Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན” སྤེན་པ་ཚེ་རིང་།

Posted on 2010-08-282010-08-28 By ཁ་བརྡ་ 38 Comments on “ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན” སྤེན་པ་ཚེ་རིང་།

17ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུ་ཡིན། ཕྱི་ཟླ་དགུ་བའི་ཚེ་ཤར་ལ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ང་རང་གི་ཉམས་མྱོང་དང་། ཁྱད་ཆོས། དམིགས་འདུན་གསུམ་འཁོད་ཡོད་པའི་སྦྱར་ཤོག་ཆུང་ཆུང་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམ་རྒྱུ་རེད། དེ་བཞིན་ང་རང་གི་ངོས་ནས་ཀྱང་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་རིགས་ལ་ཞུགས་རྒྱུ་ཡིན་ཟེར།
དེ་རིང་སྔ་འདྲོ་འདི་གའི་གསར་འགོད་པ་སྦེལ་ཀོབ་མཉམ་འབྲེལ་ལས་ཁུངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕྲལ་སེལ་ཚོགས་དྲུང་ལས་ཁུངས་སུ་བཅར་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་ཏེ། ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་བཞུགས་སྒར་ངྷ་རམ་ས་ལ་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་། ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་སོགས་སུ་ཚ་ཚ་འུར་འུར་གྱིས་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་དང་། ལས་འགུལ་སྣ་ཚོགས་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་བཀའ་ཁྲིའི་འོས་མིའི་ཁྲོད་སྐུ་ཉིད་སླེབས་ཡོད་སྟབས། སྐུ་ཉིད་སྒེར་ངོས་ནས་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུའི་ཐུགས་འདོད་ཡོད་མེད་བཅར་འདྲི་ཞུས་སྐབས་ཁོང་གིས། ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུ་ཡིན། ཕྱི་ཟླ་དགུ་བའི་ཚེ་ཤར་ལ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ང་རང་གི་ཉམས་མྱོང་དང་། ཁྱད་ཆོས། དམིགས་འདུན་གསུམ་འཁོད་ཡོད་པའི་སྦྱར་ཤོག་ཆུང་ཆུང་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམ་རྒྱུ་རེད། དེ་བཞིན་ང་རང་གི་ངོས་ནས་ཀྱང་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་རིགས་ལ་ཞུགས་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཁོང་གིས་བཀའ་འོས་གཞིར་བཞེངས་དགོས་པའི་རྒྱུ་མཚན་གསུངས་དོན། སྤྱིར་ང་རང་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་ཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་འཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད། འོན་ཀྱང་ང་རང་གིས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། གཉིས་པ་ད་ཆར་བཀའ་བློན་ཁྲི་པའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ཡོང་ན། སྤྱིར་ཁོང་རྣམ་པར་ངས་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག ཆུང་ས་ནས་བསམ་བློ་བཏང་ན་འོས་གཞིའི་གྲངས་འབོར་གྱི་གྲས་སུ་ཞུགས་ཏེ། མི་དམངས་ལ་གདམ་ཀ་ཡོད་པ་ཙམ་གྱིས་ཕན་ཆེན་པོ་ཐོགས་གི་རེད། ཚོགས་པ་སྒྲིག་འཛུགས་དང་མི་ཆེན་པོ་དེ་འདྲའི་ངོས་ནས་ད་སྔ་ང་ལ་རྒྱབ་སྐྱོར་བྱུང་མེད་ཀྱང་མང་ཚོགས་ལ་ཡིད་ཆེས་ཆེན་པོ་ཡོད། སོ་སོའི་འདོད་འདུན་དེ་སུ་ཞིག་གིས་བསྒྲུབ་ཐུབ་ཀྱི་འདུག་བསམ་པ་དེ་ལ་འོས་ལྡུག་གི་རེད། ཅེས་གསུངས་སོང་།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཁོང་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུའི་ལས་འཆར་གྱི་སྦྱར་ཤོག་སྟེང་ཁོ་རང་གི་ཉམས་མྱོང་གི་སྐོར་ལ་ཚན་པ་ ༡༣ བཀོད་ཡོད་པའི་ནང་། འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་སྦེལ་ཀོབ་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་བྱས་ཤིང་། མ་རྡི་ར་སི་མཐོ་སློབ་ཏུ་དཔལ་འབྱོར་རིག་པའི་སློབ་སྦྱོང་བྱས་རིང་། ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་། བོད་དང་ནཱི་ཇི་རི་ཡའི་སློབ་ཕྲུག་མཐུན་ཚོགས་ཀྱི་དྲུང་ཆེ་ཡི་ལས་འགན་ཁུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ལོ་ ༡༤ རིང་ཕྱག་ལས་གནང་ཞིང་། ད་ལྟ་ཚོགས་གཙོའི་ལས་འགན་འཁུར་མུས་ཡིན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ལོ་ ༧ རིང་བྱས་ཤིང་། རྒྱ་གར་དང་བཙན་བྱོལ་བོད་མིའི་འདུ་གནས་ཕལ་ཆེ་བར་ངོ་སྐྱོད་ཀྱིས་གཞི་རིམ་གནས་སྟངས་ལ་རྒྱུས་ལོན་བྱས། ཡུ་རོབ་དང་ཨ་རིའི་བོད་རིགས་ཚོར་རྒྱ་ཁྱབ་ཏུ་ཐུག་འཕྲད་ཀྱིས། དེ་དག་གི་གནས་སྟངས་ལ་རྒྱུས་མངའ་ཡོད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་དང་། གནད་ཡོད་དཔོན་རིགས་ལ་འབྲེལ་གཏུགས་བྱས་པའི་ཉམས་མྱོང་གང་ལེགས་ཡོད་ཅིང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་གོ་སྒྲིག་བྱས། རྒྱལ་སྤྱིའི་ཚོགས་ཆེན་སྣ་མང་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་སོགས་བྱས་མྱོང་ཡོད། རྒྱ་བལ་ནང་ཟབ་སྦྱོང་དང་སྦྱོང་བརྡར། བགྲོ་གླེང་སྣ་ཚོགས་གོ་སྒྲིག་དང་མཉམ་ཞུགས། གཏམ་བཤད་སོགས་ཐེངས་མང་བྱས་མྱོང་ལ། རྒྱ་ནག་གི་ཁྲིམས་སྒྲིག་དང་། རྒྱལ་སྤྱིའི་རང་སྐྱོང་གི་གནས་བབ་ཐོག་ལ་ཟབ་སྦྱོང་དང་བགྲོ་གླེང་མང་པོ་གོ་སྒྲིག་བྱས་ཤིང་། དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཆ་ཚང་ལ་རྒྱུས་མངའ་ཆེན་པོ་ཡོད། ཅེས་བཀོད་འདུག

ཚན་པ་གཉིས་པ་ཁོང་རང་སྒེར་གྱི་ཐུན་མིན་གྱི་ཁྱད་ཆོས་ཁག་ ༦ ཙམ་བཀོད་ཡོད་པའི་ནང་། སྐྱ་སེར་དང་མཐོ་དམའ་རྒན་གཞོན་གྱི་དབྱེ་བ་མེད་པར་འདྲིས་གཤིབ་བདེ་ཞིང་། བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་དང་འགྲོ་སྟངས། བྱེད་སྒོ་རྣམ་བཞག་ལ་ཤེས་རྟོགས་ལེགས་པ། བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པར་མྱོང་རྒྱུས་ཟབ་པ། བོད་གཞུང་གི་སྲི་ཞུ་ལས་བྱེད་མཐོ་དམན་བར་མ་ཀུན་ལ་འབྲེལ་འདྲིས་བཟང་བ། བོད་དང་རྒྱ་ནག རྒྱལ་སྤྱི་སོགས་ཀྱི་ཆབ་སྲིད་འགྱུར་འགྲོས་ལ་ཆ་རྒྱུས་ཆེ་ཞིང་དོ་སྣང་ཟབ་པ། བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་རང་སྐྱ་འཕེར་ངེས་ཡོད་པ་བཅས་གསལ་འདུག

ཚན་པ་གསུམ་པ་དམིགས་འདུན་དང་ལས་འཆར་ཁག་ ༡༦ ཙམ་ངོ་སྤྲོད་བྱས་ཡོད་པའི་ནང་། ༧གོང་ས་མཆོག་གི་དགོངས་གཞི་ཁག་ལག་ལེན་བསྟར་རྒྱུར་ནུས་པ་རྩེ་གཅིག་ཏུ་འདོན་རྒྱུ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཆབ་སྲིད་ཀྱི་འགྱུར་འགྲོས་དང་མཐུན་པའི་ནུས་པ་གང་ཡོད་འདོན་རྒྱུ། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཐད་ཉམས་མྱོང་དང་ཤེས་ཡོན་ཅན་ལ་སྐབས་འཕྲལ་སོ་སོར་གོ་བསྡུར་བྱ་རྒྱུ་ཡིན་པ། བཀའ་ཤག་ཏུ་བུད་མེད་གསུམ་བསྐོ་བཞག་དང་། བཀའ་བློན་མཉམ་འདུས་ཀྱི་འགན་ཁུར་གོང་མཐོར་བཏང་སྟེ། སྤྱི་འཐུས་ལྷན་ཚོགས་དང་ནུས་པ་མཉམ་སྤུངས་ལ་འབད་འབུངས་བྱ་རྒྱུ་ཡིན། ལས་བྱེད་ཀྱི་ཕོགས་ཐོབ་དང་མཐུན་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་དང་། ལས་བྱེད་སོ་སོར་ཤེས་འཇོན་རྩལ་དུ་སྤྲུགས་པའི་གོ་སྐབས་སྤྲོད་རྒྱུ་ཡིན། གཞུང་དང་མི་དམངས་གི་འབྲེལ་ལམ་དམ་ཟབ་བཏང་སྟེ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་གཞི་རིམ་སྒྲིག་འཛུགས་དང་ཚོགས་པ་ཁག་སྲ་བརྟན་དང་། དམགས་གཙོ་འཕེལ་རྒྱས་ལ་སྒོ་ཀུན་ནས་ཤུགས་རྒྱག་རྒྱུ། བོད་ནང་ཆོས་རིག་དང་ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་གཞི་གང་མང་སྤེལ་རྒྱུར་ཐབས་ལམ་འཚོལ་རྒྱུ་དང་། གཞིས་བྱེས་བོད་མིའི་འབྲེལ་ལམ་གོང་མཐོར་གཏོང་ཐབས་སུ་འཕྲལ་ཕུགས་ཀྱི་འཆར་གཞི་སྣ་མང་འདིང་རྒྱུ། ཁྲིམས་ཡིག་གཏན་འབེབས་ལྟར་ཆོས་དོན་ལྷན་ཚོགས་འཛུགས་ཐབས་བྱ་རྒྱུ་དང་། གཞིས་ཆགས་ཡར་རྒྱས་གཏོང་ཐབས་སུ། ནང་སྲིད་ལས་ཁུངས་ཀྱིས་རྒྱ་ཁྱབ་ཞིབ་འཇུག་བྱེད་བཞིན་པ་དེའི་གྲུབ་དོན་གཞིར་བཟུང་། ཞིབ་ཕྲའི་ལས་འཆར་བང་བསྒྲིག་རྒྱུ་དང་། སྲོལ་རྒྱུན་སོ་ནམ་ལ་ཤུགས་སྣོན་དང་ཁྲོམ་ར་ཐབས་འཚོལ། ས་ཁང་སྒྲིག་གཞི་ལག་བསྟར་མི་ཐུབ་པའི་རིགས་བསྐྱར་བཅོས་བྱ་རྒྱུ་འཆར་ཡོད། ཅེས་དང་།

དེ་བཞིན། གཞི་རིམ་ཤེས་ཡོན་སྲིད་བྱུས་རྒྱུན་འཁྱོངས་དང་འབྲེལ། རྒྱ་ཁྱབ་ཏུ་ལག་བསྟར་ཡོང་ཐབས་དང་། བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་པའི་མཐོ་རིམ་ཤེས་ཡོན་སྲིད་བྱུས་གང་མྱུར་གཏན་འབེབས་དང་། རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་རོགས་རམ་མང་དུ་གཏོང་ཐབས་བྱ་རྒྱུ། དཔལ་འབྱོར་འདུ་འགོད་ཀྱི་ལས་གཞིར་བསྐྱར་ཞིབ་ཐོག བོད་མི་རང་ངོས་ནས་དང་། ཕྱི་རྒྱལ་ནས་མཐུན་འགྱུར་ཤུགས་ཆེན་ཡོང་ཐབས་བྱ་རྒྱུ་དང་། མི་མང་གི་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་མཉམ་འབྲེལ། བལ་གོས་འཚོང་མཁན་ཚོར་གཞུང་ངོས་ནས་མཐུན་རྐྱེན་གང་ཐུབ་སྦྱར་རྒྱུ་དང་། ལུགས་མཐུན་ཐོག་ཕྱི་རྒྱལ་དུ་གཏོང་ཐབས་བྱ་རྒྱུ། བོད་དོན་རྒྱབ་སྐྱོར་གྱི་ནུས་པ་མཐོར་འདེགས་གཏོང་སླད། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་འབྲེལ་གཏུགས་ཚད་མཐོ་རུ་གཏོང་རྒྱུ། རྒྱ་ནག་སྐམ་ས་ཆེན་མོ་དང་ཕྱི་རྒྱལ་ཡུལ་ལུང་ཁག་གི་རྒྱ་མིའི་ཚོགས་སྒེར་ལ་བོད་དོན་དཀའ་གནད་ངོ་སྤྲོད་དང་མཐུན་འབྲེལ་འཛུགས་ཐབས་བྱ་རྒྱུ་ཡིན། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོའི་གཞི་རིམ་གྱི་དཀའ་ངལ་ཁག་སེལ་ཐབས་དང་། བོད་མིའི་ཆོས་རིག་སྐད་ཡིག་སྲུང་འཛིན་ལ་མཐུན་འགྱུར་བྱ་རྒྱུ། དེ་བཞིན། བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་དཀའ་ངལ་སེལ་ཐབས་གང་ཡོང་དང་། ལུང་ཁུག་གཞིས་ཆགས་ཁག་ཏུ་ནད་པ་བོར་འདྲེན་སོགས་ལ་སྣུམ་འཁོར་གྱི་མཐུན་འགྱུར་བསྐྲུན་རྒྱུ་བཅས་ངོ་སྤྲོད་གནང་འདུག

བཀའ་བློན་ཁྲི་པའི་ལས་རིགས་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཁག་ཅིག་ཞུས་ཡོད་པ་རྗེས་ནས་འགོད་རྒྱུ་ཡིན།

༼གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་ནས་སྤེལ༽

(དུས་བབ་ནས་བླངས།)

གསར་འགྱུར།

Post navigation

Previous Post: མཁར་རྨེའུ་བསམ་གཏན་གྱི་ཡིག་ཆ་གསར་རྙེད་དོག་གཅོད།
Next Post: བདུན་ཚིགས་གཉིས་པའི་མཆོད་འབུལ།

Comments (38) on ““ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན” སྤེན་པ་ཚེ་རིང་།”

  1. dorjee tashi says:
    2010-08-28 at 1:11 pm

    ངས་ཁྱོད་ལ་བཀའ་བློན་ཁྲི་བའི་འོས་གཞི་ཐོབ་པའི་སྨོན་འདུན་ཞུ། ཁྱོད་ཀྱི་འོས་གཞི་ལངས་སྟངས་དེ་
    འང་གཞན་དང་མི་འདྲ་བས་ཁྱོད་ཀྱིས་མ་འོངས་བ་བོད་མི་རིགས་ལ་ཕན་ཐོབ་པར་གདོན་མི་ཟ།

  2. chime in italy says:
    2010-08-28 at 1:15 pm

    good

  3. ཀརྡོ་རབ་འབྱམས་པ་ says:
    2010-08-28 at 2:10 pm

    གལ་སྲིད་ཚོགས་གཙོ་ལགས། བཀའ་བློན་ཁྲི་པའི་གོ་གནས་མ་ཐོབ་ན་ཡང་། ཁྱེད་རང་གི་སློབ་ཚན་ལྟར་དཔལ་འབྱོར་བཀའ་བློན་ཐོབ་པའི་སྨོན་འདུན་བཅས།

  4. བསེ་རོང་འོད་ཟེར། says:
    2010-08-28 at 2:29 pm

    སྐུ་ཉིད་བཀའ་བློན་ཁྲི་བའི་འོས་གཞིར་ལངས་པར་དགའ་བསུ་ཞུ།
    མི་མང་འདུ་འཛོམས་སར་ཆེད་བསྒྲིགས་གསུང་བཤད་གནང་རྒྱུ་དུས་ཀྱི་དགོས་མཁོ་ཞིག་ཏུ་གྱུར་འདུག་པས་དེའི་ཕྱོགས་ལ་གོམ་པ་མགྱོགས་མྱུར་སྤོ་རོགས།

  5. གླེན་པ་ལུག says:
    2010-08-28 at 2:48 pm

    འོས་གཞིར་ལངས་པ་ཙམ་གྱིས་རྟེན་འབྲེལ་ཞུ་འོས་པ་ཞིག་འདུག

  6. ཨ་ནུ་ཐང་བསོད་ནམས། says:
    2010-08-28 at 3:42 pm

    དགའ་བསུ་ཡོད། བློ་སྤོབས་ཆེན་པོས་མདུན་དུ་ཐོན་པ་ནི་རྒྱལ་ཁ་ཡིན་ལ་དེ་ལས་ལྷག་གི་རྒྱལ་ཁ་གཞན་ཞིག་མེད། དེ་ནི་བག་ལ་འཁུམས་པའི་མི་རིགས་འདི་ཤག་བཅོས་ཐེངས་གཅིག་བྱས་བ་དང་གཉིས་སུ་མ་མཆིས་བས་ཐུགས་རྗེ་ཆེ།

  7. མེ་ཏོག་དཀར་པོ། says:
    2010-08-28 at 4:41 pm

    རི་བོང་ཅལ་འདྲོག་གི་ཚུལ་དུ་ངས་ཀྱང་དགའ་བསུ་ཞིག་ཞུ།

  8. ཚངས་དབྱངས། says:
    2010-08-28 at 5:11 pm

    འོ་ད་ཡག་པོ་བྱུང་སོང་། བཀའ་ཁྲིའི་འདེམ་སྒོ་འདི་ད་དངོས་གནས་འཁྲུག་པོ་ཆག་སོང་། 

    ངས་འོབ་ཚོད་བྱེད་སྐབས། ད་རེས་ཀྱི་འོས་མིའི་ནང་བོད་མིའི་སྒེར་བཙན་ཆེ་ཁག་གི་འཐུས་མི་ཚང་མ་སླེབས་འདུག དཔེར་ན། གཟམ་སྟོང་རིན་པོ་ཆེའི་ཤུལ་འཛིན་ལ་སྤྱི་འཐུས་སྤེན་པ་ཚེ་རིང་། རྒྱ་རི་རིན་པོ་ཆེའི་ཚབ་ལ་རྒྱ་རི་སྒྲོལ་མ། བཀྲས་མཐོང་ཁྱིམ་ཚང་གི་སྐུ་ཚབ་ལ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།  ད་དུང་། འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་ཚབ་ལ། བསོད་ནམས་སྟོབས་རྒྱལ། གཞོན་སྐྱེས་བོད་མིའི་སྐུ་ཚབ་ལ་བློ་བཟང་སེང་གེ་བཅས་རེད།

    ཡག་པོ་འདུག ངས་བལྟས་ན། ད་རེས་ཀྱི་བཀའ་བློན་ཁྲི་པ་སུ་ལ་འཐོབ་ཀྱང་། སྔར་དང་མི་འདྲ་བའི་གཟི་བརྗིད་ཤིག་ཡོད་རེད་སྙམས། རྒྱུ་མཚན་ནི། ང་ཚོས་དམངས་གཙོའི་ཐོབ་ཐང་ངོ་མ་བེད་སྤྱད་ནས་བོད་མིའི་སྤྱི་ཚོགས་ལ་འགུལ་སྐྱོད་ཅིག་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

    ངའི་བསམ་ཚུལ་ལ། འདེམ་སྒོ་ངོ་མ་དང་དེའི་འཇུག་འབྲས་ལས། འདེམ་སྒོའི་གྲ་སྒྲིག་བྱེད་པའི་དུས་ཚོད་དེ་རྩ་བ་ཆེ་བ་དང་ནུས་པ་ཆེ་བ་ཡོད། རྒྱུ་མཚན་ནི་འདི་ལྟར།

    དང་པོ། ངེད་ཚོའི་ཁ་གཏད་འདི་ལ་མེད་པ་དང་ངེད་ཚོར་ཡོད་པ་ནི་གཅིག་ཏེ། དམངས་གཙོའི་རང་དབང་དེ་རེད། ངེད་ཚོས་དམངས་གཙོ་དང་རང་དབང་ཞེས་སྤོབས་པས་ཤོད་དུས། དེས་གཏན་གཏན་རྒྱ་གཞུང་གི་འགོ་འཛིན་དང་རྒྱའི་མི་དམངས་རྣམས་ལ་ཤོད་མ་ཐུབ་པའི་འཚོར་སྣང་ཞིག་བསྟེར། དེ་ཅི་རེད། དམངས་གཙོ་དང་རང་དབང་གི་ལས་འགུལ་སྤེལ་སྐབས། རྒྱ་ནག་གི་ཕྱོགས་ནས་འདི་ལ་ལས་སྤྲོད་མི་ཐུབ་པ་དེ་རེད།

    གཉིས་པ། དམང་གཙོ་འདི་ལ་བརྟེན་ནས། ངེད་ཚོའི་ཆབ་སྲིད་ཀྱི་གོ་རྟོགས་འདི་མཐོན་པོར་འགྲོ་ཐུབ་ཀྱི་ཡོད། རྒྱ་ནག་གི་མི་མང་པོ་ཞིག་ལ་མཚོན་ན། དངུལ་གྱི་ལོངས་སྤྱོད་ལས། ཆབ་སྲིད་ཀྱི་ལོངས་སྤྱོད་ཤིག་སྟོན་ཡས་མེད། ཁ་སྔོན་རྒྱའི་རྩོམ་པ་པོ་ཞིག་གིས། “ད་ལྟའི་ཀྲུང་གོ་ནི་བསམ་བློའི་རིག་གཞུང་མེད་པའི་དབུལ་ཕོངས་སྐྱོ་ཤོས་ཤིག་རེད།”ཅེས་གསུངས་པ་བཞིན། རྒྱ་ལ་དངུལ་ལས་གཞན་པའི་རྒྱུ་ནོར་ངོམས་ཡས་མེད།

    དེས་ན། ང་ཚོས་དམངས་གཙོའི་དར་ཆ་དེ་བསྒྲེངས་ན། ང་ཚོ་ལྷུང་ས་ད་ནས་དར་ཐུབ་པ་ཞིག་བྱེད་དགོས།

  9. རྨ་ཆུའི་རླབས་སྒྲ་ says:
    2010-08-28 at 6:30 pm

    ཚོགས་གཙོ་མཆོག་ལ་བཀྲ་ཤིས་བདེ་ལེགས།
    དགའ་བསུ་དང་རྒྱབ་སྐྱོར་ཡོད།།

  10. མགོ་ལོག་སྐལ་བཟང་མཚོ says:
    2010-08-29 at 1:00 am

    དཔལ་ལྡན་ཚོགས་གཙོ་མཆོག་བཀའ་ཁྲིའི་འོས་གཞིར་ལངས་པ་བཀྲ་ཤིས་བདེ་ལེགས་ཡོད།ཁྱེད་ཀྱིས་བསམ་བློ་སྔོན་སོང་གི་གྲ་སྒྲིག་མང་པོ་ཞིག་ཡོད་ཀྱང་ལག་ལེན་དུ་འདེབས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ།དང་པོ་འཇོན་རབས་ཀྱི་ཆ་རྐྱེན་མང་པོ་ཞིག་གླེང་ནས་མི་དམངས་ཀྱི་བསམ་བློ་བསླུ་སྟེ་ཐོག་ཏུ་བབས་དུས་ལག་ལེན་ཚུལ་བཞིན་བྱེད་མ་ཐུབ་ན་རང་ལ་འཕྱ་འདྲེ་དང་རྒྱལ་ཁབ་ལ་འཕོངས་འདྲེ་ལས་ཅི་ཡང་མེད།ང་ཚོའི་སྐྱབས་བཅོལ་གཞུང་འདི་སྲ་བརྟན་དགོས་རྒྱུ་གལ་ཆེན་དུ་ཡིན་ཡང་།སྐྱབས་བཅོལ་དུ་གནས་དགོས་པའི་རྒྱུ་མཚན་ཤེས་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་གྱི་ནུས་ཤུགས་གོང་མཐོར་ཆེད་སྲོག་གི་འགྲོ་སོང་ཡིན་ཡང་འགྱོད་པ་མེད་པའི་བློ་སྤོབས་ལྡན་དགོས།མི་དམངས་ཀྱི་རེ་བ་དང་ཡིད་ཆེས་ཆེན་པོ་ཞིག་གིས་བོད་མི་ས་ཡ་དྲུག་གི་ཚབ་མཚོན་གྱི་བཀའ་ཁྲི་ཞིག་གདམ་པ་ཡིན་ན།ཕྱི་མཛེས་མཛེས་ཀྱིས་སྲིད་གཞུང་ཞིག་གི་བཅའ་ཁྲིམས་སྒྲོགས་སྦྱོང་བྱས་པ་ཙམ་མ་ཡིན་པར་ནང་དུ་སྒོ་ཀུན་ནས་ལག་ལེན་དུ་བསྟར་ཐུབ་པ་བྱེད་དགོས།
    ཕྲན་གྱིས་ཀྱང་བཀའ་ཁྲི་ལ་བློ་བཟང་སེང་གེ་ལགས་དང་ཚོགས་གཙོ་ཁྱེད་གཉིས་ལ་རྒྱབ་སྐྱོར་ཡོད།།

  11. དུས་ཆར། says:
    2010-08-29 at 5:03 am

    ང་བཀའ་ཁྲིར་ལངས་ཀི་ཡིན་ཞེས་བློ་སྤོབས་ཆེན་པོས་མདུན་དུ་ཐོན་པར་དགའ་བསུ་ཡོད། དེ་ནི་ཆབ་སྲིད་དང་མང་གཙོའི་བྱེད་སྟངས་ངོ་མ་དེ་རེད།

  12. བརྩོན་འགྲུས་ says:
    2010-08-29 at 5:58 am

    ཚོགས་གཙོ་མཆོག་དེ་རིང་སྤོབས་པ་ཆེན་པོས་བཀའ་ཁྲིའི་འོས་གཞིར་ལངས་པར་བསྔགས་བརྗོད་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

  13. ལྷ་སྲས་བུ་མོ says:
    2010-08-29 at 8:57 am

    འབྱུང་འགྱུར་གྱི་བཀའ་ཁྲི་ལ་ཕུལ་བ།
    རང་རིགས་གཞོན་ནུས་རང་བློའི་ཐབས་རྩལ་ལས།།
    ཡར་ཐོན་གོམ་པ་རང་སྤོས་མ་བྱས་པར།།
    གཞན་གྱི་རྒྱབ་སྐྱོར་ཁོ་ན་བརྟེན་བསྡད་ན།།
    བསྐལ་བརྒྱར་འདས་ཀྱང་རྗེས་ལུས་ཉིད་ལས་མེད།།

  14. འདྲེ་རིག་ལྡན། says:
    2010-08-29 at 10:15 am

    ཚོགས་གཙོ་ལ་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཞུ།

    དྲ་གྲོགས་ཚོ། ད་ཕལ་ཆེར་་(ཐབས་ཇུས་གཙོར་བཟུང་མེད་པར་ཚོར་བའི་རྗེས་སུ་རྒྱུག་ན་་་་་་) ༢༠༡༡ ལོའི་བཀའ་ཁྲི་སུར་ཐོབ་གསལ་ཐག་ཆོད་སོང་པ་འདྲ། དེ་སྔོན་ཞིག་ལ་མཐོ་རིམ་སློབ་མ་ཞིག་ཡོད་པ་དེས་ནམ་ཡིན་རུང་་་བློ་བཟང་སེངྒེར་འོས་འཕེན་རྒྱུ་ཡིན་་་ལུགས་ཏག་ཏག་བཤད་སོང་། དབྱར་པའི་གུང་གསེང་སྐབས་ཕ་ཡུལ་གཅིག་པ་མང་ས་ཞིག་ལ་སོང་ནས་ཕྱིར་ལོག་མ་ཐག བཀྲས་མཐོང་སྐུ་ངོ་ལགས་་་་སུ་འགྱུར་འདུག དེ་སྣང་ཚུལ་གཅིག་རེད།

    ད་འདི་ལྟར་བལྟས་ན་་་་་

    ༡ དེང་གི་གཞོན་སྐྱེས་བསམ་བློ་ཡོད་པ་རེ་ཟུང་དང་ཨ་མདོ་བ་མང་ཤོས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་འཕེན་རྒྱུ་རེད།

    ༢ དེང་གི་གཞོན་སྐྱེས་བསམ་བློ་ཡོད་པ་རེ་ཟུང་དང་ཁམས་པ་མང་ཤོས་ཀྱིས་བློ་བཟང་སེངྒེ་ལ་འོས་འཕེན་རྒྱུ་རེད།

    ༣ གཞོན་སྐྱེས་རེ་ཟུང་དང་གཞིས་ཆགས་ཁག་མང་ཤོས་ཀྱི་དབུས་གཙང་བ་མང་ཤོས་ཀྱིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འོས་འཕེན་རྒྱུ་རེད།

    ཁོང་གསུམ་ཕལ་ཆེར་སྔོན་འགྲོའི་འོས་གཞིའི་སྐབས་སུ་འོས་མཐོ་ཤོས་སུ་ཐོན་རྒྱུ་རེད།
    ད་དུང་རྒྱ་རི་སྒྲོལ་མ་དང་། རྟ་བོ་བློ་བཟང་དཔལ་ལྡན། ཕུར་བུ་ཚེ་རིང་། བློ་བཟང་སྦྱིན་པ་བཞི་བོར་ཡང་ཆོལ་ཁ་གསུམ་གྱི་འོས་ཤོག་གང་འཚམས་ཤིག་ཁ་འཐོར་རྒྱུ་ཡིན་པ་དང་། འདིས་སྤེན་པ་ཚེ་རིང་དང་བློ་བཟང་སེངྒེ་གཉིས་ཀྱི་འོས་གྲངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་རེད། ད་འདི་ལྟར་སོང་ན་བཀའ་ཁྲི་་་་་་་་་་་་་་།

  15. གངས་ལྷ། says:
    2010-08-29 at 11:51 am

    གང་ལྟར་རྒྱ་རི་སྒྲོལ་མའི་གོང་ལ་སུ་ཡང་མི་འདུག བཀའ་བློན་ཁྲི་པ་དེ་རྒྱ་རི་སྒྲོལ་མར་ངེས་པ་འདྲ་ཞིག་རེད།

  16. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-08-29 at 2:34 pm

    འདྲེ་རིག་ལྡན་ལགས།
    ཁྱེད་ཀྱིས་འདྲ་བོ་ཞིག་གསུངས་འདུག དེ་འདྲ་ཞིག་ཏུ་གྱུར་སོང་ན་་་་་་་་་་་་་་་་་་་་་་་།

    འདི་ནི་ཤེས་ཡོན་ཅན་གྱི་སྡེ་ལ་རག་ལས་པའི་ལས་འགན་ཞིག་ཏུ་མཐོང་བས། ཕྱོགས་ཞེན་གྱི་གྲིབ་མས་མ་སྒྲིབ་པ་བྱ་རྒྱུ་ནི་མང་གཙོ་ཡང་དག་ལ་འགྲོ་བའི་ཤེས་ཡོན་པའི་ལས་འགན་ལོས་ཡིན།

    གང་ལྟར། ཚོགས་གཙོ་མཆོག་བཀའ་ཁྲིའི་འོས་གཞིར་ལངས་བར་བཀྲ་ཤིས་རྟེན་འབྲེལ་ཞུ།

  17. tenzindhargay says:
    2010-08-29 at 2:57 pm

    བཀྲ་ཤིས་བདེ་ལེགས། ཚོགས་གཙོ་་སྤེན་པ་ཚེ་རིང་ལགས་བཀའ་ཁྲིའི་འོས་གཞིར་ལངས་པར་བསྔགས་བརྗོད་དང་མཚམས་འདྲི་ཞུ་རྒྱུ་ཡིན།།
    སྤོབས་པ་ཆེན་པོས་མདུན་དུ་ཐོན་པ་ནི་བོད་མིའི་སྤྱི་ཚོགས་ནང་གསར་སྟོད་ཀྱི་བྱ་ཞག་ཞིག་ཡིན་ལ། རྒྱལ་ཁ་ཐོབ་མིན་ལ་མི་ལྟོས་པར་བག་འཁུམས་ཀྱི་གནས་ལས་མཐོན་པ་ནི་གཟི་བརྗིད་ཞིག་རེད་སྙམ།
    ཐུག་རྗེ་ཆེ།། འཕན་པོ་བསྟན་དར་ནས།།

  18. ཇོ་མོ་གླང་མ says:
    2010-08-30 at 12:10 am

    དྲ་གྲོགས་འདྲེ་རིག་ལྡན་ལགས།ཁྱེད་རང་གིས་བཤད་སྟངས་དེ་དམངས་གཙོ་ལམ་ལུགས་དང་མཐུན་གྱི་འདུག་གམ།མ་གཞི་ནས་མཐོ་རིམ་སློབ་མ་ཞིག་ལ་ཁ་གཡར་ནས་གཞོན་སྐྱེས་བསམ་བློ་ཡོད་པ་རེ་ཟུང་དང་ཨ་མདོ་བ་མང་ཤོས་ཀྱིས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཌྷའོས་འཕེན་རྒྱུ་ཡིན་པ་ད་ེཁྱེད་ཀྱིས་ཇི་ལྟར་ཤེས་སོང་ངམ།
    ཁྱེད་ཀྱིས་བཤད་པ་དེ་ཚོ་ཕྱོགས་རིས་ཀྱི་སྐད་ཆ་རང་རེད།སོ་སོས་འོས་ཤོག་དེ་སུ་ལ་བླུག་རྒྱུ་ཡིན་མིན་དེ་གསང་བ་ཞིག་རེད་མ་གཏོགས་ངས་བློ་བཟང་སེང་གེ་ལ་འོས་བླུག་གི་ཡིན་ངས་སྤེན་པ་ཚེ་རིང་ལ་འོས་བླུག་གི་ཡིན་ཞེས་ཟེར་ན་དེ་དམངས་གཙོ་ལམ་དུ་འགྲོ་ཡ་ཕར་ཞོག་རྨོངས་གཙོ་ལམ་དུ་སོང་བ་རང་རེད།ད་དུང་ངའི་ཕ་ཡུལ་གཅིག་པ་དང་ངའི་ལུང་པ་གཅིག་པ་ཟེར་བ་དེ་ཚོ་བེད་སྤྱོད་མ་གཏོང་རོགས་ཞུ།རྒྱུ་མཚན་མེད་པའི་སྐད་ཆ་དང་ཆོ་མེད་པའི་སྐད་ཆ་དེ་ཚོ་ཉུང་དུ་བཤད་ན་འཚམ་པོ་ཞིག་མ་རེད་དམ།

  19. ࿌ཁང་གསར་རྡོ་རྗེ། says:
    2010-08-30 at 1:40 am

    ཚོགས་གཙོ་སྤེན་པ་ཚེ་རིང་འདི། དབྱིན་བོད་ཧིན་གསུམ་གྱི་སྐད་དང་དཔལ་འབྱོར་ཆབ་སྲིད། རྩིས་སོགས་ལ་མཁས་པ་དང་གཅིག སློབ་གྲྭ་ཐོན་པ་ནས་ད་བར་སྤྱི་འཐུས་དང་གྲོས་ཚོགས་སྲིད་ཇུས་ཉམས་ཞིབ་ཁང་སོགས་ལ་ཕྱག་ལས་འབུར་དུ་ཐོན་པ་གནང་སྟེ། བཙན་བྱོལ་བོད་གཞུང་གི་ལས་དོན་ལ་རྒྱུས་མངའ་ཟབ་པ་དང་གཉིས། ཕྱི་རྒྱལ་གྱི་ཡུལ་ལུང་མང་པོར་ཕེབས་ཏེ་མི་ཆེན་དུ་མར་མཇལ་ཏེ་འབྲེལ་བཙུགས་པས་མཐོང་རྒྱ་ཐོས་རྒྱ་ཆེ་བ་དང་གསུམ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཅིང་གསལ་བ་དང་བཞི། ན་སོ་གཞོན་ཞིང་ལྷག་བསམ་སེམས་ཤུགས་ཆེ་བ་དང་ལྔ། ད་ཕན་གཞུང་གི་ལས་དོན་གནང་སྐབས། ཉེ་དགའ་ཕྱོགས་ལྷུང་དང་གཞུང་དངུལ་བར་ཟོས་སོགས་ཀྱི་སྐད་ཆ་སྦྲང་སྐད་ཙམ་ཡང་མེད་པ་དང་དྲུག མཐོ་དམའ་ཀུན་ལ་འདྲིས་གཤིབས་བདེ་བ་ཀུན་གྱི་གཟིགས་ཆོད་ལྟར་དང་བདུན། བཙན་བྱོལ་བོད་གཞུང་གི་ཁྲིམས་དང་སྒྲིག་གཞི་ཁག་དང་གནས་ཡུལ་རྒྱ་གར་གྱི་ཁྲིམས་དང་འགྲོ་ལུགས་སོགས་ལ་མྱོང་རྒྱུས་ཧ་ཅང་ཆེ་བ་དང་བརྒྱད། ཟམ་གདོང་རིན་པོ་ཆེས་དབུས་ཁྲིད་པའི་བཀའ་ཤག་གི་སྲིད་ཇུས་དང་ལས་དོན་ནང་ནས་ལེགས་ཆ་ཅན་རྣམས་མུ་མཐུད་འདོད་ཡོད་པ་དང་དགུ། རང་ངོས་ནས་ལས་དོན་མང་པོ་ཞིག་གསར་གཏོད་ལག་བསྟར་གནང་རྒྱུའི་འཆར་གཞི་ཟབ་པ་དང་བཅུ་བཅས་ཀྱི་ཆ་ནས། ད་ཡོད་བཀའ་བློན་ཁྲི་བའི་འོས་གཞིའི་ནང་ནས། ཕྱི་ནང་གི་ཆ་རྐྱེན་འཛོམས་ཤོས་ཤིག་ནི། ཚོགས་གཙོ་སྤེན་པ་ཚེ་རིང་ཡིན་པར་མཐོང་བས། རྣམ་དཔྱོད་ཀྱི་མིག་དང་ལྡན་པ་ཚོས་ཕྱོགས་རིས་དོར་ཏེ་འདི་པ་རང་ལ་རེ་བཅོལ་བྱས་ན་ལེགས་སམ་སྙམ་མོ།།

  20. ࿌ཁང་གསར་རྡོ་རྗེ། says:
    2010-08-30 at 1:45 am

    འོས་གཞིར་ལངས་བར་བཀྲ་ཤིས་བདེ་ལེགས་ཞུ་དོན་ཅི་འདུག འོས་ཐོབ་སོང་ན་བཀྲ་ཤིས་བདེ་ལེགས་ཞུ་དགོས།
    ཚོགས་གཙོ་སྤེན་པ་ཚེ་རིང་འདི། དབྱིན་བོད་ཧིན་གསུམ་གྱི་སྐད་དང་དཔལ་འབྱོར་ཆབ་སྲིད། རྩིས་སོགས་ལ་མཁས་པ་དང་གཅིག སློབ་གྲྭ་ཐོན་པ་ནས་ད་བར་སྤྱི་འཐུས་དང་གྲོས་ཚོགས་སྲིད་ཇུས་ཉམས་ཞིབ་ཁང་སོགས་ལ་ཕྱག་ལས་འབུར་དུ་ཐོན་པ་གནང་སྟེ། བཙན་བྱོལ་བོད་གཞུང་གི་ལས་དོན་ལ་རྒྱུས་མངའ་ཟབ་པ་དང་གཉིས། ཕྱི་རྒྱལ་གྱི་ཡུལ་ལུང་མང་པོར་ཕེབས་ཏེ་མི་ཆེན་དུ་མར་མཇལ་ཏེ་འབྲེལ་བཙུགས་པས་མཐོང་རྒྱ་ཐོས་རྒྱ་ཆེ་བ་དང་གསུམ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཅིང་གསལ་བ་དང་བཞི། ན་སོ་གཞོན་ཞིང་ལྷག་བསམ་སེམས་ཤུགས་ཆེ་བ་དང་ལྔ། ད་ཕན་གཞུང་གི་ལས་དོན་གནང་སྐབས། ཉེ་དགའ་ཕྱོགས་ལྷུང་དང་གཞུང་དངུལ་བར་ཟོས་སོགས་ཀྱི་སྐད་ཆ་སྦྲང་སྐད་ཙམ་ཡང་མེད་པ་དང་དྲུག མཐོ་དམའ་ཀུན་ལ་འདྲིས་གཤིབས་བདེ་བ་ཀུན་གྱི་གཟིགས་ཆོད་ལྟར་དང་བདུན། བཙན་བྱོལ་བོད་གཞུང་གི་ཁྲིམས་དང་སྒྲིག་གཞི་ཁག་དང་གནས་ཡུལ་རྒྱ་གར་གྱི་ཁྲིམས་དང་འགྲོ་ལུགས་སོགས་ལ་མྱོང་རྒྱུས་ཧ་ཅང་ཆེ་བ་དང་བརྒྱད། ཟམ་གདོང་རིན་པོ་ཆེས་དབུས་ཁྲིད་པའི་བཀའ་ཤག་གི་སྲིད་ཇུས་དང་ལས་དོན་ནང་ནས་ལེགས་ཆ་ཅན་རྣམས་མུ་མཐུད་འདོད་ཡོད་པ་དང་དགུ། རང་ངོས་ནས་ལས་དོན་མང་པོ་ཞིག་གསར་གཏོད་ལག་བསྟར་གནང་རྒྱུའི་འཆར་གཞི་ཟབ་པ་དང་བཅུ་བཅས་ཀྱི་ཆ་ནས། ད་ཡོད་བཀའ་བློན་ཁྲི་བའི་འོས་གཞིའི་ནང་ནས། ཕྱི་ནང་གི་ཆ་རྐྱེན་འཛོམས་ཤོས་ཤིག་ནི། ཚོགས་གཙོ་སྤེན་པ་ཚེ་རིང་ཡིན་པར་མཐོང་བས། རྣམ་དཔྱོད་ཀྱི་མིག་དང་ལྡན་པ་ཚོས་ཕྱོགས་རིས་དོར་ཏེ་འདི་པ་རང་ལ་རེ་བཅོལ་བྱས་ན་ལེགས་སམ་སྙམ་མོ།།

  21. ཁ་རུ་ཁ་ཐུག says:
    2010-08-30 at 2:14 am

    རྒྱ་རི་སྒྲོལ་མ་ངུ་རྐྱལ་མ་ལས་སྤེན་པ་ཚེ་རིང་ལོས་དྲགས། འོན་ཀྱང་འདི་ཚོས་ག་རེ་འཁྲབ་རྩིས་ཡོད་མེད་ད་ལྟ་བཤད་ཚོད་ཁག་པོ་རེད་འདུག གཅིག་བྱས་ན་་་་་་་

  22. བོད་ཀྱི་བུ་ཆུང་། says:
    2010-08-30 at 9:20 am

    ཧ་ཧ་ད་དུང་མི་མིང་ཆེན་པོ་དེ་འདྲ་མང་པོ་ང་ཡིན་ཟེར་ནས་ལང་ས་རེད་པས་དེ་ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཡོད
    དེ་མིན་གང་ཡང་ཤེས་ས་མ་རེད

  23. བོད་ཀྱི་བུ་ཆུང་། says:
    2010-08-30 at 9:21 am

    མི་ཐམས་ཅད་དཀའ་བློན་ཁྲི་བ་བྱེད་ཐུབ་པའི་རེ་བ་ཡོད་ད་ཡིན་ན

  24. ཚེ་རིང་སྒྲོན་མ། says:
    2010-08-30 at 9:23 am

    ཨོ་ཙེ་ལ་ད་ནི་གང་རེད་དེ་འདྲེས་མི་མང་པོ་ཞིག་དཀའ་བློན་ལ་ཧབ་ཐོབ་བྱེད་གི་འདུག
    མང་གཙོ་རང་རེད་ཞག།
    ད་ང་མགོ་ན་སོང་།

  25. བོད་ཀྱི་བུ་ཆུང་། says:
    2010-08-30 at 9:25 am

    ཡིན་ད་ཡིན་ང་ཡང་གཅིག་བྱས་ན་ལང་གི་ཡིན་

  26. འདྲེ་རིག་ལྡན། says:
    2010-08-30 at 9:26 am

    ཧ ཧ ཧ ཧ ཇོ་མོ་གླང་མ་ཟེར་བ་ཁྱོད་གླེན་པ་ལུག་འདྲ་ཞིག་ཡིན་ས་རེད། ང་ལ་སློབ་གསོ་གཏོང་བའི་འོས་བབ་མི་འདུག་ལོ མང་གཙོ་ཟེར་བ་དེ་ཁྱོས་ཅིག་ཤེས་ས་མ་རེད་ལོ་ལོ། ཁ་རོག་གེར་སྡོད་དང་དེ་མཛེས་འདུག

  27. migmar dorjee says:
    2010-08-30 at 10:46 am

    ཤེས་ཡོན་རང་སྐྱ་འཕེར་བ་དང་དུས་བསྟུན་ལངས་ཕྱོགས་བརྟན་པ། སྤྱི་ཚོགས་ཁྲོད་ཀྱི་བདེ་སྡུག་རྟོགས་ལ་བཙན་བྱོལ་གཞུང་གི་ལས་དོན་ལ་རྒྱས་མངའ་ཆེ་བ། མི་གཤིས་བཟང་བ་སོགས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་འོས་ཤོས་སུ་འདུག་པས་ངས་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཁོང་ལ་རྒྱལ་ཁ་འཐོབ་པའི་སྨོན་འདུན་དང་མང་ཚོགས་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

  28. ནུ་ཁའི་ལྗང་ལོ་ says:
    2010-08-30 at 11:52 am

    འུ་ཚང་ལ་ང་བཀའ་བློན་ཁྲི་པར་འདུག་གིན་ཡིན་ཟེར་མཁན་མང་པོ་ཞིག་ཡོད་པར་དགའ་སུ་ཡོད་། ཡིན་ཡང་ཁོང་ཚོ་སུ་ལ་ཡང་ཞིབ་ཁྲའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་མ་འོངས་པའི་ཆར་གཞི་གསར་པོ་མེད་པར་ལྟས་ན་མི་མང་རྣམས་ཁོང་ཚོར་ཡིད་ཆས་བྱེད་དཀའ་བ་ཞིག་མ་ཡིན་ནམ་།

  29. jamgyal says:
    2010-08-30 at 3:48 pm

    འདྲེ་རིག་ལྡན་གྱིས་སྐད་ཆ་ལ་གོ་རྒྱུ་འདུག་ རྣམ་པ་ཚོས་ཡག་པོ་བྱས་ནས་གོ་བ་ལོངས་དང་

  30. jamgyal says:
    2010-08-30 at 3:49 pm

    དེ་འདྲ་རང་རེད་འགྲོ་ས་རེད་

  31. བོད་རྡོ། says:
    2010-08-30 at 5:35 pm

    ཇོ་མོ་གླང་མར་ཡང་རྒྱུ་མཚན་འདུག འདྲེ་རིག་ལྡན་གྱི་སྐད་ཆའི་ནང་དུག་ཏོག་ཙམ་འདུག དུག་དེ་གང་རེད་སྙམ་ན། ཆོལ་ཁའི་དབྱེ་འབྱེད་ཀྱི་དུག་དེ་རེད།

    འདྲེས་བཤད་རྒྱུར། “དེང་གི་གཞོན་སྐྱེས་བསམ་བློ་ཡོད་པ་རེ་ཟུང་དང་ཨ་མདོ་བ་མང་ཤོས་ཀྱི་་་་་་” “དེང་གི་གཞོན་སྐྱེས་བསམ་བློ་ཡོད་པ་རེ་ཟུང་དང་ཁམས་པ་མང་ཤོས་ཀྱིས་བློ་བཟང་སེངྒེ་ལ་འོས་འཕེན་རྒྱུ་རེད།” “གཞོན་སྐྱེས་རེ་ཟུང་དང་གཞིས་ཆགས་ཁག་མང་ཤོས་ཀྱི་དབུས་གཙང་བ་མང་ཤོས་ཀྱིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འོས་འཕེན་རྒྱུ་རེད།”ཅེས་བཤད་ཡོང་དུས། འདྲེ་དེས་གཞིས་ཆགས་དང་དབུས་གཙང་གི་མི་ལ་ཡོན་ཏན་མེད་པའི་ཁོངས་སུ་བཅུག་འདུག ངོ་མ་འདྲེ་རེད། བོད་མིའི་མཐུན་སྒྲིལ་ལ་གཏོར་གཤིག་གཏོང་མཁན། རྒྱ་གུང་ཁྲན་ལ་དགོས་པའི་ནོར་བུ་གཅིག་པུ་དེ་རེད། 

    འདིར་བློ་གཟུར་བོར་གནས་ནས་བརྟག་སྐབས། སྣང་མེད་ལྟ་བུས་བོད་མིའི་མཐུན་སྒྲིལ་ལ་གཏོར་གཤིག་གཏོང་མཁན་རྫབ་ཆེན་ཁ་ཤས་ཡོང་གི་འདུག གཅིག་དེ་འདྲེ་དེ་རེད། བལྟས་ནས་སྡད་དུས་གོ་སྐབས་ཡོད་དོ་ཅོག་ལ་བོད་མིའི་དབར་ལ་དཀྲུག་ཤིང་རྒྱག་ཡོང་གི་འདུག 

    བོད་ནང་ལ་ཆོལ་གསུམ་རིས་མེད་ཀྱིས་བོད་མིའི་བདེན་མཐའ་བསལ་ཐབས་བྱེད་པའི་གནད་འགག་གི་དུས་ཚོད་འདི་འདྲ་ལ། ཆོལ་ཁའི་དུག་འཁྱེར་ཡོང་མཁན་གྱི་བསམ་མེད་འདི་ཚོར་གསལ་བཤད་ཏོག་ཙམ་ཏོག་ཙམ་མ་བརྒྱབ་ན། བོད་ནང་གི་མི་རང་སྲོག་ཤོར་འགྲོ་མཁན་གྱི་དེ་ཚོར་སྙིང་རྗེ། 

    འདྲེ་ཁྱོད་ལ་ངས་བལྟས་ནས་བསྡད་ཡོད་དཱ། 

  32. ཡེ་ཤེས says:
    2010-08-31 at 12:34 am

    ཚོགས་གཙོ་མཆོག་བཀའ་བློན་ཁྲི་བའི་འོས་གཞིར་ལངས་པར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། ང་ཁྱེད་རང་ལ་རེ་བ་ཆེན་པོ་ཡོད། མ་འོངས་ལོ་ལྔའི་ནང་ཁྱེད་རང་གིས་༧གོང་ས་མཆོག་གི་ཐུགས་དགོངས་བཞིན་ལས་དོན་ཆེན་པོ་མང་པོ་ཞིག་སྒྲུབ་ཐུབ་པའི་རེ་བ་དང་། བོད་མི་མང་གི་རེ་འདོད་ཆེན་པོ་ཞིག་མིག་མཐོང་ལག་ཟིན་ཡོང་གི་རེད་བསམ་བཞིན་ཡོད། །

  33. གངས་དཀར་ལྷ་མོ། says:
    2010-08-31 at 10:03 am

    སྤྱི་འཐུས་སྤེན་པ་ཚེ་རིང་བཀའ་བློན་ཁྲི་པའི་འོས་ཤོག་འཐོབ་པའི་རེ་བ་ཆེན་པོ་འདུག ཁོང་སྤྱི་འཐུས་ཚོགས་གཙོ་ཡིན་པར་བརྟེན་བོད་མི་མང་པོ་ཞིག་གིས་ངོ་ཤེས་ཀྱི་ཡོད། ཁོང་ད་དུང་ཟམ་སྟོང་རིན་པོ་ཆེའི་ཕྱག་སྦྲེལ་ཡིན་པར་བརྟེན། ཟམ་སྟོང་རིན་པོ་ཆེའི་རྒྱབ་སྐྱོར་འཐོབ་སྲིད། 

  34. མདོ་ལྷ་ཁམས་པ། says:
    2010-08-31 at 4:44 pm

    དཔལ་ལྡན་ཚོགས་གཙོ་མཆོག
    བཀའ་ཁྲིའི་འོས་གཞིར་ལངས་པར་དགའ་བའི་འཛུམ་དང་སྤྲོ་བའི་ཚིག་གིས་བཀྲ་ཤིས་བདེ་ལེགས་ཞུ།
    ང་ལ་་བཀའ་ཁྲིར་འོས་པའི་རང་ཉིད་ཀྱིས་ལྟ་སྟངས་དོན་ཚན་ལྔ་ཡོད། ལྔ་ག་སྐུ་ཉིད་ལ་ཚང་འདུག
    གཅིག གཞོན་སྐྱེས་ཡིན་པ།
    གཉིས། གནའ་དེང་ཟུང་གི་ཤེས་ཡོན་ལྡན་པ།
    གསུམ། སྤྱི་ཚོགས་དངོས་གི་ཆ་རྒྱུས་ཟབ་མོ་ཡོད་པ།
    བཞི། ཆབ་སྲིད་ཀྱི་ལངས་ཕྱོགས་གཡོ་བ་མེད་པ།
    ལྔ། མི་མང་ལ་འབྲེལ་འདྲིས་ཟབ་པ་བཅས་སོ།

  35. འདྲེ་རིག་ལྡན། says:
    2010-08-31 at 10:42 pm

    ཡང་བོད་རྡོ་ཟེར་བའི་གླེན་པ་བོང་བུ་འདྲ་ཞིག་ཐོན་འདུག བོང་བུའི་རྣ་བ་རིང་ཡང་ལེགས་བཤད་མི་གོ་ཟེར་བ་དེ་རེད། ཨ་མདོ་དང་ཁམས་པ། དབུས་གཙང་སོགས་ཟེར་བ་ཙམ་གྱིས་དབྱེན་དཀྲུགས་བྱེད་ཀྱིན་པ་དེ་ཁྱོད་ལ་ཕྱོགས་ཞེན་གྱི་ནད་རྙིང་ཆེ་དྲགས་པས་རེད།

    ལར་ནས། གོ་བ་མེད་པའི་གླང་རྒན་ལ། རྒྱལ་བོའི་བཀའ་ལས་དབྱུག་པ་བཙན་ཟེར་བ་དེ་རེད། “དེང་གི་གཞོན་སྐྱེས་བསམ་བློ་ཡོད་པ་རེ་ཟུང་” ཟེར་བ་དེར་དབུས་གཙང་གི་མི་དམིགས་མེད་པ་ཁྱོས་ཇི་ལྟར་ཤེས་སོང་ངམ། ཕྱོགས་ཞེན་དུག་གི་མིག་ཤེལ་ཕུད་ནས་ལྟོས་ཤིག

    མ་གཞི་ནས་བསམ་བློར་རིལ་དྲི་ཁ་བའི་མི་རྣམས་ན་གསལ་བཤད་བྱེད་འདོད་མི་འདུག་ལོ། དཀྱིལ་མཛུབ་ཁ་ལ་བཙུགས་ནས་མུར་ལ་སྡོད། བཤད་མི་ཤེས་ན་ཅིག་བཤད་ཁུལ་བྱེད་དགོས་མ་རེད། ཁ་མ་གྲགས་བསྡད་ན་ལྐུག་པ་རེད་ཟེར་མཁན་མི་འདུག

  36. ten zin pema says:
    2010-09-02 at 11:21 pm

    ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཀའ་ཁྲིའི་་འོས་གཞི་ལངས་པར་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད།

  37. བདུད་ནག་བུ་ནས། says:
    2010-09-06 at 1:56 pm

    ཚོགས་གཙོ་མཆོག་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    བཀའ་བློན་ཁྲིའི་འོས་གཞི་ལངས་པ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། མ་ཟད། མ་འོངས་པ་ཡིན་ན་འགྱུར་བ་མེད།

  38. གངས་རིའི་ཕོ་ཉ་། says:
    2011-06-22 at 5:12 pm

    ཧ་ཧ།་ད་ཡིན་ན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme