Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོས་ཚོགས་གསར་བརྗེའི་ཐབས་ལ་བརྟེན་ནས་མང་གཙོའི་ཀ་བ་གསུམ་རྒྱུན་གནས་ཐུབ་པ་བྱ་དགོས།

Posted on 2024-03-022024-03-05 By ཁ་བརྡ་ 2 Comments on གྲོས་ཚོགས་གསར་བརྗེའི་ཐབས་ལ་བརྟེན་ནས་མང་གཙོའི་ཀ་བ་གསུམ་རྒྱུན་གནས་ཐུབ་པ་བྱ་དགོས།

འོད་དཀར་ཅན།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་བཙན་པོ་རིམ་བྱུང་ནས། ས་ཕག ། བཀའ་རྒྱུད། གཙང་པ་བར་དང་། དགའ་ལྡན་ཕོ་བྲང་ནས་མང་གཙོ་ཡང་དག་པའི་སྒྲིག་འཛུགས་བར་གྱི་ཁྲིམས་ལུགས་ཁྱབ་སྒྱུར་གྱི་དབང་རྒྱུན་དེ་རྩ་མེད་དུ་གཏོང་རྒྱུའི་དམིགས་འབེན་བཟུང་ནས་ཆབ་སྲིད་ཀྱི་རླུབ་འཚུབས་ཤིག་འཕྱུར་བཞིན་ཡོད།

དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་ཚབ་གཅིག་རང་ལྷག་ཡོད་པ་དེ་ཉིད་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསལ་ ༣ པ་བཞིན་ངོས་འཛིན་མེད་པར་བསྒྱུར་རྒྱུའི་མངོན་འདོད་དེ་བཞིན་དོན་དངོས་སུ་གྱུར་བ་ཡིན་ན། དུས་དེ་ནས་གཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཁྲིམས་ཞིབ་པ་ཐོག་མ་ཞེ་བོ་བློ་དར་གྱིས་ཁས་བླངས་བའི་ཁྲིམས་ལུགས་ཁྱབ་བསྒྱུར་གྱི་དབང་རྒྱུན་དེ་ཡང་ཡོངས་སུ་ཆད་པ་ཡིན། ཁག་གཅིག་གིས་མང་གཙོ་དང་། རང་དབང་ལ་ཁ་གཡར་ནས་ད་ལྟའི་དམ་འབུལ་གྱི་ལམ་ལུགས་དེ་མེད་པར་བཏང་སྟེ་ཡི་ཤུའི་གསུང་རབ་ལྟ་བུ་ཞིག་གི་སྟེང་དུ་ལག་པ་འཇོག་འདོད་ནས་བསྒུག་ཡོད་ཀྱང་། བོད་ནང་གི་བོད་མིའི་ཤི་བོའི་ཁ་ཆེམས་དང་། གསོན་པོའི་རེ་བ་བཅོལ་ས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ཡིན་པ་ལས་གཞན་སུ་ཡང་མིན་པའི་ལས་དོན་གང་ཞིག་བྱས་ཀྱང་བོད་ནང་གི་བོད་མིའི་རེ་བ་དང་། བཙན་བྱོལ་བོད་མི་སྤྱི་ཡོངས་ཀྱི་མངོན་འདོད་དང་མཐུན་མིན་ལྟ་དགོས་པ་ལས་རལ་གྲི་གནམ་གཡུག་ལྟ་བུ་བྱ་མི་རུང་།

གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དེ་ལ་ངན་ཇུས་སྣ་ཚོགས་ཀྱི་སྦྱོར་བ་རྩོམ་བཞིན་པ་ནི་ཉིན་རེ་བཞིན་ཇེ་གསལ་དུ་འགྲོ་བཞིན་ཡོད་པའི་བློ་དཀར་གཞུང་དྲང་གྱི་སྤྱི་འཐུས་ཚོས་དེ་ངོས་ཟིན་པའི་ཐོག་ནས་ལངས་ཕྱོགས་ཀྱང་གསལ་བོར་གཟུང་དགོས་པའི་དུས་ལ་བབ་ཡོད།

སྦྲུལ་ཀྱི་མདུད་པ་སྦྲུལ་གྱིས་བཤིག་ནུས་པའི་དཔེ་ལྟར། གྲོས་ཚོགས་ཀྱི་ནང་གི་ལས་དོན་ནི་གྲོས་ཚོགས་ཀྱི་འཐུས་མི་རང་གིས་བྱེད་ཐུབ་པ་ལས་གཞན་སུ་ཞིག་ལའང་གོ་སྐབས་མེད། དེས་ན་བློ་དཀར་གཞུང་དྲང་གྱི་བཀུར་འོས་སྤྱི་འཐུས་རྣམས་ཀྱིས་བཅའ་ཁྲིམས་ཀྱི་ཚང་ཐིག་ལ་བརྟེན་ནས་དགོས་ངེས་ཀྱི་ཐག་གཅོག་ཅིག་གནང་དགོས་པ་ནི་བཟང་སྤྱོད་ཀྱི་ལས་འགན་ཡིན། དེ་ལས་ལྡོག་སྟེ་རང་སྲུང་དང་། བཟང་བརྫུས་ཀྱི་རྣམ་པ་ཁོ་ན་བསྟན་ནས་བསྡད་པ་ཡིན་ན་ཁྲིམས་ཞིབ་པར་གནས་དབྱུང་བཏང་སྟེ་དམ་འབུལ་གྱི་ལམ་ཁ་བཀག་པ་ནི་གོམ་པ་དང་པོ་ཡིན་ཞིང་། ད་དུང་ཆུ་མོ་རྙོག་ནས་ཉ་ཆུང་འཛིན་འདོད་པའི་མངོན་རྟགས་མང་པོ་མཐོང་རྒྱུ་ཡོད།

དཔེ་མཚོན་ཙམ་ཞུས་ན། སྤྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་སྐབས་དང་པོའི་དུས་ཡུན་རྫོག་ལ་ཉེ་བའི་སྐབས་དེར། བཅའ་ཁྲིམས་ཀྱི་ཚངས་ཐིག་ལས་བརྒལ་ཏེ་ཁྲིམས་ཞིབ་པ་གསུམ་ཀ་ཕྱིར་འབུད་དང་། ཁྲིམས་ཞིབ་པ་གསར་པ་བསྐོ་གཞག་མ་ཐུབ་པ།  གྲོས་ཚོགས་མཇུག་སྐྱོོང་ཚད་ལྡན་མ་བྱས་པ། མཐར་ཚོགས་འདུ་འཕར་མ་ཡང་ཚོགས་མ་ཐུབ་པ། སྐབས་༡༦ པའི་གྲོས་ཚོགས་དུས་ཡུན་བརྫོག་པར་ཉིན་ཤས་ལས་མེད་པའི་སྐབས་དེར་རྒྱུན་ལས་ཀྱང་གཅིག་རྗེས་གཉིས་མཐུད་དུ་དགོངས་པ་ཞུས་ནས་ཐེ་ཚོམས་མེད་པར་མང་གཙོའི་ཀ་བ་གསུམ་ཀ་རྩ་གཏོར་གཏོང་རྩིས་བྱས་པ་སོགས་སྐྱིད་གཡའ་བའི་ལོ་རྒྱུས་ཀྱི་རྡོ་རིང་ནག་པོ་ཞིག་ནམ་ཡང་གསུབ་ཐབས་མེད་པར་ལྷག་ཡོད་པ་འདི་དག་སྟབས་ཁེལ་བ་ཞིག་གཏན་ནས་མིན།

སྐབས་༡༧པའི་འཐུས་མི་བདམས་ཐོན་བྱུང་མ་ཐག་ཏུ་ཡང་ཆོས་བརྒྱུད་སྤྱི་འཐུས་དང་མདོ་སྟོད་སྤྱི་འཐུས་ཀྱིས་ཆུ་མོོ་འགོ་ནས་བརྙོགས་ཏེ་ལྗོན་ཤིང་རྩ་ནས་བཅད། བཅའ་ཁྲིམས་དོན་ཚན་ ༤༧ པ་ལྡོག་རོལ་གྱི་གསལ་བསྒྲགས་དོན་ཚན་ལྔ་ཅན་ཞིག་སྤྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༢ ཉིན་ཡོངས་བསྒྲགས་སུ་སྤེལ་ཏེ་དམ་འབུལ་མ་ཞུས་པར་སྤྱི་ལོ་ ༢༠༢༡ ཟླ་ ༡༠ བར་ཟླ་བ་བཞི་མ་ཟིན་ཙམ་དུ་ལྷག དོན་ངོ་མར་སྐབས་དེ་རང་ནས་སྤྱི་འཐུས་ཀྱི་འོས་ཆོས་ཏེ་བཅའ་ཁྲིམས་དོན་ཚན་༣༨ པའི་ནང་གསལ་ ༨ པ་དང་དངོས་འགལ་ཆགས་ཡོད་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལྟར་ན་སྐབས་དེ་རང་ནས་སྤྱི་འཐུས་ཀྱི་ཐོབ་ཐང་བྲལ་བ་ཡིན་ཡང་ཁོང་ཚོར་འགན་འཁྲི་ཕྲག་ཐོག་ཏུ་འཇོག་ཐུབ་མཁན་ཞིག་བྱུང་མེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་ཆ་ཚང་བ་ཞིག་བཞེངས་སྐྲུན་གནང་སྟེ་མི་མང་ལ་བརྩིས་སྤྲོད་གནང་ཡོད་ཀྱང་། སྤྱི་འཐུས་ཀྱི་མིང་ཁུར་ཁག་གཅིག་གིས་ཇ་ལན་ཆུ་འཇལ་དང་། དགྲ་དགའ་གཉེན་སྡུག་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་དཔོན་བཀག་འགོག བཀའ་ཤག་ནང་བཀའ་བློན་བཀག་འགོག གྲོས་ཚོགས་ཀྱི་ནང་དུ་བཅའ་ཁྲིམས་ལྡོག་རོོལ་བཅས་གནས་ལུགས་དང་རྒྱུ་མཚན་རིང་དུ་དོར་ནས་མང་ཉུང་དང་དཔུང་ཤེད་བཟང་ངན་ཁོ་ནས་ཐག་གཅོད་བྱེད་བཞིན་ཡོད་པ་འདི་དག་ནི་གོད་ཆག་གི་རྩ་བ་ཡིན།

ཉེ་སྔོན་སྤྱི་ཟླ་དགུ་པའི་གྲོས་ཚོས་ཀྱི་སྐབས་སུ་ཡང་ཆོས་བརྒྱུད་དང་མདོ་སྟོད་སྤྱི་འཐུས་ཁག་གཅིག་གྲོས་ཚོགས་ནས་ཐོན་ཏེ་སླར་ཡང་གྲོས་ཚོགས་ཡོངས་སུ་འཐོར། བྱེད་ཕྱོགས་འདི་དག་གི་རྒྱབ་ཏུ་རྒྱ་དམར་གྱི་ལག་པ་དངོས་སུ་བསྲིངས་ཡོད་པ་ཡང་གྲོས་ཚོགས་ཀྱི་ནང་དུ་གསར་ཁ་ཐོན། ད་དུང་གསེར་རྟ་ཚུལ་ཁྲིམས་ཀྱིས་སྤྱི་ཟླ་གསུམ་པའི་གྲོས་ཚོགས་ཀྱི་སྐབས་སུ་མུ་མཐུད་རྙོག་གྲ་ཆགས་སྲིད་པ་དང་། དེ་ལ་བརྟེན་ནས་མ་འོངས་བར་སྤྱི་ཡོངས་ལ་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་བཅས་ཡོངས་ཁྱབ་ཏུ་བསྒྲགས་པ་དང་མཉམ་དུ་ངའི་གྲི་དམིགས་གསལ་ཞིག་ཉོས་ཡོད་བཅས་ཀྱང་བཤད། གསེར་རྟ་ཚུལ་ཁྲིམས་ཀྱིས་བསྒྲགས་པའི་ཐ་ཚིག་དེ་དག་ལ་བརྟེན་ནས་གྲོས་ཚོགས་ཚོགས་ཐུབ་མིན་གྱི་བསམ་ཚུལ་ཀྱང་ཡོང་བཞིན་ཡོད་ལ། སྐེ་བསྲིང་ནས་ཞགས་པ་ཉོ་མི་རུང་བར་འདོད་མཁན་ཡང་མང་པོ་ཡོད།

གསེར་རྟ་ཚུལ་ཁྲིམས་ཀྱི་སྐད་ཆ་ལས་ང་ཚོས་གོ་ཐུབ་པ་ནི། ཡོང་རྒྱུའི་སྤྱི་ཟླ་གསུམ་པར་ཡང་རང་ཉིད་གྲོས་ཚོགས་ནས་མ་བུད་ཙམ་དུ་འབྱོར་ཐོ་ཞིག་འགོད་རྒྱུ་ལས་སྔར་བཞིན་གྲོས་ཚོགས་མཇུག་སྐྱོང་བྱེད་བསམ་མེད་པ་ནི་ཁོའི་སྐད་ཆ་དང་། ཁོང་གི་རྒྱབ་སྐྱོར་བས་གླེང་ཕྱོགས་ལས་ཚོད་དཔག་བྱེད་ཐུབ།

བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ན་ལོ་གཅིག་གི་ནང་དུ་གྲོས་ཚོགས་ཐེངས་མ་གཉིས་ཚོགས་དགོས་ཀྱང་ ༢༠༢༣ ལོར་གྲོས་ཚོགས་ཐེངས་གཅིག་ལས་ཚོགས་ཐུབ་མེད་པ་དང་། གཞུང་དངུལ་འབུམ་བརྒྱ་ཕྲག་ལས་བརྒལ་བ་དོན་མེད་ཆུས་ཟོས་སུ་བཏང་ཡོད་པས། གྲོས་ཚོགས་ནས་ཐོན་ཏེ་འགྲོ་མཁན་གྱི་སྤྱི་འཐུས་དེ་དག་གྲོས་ཚོགས་ནས་རང་བུད་སུ་འགྲོ་དགོས་ངེས་ཡིན། གྲོས་ཚོགས་ཀྱི་འཐུས་མི་ཅིག་གིས་དགོངས་ཞུ་བརྒྱུད་ཀྱང་ཐེངས་གཉིས་ཚོགས་བཅར་མ་ཐུབ་པའི་རྐྱེན་གྱིས་གྲོས་ཚོགས་ནས་བུད་པ་བྱུང་ཡོད་པ་འདིའི་ཐད་ཚོགས་གཙོ་ཚོགས་གཞོན་གྱི་དབུས་པའི་འཐུས་མི་ཡོངས་ཀྱིས་གཅིག་གྱུར་གྱིས་འགན་ཁུར་ཞིག་མེད་པ་ཡིན་ན། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཟེར་བ་ཡང་ཤོགས་ཐོག་གི་རི་མོ་ཙམ་ཡིན།

གོང་འཁོད་སྤྱི་འཐུས་དེ་དག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ངོས་ལེན་མེད་པའི་ཐ་ཚིག་བསྒྲགས་ཟིན་པས་ཕྱིས་འབྱུང་ཁྲིམས་ཞིབ་པ་ཞིག་བསྐོ་འཇོག་ཐུབ་སྲིད་ཀྱང་དམ་འབུལ་གྱི་ཕྱོགས་ནས་སླར་ཡང་གྲོས་ཚོགས་ཁ་འཐོར་དུ་འགྲོ་རྒྱུ་ལས་ཐབས་གཞན་མེད། ལྷག་པར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་པས།  དེ་ཉིད་ངོས་ལེན་མེད་པ་བསྒྲགས་པ་ནི་རྒྱལ་ཁབ་གང་ཞིག་ལ་མཚུངས་ན་ཡང་ངོ་ལོག་གི་ཉེས་པ་འདག་ཐབས་མེད་པ་ཞིག་ཡིན། ཡིན་ནའང་ང་ཚོའི་དམིགས་ཡུལ་ནི་བོད་མིའི་སྒྲིགས་འཛུགས་འདི་ཉིད་སྲུང་སྐྱོབ་ཇི་ལྟར་བྱ་རྒྱུ་དེ་ཁོ་ན་ཡིན་པས། རྟ་ལ་བྱམས་པ་དང་། རྒ་ལ་མཛེས་པའི་ཐབས་ཤིག་ཡོད་པ་ནི། བཅའ་ཁྲིམས་དོན་ཚན་༦༣ པའི་ནང་གསལ་༣ པའི་དགོངས་དོན་བཞིན་ཁྲིམས་ཞིབ་པ་ཆེ་བའམ་ལས་ཚབ་ཀྱི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ་ཁས་ལེན་བྱེད་དགོས་ཞེས་སོགས་ཀྱི་འབྲུ་དོན་དང་མཐུན་པར་ཤར་སྐྱོད་ཐུབ་པར་བྱ་དགོས་པ་དེ་རང་ཡིན།

དེ་ལྟར་ཐུབ་པར་མི་མང་གིས་བདམས་ཐོན་བྱས་པའི་མི་སྣ་སྟེ་སྒུག་ཐོའི་ནང་གི་སྤྱི་འཐུས་ཀྱི་འོས་མི་རྣམས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་གསར་པ་ཞིག་དབུ་འཛུགས་ཐུབ་པ་བྱ་རྒྱུ་ལས་ཐབས་གཞན་མེད། དེ་ལྟར་ཐུབ་པར་བློ་དཀར་གཞུང་དྲང་གི་སྤྱི་འཐུས་ཁག་གིས་རང་ཉིད་ཀྱི་རྐུབ་སྟེགས་བློས་གཏང་སྟེ་རྒྱུད་དགོས་པའི་གནད་འགག་ཅན་གྱི་རྒྱུད་རིམ་ཁག་གཅིག་ལ་གདོང་ལེན་ཐུབ་པ་བྱ་དགོས། དེ་ལྟར་ཐུབ་པ་ཡིན་ན་ད་བཟོད་མང་པོའི་སྟོབས་ལ་བརྟེན་མི་དགོས་པར་བཅའ་ཁྲིམས་ཀྱི་ཚངས་ཐིག་ལ་བརྟེན་ནས་ཐོན་ཐུབ་པའི་ལམ་ཁ་ཞིག་ཡོད། སེམས་ཐག་གཙང་བཅད་དང་ལྷག་བསམ་རྣམ་དག་གིས་མདུན་སྐྱོད་ཅིག་བྱས་པ་ཡིན་ན་ ༢༠༢༤ སྤྱི་ཟླ་ ༤ པའི་བདུན་ཕྲག་དང་པོའི་ནང་དུ་གྲོས་ཚོགས་གསར་བ་ཞིག་དབུ་འཛུགས་ཐུབ་སྒྱུར་ཐེ་ཚོམས་མེད་ལ་གྲོས་ཚོགས་དེས་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་མཚོན་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་བའི་ལས་དོན་མཐའ་དག་ལམ་ལྷོང་དང་ཤར་སྐྱོད་ཐུབ་རྒྱུར་ཡང་ཡིད་ཆེས་ཐུབ་ངེས་སུ་ཡོད། 
          གལ་སྲིད་གྲོས་ཚོགས་ཀྱི་མུ་མཐུད་ལས་དོན་ཚགས་ཚུད་ཐུབ་མིན་བྱུང་ཚེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁྲིམས་སྒྲིགས་གསལ་བཟོ་བྱ་ཐབས་མེད་ཀྱང་། འགན་འཛིན་གྱི་སྐུ་དབང་ཞིག་གི་ཐོག་ནས་བཅའ་ཁྲིམས་ཀྱི་ཁྱབ་ཚད་ལས་མ་འདས་པའི་བཀོད་ཁྱབ་གནང་ཆོག་པ་ཡིན་ལ། འགན་དབང་ལྡན་པའི་མི་མང་གིས་ཀྱང་མང་གཙོའི་ཐུགས་འགན་བཞེས་དགོས། ལྷག་པར་དུ། དཔལ་ལྡན་སྲིད་སྐྱོང་མཆོག་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ཡིན་པ་དང་། འགན་འཛིན་གྱི་སྐུ་དབང་ཁྱབ་བསྒྱུར་བྱེད་པའི་དབང་ཚད་ཀྱང་ཁོང་ལ་ཡོད་པ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་ཡིན།

ཡང་ཕྱོགས་གཞན་ཞིག་ནས་གཞི་རིམ་མི་མང་རེ་འབོད་ཚོགས་པའི་མི་གྲངས་ ༥༧༠༠ ཕུལ་བའི་སྙན་ཞུ་དོན་ཚན་བཞི་ཅན་དེ་ཡང་སྐྱབས་བཅོལ་ལག་དེབ་ཀྱི་ཨང་གྲངས་ཚད་གཞིར་བཟུང་ཡོད་པའི་བཅའ་ཁྲིམས་ལ་བརྩི་བཀུར་དང་། མང་གཙོའི་རིན་ཐང་ལ་གདེང་འཇོག་ཞིག་གི་ཐོག་ནས་སྙ་ཞུ་དེ་དག་གོ་མེད་ཚོར་མེད་ལྟ་བུར་བསྐྱུར་འཇོག་བྱ་ཐབས་མེད།
མདོར་བསྡུས་ནས་ཞུས་པ་ཡིན་ན། གྲོས་ཚོགས་ཀྱི་དབང་ཚད་ལ་ཁ་གཡར་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལར་རྒྱ་དང་། དད་མོས། ཡིད་ཆེས་དང་དག་སྣང་། བྱིན་རླབས་ཀྱི་འདུ་ཤེས་བཅས་པར་དོ་ཕོག་མི་འགྲོ་བ་ཞིག་ངེས་པར་དུ་གནང་དགོས་པ་ཡིན།
སྤྱི་ལོ་༢༠༢༤ཟླ་ ༣ ཚེས་༡ ཉིན།

བསམ་ཚུལ།

Post navigation

Previous Post: མི་རིགས་ཞིག་གསོན་གནས་ཐུབ་དགོས་ན་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་དགོས་པ།
Next Post: ཐོལ་རྩོམ་ཆུ་མིག་དགུ་སྒྲིལ། 

Comments (2) on “གྲོས་ཚོགས་གསར་བརྗེའི་ཐབས་ལ་བརྟེན་ནས་མང་གཙོའི་ཀ་བ་གསུམ་རྒྱུན་གནས་ཐུབ་པ་བྱ་དགོས།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2024-03-03 at 4:47 am

    བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ན་ལོ་གཅིག་གི་ནང་དུ་གྲོས་ཚོགས་ཐེངས་མ་གཉིས་ཚོགས་དགོས་ཀྱང་ ༢༠༢༤ ལོར་གྲོས་ཚོགས་ཐེངས་གཅིག་ལས་ཚོགས་ཐུབ་མེད་པ་དང་། ཟེར་བ་འདི་ག་འདྲ་ཡིན་ནམ? ༢༠༢༤ ལོའི་གྲོས་ཚོགས་ཚོགས་ཐེངས་དང་པོ་ལོ་འཁོར་སྔོན་རྩིས་དེ་རིང་མིན་ཟླ་འདི་ནང་ཚོགས་རྒྱ་ཡིན་འདུག་ན་ ༢༠༢༤ ལོར་གྲོས་ཚོགས་ཐེངས་གཅིག་ལས་ཚོགས་ཐུབ་མེད་པ་དང་ཟེར་བ་དེ་ནོར་བ་མ་རེད་དམ?

  2. ཇ་མ། says:
    2024-03-07 at 9:18 pm

    ཆོས་རྒྱུད་སྤྱི་འཐུས་རྩ་བ་ནས་མེད་པར་བཟོ་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme