Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

《 དར་ལྕོག་སྐྱ་བོའི་ 》 ཕྲན་དཔྱད།

Posted on 2021-09-222021-09-22 By ཁ་བརྡ No Comments on 《 དར་ལྕོག་སྐྱ་བོའི་ 》 ཕྲན་དཔྱད།

རྫ་ཚེ་རིང་བཀྲ་ཤིས།

གྲོགས་པོ་རིག་འཛིན་བསྟན་དགའི་རྩོམ་ཡིག་འདིས་ཡིད་བརྙན་འབྲི་བཞེངས་ཀྱི་ཆ་ནས་རྒྱུ་ཆ་སྤྱོད་སྟངས་ལེགས་ཤིང་། གོ་རིམ་ལྡན་པ་ཞིག་ཀྱང་བྱུང་འདུག་སྙམ་སྟེ།

དེ་ཡང་ཐོག་མར།
“རི་སྒང་གི་དར་ལྕོག་སྐྱ་བོ
སུ་ཞིག་ལ་རེ་སྒུག་བྱེད་བཞིན
སུ་ཞིག་ལ་སྐྱེལ་མ་བྱས་པ་ཡིན་ནམ ”

ཞེས་རང་རེ་དང་ཆ་རྒྱུས་ཆེ་བའི་ཕ་ཡུལ་མཐོ་སྒང་གི་གཡོ་བའི་དར་ལྕོག་ཅིག་འབྲི་བཞེངས་བྱས་ཤིང་། དེ་ཡང་། མདོ་ལ་ཡངས་པའི་རི་སྒང་ན་ཁེར་བུར་འགྲེངས་པའི་དར་ལྕོག་དེས་ངོས་གཡས་གཡོན་གང་ཞིག་ལ་བྱ་ར་བྱེད་པའམ། སུ་ཞིག་སྒུག་བཞིན་པ་ལྟ་བུས། ལོ་ཟླའི་རླུང་དང་ཡུན་རིང་བསྡེབས་པས་སྐྱ་པོར་གྱུར་པའི་བགྲེས་སོང་དང་ཉམས་རྒུད་གྱི་རྣམ་པ་སྐྱོ་ཆད་དེ་བ་ཞིག་མངོན་དུ་བཅུག་ཡོད།

ཡང་ན་རྗེ་བཙུན་མི་ལ་ཐོས་པ་དགའ་བླ་མ་མར་པའི་མདུན་ནས་ཐོན་ཁར། མར་པ་ཡབ་ཡུམ་དང་བུ་སློབ་རྣམས་ཀྱིས་རྗེ་བཙུན་ལ་རི་མཐོ་ས་ཞིག་ནས་སྐྱེལ་མ་བྱས་ཏེ། རྗེ་བཙུན་ཁད་ཀྱིས་མིག་གི་མཐོང་ཡུལ་ལས་མ་ཡལ་བར་དུ་ཁྲ་སྤུངས་སེར་ཉག་ཁ་དེ་ནས་རྗེ་བཙུན་ལ་སྐྱེལ་མ་བྱས་པའི་གཏམ་རྒྱུད་ལྟར་སུ་ཞིག་ལ་སྐྱེལ་མ་བྱས་པ་ལྟ་བུའི་སྣང་བརྙན་ཞིག་ཀྱང་བཞེངས་འདུག དེ་ཡང་ཉག་ཁའི་དར་ལྕོག་དེས་ཐག་རིང་ལ་སོང་བའི་མི་བུ་གལ་ཆེན་ཞིག་ལ་སྐྱེལ་མ་བྱས་འཁྲེངས་སེམས་ཀྱི་རྒྱང་ལྟ་བྱེད་པར་མཚོན་ཞིང་། མ་གཞི་ཁོང་གིས། ལ་མཐོན་པོ་དང་། རླུང་གི་གཡོ་བཞིན་པའི་དར་ལྕོག འགྱུར་ལྡོག་གི་ཀློང་ན་གནས་པའི་གནམ་གཤིས་བཅས་དཔེ་མཚོན་དུ་འཇོག་སྐབས། རང་རེའི་དེང་རབས་རྩོམ་རིག་གི་ཁྲོད་དུ་གལ་འགངས་ཆེ་བའི་ཟུར་མང་དྲུང་པ་རིན་པོ་ཆེའི་སྙན་ངག

“ཁ་ཏྭ་ཏུང་སྒྲ་སྒྲོགས་བཞིན་ཐང་ཤིང་ཡལ་གའི་སྐྱ་གར་གཏམ་གླེང་བག་ཡངས་བྱེད།།
བྲག་དམར་རྒོད་ཚང་ཅན་གྱི་དབུ་རྩེར་ལྷ་ཐོའི་དར་ཆ་རླུང་གིས་བསྐྱོད་ལ་ལྟ།།
འབྲོག་པའི་ཕྱུགས་ལྷས་ནག་པོར་སྦྲ་ཁྱིམ་རྩེ་ནས་དུད་པ་སྔོན་པོ་དལ་བུས་ལང་།།
བླ་མཆོད་མགྲོན་དུ་ཕེབས་པའི་རྔ་དང་དུང་གི་རོལ་མོས་གྲགས་ཆ་རྒྱང་ནས་སྒྲོགས།།
ས་མཐོ་བོད་ཀྱི་གངས་ཅན་ཡུལ་ལྗོངས་མཇལ་བས་དགའ་སྐྱོའི་བློ་སྣ་ལྡོག་ཏུ་མེད།།
ལ་མོ་སྟོང་ཕྲག་བརྒལ་ཀྱང་ས་མཐའ་མ་མཐོང་རླུང་གི་བཤུད་གླུར་ཉན་བཞིན་བསྐྱོད།།
ཆུ་བོ་སྟོང་ཕྲག་བརྒལ་ཀྱང་གནམ་མཐའ་མ་རྙེད་ཆུ་སྒྲའི་གཏམ་འཆལ་ཉན་པས་སུན།།
ཐག་རིང་འབྲོག་པའི་སྦྲ་ནག་མཐོང་བར་འདུན་པ་གཏད་ནས་བསྐྱོད་ཀྱང་སླེབ་རྒྱུ་མེད།།
རྟ་དྲེལ་ངལ་དུབ་ཆེ་བས་རྩྭ་ཆུ་མེ་ཤིང་འཛོམས་སར་སྡོད་གུར་བརྒྱབ་ན་བསམ།།”

ཞེས་པ་འདིའང་དྲན་དུ་བཅུག །

འདི་ནི་ཕ་ཡུལ་དང་བྲལ་ནས་ཡུན་རིང་ཕྱིན་པའི་མི་རྣམས་ཀྱིས་རང་གི་སེམས་ངོགས་ཀྱི་ལ་རྩེ་ནས་ཕ་ཡུལ་ལ་རྒྱང་ལྟ་བྱེད་པའི་ཐུན་མོང་གི་སེམས་ཁམས་ཤིག་ཡིན་པར་ཡང་འགྲེལ་ཆོག་སྙམ་ཏེ། ཁོང་གིས་དེ་ལྟར་ལ་མགོ་མཐོན་པོ་ཞིག་ནས་ཕ་ཡུལ་ལ་རྒྱང་ལྟ་བྱེད་པའི་སེམས་ཀྱི་རེ་འདུན་ཞིག་རྩོམ་ཡིག་དེ་ལས་མངོན་ཡོད། ཅིག་བྱས་ན་ཡི་གེའི་གཏིང་རུམ་དུ་ཡོད་པའི་བག་ཆགས་ཀྱི་རྗེས་ཤུལ་དེ་དག་རྩོམ་པ་པོ་རང་ཉིད་ལའང་གསལ་པོར་འཆད་རྒྱུ་ཡོད་པ་ཞིག་ཡིན་པར་མ་ངེས་སྟེ། གང་ལྟར་ཡི་གེའི་འདུ་འཕྲོ་དག་གི་རྒྱབ་ལོགས་སུ་མི་ཚེའི་གསང་བ་དང་དགའ་སྐྱོའི་འཚོ་བ་མང་པོ་ཞིག་རང་བཞིན་གྱིས་སིམ་འཛུལ་བྱས་ཡོད་པ་ཞིག་ཡིན་འདུག་གོ །

ཡང་།

“ནམ་ཟླའི་ངོ་གདོང་ལ་བཅེར་ནས
སྐྱོ་གདུང་གི་གཉེར་མ་རེ་རེ
ཡམ་ཡོམ་དུ་གཡོ་བཞིན་འདུག ”

ཞེས་བྲིས་ཏེ། ད་དུང་དར་ཅོག་དེའི་ནམ་ཟླའི་གདོང་ལ་བཅེར་ནས་སྐྱོ་གདུང་གི་འདབ་ལྕེ་ལྷབ་ལྷུབ་ཏུ་གཡོ་བ་ནི་ཅིས་ཀྱང་ཡིན་ཏེ། འདི་ནི་དཔེ་རང་གི་ངོས་ནས་བཤད་ནའང་། མཐོ་སྒང་གི་ལ་མགོ་མཐོན་པོ་དག་གི་གནམ་གཤིས་ནི་ལྷག་ཏུ་འགྱུར་ལྡོག་ཆེ་བ་ཞིག་ཡིན་ལ། ཡུད་ཙམ་ཡུད་ཙམ་གྱིས་གནམ་ངོ་འཐིབས་ཅིང་། ཆར་རླུང་དང་ཁ་བ་བུ་ཡུག་འཚུབས་པ་སོགས་ཡོང་གིན་ཡོད། ཡང་ཡུད་ཙམ་ན་གནམ་ངོ་ཐང་ཞིང་ཉི་ཟེར་གྱི་རྩེ་དགའ་ངོམ་པ་སོགས་མ་ངེས་པའི་འགྱུར་ལྡོག་ཆེན་པོ་ཡོད་པ་དེས་མི་ཚེའི་བཞིན་རས་ལ་སྐྱོ་གདོང་གི་གཉེར་མ་མང་པོ་འབབ་ཏུ་འཇུག་པ་དང་། མི་བརྟན་གཡོ་བའི་ལང་ཚོ་ཚེར་མགོའི་བྱེ་ཆུང་ལྟར་ཡམ་ཡོམ་དུ་གཡོ་བ་སོགས་ཀྱི་སྣང་ཚུལ་དག་ཤིན་ཏུ་གསལ་པོར་མཚོན་འདུག །

དེ་ནས་མཐར།

“དགུན་གསུམ་གྲང་ངར་གྱི་ལྷུ་ཁུག་ནས
སོ་འདར་རྒྱག་བཞིན་ཅི་ལ་བསྒུག
ཅི་ཞིག་ལ་སྡོམ་ཚིག་བཀོད་པ་ཡིན་ནམ”

ཞེས་མཇུག་བསྡུས་ཏེ། དེ་ཡང་དུམ་བུ་གསུམ་པ་འདིས་སྔར་གྱི་ནམ་ཟླ་དེ་ཉིད་དབྱར་དགུན་སྟོན་དཔྱིད་གང་ཡིན་ཁ་གསལ་མེད་པ་ལས་ཆེད་དུ་ཁ་གསལ་གཏོད་དེ། དགུན་གསུམ་ཁ་བའི་ལྷུ་ཁུག་ན་ལྷག་ཏུ་གྲང་བའི་ངང་ཚུལ་གྱིས་སོ་འདར་རྒྱག་བཞིན་པ་ཞིག་བརྗོད་ཅིང་། དེ་ཉིད་དར་ལྕོག་དེའི་ཐ་མའི་ལས་དབང་དང་། རེ་ཐག་ཆད་པའི་སྣང་ཚུལ་དུ་བཀོད་དེ། དེ་ནི་དར་ལྕོག་འདིའི་ཆེས་ཐ་མའི་ལས་དབང་གི་མཇུག་སྡོམ་ཡིན་ནམ་ཞེས་དྲི་བ་བཀོད་པ་ཞིག་རེད།

རྩོམ་ཡིག་འདི་མེ་ལོང་མའི་གསུང་སྟངས་ལྟར་ན་བསྡུས་བརྗོད་ཀྱི་རང་བཞིན་ཅན་ཞིག་ཡིན་ཞིང་། རི་མགོ་མཐོན་པོར་འགྲེངས་པའི་དར་ལྕོག་ཅིག་དུས་བཞིའི་འཕོ་འགྱུར་གྱི་ཀློང་ན་གཡོ་ཞིང་ཟད་པའི་སྣང་ཚུལ་ཙམ་ཞིག་བརྗོད་ཡོད་ལ། དེ་ཡང་སྣང་བརྙན་འབྲི་བཞེངས་བྱས་པ་ནི་ཧ་ཅང་ཆ་ཚང་བ་དང་མང་ཉུང་དང་རྒྱས་བསྡུས་འཚམས་པ་ཞིག་བྱུང་འདུག

དཔེ་ཅན་གྱི་ངོས་ནས་ནི་གང་ཟག་སྒེར་ཞིག་གི་མི་ཚེ་དང་སྦྱར་ན་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། རེ་སྐྱིད་རེ་སྡུག་རང་ཉམས་རྗེས་དྲན་གྱི་སྐྱོ་གླུ།། ཞེས་གསུངས་པ་ལྟར། ང་ཚོས་ས་མཐའི་རི་ལྗོངས་ནས་ཧ་ཅང་མགྱོགས་པོས་ལང་ཚོའི་དར་ལྕོག་གི་ཁ་འདབ་རིམ་གྱིས་བརྡར་ཟད་དུ་གྱུར་ཅིང་། དེ་ཡང་ཡ་མ་ཟུང་གི་སྐྱིད་སྡུག་གི་སྣང་ཚུལ་དང་། མཐའ་དང་ཟད་དུ་མེད་པའི་དཀའ་སྡུག་གི་སྣང་ཚུལ་མང་པོ་ཞིག་བརྒྱུད་ནས་མཐར་འདི་བྱས་དང་དེ་བྱས་མེད་པ། ཆུང་ནས་བཅངས་པའི་མི་ཚེའི་ཕུགས་འདུན་གྱི་རྨི་ལམ་དག་ཀྱང་བག་ཀྱིས་དགུན་དུས་ཀྱི་ཁ་བས་བཅོམ་པའི་མེ་ཏོག་ལྟར་སྐྱོ་སྣང་གི་ཀློང་དུ་ཡལ་བའི་རང་གཞན་ཐུན་མོང་གི་སྣང་ཚུལ་དང་། ཁྱད་པར་དུ་གང་ཟག་སྒེར་སོ་སོའི་གཞོན་དུས་ཀྱི་སེམས་ཤུགས་དང་སྟོང་བསམ་གྱི་ཕུགས་འདུན་དག་ཀྱང་ངེས་བརྟན་མེད་པ་ཞིག་ཏུ་གྱུར་ཏེ། གོ་མེད་ཚོར་མེད་དུ་རང་ཉིད་ལྟོ་གོས་ཙམ་གྱི་ཁོལ་བོར་འགྱུར་བཞིན་པར་མ་བཟོད་ནས་རང་ཉིད་ཀྱི་མ་འོངས་ཀྱི་མི་ཚེའི་ཕུགས་བསམ་ལ་དོགས་འདྲི་བྱས་པ་ཞིག་ཡིན་པར་གོ་བ་ལེན་ཆོག

གལ་ཏེ་དེ་ལས་རྒྱ་བསྐྱེད་དེ་བལྟས་ན། ད་ལྟའི་རང་རེའི་ལས་དབང་གི་སྣང་ཚུལ་མང་པོ་ཞིག་དང་། བོད་ཀྱི་གཞོན་སྐྱེས་དག་གི་རང་གི་སྐད་ཡིག་རིག་གནས་རྩ་དོན་ལ་བཅངས་པའི་འདུ་ཤེས་དང་གོ་རྟོགས་ཀྱི་གནས་བབ། ནང་ཁུལ་འདུ་ཤེས་འཛིན་སྟངས་ཀྱི་རོལ་རྩེད་སྣ་ཚོགས་འཁྲུགས་ཆ་དོད་པའི་ཁོར་ཡུག་ནས་ང་ཚོའི་ནང་ཁུལ་གྱི་ནུས་པ་དང་མཐུན་ལམ་སོགས་བཟང་ཕྱོགས་ཀྱི་ཆ་རྐྱེན་དག་ཉག་ཕྲ་རུ་འགྲོ་བཞིན་པ་འདིར་གཏིང་ནས་སེམས་ཁྲལ་བྱས་པ་ཞིག་ཏུ་མཚོན་ཆོག་སྟེ། དཀའ་སྡུག་དང་རེ་འཁྲེངས་ཀྱི་དུས་ཚོད་རིང་པོ་ཞིག་གི་ཐ་མའི་འབབ་ས་སྟེ། དེ་རིང་གི་མཐོང་སྣང་དེ་དུས་བཞིའི་ནང་ནས་དགུན་དུས་སུ་བསླེབས་ཤིང་། དེ་ཡང་།

“དགུན་གསུམ་གྲང་ངར་གྱི་ལྷུ་ཁུག་ནས

སོ་འདར་རྒྱག་བཞིན་”འཆི་སྒུག་བྱེད་ཀྱིན་ཡོད་པ་ལྟ་བུའི་ཡི་ཆད་དང་འཁེངས་ར་ཞིག་ཁར་ཐོན་པ་ཡིན་སྲིད།དེ་དང་མཉམ་དུ། འདི་ཉིད་ང་ཚོའི་ལས་དབང་ཡོད་ཚད་ཀྱི་མཇུག་སྡོམ་ཡིན་ནམ་ཞེས་འཆི་འདོད་མེད་པའི་རྣམ་འགྱུར་དང་། བློས་མི་ཐོངས་པའི་ཞེན་ཆགས་ཀྱི་དྲི་བ་ཞིག་བཀོད་ནས་མཇུག་བསྡུས་པ་ཞིག་རེད། ཅེས་པ་འདིའང་། སེམས་ཐག་ཉེ་བའི་གྲོགས་པོ་རིག་འཛིན་བསྟན་དགས་ཁོའི་རྩོམ་འདིར་དཔྱད་བརྗོད་ཅིག་ཕྲིས་ཞེས་བསྐུལ་པ་ལྟར། ཨོ་གླིང་རི་སྔོན་པོ་ནས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་རང་གི་སེམས་ལ་གང་དྲན་རྩིས་འཕྲུལ་བཏགས་ཐེངས་གཅིག་གིས་མཐར་ཆགས་སུ་འཕྲལ་བྲིས་རྗེས། ཁོང་ལ་ཁ་བྱང་གི་སྐོར་ལ་སྐད་ཆ་ཞིག་བྲིས་པའི་ལན་དུ་ང་ལ། “སེམས་ནང་ལ་བསམ་བློ་མང་པོ་ཞིག་བཏང་། བསམ་བློ་ག་ཚད་བཏང་ཡང་བསམ་བློ་བཏང་བ་ནང་བཞིན་གྲུབ་འབྲས་ལག་ཏུ་རག་ཡ་མེད་པ། སེམས་ཁམས་སྟོང་སང་ངེ་བའི་ཚོར་བ་ཞིག་གི་ངང་ནས་བྲིས་པ་ཡིན་”ཞེས་ལབ་པ་དེས་ངས་གོང་གི་ཕྲན་དཔྱད་ཀྱི་དཔྱད་བརྗོད་འདི་ཡང་ཕལ་ཆེར་གནད་ལ་ཁེལ་བ་ཞིག་བྱུང་འདུག་སྙམ་པའི་གདེངས་ཚད་ཆེ་རུ་ཕྱིན་སོང་། རྫོགས་སོ།།

དཔྱད་བརྗོད།

Post navigation

Previous Post: རྒྱང་དུ་ཅེར་བ།
Next Post: ཟླ་བའི་མཛེས་སྡུག་ལས་བཏུས་པའི་སྙན་ངག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme