོད་དང་ཧི་མ་ལ་ཡའི་དཔེ་མཛོད་ཁང་ཞིག་གསར་བཙུགས་གནང་བ་དང༌། དཔེ་མཛོད་དེའི་ནང་བོད་དང་འབྲེལ་ཡོད་ཀྱི་པར་རིས་དང་བརྙན་པར། བོད་དོན་ཞིབ་འཇུག་གནང་མཁན་ཚོས་སྤེལ་བའི་ཡིག་ཆ་ཁག་མང་པོ་ཞིག་ཞལ་འདེབས་ཕུལ་ཡོད་པ་དང༌། བོད་ཀྱི་ཆོས་རིག་ལྟེ་གནས་དེའི་འགན་འཛིན་ནི་བཀྲ་ཤིས་རབ་རྒྱས་ལགས་དང་ཌེ་ཝི་ཌི་ཇར་མ་ནོ་ལགས་གཉིས་ཡིན་པ་རེད།།

གསར་འགྱུར།

Post navigation

Previous Post: གནའ་བོའི་མཁར་རྙིང་།
Next Post: འཇམ་དབྱངས་ནོར་བུ་ལགས་སུ་ལན་འདེབས་གནང་བ་དང་དེ་མིན་བོད་ཡིག་ཐོག་བཀོད་པའི་གསར་འགྱུར།

Comments (2) on “ཨ་རིར་བོད་ཀྱི་ཆོས་རིག་ལྟེ་གནས་ཁང་གསར་འཛུགས།”

  1. པད་མ་ཡང་སངས་ says:
    2009-02-20 at 10:01 pm

    ང་ནི་རྒྱ་རི་དང་འབྲེལ་བ་ཡོད་པའི་ལས་ཀ་ཚང་མ་ལ་ཡིད་ཐང་ཆད་གི་འདུག ཨ་རོ། ངོ་མ་ཐང་ཆད་གི་འདུག

  2. གངས་བུ། says:
    2009-02-21 at 3:33 am

    ཡང་སངས་ལགས་ ཁྱེད་ལ་ཁག་མེད་
    བོད་པ་ཚང་ལ་ཕན་བའི་བྱ་བ་གྲུབ་ན་ཡིད་ཐང་ཆད་དགོས་དོན་ཡོད་ན།་ བོད་པ་ཚང་ལ་ཤེས་འཇོན་གཉིས་ལྡན་གྱི་མི་རེ་ཟུང་ཡོད་བ་དག་ལ་འདི་འདྲའི་སྐྱོན་བརྗོད་བྱེད་ན་ཁྱེད་ལ་ཕན་ཐོགས་གང་
    འདུག རྒྱ་རི་ཡིས་འདས་བའི་ལས་ཀའི་གྲུབ་འབྲས་དང་སྐྱོན་གཉིས་ཀ་ལ་གཟིགས་དགོས་ཀྱི་མིན་འགྲོ་
    ཁྱེད་རང་ཡིད་ཐང་ཆད་དགོས་དོན་གང་ཡིན་ནམ་གསལ་བཤད་ཞིག་གནང་གིས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme