Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<< ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 11 )

Posted on 2020-05-172020-05-17 By ཁ་བརྡ No Comments on << ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 11 )

བློ་བཟང་རིན་ཆེན།
 
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གཉིས་པའི་སྙིང་རྗེས་ཀུན་ནས་བསླངས་པའི་བཟང་སྤྱོད་ཅེེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།

བཅོས་མིན་གྱི་སྙིང་རྗེ།

སྙིང་རྗེ་ནི་ཆོས་ལུགས་ཚང་མས་གལ་ཆེན་རང་བཞིན་དུ་བརྩི་བའི་སེམས་ཀྱི་ཡོན་ཏན་གལ་ཆེན་ཡིན་པའི་འགྲེལ་བརྗོད་ལེའུ་སྔ་མ་དག་ཏུ་བྱས་པ་ལྟར་རེད། སྙིང་རྗེ་ལ་གནས་རིམ་འདྲ་མིན་ཞིག་ཡོད་ནའང་། རྩ་བའི་གནས་རིམ་ནི་གཞན་གྱི་སྡུག་བསྔལ་ནང་དུ་ཞུགས་ཤིང་། ཚད་གཞི་ངེས་ཅན་ཞིག་ནས་སྡུག་བསྔལ་དེ་མཉམ་སྤྱོད་བྱེད་པའི་སེམས་ཀྱི་ནུས་སྟོབས་ཤིག་ཡིན། དེའང་ཡར་རྒྱས་གོང་འཕེལ་དུ་བཏང་ན་རྩོལ་མེད་དུ་འབྱུང་བར་མ་ཟད། “ཕྱིའི་རྐྱེན་ལ་ལྟོས་མི་དགོས་ཤིང་རིས་སུ་མ་ཆད་པར་ཡོངས་ལ་ཁྱབ་པའི་གནས་རིམ་ཞིག་ཏུ་སླེབ་ཐུབ་པ་སྟེ། རང་ལ་འཚེ་བ་བྱེད་མཁན་ཚུད་པའི་སེམས་ཅན་གཞན་ཚང་མར་འབྲེལ་ཐག་ཤིན་ཏུ་ཉེ་བའི་ཚོར་བ་”བསྐྲུན་པར་བྱེད།

དེ་ལྟར་གདུང་སེམས་མཉམ་བསྐྱེད་ཀྱི་ནུས་པ་ནི་ལྷན་སྐྱེས་ཡིན་ཞིང་། སྙིང་རྗེ་ཡང་སེམས་ཀྱི་རང་བཞིན་རྣལ་མ་ཞིག་ཡིན། དེར་བརྟེན་སྙིང་རྗེ་གོང་འཕེལ་དུ་འགྲོ་བ་ནི་རྫོགས་མཐའ་མེད་པ་ཞིག་ཡིན་པ་ལས། བཀོལ་ན་ཟད་འགྲོ་བའི་ཆུ་ལྟ་བུའི་ཐོན་ཁུངས་ཤིག་ག་ལ་ཡིན། “སྙིང་རྗེའི་ནུས་པ་འདི་ལ་ང་ཚོའི་ལུས་པོའི་བྱ་འགུལ་གྱི་ངོས་ནས་འགྲེལ་བརྗོད་བྱེད་རུང་ཡང་། སྦྱོང་བརྡར་བྱས་ནས་མཐར་ཐུག་གི་ཚད་གཞི་ལ་བསླེབ་རྒྱུ་ཡོད་པའི་མཆོང་ལྡིང་ལྟ་བུའི་བྱ་འགུལ་དང་ཐ་དད་ཡིན།” དེར་བརྟེན་སྙིང་རྗེའི་གནས་རིམ་གོང་འཕེལ་དུ་བཏང་ན་གཞན་དོན་གཙོ་བོ་དོན་དུ་གཉེར་ཞིང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་གྲོལ་བར་དཀའ་སྤྱད་བློས་བཏང་གིས་འགྲོ་དོན་དཔག་མེད་མཛད་ཀྱི་ཡོད། དེ་ལྟ་བུའི་སྙིང་རྗེའི་གནས་རིམ་འདི་ལ་“བོད་སྐད་དུ་སྙིང་རྗེ་ཆེན་པོ་ཟེར།” འདི་ལ་ནང་པའི་བསྟན་བཅོས་རྣམས་སུ་རང་གི་ཕྲུ་གུ་ཁོ་ནར་བཅངས་པའི་ཨ་མའི་བརྩེ་བ་དང་མཚུངས་པར་གསུངས་ཡོད།

སྙིང་རྗེའི་དགེ་མཚན།

མི་མང་མང་པོ་ཞིག་ལ་སྙིང་རྗེ་ནི་སོ་སོའི་ཆེད་ལས་ལ་འགོག་རྐྱེན་ཞིག་མ་ཡིན་རུང་། འབྲེལ་མེད་ཅིག་ཡིན་པའི་ལྟ་ཚུལ་བཟུང་ཡོད། རེད་དེ་༧གོང་ས་མཆོག་རང་ཉིད་ཀྱི་ཐུགས་དགོངས་ལྟར་ན། “དེ་ནི་རང་དང་འབྲེལ་ཡོད་ཅིག་ཡིན་པར་མ་ཟད། བློའི་ཡོན་ཏན་དེ་དང་བྲལ་ན་ང་ཚོའི་བྱ་སྤྱོད་ནི་གཏོར་བརླག་གི་རང་བཞིན་དུ་འགྱུར་བའི་ཉེན་ཁའང་ཆེན་པོ་ཞིག་ཡོད།” དེ་ལྟར་ན་སྙིང་རྗེ་ནི་སོ་སོའི་མི་ཚེའི་ནང་ལ་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད།

དེ་བཞིན་ང་ཚོས་ཁ་ཞེ་གཉིས་མེད་ཀྱི་ངང་ནས་སྙིང་རྗེའི་རིན་ཐང་ལ་ཡི་རང་དང་གདེང་འཇོག་བྱས་ན། “གཞན་ལ་བཟུང་བའི་རང་གི་ལྟ་སྟངས་རང་བཞིན་གྱི་ཇེ་ལེགས་སུ་འགྲོ་ཞིང་། འདི་གཅིག་པུས་ཀྱང་ང་ཚོའི་འཚོ་བའི་སྤྱོད་ལམ་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཐུབ་སྟེ། དཔེར་ན་མགོ་སྐོར་གཏོང་བའི་བསམ་བློ་ཞིག་འཁོར་བའི་ཚེ་ན་གཞན་ལ་བཟུང་བའི་ང་ཚོའི་སྙིང་རྗེས་རང་གི་བསམ་བློ་དེ་རྒྱུན་འཁྱོངས་བྱེད་པ་ལ་བཀག་འགོག་བྱེད་”ངེས། མ་ཟད་སོ་སོའི་ལས་ཀ་གཞན་ལ་འཚེ་བ་བསྐྱེད་པའི་ཉེན་ཁ་ཡོད་པར་མཐོང་ན། སྙིང་རྗེས་ང་ཚོར་ལས་ཀ་དེ་སྤོང་དུ་འཇུག་པ་གཏན་ཁེལ་གྱི་རང་བཞིན་དུ་འཁུམས།

ད་དུང་ང་ཚོས་སེམས་ཤུགས་བསྐྱེད་ནས་སྙིང་རྗེ་ཆེན་པོ་རང་གི་ཕུགས་བསམ་དུ་བཟུང་ན། “དེས་སོ་སོའི་ལྟ་སྟངས་ལ་རང་བཞིན་གྱིས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་པར་མ་ཟད། རང་དང་གཅིག་མཚུངས་སུ་གཞན་གྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ངོས་འཛིན་དཀྱུས་མ་དེ་གཞི་རུ་བཟུང་ནས་ཕྱོགས་ཞེན་དང་རང་གཅེས་འཛིན་ལ་རྟག་ཏུ་ཁ་གཏད་བྱེད་དགོས་པའི་དྲན་སྐུལ་ཡང་གཏོང་གི་རེད།” དེ་བཞིན་བྱམས་པ་དང་སྙིང་རྗེ་ནི་མཆོར་ཆོས་ཤིག་མིན་ལ། “འདི་གཉིས་ནི་ཕྱི་ནང་གི་ཞི་བདེའི་འབྱུང་ཁུངས་ཡིན་པའི་ཆ་ནས་འགྲོ་བ་མིའི་རིགས་ཀྱི་འབྱུང་འགྱུར་གྱི་གསོན་གནས་ལ་གཞི་རྩའི་རང་བཞིན་ཆགས་ཡོད། ཕྱོགས་གཅིག་ནས་བྱམས་པ་དང་སྙིང་རྗེ་ནི་སྤྱོད་པ་འཚེ་མེད་ཀྱི་ངོ་བོ་ཡིན་ཞིང་། ཕྱོགས་གཞན་ནས་བྱམས་པ་དང་སྙིང་རྗེ་ནི་ཆོས་ཀྱི་ཡོན་ཏན་ཐམས་ཅད་དེ། དགོངས་ཡངས་དང་བཟོད་པ་ལྟ་བུའི་དགེ་བ་རྣམས་ཀྱི་འབྱུང་ཁུངས་ཙམ་དུ་མ་ཟད། ང་ཚོའི་ལས་དོན་དང་བྱ་བ་ལ་དོན་སྙིང་བྱིན་ནས་དེ་རྣམས་ཕན་བདེའི་ངོ་བོར་འགྲོ་རུ་འཇུག་མཁན་ཡང་ཡིན།”ཞེས་གསུངས་ཡོད།

ཆབ་དཔལ་རིག་གསུམ་གྱི་ཤེས་ཡོན་ཚད་གཞི་མཐོ་བོ་ཞིག་ཡོད་པའམ། ནོར་ལོངས་སྤྱོད་ཀྱིས་ཅི་ཙམ་ཕྱུག་པོ་ཡིན་ཡང་དེ་ལ་ཧང་སངས་དགོས་པ་ཏིལ་ཙམ་མེད་ཅིང་། གང་ཟག་དེ་དག་ལ་སེམས་པ་བཟང་པོ་ཞིག་ལྡན་ན། ད་གཟོད་ཡོན་ཏན་དེ་དག་རིན་ཐང་ལྡན་པ་རེད་ཅེས་ལེའུ་འདིའི་མཇུག་སྡོམ་གནང་ཡོད། དེ་ནི་སྐུ་མདུན་གྱི་རིན་ཐང་ལྟ་ཚུལ་རྣལ་མ་ཞིག་ཅི་ལ་མིན།

སྙིང་རྗེ་ལག་ལེན་དུ་བསྟར་ཚུལ།

གོང་དུ་བསྙད་པའི་སེམས་ཀྱི་ཡོན་ཏན་སྙིང་རྗེ་ཞེས་པ་རང་རྒྱུད་དུ་བསྐྱེད་ཐབས་ལ་སྒོ་སྣ་ཚོགས་ཤིག་མཆིས་ཤིང་། འདིར་བརྗོད་པ་ནི་རང་གིས་དུང་ཞེན་བྱེད་སའི་མི་རྣམས་ལ་སྙིང་རྗེ་དྭངས་མ་ཞིག་བསྐྱེད་པ་འདི་རེད། འདི་ནི་གནས་རིམ་མཐོ་བའི་སྙིང་རྗེ་ཞིག་མིན་ཡང་། དེ་ནི་གནས་རིམ་མཐོ་བའི་སྙིང་རྗེ་ཞིག་བསྐྱེད་པའི་འགོ་འཛུགས་ས་ཡག་ཤོས་ཤིག་ཡིན། རེད་དེ་“ཁོ་ཚོ་གཅིག་པུར་ཕྱོགས་ཞེན་བྱེད་པ་ལ་མཐར་ཐུག་ན་རྒྱུ་མཚན་མེད་པ་ང་ཚོས་ངོས་འཛིན་བྱེད་ཐུབ་དགོས་པ་དང་། རང་གཞན་ཚང་མ་ན་ཚ་གཅིག་གི་འོག་ནས་སྡུག་བསྔལ་མྱོང་ཞིང་། སྨན་པ་གཅིག་གི་གམ་དུ་ཡོང་བའི་ནད་པ་བཅུ་དང་འདྲ་བར་གནས་སྟངས་གཅིག་གི་ནང་དུ་ལྷུང་”སྟེ་སྨན་བཅོས་གཅིག་མཚུངས་སུ་བྱེད་དགོས་པའི་བྱ་བ་ནམ་ཡང་བརྗེད་མི་ཉན།

ཡང་ལེའུ་འདིར་སྙིང་རྗེ་ནི་མེ་ཏོག་ཅིག་ཡིན་ན། དེ་ཉིད་སྐྱེས་སའི་ས་གཞི་མཉམ་པོ་ཞིག་དགོས་པ་བཞིན། སེམས་ཀྱི་ཡོན་ཏན་སྙིང་རྗེ་རང་རྒྱུད་ལ་བསྐྱེད་པར་ཡང་བླང་དོར་གྱི་རྩ་འཛིན་བྱེད་ས་བརྟན་པོ་ཞིག་དགོས་པར་བསྟན་ཡོད། དེའང་རང་གཞན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་བླང་དོར་གྱི་རྣམ་གཞག་འདི་གཞི་རུ་བཟུང་ན་དགེ་མཚན་ཆེ་བར་གདམས་ཡོད། སྙིང་རྗེ་ནི་སྒྲུབ་ཆོས་ཤིག་ལས་བཤད་ཆོས་མིན་དུས། ང་ཚོས་ཀྱང་ཉིན་རེའི་འཚོ་བའི་ནང་དུ་སྙིང་རྗེ་བཅོས་མ་རེ་ཡིས་འགོ་བརྩམས་ནས་སྙིང་རྗེ་བཅོས་མིན་རེ་སྐྱེ་ཐབས་བྱ་རྒྱུ་ནི་སྐུ་མདུན་གྱི་ལྗགས་རྩོམ་འདིའི་ཕུགས་ཀྱི་དགོངས་པའི་ཆ་ཤས་གལ་ཆེན་ཞིག་ཏུ་ངེས།

མ་མཐའ་ཡང་ང་ཚོས་སོ་སོའི་གྲོགས་པོ་དང་། ཡང་ན་ཁང་ཚན་གཅིག་པ། ཡང་ན་གྲྭ་ཚང་གཅིག་པ་སོགས་རང་གི་ཉེ་འཁོར་ལ་གནས་པའི་མི་རྣམས་ཀྱིས་བསམ་བཟང་གི་བྱ་བ་ཕྲ་མོ་རེ་གཉེར་སྐབས། དེ་ལ་ཕྲག་དོག་དང་གཉའ་ནོན་བྱས་ནས་སེམས་པ་མི་གསོད་པར་གང་གི་སེམས་བཟང་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་བྱེད་པ་ནི། འགྲོ་སོང་དེ་ཙམ་མེད་པའི་དགེ་བ་རླབས་ཆེན་ཞིག་རེད་སྙམ། དེ་མིན་སྐྱེས་བུ་གང་གིས་བསམ་པ་རྣམ་དག་གིས་ཁང་ཚན་ར་སྐོར་ནང་དུ་གད་བརྡར་ཚར་གཅིག་བྱས་པ་ལ་མཚོན་ན། ལྐོག་ཏུ་ཁོང་གི་རྩ་བའི་ཀུན་སློང་ལ་སྒྲོ་བཏགས་ཏེ་ཁོས་དེ་ལྟར་བྱེད་དོན་བསྟོད་བསྔགས་ཐོབ་པའི་ཆེད་རེད་ཟེར་བ་སོགས། ངན་ཕྱོགས་ནས་ལྟ་བ་ནི་རང་ཉིད་ཀྱི་གཤིས་སྤྱོད་ངན་པ་ལྷང་ལ་བུད་པ་ཙམ་དུ་མ་ཟད། རང་རེའི་ཁོར་ཡུག་ལ་བསམ་བཟང་དང་སེམས་ཤུགས་ཅན་གྱི་མི་སྣ་འབྱུང་བའི་བཀག་རྡོ་ཆེན་པོ་ཞིག་རེད་ཅེས་རང་གི་བསམ་ཚུལ་ཐུང་ངུ་ཞིག་གིས་བཀླགས་བྱང་འདི་མཇུག་བསྡུས་པའོ།།

མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་སྙིང་རྗེས་ཀུན་ནས་བསླངས་པའི་བཟང་སྤྱོད་ཅེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།

2020/5/17ལ་བློ་བཟང་རིན་ཆེན་གྱིས་བྲིས།

སྣ་ཚོགས།

Post navigation

Previous Post: མཚོན་གྱི་མཚོ་མོ།
Next Post: ཏོག་དབྱིབས་ནད་དུག་གི་ནུས་པ་དང་། མིའི་བཟང་སྤྱོད་ལ་འགྱུར་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme