Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“ང་ཚོའི་ས་ཆ། ང་ཚོའི་མི་མང་།” ལོ་རྒྱུས་རང་བཞིན་གྱི་སྒྱུ་རྩལ་མཛད་སྒོ

Posted on 2011-10-252011-10-26 By ཁ་བརྡ་ 5 Comments on “ང་ཚོའི་ས་ཆ། ང་ཚོའི་མི་མང་།” ལོ་རྒྱུས་རང་བཞིན་གྱི་སྒྱུ་རྩལ་མཛད་སྒོ

སྒྱུ་རྩལ་དབུ་འབྱེད་། “ང་ཚོའི་ས་ཆ་། ང་ཚོའི་མི་མང་།”
མཛད་སྒོའི་སྟེགས་བུ། བོད་ནས་དབོར་བའི་ས་སྤྱི་རྒྱ་ཁྲི་གཉིས་ཀྱིས་བསླངས།
འཚོགས་ཡུལ། རྡ་སྟེང་བོད་ཁྱིམ་ལག་རྩེད་སྤོ་ལོའི་ཐང་།
ཟླ་ཚེས་། སྤྱི་ཟླ་༡༠པའི་ཚེས་༢༦ཉིན།
དུས་ཚོད་། ཞོགས་པའི་དུས་ཚོད་༩པ།

མཛད་རིམ།
དུས་ཚོད་དགུ་བའི་སྟེང་། བཀའ་བློན་ཁྲི་པའི་རྟེན་འབྲེལ་དབུ་འབྱེད་།
དུས་ཚོད་༩དང་སྐར་མ་༡༠སྟེང་། ཀིརྟི་བྱེས་བ་གྲ་ཚང་གི་དགེ་འདུན་པའི་ཞལ་འདོན།
དུས་ཚོད་༩དང་སྐར་མ་༡༥སྟེང་། སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་གྱི་གཏམ་བཤད་།
དུས་ཚོད་༡༡ སྟེང་། གསར་འགོད་གསལ་བསྒྲགས།

འབྲེལ་གཏུགས་བྱེད་ཡུལ།
བསྟན་འཛིན་རིག་གྲོལ། 91-9958259678
བསྟན་འཛིན་རྡོ་རྗེ། 91-9736514721
པད་མ་སྒྲོལ་མ། 91.8679694084
སྒྱུ་རྩལ་གྱི་མཛད་སྒོ་འདི་། ཕ་ཡུལ་དྲ་རྒྱས་དྲ་ཐོག་ནས་ཐད་གཏོང་ཡང་བྱེད་གི་ཡོད་།
http://www.phayul.com

308810_10150879527470453_653250452_21221461_1596103953_n

དཀའ་སྡུག་དང་ཀྱག་ཀྱོག་གི་ལམ་ཐག་རིང་པོ་དེ་བརྒྱུད་། བོད་ཀྱི་དེང་རབས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་གྱིས། བོད་ནས་ས་སྤྱི་རྒྱ་ཁྲི་གཉིས་རྒྱ་གར་དུ་དབོར་འདྲེན་བྱས་ཏེ། རྡ་ལམ་ས་ལར་བོད་ཀྱི་ས་ཡི་སྟེགས་བུ་ཞིག་བསྐྲུན་ནས་མཛད་སྒོ་སྐོང་གི་ཡོད་། བོད་ཀྱི་ས་ཡི་སྡིངས་ཆ་དེ་བསྐྲུན་པའི་རྗེས་སུ། དེའི་ཐོག་ཏུ་བོད་མི་རྣམས་ཀྱིས་རྐང་རྗེས་བཞག་ཆོག་པ་མ་ཟད་གོམ་པ་ཕར་སྤོ་ཚུར་སྤོ་བྱས་ཆོག ད་དུང་། བོད་མི་རྣམས་སྡིངས་ཆའི་སྟེང་བུད་ནས་རང་གི་ཚོར་བ་རྣམས་གཞན་ལ་བརྗོད་ཆོག སྡིངས་ཆ་འདིའི་བཟོ་དབྱིབས་དེ་བོད་ཀྱི་རྒྱལ་དར་གྱི་ངོ་བོར་བསྐྲུན་ཅིང་དེས་བོད་ཀྱི་ཡ་ང་བའི་ལོ་རྒྱུས་མཚོན་པར་བྱེད་།

ཕྱི་ལོ་༢༠༠༨ལོའི་ཟླ་༩བའི་ཚེས་༡༨ཉིན། བསྟན་འཛིན་རིག་གྲོལ་གྱི་ཡབ་ཆེན་ལགས་ཨ་རིར་སྐྱབས་བཅོལ་བའི་གནས་སྟངས་འོག་སྐུ་གྲོངས། ཁོང་གི་ཡབ་ལགས་ཀྱི་རེ་བ་ཆེ་ཤོས་ཤིག་ནི་། འཇིག་རྟེན་འདི་དང་ཁ་མ་བྲལ་བའི་སྔོན་ལ་བོད་ལ་ལོག་རྒྱུ་བྱུང་ན་བསམ་པ་དེ་རེད་། འོན་ཀྱང་། ཐབས་སྐྱོ་བ་ཞིག་ལ་ཁོང་གི་རེ་བ་དེ་འགྲུབ་མེད་། འདི་ནི་ཁོང་གི་ཨ་ཕ་ནས་ཡོང་བའི་རེ་བ་དེ་ཡིན་ཞིང་། ཨ་ཕའི་སེམས་ཀྱི་ཉམས་པ་མེད་པའི་རེ་བ་དེས་བོད་མི་རྣམས་མ་ཤི་སྔོན་ལ་སོ་སོའི་ཕ་ཡུལ་ལ་ལོག་འདོད་ཀྱི་དྲན་གདུང་དེ་མཚོན་ཅིང་། དྲན་གདུང་དེ་ནི་ལས་འཆར་འདིའི་སྣ་འདྲེན་ལྟ་བུ་ཡིན།
བསྟན་འཛིན་རིག་གྲོལ་ལགས་ཀྱི་ལས་འཆར་འདི་བརྒྱུད་། རང་གི་ཕ་ཡུལ་དང་གཉེན་ཉེ་ཚོར་ཁ་བྲལ་བའི་། རྡ་ལམ་ས་ལའི་བོད་མི་དག་གིས་མཐའ་མར་བོད་ནས་སླེབས་པའི་ས་ཡི་སྟེང་དུ་གོམ་པ་འཇོག་ཐུབ་པ་བཟོས་ཡོད་།

མཛད་སྒོ་དབུ་འབྱེད་བྱེད་ས་ནི་སྒྱུ་རྩལ་བ་རང་ཉིད་ལ་ཧ་ཅང་གལ་ཆེན་ཆགས་ཡོད་ཅིང་། དེ་ནི། རྡ་ལམ་ས་ལ་སྟེ་བོད་ཀྱི་རྒྱལ་ས་གཉིས་པར་འབོད་པ་དེ་ཡིན། གནས་དེ་རུང་བཙན་བྱོལ་བོད་གཞུང་དང་བོད་མི་སྐྱབས་བཅོལ་བ་མང་པོ་འདུས་སྡོད་བྱས་ཡོད་པས་རེད་། བསྟན་འཛིན་རིག་གྲོལ་གྱིས་བོད་ཀྱི་ས་ཡིས་གྲུབ་པའི་དར་ཆ་དེ་ཡང་རྒྱལ་ས་གཉིས་པ་དེའི་དཀྱིལ་སྙིང་ལ་བཙུགས་ཏེ་བོད་མིའི་ལོ་རྒྱུས་ལ་དྲན་སྐུལ་སློང་བཞིན་ཡོད་།

ང་ཚོའི་མི་མང་། ང་ཚོའི་ལུང་པ་ཟེར་བའི་ལས་འཆར་འདིས་། སྒྱུ་རྩལ་ནི་ཆབ་སྲིད་ཀྱི་བཀག་རྒྱ་ལས་བརྒལ་འགྲོ་བ་མཚོན་ཅིང་། བོད་ཀྱི་ས་འདི་དབོར་ཆེད་། དཀའ་ངལ་ཅན་གྱི་ལམ་ཁ་གང་མང་བརྒྱུད་པ་མ་ཟད་། རྒྱལ་ཁབ་མང་པོའི་ས་མཚམས་དང་བརྟག་དཔྱད་ས་ཚིགས་ཀྱང་བརྒྱུད་དགོས་བྱུང་ཡོད་ལ་། བརྒྱུད་རིམ་འདི་གཅིག་པོས་ས་མཚམས་ཀྱི་དཀའ་ངལ་དང་རང་དབང་རང་བཙན་གྱིས་དྲི་བ་དེ་བསླངས་ཡོད་།
བསྟན་འཛིན་རིག་གྲོལ་གྱི་ལས་འཆར་འདིས་། རང་གི་ཕ་ཡུལ་ནས་བཙན་བྱོལ་ལ་ཡོང་བའི་བོད་མི་རྣམས་ལ་། དྲག་པོའི་སྲིད་གཞུང་ལ་ངོ་རྒོལ་གྱི་འབོད་སྒྲའི་དབུགས་འབྱུང་བསྩལ་ཡོད་། ཕྱོགས་གང་མང་ནས་། ཕ་ཡུལ་དང་ཁ་བྲལ་བ་རྣམས་རང་ཡུལ་ལ་ལོག་པའི་སྔ་བལྟས་ཤིག་བསུ་མ་བྱེད་གི་ཡོད་།
བསྟན་འཛིན་རིང་གྲོལ་གྱི་ལས་འཆར་འདིས་། བཙན་བྱོལ་བོད་མི་རྣམས་ཀྱི་ས་མཐའི་གནས་སྟངས་མཚོན་ན་ཡང་། ལས་འཆར་འདི་ལ་རྒྱ་ཆེ་བའི་དྲན་གདུང་གི་བྲག་ཆ་ཡོད་ཅིང་། ད་དུང་ཕ་ཡུལ་ལ་བཅིངས་པའི་འདུ་ཤེས་དང་ཇི་ལྟར་སྒྱུ་རྩལ་གྱིས་ཆབ་སྲིད་དང་སྤྱི་ཚོགས་ཕན་ཚུན་སྒྲུམ་ཚུལ་དེ་ཡང་སྟོན། དེ་ཡིས་ད་དུང་གྱེན་ལངས་ཀྱི་བྱ་སྤྱོད་ལྟ་བུའི་ཐོལ་བརྒལ་ཅན་གྱི་སྒྱུ་རྩལ་སྟོབས་ཤུགས་དེ་སྟོན་གྱི་ཡོད་།

ང་ཚོའི་མི་མང་། ང་ཚོའི་ལུང་པའི་ལས་འཆར་འདི་། འདྲ་པར་དང་བརྙན་འཕྲིན་ཕབ་ལེན་ཡང་བྱེད་ཀྱི་ཡོད་།
ལས་འཆར་འདི་། Rossi དང་ Rossi ། གཞན་སྦྱིན་བདག་གཏོང་ཕོད་ཅན་མང་པོས་རོགས་རམ་ལ་བརྟེན་ནས་ལེགས་འགྲུབ་བྱུང་བ་ཞིག་ཡིན།

tenzing-rigdol

བསྟན་འཛིན་རིག་གྲོལ་གྱི་སྐོར་།
བསྟན་འཛིན་རིག་གྲོལ་ལགས་ནི། ཕྱི་ལོ་༡༩༨༢ལོར་བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་བའི་ནང་མི་ཞིག་ཏུ་སྐྱེས། ཁོང་ནི་། ནེའུ་ཡོག་ཏུ་གནས་སྡོད་བྱེད་མཁན་གྱི་དེང་རབས་བོད་ཀྱི་སྒྱུ་རྩལ་བ་ཞིག་ཡིན། རིག་གྲོལ་གྱི་ལས་ཀ་དག་ནི་ཚོན་བྲིས་དང་འཇིམ་བཟོ། བརྙན་ཕབ་བཅས་ཚུད་པའི་ལག་ཤེས་སྣ་མང་གི་ཁོངས་སུ་ཚུད་ཡོད་། ཁོང་ནི་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་ནུབ་ཕྱོགས་སྒྱུ་རྩལ་གཉིས་སུ་སྦྱངས་བ་ཐོན་ཡོད་ལ། ཁོང་ནས་བལ་ཡུལ་གྱི་ཤེལ་དཀར་མཆོད་རྟེན་དགོན་པ་རུ་ཚོན་བྲིས་དང་མར་རྒྱན་བཅས་ལ་སློབ་སྦྱོང་བྱས་ཤིང་། བལ་ཡུལ་གྱི་ཐང་ཀ་སློབ་གྲ་རུ་བོད་ཀྱི་ཐང་ཀའི་སྐོར་ལ་སློབ་སྦྱོང་མཛད་། ཕྱི་ལོ་༢༠༠༥ལོར། ཁོང་ནས་རི་མོའི་སྒྱུ་རྩལ་དང་སྒྱུ་རྩལ་གྱི་ལོ་རྒྱུས་ཐོག་། ཨ་རིའི་ཁོ་ལོ་ར་སྒྲོའི་གཙུག་ལག་སློབ་ཁང་(The University of Colorado)དུ་རིག་གནས་རབ་འབྱམས་པ་ཐོན། ཉེ་བའི་ཆར་གྱི་ཁོང་གི་རི་མོའི་འགྲེམས་སྟོན་ཁག་ནི། ལོན་སྒྲོན་གྱི་ Rossi དང་ Rossi ལ་མཉམ་སྦྲེལ་ཐོག རྒྱ་གར་མོམ་རྦེ་(Mumbai)ཡི་བོལ་ཀྲེས་འགྲེམས་སྟོན་(Volte Gallery)སྟེ། “བོད་ཀྱི་དེང་རབས་སྒྱུ་རྩལ དཀྱིལ་འཁོར་གྱི་ཕ་རོལ།” (Contemporary Art from Tibet, Beyond the Mandala ) ཕྱི་ལོ་༢༠༡༠ལོར་ལོན་སྒྲོན་གྱི་ Rossiདང་Rossi ཡིས་བཀོད་སྒྲིག་བྱས་བའི། “ཤོག་བུའི་སྟེང་གི་བྱ་བ།”
ཕྱི་ལོ་༢༠༡༠ལོར་རྒྱ་ནག་པེ་ཅིང་སོང་གྲང་སྒྱུ་རྩལ་ལྟེ་གནས་(Songzhuang Art Center, Beijing ) ཀྱིས་བཀོད་སྒྲིག་བྱས་བའི་། “ཉི་བཀྲག་འགྲེམས་སྟོན།” ( Scorching Sun of Tibet )ཕྱི་ལོ་༢༠༡༠ལོར་ནེའུ་ཡོག་གི་རོ་སྦིན་འགྲེམས་སྟོན་ཁང་གིས་བཀོད་སྒྲིག་བྱས་བའི་། “སྲོལ་རྒྱུན་འགྱུར་བ་། བོད་ཀྱི་སྒྱུ་རྩལ་བའི་ཡ་ལན།” (Tradition Transformed – Tibetan Artist’s Respond)
ཕྱི་ལོ་༢༠༠༨ལོར། བསྟན་འཛིན་རིག་གྲོལ་ལགས་སུ། རོ་སྦིན་འགྲེམས་སྟོན་ཁང་གིས་ཧི་མ་ལ་ཡའི་སྒྱུ་རྩལ་གྱི་གཟེངས་རྟགས་འཐོབ།
བསྟན་འཛིན་རིག་གྲོལ་ལགས་ནི་སྙན་ངག་པ་ཞིག་ཀྱང་ཡིན་། ད་ཕན། ཁོང་ནས་ ( “R”-the frozen ink 2008) “སྐྱབས་བཅོལ་བ། འཁྱག་ལ་འབྱར་བའི་སྣག་ཚ་།” དང་ (Anotmy of Nights 2011) “མཚན་མོའི་རུས་ཀྲང་།” (Butterfly’s wings 2011) “ཕྱེ་མ་ལེབ་ཀྱི་གཤོག་ཟུང་” བཅས་དཔར་བསྐྲུན་བྱས་ཡོད་།

གསར་འགྱུར།

Post navigation

Previous Post: སྤོབས་པ་མཐའ་ཡས་སོགས་ཀྱི་དྲིས་ལན།
Next Post: ང་དང་ང་ཚོས།

Comments (5) on ““ང་ཚོའི་ས་ཆ། ང་ཚོའི་མི་མང་།” ལོ་རྒྱུས་རང་བཞིན་གྱི་སྒྱུ་རྩལ་མཛད་སྒོ”

  1. པད་མ་ཆོས་སྒྲོན། says:
    2011-10-25 at 6:06 am

    “ཕ་ཡུལ་གྱི་ས་གནག་སྟེང་ཁ་སྤུག་ཏུ་ཉལ་ཏེ་ལྟོ་བ་སུ་རུ་སྦྱར་ནས་གཉིད་དུ་ཡལ་ན་སྐྱིད་པ་ལ།
    ཆུ་མིག་གི་ཆབ་བསིལ་ཁྱོར་གང་་བླངས་ནས་རྔམ་འཐུང་་བྱས་ན་ག་ཚོད་ཅིག་ཞིམ་ན།”
    འདི་ནི་ལོ་ངོ་མང་བོ་སྔོན་ཞིག་ལ་ཕྲན་གྱི་ལུས་རྩལ་དགེ་རྒན་(བཙན་བྱོལ་ནས་སྐྱེས་པའམ་གཞིས་ཆགས་ཤིག་རེད་)ཞིག་གིས་ང་ལ་བཤད་པའི་སྐད་ཆ་ཡིན་ལ། ཁོང་ལ་ ད་དུང་ཕ་མའི་ངག་ནས་གོ་བའི་ཕ་ཡུལ་བོད་ཀྱི་རྫ་བྲག་རི་གསུམ་གྱི་གཏམ་རྒྱུད་གང་མང་ཞིག་་བཤད་རྒྱུ་ཡོད་པ་མ་ཟད། སྐད་ཆའི་ཁྲོད་ཀྱི་རྣམ་འགྱུར་དེ་དག་ད་ལྟ་འང་མིག་ལམ་དུ་འཁོར་འོང་བ་ཞིག་རེད་མོད། རྒན་རྗེས་སོར་ཏག་ཏག་བོད་དུ་སླེབས་འདུག་པར་གོ་ལ། གནས་སྟངས་ཡ་ང་བ་ཞིག་གི་འོག་ནས་རྐྱེན་འདས་བྱུང་འདུག ཕྱིས་ཀྱི་བྱ་སྤྱོད་སྔོན་གྱི་སྐད་ཆ་སང་ཉིན་གྱི་ལས་འགུལ་དང་བསྟུན་ནས་དྲན་པར་གསོས་དུས། ཡ་ང་བའི་རྣམ་ཤེས་དེ་འདི་ལྟར་ཕ་ཡུལ་གྱི་དྲན་གདུང་གི་དབང་གིས།༼ བོད༽་བརྩེ་བའི་་ཕ་སར་སླེབས་ཀྱང་། གདོན་འགེགས་ཀྱི་རྣམ་ཤེས་ཅི་ཞིག་བཞུགས་ནས། ཁྱེད་རང་རྒྱ་མའི་ལག་ཆར་ཆགས་པ་རེད་དམ། དགེ་ཕྲུག་གང་མང་ཞིག་དངུལ་སྒོར་ལ་བརྗེ་ནས་བསླུ་བཙོང་བྱེད་པར་བཤད་པ་བདེན་ན། དེ་ནི་ཁྱེད་ཀྱི་འདོད་འདུན་དངོས་ཡིན་མི་སྲིད་ཀྱང་། ཐང་སྟོང་ཞིག་ན་ཁྱེད་ཀྱི་མགོ་བོ་བྲེགས་ནས་ཤི་འདུག་པ་ཐོས་དུས། ངའི་སེམས་པ་ཧྲུལ་ཧྲུལ་འདི། ངའི་ཕ་སའི་ནེམ་བཅུད་འདི། ངའི་དགེ་རྒན་འདི། ད་དུང༌༌༌༌༌

  2. ཡེ་ཤེས་སྣང་བ། says:
    2011-10-25 at 7:10 pm

    ༼མི་དམངས་༽ཚབ་ཏུ་༼མི་མང་༽བཞག་པ་ནི་བོད་ཀྱི་སྐད་ཡིག་ལ་བཙན་གནོན་བྱས་པ་ཞིག་རེད།

    སྔོན་ནས་ད་བར་བོད་སྐད་དུ་༼གཞུང་དང་དམངས་༽ཞེས་པའི་གོ་དོན་ཟབ་པའི་མིང་ཚིག་ལེགས་པོ་ཡོད་ཀྱང་། དེང་སང་བཀའ་ཟུར་ཟོམ་གདོང་གིས༼་བོད་གཞུང་༽གི་མིང་ཚིག་རྩ་མེད་བཟོས་ནས་བོད་ཀྱི་ལོ་རྒྱུས་དང་བོད་མིའི་སེམས་ཁམས་ལ་གནོད་པ་ཚབས་ཆེན་བྱས་ཡོད་པར་མ་ཟད། ད་དུང་ཁོང་གིས་༼མི་དམངས༽ཅེས་པའི་མིང་ཚིག་འདི་ཡང་མེད་པར་བཏང་ཏེ་༼མང་གཙོ་༽ཞེས་པའི་ཐ་སྙད་གོ་ནོར་ཐེབས་སླ་བ་འདི་སྒེར་གཅོད་བྱས་འདུག

    ༼དམངས་གཙོ༽ཞེས་པའི་གོ་དོན་ནི་གཞུང་དང་དམངས་གཉིས་ལས་དམངས་ཀྱི་བསམ་ཚུལ་གཙོ་བོར་འཛིན་དགོས་པའི་དོན་རེད།
    རྩ་ཁྲིམས་༼དམངས་གཙོ༽བཀུར་བའི་རྒྱལ་ཁབ་ཚོས་མི་དམངས་ཚོས་རང་དབང་གིས་འདེམས་ཤོག་འཕེན་པའི་ཐབས་ལམ་ལ་བརྟེན་ཏེ་མང་མོས་ཀྱི་འདོད་པ་དང་བསྟུན་ཀྱི་ཡོད་པས་དམངས་གཙོ་ངོ་མ་ཞིག་རེད།

    འོན་ཀྱང་རྒྱ་དམར་ཚོགས་པས་མང་མོས་འདེམས་ཤོག་གིས་ཁོ་ཚོའི་བྱེད་སྟངས་ཐག་གཅོད་པ་ལྟ་བུ་ནི་སྒེར་གཅོད་ཀྱི་༼མང་གཙོ༽ཙམ་ལས་༼དམངས་གཙོའི་༽དྲི་ཙམ་ཡང་མེད། རྒྱ་དམར་ཚོགས་པ་ནི་འཇིགས་བསྐུལ་རིང་ལུགས་པ་སྡུག་ཤོས་དང་མི་དམངས་ཀྱི་དགྲ་ངོ་མ་ཡིན་པས་སོ།

    ༼གཞུང་༽ནི་དམངས་ཀྱིས་བཟོས་པ་ཞིག་ཡིན་ན་ཡང་༼དམངས་༽་མ་རེད།
    ༼དམངས་༽ནི་གཞུང་མ་ཡིན་་ཀྱང་གཞུང་ལ་བལྟ་རྟོག་བྱེད་པའི་དབང་ཚད་ཡོད་པ་རེད།
    དེ་ལྟར་༼གཞུང་དང་དམངས་༽ཕན་ཚུན་ལྟོས་གྲུབ་ཡིན་ན་ཡང་དེང་སང་༼བོད་གཞུང་དང་བོད་དམངས་༽
    གཉིས་ཀའི་མིང་ཙམ་ཡང་འགོད་མི་ཆོག་པའི་ཐག་གཅོད་ངན་པར་བྱས་པ་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

    ཉུང་བ་ལས་མང་བ་གཙོ་ཆེ་འཛིན་པ་ཙམ་གྱིས་༼དམངས་གཙོ་༽ཡིན་ན། གྲངས་མང་མི་རིགས་རིང་ལུགས་པ་ཚོས་གྲངས་ཉུང་མི་རིགས་རྩ་མེད་བཏང་པའི་བྱ་སྤྱོད་རྣམས་༼དམངས་གཙོ་༽རེད་ཅེས་སྨྲའམ།
    ༼དམངས་གཙོ་༽༼མང་གཙོ་༽དུ་རློམ་པ་ནི་ཅི་འདྲའི་འཁྲུལ་ཚབས་ཆེ་བ་ལ།

    ༼དམངས་གཙོ་༽ནི་ཆབ་འབངས་མི་དམངས་ཐམས་ཅད་ཁྲིམས་ཐོག་ནས་འདྲ་མཉམ་དང་རང་དབང་ཡོད་པའི་ཡུལ་ཁམས་བཟང་པོ་རྣམས་ལ་ཡོད་ཀྱི། ཟོམ་གདོང་གིས་འདོད་པའི་༼མང་གཙོ་༽ལྟར་གྲངས་མང་མི་རིགས་ཚོས་གང་འདོད་བྱེད་ཆོག་པའི་ལོག་ལྟ་ཞིག་མ་རེད་ཞུ།

    བོད་གཞུང་དང་བོད་དམངས་རྣམས་རྟག་ཏུ་དམངས་གཙོའི་དཔལ་ལ་སྤྱོད་གྱུར་ཅིག

  3. ཀླུ་སྨྱོན། says:
    2011-10-26 at 2:07 am

    འདི་ནི་གསར་འགྱུར་ཞིག་རེད་དམ་འཆར་སྣང་གི་སྒྲུང་གཏམ་ཞིག་རེད། ང་ད་དུང་མགོ་འཐོམས་ནས་བསྡད་ཡོད།

  4. སློབ་དཔོན་མཆན་བུ་པ་ says:
    2011-10-26 at 9:29 am

    ང་ཚོའི་ས་ཆ་བོད། ང་མི་མང་བོད་རིགས།

  5. སློབ་དཔོན་མཆན་བུ་པ་ says:
    2011-10-26 at 11:04 am

    ང་ཚོའི་ས་ཆ་བོད་ས་ཡོངས་རྫོགས།
    ང་ཚོའི་མི་མང་བོད་རིགས་ཡོངས་རྫོགས།

    སྣོད་བོད་སའི་ས་བཅུད་མ་ཉམས་ཤོག
    བཅུད་བོད་མིའི་ལུས་སེམས་མ་ཉམས་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme