Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ྋགོང་ས་མཆོག་ལ་བསྟོད་པ་མི་ཕྱེད་དད་པའི་རང་སྒྲ།

Posted on 2013-07-052013-07-05 By འདྲེ་རིག་ལྡན 4 Comments on ྋགོང་ས་མཆོག་ལ་བསྟོད་པ་མི་ཕྱེད་དད་པའི་རང་སྒྲ།

སྐུའི་འཁྲུངས་སྐར་དུས་ཆེན་ཐེངས་ ༧༨ ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

རོང་པོ་སྒང་ནེ་ཡེ་ཤེས་འཇིགས་མེད།

ལྷ་གཅིག་ཕྱག་ན་པདྨོ་ངུར་སྨྲིག་འཛིན།།
སྐྱབས་གཅིག་འཛམ་གླིང་ཞི་བདེའི་དེད་དཔོན་ཆེ།།
རྩེ་གཅིག་ཞབས་པད་བསྐལ་བརྒྱར་བརྟན་པ་ཡི།།
ཁ་ཙམ་མིན་པར་སྙིང་ནས་སྨོན་ལམ་འདེབས།།
ལུགས་གཉིས་ཤེས་བྱའི་རྣམ་གཞག་གང་ལ་ཡང་།།
སྒྲིབ་གཉིས་དྲི་མ་ཙམ་ཡང་མ་གོས་པར།།
རྒྱལ་གཉིས་དབུ་མའི་ལམ་གྱིས་འདུམ་མཛད་པ།།
རྐང་གཉིས་འགྲོ་བའི་ཚུལ་བྱོན་འཇིག་རྟེན་མགོན།།
ཁམས་གསུམ་སྐྱེ་འགྲོ་ཀུན་གྱི་གཉེན་གཅིག་པུ།།
དུས་གསུམ་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར།།
ཆོལ་གསུམ་བོད་མིའི་སྐྱབས་མགོན་པད་དཀར་འཆང་།།
སྒོ་གསུམ་གུས་པའི་ཡུལ་དུ་རྟག་བརྟན་ཤོག།།
དུས་བཞིར་དབྱེ་བ་མེད་པར་གཞན་དོན་ཆེད།།
ཕྱོགས་བཞིའི་རྒྱལ་ཁམས་ཀུན་ལ་ལེགས་བྱོན་ནས།།
བདེན་བཞིའི་ཆོས་ཀྱི་འཁོར་ཆེན་སྐོར་མཛད་པ།།
སྐུ་བཞིའི་བདག་ཉིད་བསྟན་འཛིན་རྒྱ་མཚོར་འདུད།།
འབྱུང་ལྔའི་ཚ་གྲང་མི་སྙོམས་འཁྲུགས་པ་དང་།།
ཕུང་ལྔའི་འགྲོ་རྣམས་རྒུད་ཚོགས་ཀྱིས་མནར་བའི།།
སྙིགས་ལྔའི་དུས་འདིར་མགོན་པོ་གང་ཉིད་ཀྱིས།།
རྒྱུད་ལྔའི་འགྲོ་བ་རིས་མེད་སྐྱོང་འདི་བསྔགས།།
གདུང་དྲུག་བོད་མིའི་ཤ་ཚུགས་ལེགས་འཛིན་ཅིང་།།
ས་དྲུག་བོད་ཀྱི་དོན་གཉིས་ཐུགས་སུ་བཞེས།།
འགྲོ་དྲུག་སེམས་ཅན་ཀུན་ལ་མ་ལྟར་བརྩེ།།
ཕྱིན་དྲུག་རྒྱལ་སྲས་སྤྱོད་ལ་ཞི་ལྷ་དངོས།།
སྤོང་བ་བདུན་སོགས་རིང་ནས་སྤངས་པ་ཡིས།།
ང་རྒྱལ་བདུན་གྱི་ར་རི་མ་གོས་པར།།
འཕགས་ནོར་བདུན་གྱི་དབང་ཕྱུག་ལྷའི་བླ་མ།།
འཇིག་རྟེན་བདུན་ལས་རྒྱལ་མཛད་རྒྱལ་བའི་མཆོག།
མི་ཁོམ་བརྒྱད་ཀྱི་འཁོར་བའི་བཙོན་ར་འདིའི།།
ཕྱོགས་མཚམས་བརྒྱད་ཀྱི་ཉམ་ཐག་འགྲོ་བའི་ཚོགས།།
སྡུག་བསྔལ་བརྒྱད་ཀྱི་འཇིགས་པ་ཡོངས་སེལ་ཕྱིར།།
འཕགས་ལམ་བརྒྱད་ཀྱི་ལམ་གནད་སྟོན་ལ་དཔའ།།
རིམ་དགུའི་ཐེག་སོགས་རིས་མེད་གྲུབ་མཐའ་དང་།།
མཁས་དགུའི་གདམས་ངག་དཔྱད་ཅིང་ཉམས་སུ་བཞེས།།
འདོད་དགུའི་གཏེར་གྱིས་འགྲོ་རྣམས་ཚིམ་མཛད་པ།།
སྐྱེ་དགུའི་གཙུག་རྒྱན་བསྟན་འཛིན་རྒྱ་མཚོར་འདུད།།
ས་བཅུའི་བདེ་གཤེགས་ཀུན་གྱི་སྙིང་རྗེའི་གཏེར།།
སྟོབས་བཅུའི་ཡོན་ཏན་མ་ལུས་ལེགས་མངའ་བ།།
ཕྱིན་བཅུའི་ལམ་བཟང་དུས་ལྟར་སྟོན་མཛད་པོ།།
ཕྱོགས་བཅུའི་འགྲོ་བའི་མགོན་པོས་རྗེས་གཟུང་ཤོག།
སྙན་ངག

Post navigation

Previous Post: ༧གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་བྱེད་མི་ཆོག་པའི་འཐབ་རྩོད་འཕྱུར་བཞིན་འདུག
Next Post: སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཀ་ཕྲེང་དད་པའི་སྤུ་ལོང་གཡོ་བའི་འབྲུག་སྒྲ།

Comments (4) on “ྋགོང་ས་མཆོག་ལ་བསྟོད་པ་མི་ཕྱེད་དད་པའི་རང་སྒྲ།”

  1. དགའ་སྐུ་ says:
    2013-07-05 at 11:46 pm

    བྱང་ཕྱོགས་གངས་རིའི་རྭ་བས་བསྐོར་བའི་རྒྱུད།
    བོད་ཡུལ་ཆོས་ལྡན་ཞིང་གི་རྒྱལ་ཁམས་སུ།
    སྐྱེ་དགུ་ཕན་དང་བདེ་བ་མ་ལུས་པ།
    འབྱུང་བའི་ཡོན་གནས་དམ་པ་ཐུགས་རྗེའི་གཏེར།

    འཕགས་མཆོག་སྤྱན་རས་གཟིགས་དབང་མི་གཟུགས་ཅན།
    ཐུབ་བསྟན་འཛིན་པ་རྒྱ་མཚོ་ལྟ་བུ་ཡི།
    གཙུག་གི་རྒྱན་གྱུར་བླ་མའི་ཞབས་སྐྱེས་པད།
    སྲིད་མཐའི་བར་དུ་གཡོ་མེད་བརྟན་གྱུར་ཅིག།

  2. དྲན་དཀར་དཔལ་ཡོན་ says:
    2013-07-05 at 11:55 pm

    སྤོང་བ་བདུན་སོགས་རིང་ནས་སྤངས་པ་ཡིས།། ཟེར། འབྲི་མ་ཤེས་ནི་ཡིན་བགྱི་རེད། སྙིང་བརྗེ་འོ་ཟེར་ན་ཡང་རོང་པོ་སྒང་ནེ་ཡི་ཤེས་འཇིགས་མེད་དགའ་བགྱི་མ་རེད་པ།

  3. བན་དེ་བ། says:
    2013-07-06 at 12:16 am

    འཛམ་གླིང་ཞི་བདེའི་དེད་དཔོན་འགྲོ་བ་ལྷ་དང་བཅས་པའི་མགོན་དུ་གྱུར་བ༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་ཡི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེག་ཞུ་བ་དང་ཆབས་ཅིག གང་གི་སྐུ་གསུང་ཐུགས་ཀྱི་མི་མཐུན་འགལ་རྐྱེན་ཐམས་ཅད་མིང་མེད་དུ་ཞི་སྟེ། འགྲོ་ཀུན་འདྲེན་པའི་དཔལ་དུ་སྐུ་ཚེ་མི་བཤིག་གཡུང་དྲུང་གི་ཁམས་སུ་བསྐལ་པ་བརྒྱ་ནས་བརྒྱ་རུ་ཞབས་པད་བརྟན་ཅིང་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་ནམ་ཡང་ནུབ་པ་མེད་པའི་སྨོན་ལམ་ཞུ།

  4. སྒང་ནེ says:
    2013-07-09 at 4:13 am

    དྲན་དཀར་དཔལ་ཡོན་ལགས། ཁྱེད་ཀྱིས་ལེགས་བཅོས་གནང་ནས་གཅིག་གསུང་རོགས་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme