Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ྋརྒྱལ་དབང་མཆོག་གི་མཚན་བསྟོད་ཀུན་བཟང་མཆོད་སྤྲིན།

Posted on 2014-12-262014-12-26 By ཁ་བརྡ་ 5 Comments on ྋརྒྱལ་དབང་མཆོག་གི་མཚན་བསྟོད་ཀུན་བཟང་མཆོད་སྤྲིན།

ཨེ་མ་ཧོ།

 
ན་མོ་གུ་ར་ཝེ།
དགེ༵་ལེགས་ཡོན་ཏན་བྱེ་བས་བསྐྲུན་པའི་སྐུ།།
དགེ་འདུན༵་འདུས་པ་རྒྱ་མཚོའི་གཙུག་གི་ནོར།།
མཁས་གྲུབ༵་རྒྱལ་བའི་གདུང་འཛིན་རིན་པོ་ཆེ།།
ྋརྒྱལ་དབང་དང་པོས་བཀྲ་ཤིས་བདེ་ལེགས་སྩོལ།།
དགེ༵་ལྡན་བསྟན་པ་འཛིན་ལ་ཟླ་བྲལ་བའི།།
དགེ་འདུན༵་རིག་གྲོལ་རྒྱ༵་མཚོ༵འི་སྙིང་གི་ནོར།།
ཕན་བདེའི་ལེགས་ཚོགས་འགྱེད་པའི་གཉེན་གཅིག་པུ།།
ྋརྒྱལ་དབང་གཉིས་པའི་གསེར་གྱི་པདྨོ་བཞད།།
བསོད༵་ནམས༵་ཡེ་ཤེས་རྒྱ༵་མཚོ༵་མཐར་ཕྱིན་ཀྱང་།།
མ་ལུས་འགྲོ་ཁམས་ཐུགས་རྗེ་སྐྱོང་བའི་ཕྱིར།།
ཁྱད་པར་རིང་ལུགས་འཛིན་པའི་དགེ་བའི་བཤེས།།
ྋརྒྱལ་དབང་གསུམ་པའི་གསང་གསུམ་བླ་ན་མཐོ།།
ཕུལ་བྱུང་ཡོན༵་ཏན༵་རྒྱ༵་མཚོ༵འི་དཔལ་ལ་དབང་།།
ཀུན་ཕན་བསླབ་གསུམ་ནོར་བའི་མཛོད་ཀྱིས་ཕྱུག།
ཡང་དག་བསྙེན་པར་རྫོགས་པའི་དགེ་སློང་ཆེ།།
ྋརྒྱལ་དབང་བཞི་བའི་ངོ་མཚར་ཟློས་གར་བསྒྱུར།།
བློ༵་བཟང༵་རྒྱལ་བ་རྒྱ༵་མཚོ༵འི་བསྟན་པ་ལ།།
ཕྱི་ནང་གསང་བས་འཛིན་སྐྱོང་སྤེལ་བ་ལ།།
འགྲན་པའི་ཟླ་མེད་ཆོས་ཀྱི་རྒྱལ་པོ་ཆེ།།
ྋརྒྱལ་དབང་ལྔ་བའི་མཛད་བཟང་མཚུངས་ཟླ་དབེན།།
ཚངས༵་དབྱངས༵་སྙན་པའི་མགུར་གླུ་རོལ་མོ་དཀྲོལ།།
གསང་ཆེན་བསྟན་པ་རྒྱ༵་མཚོ༵འི་གནད་ལ་དབང་།།
ཡང་གསང་བླ་མེད་དོན་གྱི་རྣལ་འབྱོར་པ།།
ྋརྒྱལ་དབང་དྲུག་པའི་ཟླ་གཞོན་མཁའ་ལ་བཀྲ།།
བསྐལ༵་བ་བཟང༵་པོའི་རྫོགས་ལྡན་མགྲོན་དུ་ཁུག།
ཕྲིན་ལས་རྒྱ༵་མཚོ༵་དབྱར་གྱི་སྤྲིན་ལྟར་རྒྱས།།
མདོ་སྔགས་ལུང་རྟོགས་བསྟན་པའི་བདག་པོ་མཆོག།
ྋརྒྱལ་དབང་བདུན་པའི་ཉི་གཞོན་འོད་སྣང་འཕྲོ།།
འཇམ༵་དཔལ༵་གཞོན་ནུའི་མཁྱེན་རབ་གཏེར་ལ་དབང་།།
སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བདག་གིར་བཞེས།།
བཤད་སྒྲུབ་རྒྱ༵་མཚོ༵འི་ཕྲིན་ལས་ཕྱོགས་ཀུན་ཁྱབ།།
ྋརྒྱལ་དབང་བརྒྱད་པའི་ཐུགས་རྗེའི་སྐལ་བཟང་ཤར།།།
མདོ་སྔགས་ལུང༵་རྟོགས༵་རྒྱ༵་མཚོ༵འི་གཏེར་མཛོད་འཛིན།།
རྣམ་དག་འཕགས་པའི་ནོར་བདུན་ཚུལ་བཞིན་སྐྱོང་།།
ྋརྒྱལ་དབང་དགུ་བའི་མཛད་བཟང་མངོན་པར་བསྟོད།།
ཚུལ༵་ཁྲིམས༵་རྣམ་དག་སྡེ་སྣོད་རིག་པ་འཛིན།།
ལེགས་བཤད་རྒྱ༵་མཚོ༵འི་མཛོད་ལ་དབང་འབྱོར་བའི།།
ལུགས་གཉིས་སྨྲ་བའི་རྗེ་བཙུན་དམ་པ་ཉིད།།
ྋརྒྱལ་དབང་བཅུ་བའི་རྣམ་ཐར་སྲིད་ན་མཛེས།།
མཁས་ཞིང་གྲུབ་པ་བརྙེས་པའི་དགེ་བའི་བཤེས།།
ལྷག་བསམ་རྒྱ༵་མཚོ༵འི་གཏེར་མཛོད་མངའ་བདག་མཆོག།།
ཕན་བདེའི་ལེགས་ཚོགས་རྒྱན་པའི་སྤྲུལ་པའི་སྐུ།།
ྋརྒྱལ་དབང་བཅུ་གཅིག་འགྲོ་དོན་རྨད་དུ་བྱུང་།།
རབ་འབྱམས་འཕྲིན༵་ལས༵་སྣ་ཚོགས་དགྱེས་པའི་དཔལ།།
གང་འདོད་ཆོས་འཁོར་བསྐོར་བས་མཛད་པ་ཅན།།
བསྟན་སྲིད་རྒྱ༵་མཚོ༵འི་མཛད་པ་བརླབ་ཆེན་པོ།།
ྋརྒྱལ་དབང་བཅུ་གཉིས་འཛིན་མའི་རྒྱན་དུ་བཞུགས།།
ཐུབ༵་བསྟན༵་སྤྱི་དང་གངས་ཅན་རྒྱལ་བའི་བསྟན།།
ལུགས་གཉིས་རྒྱ༵་མཚོ༵འི་དགའ་བ་བརྒྱ་ལྡན་པའི།།
ཕུན་སུམ་ཚོགས་པའི་འཕྲིན་ལས་མངའ་བརྙེས་པ།།
ྋརྒྱལ་དབང་བཅུ་གསུམ་བོད་ཁམས་མགོན་དུ་ཕེབས།།
བསྟན༵་འཛིན༵་ཀུན་ལས་ཐུགས་བསྐྱེད་ཟབ་རྒྱས་ཅན།།
བརླབ་ཆེན་རྒྱ༵་མཚོ༵་ཞི་བདེའི་དེད་དཔོན་མཆོག།
འཛམ་གླིང་རྒྱན་གཅིག་ཡིད་བཞིན་ནོར་བུ་བཞིན།།
ྋརྒྱལ་དབང་བཅུ་བཞིའི་གསང་གསུམ་མཁའ་དང་མཉམ།།
ྋརྒྱལ་དབང་མཚན་བསྟོད་ཀུན་བཟང་མཆོད་པའི་སྤྲིན།།
རྒྱལ་ཀུན་མཆོད་དང་འགྲོ་ལ་ཕན་བདེར་འབུལ།།
རྒྱལ་ཀུན་སྤྱི་གཟུགས་ྋརྒྱལ་བའི་དབང་པོ་ཉིད།།
རྒྱལ་བསྟན་དཔལ་དུ་དགྱེས་བཞིན་རྟག་བཞུགས་གསོལ།།

ཞེས་པ་རབ་གནས་ཤིང་རྟའི་རྒྱལ་ཟླའི་རྒྱལ་བ་དང་པོར་རྨི་ལམ་ཞིག་གི་ཚོར་སྣང་གིས་རིག་འཛིན་ཨེ་མ་ཧོས་ཀུན་བཟང་ཆོས་གླིང་ནས་གསོལ་བ་འདེབས་པར་དགེའོ།།

སྙན་ངག

Post navigation

Previous Post: བོད་མིའི་བྱ་སྤྱོད་ལ་དཔྱད་པའི་ཀ་བཤད་ཉི་ཤུ་པ།
Next Post: གྲྭ་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

Comments (5) on “ྋརྒྱལ་དབང་མཆོག་གི་མཚན་བསྟོད་ཀུན་བཟང་མཆོད་སྤྲིན།”

  1. གནམ says:
    2014-12-27 at 7:38 pm

    གོང་ན་མ་མཆིས་བ།
    ཀུན་ན་མ་མཆིས་བ།
    གང་ན་མ་མཆིས་བ།
    སྐུ་འཕྲེང་ཅུ་བཞི་བ།

  2. ཇུས་ཏོག says:
    2014-12-28 at 12:03 am

    ཕྱག་ན་པད་མོའི་སྐུ་འཕྲེང་རིམ་བྱོན་གྱི་།
    མཚན་བཟང་བརྗོད་པའི་སྙན་རྩོམ་ཀེ་ཏ་་ཀ་།
    མཇལ་་བ་ཙམ་གྱི་དད་པའིསྤུ་ལོང་གཡོ་།
    བརྗེས་སུ་ཡིད་རངས་འགྲོ་ཀུན་བདེ་བ་ཤོག་།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-12-28 at 2:39 am

    ༸སྐུ་ཕྱྭའི་སྐོར་ལ་དོལ་རྒྱལ་སྐོར་མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས།
    https://www.youtube.com/watch?v=tnVrbwSB-hA

  4. ཀརྡོ་གཉེར་ཕྱག་པ་ says:
    2014-12-28 at 3:17 am

    མེ་ཏོག་གང་ཕོགས།
    འཕགས་མཆོག་དབང་ཕྱུག
    སྤྱན་རས་གཟིགས་དབང་།
    ༸བསྟན་འཛིན་རྒྱ་མཚོ།
    ༸སྐུ་ཚེ་ཡུན་བརྟན།།

  5. པདྨ says:
    2014-12-30 at 5:53 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཡི།།
    སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།
    ཅེས་དིལ་མཁྱེན་པས་གསུངས་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme