Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོཾ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་ཕྱག་འཚལ་ལོ་ཞེས་པའི་རྩོམ་ཡིག་ལས་འཕྲོས་པའི་གཏམ་གཉེན་དགའ་དགྲ་སྡུག

Posted on 2012-08-16 By ཁ་བརྡ་ 12 Comments on ཨོཾ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་ཕྱག་འཚལ་ལོ་ཞེས་པའི་རྩོམ་ཡིག་ལས་འཕྲོས་པའི་གཏམ་གཉེན་དགའ་དགྲ་སྡུག

འབའ་སྲས།

དེ་རིང་ངས་ཡང་བསྐྱར་རྒྱལ་སྤྱི་ཨོམ་ལིམ་སྟེང་འདར་རྒྱུག་ཨང་གསུམ་པ་ལེན་མཁན་བོད་མོ་ཆོས་དབྱིངས་སྐྱིད་ཀྱི་སྐོར་ལ་རྩོམ་ཡིག་གསུམ་པ་ཞིག་འབྲི་དགོས་བྱུང་སོང་། རྒྱུ་མཚན་ཅི་ཡིན་ཞེ་ན། རླུང་འཕྲིན་དང་། རྩོམ་ཡིག སྤྱིར་བཏང་གི་སྐད་ཆའི་ཁྲོད་ནས་སྐད་ཆ་སྣ་ཚོགས་ཤིག་ཐོས་པའི་དབང་གིས་ཡིན།

སྤྱིར་བཏང་གིས་བཤད་ན། ཤ་རུས་གདོང་རྒྱུད་གཅིག་གི་བོད་རིགས་སྤུན་ཟླ་སུ་ཞིག་གིས་རྒྱལ་སྤྱིའི་སྟེང་གཟེངས་སུ་ཐོན་པའི་བྱ་དགའ་ཞིག་བླངས་པ་ཡིན་ན། སྙིང་ཁུང་རུས་པའི་གཏིང་ནས་དགའ་འོས་པ་ཞིག་ཅི་ལ་མིན། འོན་ཀྱང་། ཁ་ཅིག་གིས། དེ་ལས་ལྡོག་སྟེ་མོས་བླངས་པའི་བྱ་དགའ་དེ་དར་ཆ་དམར་པོའི་འོག་ནས་ཐོབ་པ་རེད། བྱ་དགའ་དེ་ཡང་དབྱིན་སྒོར་བཞི་ཙམ་རེད་ཟེར་བ་དང་། ད་དུང་ངོ་ཚ་མེད་པར་དམར་ཧྲེང་དུ་རྒྱུག་གི་འདུག་ལ་སོགས་པའི་ཉན་ན་རྣ་བས་མི་བཟོད་ཅིང་། བསམ་ན་སེམས་ཀྱིས་མི་བཟོད་པའི་ཅོལ་ཆུང་གི་ངག་སྐད་ཅི་རིགས་ཤིག་ཐོས་སོ།།

ཡང་སྐོར་ཞིག་གིས་བོད་གངས་ཅན་པའི་ལྗོངས་ལ་ཟིན་ཐོ་གསར་བ་ཞིག་བྲིས་མཁན་ཡིན་ཞེས་གདེངས་འཇོག་ཚད་མེད་བྱས་ནས་སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་འདྲ་མཉམ་པ་ལྟ་བུའི་བསྔགས་བརྗོད་ཀྱང་བྱེད་བཞིན་མཆིས། གཤམ་དུ་དྲང་ལྡོག་གཉིས་ཀའི་སྐད་ཆ་འགའ་ཤས་ཤིག་འདིར་དྲངས་ཏེ་རང་གི་མཐའ་རུ་མ་ལྟུང་བའི་ཚིག་གསུམ་བརྗོད་པར་འདོད་དོ།།

“རང་ཡུལ་གངས་ལྗོངས་བོད་ལ་སྐྱེས་མ།།
དགྲ་དགའ་གཉེན་སྡུག་ལས་ལ་བརྩོན་མ།།
གཉེན་གྱི་གཟེངས་(རྟགས)དགྲ་ལ་ཕུལ་མ།།
བོད་མི་ཀླད་མེད་ཕྱག་འཚལ་ཡུལ་མ།།”” ༼ཁ་བརྡའི་མཆན་ཡིག་ཨང་གྲངས་བདུན་པ།༽
ཞེས་དང་།

“རྒྱལ་དར་དམར་པོ་མྱུར་དུ་ཕྱར་(འཕྱར)མ།།
བོད་རིགས་ཞལ་རས་ཆུ་(ལ)གཡུགས་མ།།”
༼ཁ་བརྡའི་མཆན་ཨང་༡༡༽ཞེས་དང་།

“རྔ་བའི་ཁུལ་དུ་མེ་བསྲེགས་བཏང་(གཏོང་)དུས།།
ངོ་ཚ་སྤང་(སྤངས་)ཏེ་དམར་ཧྲེང་བརྒྱུགས་(རྒྱུགས)མ།།” ༼ཁ་བརྡའི་མཆན་ཡིག་གོང་མཚུངས།༽
ཞེས་དོན་གྱི་སྙིང་བོ་འཛིན་ལ་མིག་རྒྱང་ཐུང་ཞིང་། མིང་སྐམ་གྱི་ཕྱོགས་སུ་འཛིན་ལ་ཁ་ལྕེ་བདེ་བའི་མིག་ལོང་བ་སྐོར་ཞིག་དང་། ཡང་།

“ཆོས་དབྱིངས་སྐྱིད་ཀྱི་གཟུགས་པོ་དམར་ཧྲེང་།།
མཐོང་བ་ཉིད་ནས་རང་ཚུགས་མི་ཐུབ་”༼ཁ་བརྡའི་མཆན་ཡིག་ཨང་༡༥༽ ཅེས་ཆགས་གཏམ་གྱི་བ་སྤུ་གཞན་ལ་དཀྲི་བའི་འདོད་གཏམ་སྨྲ་བ་སྐོར་གཅིག་དང་། ད་དུང་།

“དྲངས་(དྲང)བདེན་ལས་བྱབ་ཆུང་བའི་ལས་འདི་འདྲ་གནང་བར་དགེ་མཚན་གང་ཡང་མེད་པ་མཁྱེན་པ་(པར)གནང་རོགས་” ༼དུས་བབ་ཟིན་མཆན་༽ཞེས། རང་མི་རིགས་ཀྱི་དགེ་མཚན་རླབས་ཆེ་བ་འདིར་ལྟ་བའི་མིག་ལོང་ཞིང་། བོད་རང་གི་སྐད་ཡིག་ལ་བག་ཆགས་ཙམ་ཡང་ཡོད་མིན་མི་ཤེས་པ་དག་གི་གཏམ་འོས་མིན་དུ་སྨྲ་བ་གང་སར་ཐོས་སོ།།

ཡང་དཔྱོད་ཤེས་ཤིང་དོན་སྙིང་ངོས་འཛིན་ལ་མི་རྨོངས་པ་ཁྱུ་གཅིག་གིས་འདི་ལྟར་གསུངས་ཏེ།

“ཤུགས་རྒྱོབ་ཟེར་བའི་བོད་སྐད་གོ་དུས།།
སྤྱན་ལ་སྤྱན་ཆབ་ཀུན་ཏུ་འཁྲིགས་མ”།། ༼མ་རྩོམ།༽ཞེས་བོད་མོ་ཆོས་དབྱིངས་སྐྱིད་ཀྱི་སེམས་ཚོར་རྟོགས་པའི་སྒམ་པོའི་སེམས་གཏམ་བརྗོད་མཁན་དང། ཡང་།

“དེ་རིང་ཁྱོད་ཀྱིས་རྒྱ་དར་ཐོགས་པར་མི་ལྟ་ལ།།
དེ་རིང་ཁྱོད་ཀྱིས་རྒྱ་མིང་ཁྱེར་བར་མི་བསམ་པར།།
གངས་ཕྲུག་བུ་མོ་གཞོན་ནུ་མ་ཞིག་ཨོ་རྩལ་ཁྲོད།།
ངར་དང་ཤུགས་ཀྱིས་རྒྱུག་གིན་ཡོད་པའི་སྣང་བ་འཛིན།།”༼དུས་བབ་ཟིན་བྲིས་པ་ཨ་འདུས་མིག་ཆུ༽ཅེས་དངོས་ཡོད་དང་དགེ་མཚན་ངོ་ཤེས་པའི་སྙན་ངག་སྨྲ་བ་སོགས་དྲང་ལྡོག་གི་སྐད་སྒྲ་སྣ་ཚོགས་ཤིག་གིས་བདག་གི་རྣ་བའི་སྒོ་མོ་ཅི་ཡང་བརྡུངས་སོ།།

དེས་ན་ང་རང་གི་སྐད་ཆའི་ཕུག་ན་གསང་བ་ཞིག་ཡོད་པ་ནི་འདི་ཡིན་ཏེ། བོད་མོ་ཆོས་དབྱིངས་སྐྱིད་ལགས་ཐོག་དང་པོར་རྒྱུག་དུས་ཨང་བདུན་པའི་ནང་ཡོད་ལ། སྐབས་དེར། མོའི་རྐང་བ་མི་བདེ་བ་མ་ཟད་ངལ་ཐང་ཆད་པའི་རྣམ་པ་ཤིན་ཏུ་གསལ། འོན་ཀྱང་གང་ཞིག་མཐོང་ནས་རྐང་པ་ཇེ་བདེ་ནས་ཇེ་ཡང་དུ་གྱུར་བ་དང་། འབོད་སྐུལ་ཅི་ཞིག་ཐོས་ནས་སེམས་ལ་ངར་ཤུགས་སྐྱེས་པ་རེད། སྐད་རིགས་ཅི་ཞིག་གོ་ནས་སྲོག་བློས་གཏོང་བྱ་འདོད་པ་རེད་དམ། དེ་དུས་མོའི་སེམས་ལ་ཅི་ཞིག་ཡོད་པ་ངེད་ཚོས་རྟོགས་ཨེ་ཡོད། སྐབས་དེ་ནས་མོའི་གདོང་གི་འཛུམ་མདངས་ཇེ་གསལ་ནས་ཇེ་གསལ་དུ་ཅི་ཕྱིར་གྱུར་བ་རེད། རིམ་བཞིན་མོ་ཨང་བཞི་བ་ནས་གསུམ་པར་བསླེབས་པའི་གོམ་འགྲོས་དེའི་ལ་རྒྱ་སུ་ལ་བཅངས་འདུག ལྷག་པར་དུ་མོས་གཟབ་ནན་གྱིས་བྱ་དགའ་ལེན་པའི་དུས། མེ་ཏོག་འཛིན་པའི་དུས། ཟངས་ཀྱི་རྟགས་མ་ཁ་ལ་འཛིན་པའི་དུས། ཅིའི་ཕྱིར་ལག་པ་གཡོན་མ་གཅིག་བུ་མཐོ་ཙམ་བྱས་ནས་བྲང་ཁའི་གཡོན་ཟུར་དུ་བརླན་པ་རེད། མོའི་བྲང་ངོས་གཡོན་ཟུར་ན་ངེད་ཚོས་མཐོང་མི་འདོད་པ་ཅི་ཞིག་ཡོད་དམ། མོས་ངེད་ཚོར་སྟོན་མི་འདོད་པ་ཅི་ཞིག་སྦས་ཡོད་དམ།

ཀྱེ་ཤ་རུས་གདོང་རྒྱུད་གཅིག་པའི་བོད་མི་རྣམ་པ། མོའི་རྒྱུག་རྩལ་ནི་རྟ་ཕོའི་བང་དང་འདྲ་ལ། མོའི་བསམ་བློ་ནི་གནམ་མཁའི་མཐའ་དང་མཉམ། མོ་ནི་ནམ་ཡང་ངེད་ཚང་སྟེ། སྒང་བ་བོད་པ་ཚང་གི་ཤ་ཁྲག་ངོ་མ་དེ་ཡིན་ནོ།།

སྣ་ཚོགས།

Post navigation

Previous Post: ༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ནས་མང་ཚོགས་ལ་འགྲེམས་སྟོན་བྱས་པ།
Next Post: བུ་མོ་ཆོས་དབྱིངས་སྐྱིད་ཀྱི་མདུན་ལམ་ལ་གཟིགས་དགོས། །

Comments (12) on “ཨོཾ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་ཕྱག་འཚལ་ལོ་ཞེས་པའི་རྩོམ་ཡིག་ལས་འཕྲོས་པའི་གཏམ་གཉེན་དགའ་དགྲ་སྡུག”

  1. གཟའ་སྤེན་པ། says:
    2012-08-16 at 10:45 pm

    གད་སྙིགས་ནང་གི་མི་གཙང་བ་ཐམས་ཅད་ཡར་བསྒྲུག་ནས་མདུན་ཅོག་སྟེང་སྤུངས་ན་དགོས་པ་ག་རེ་འདུག
    མི་ཤེས་ན་་་སྐད་ཆ་འདི་འདྲ་ལ་ཡག་མ་དགོས་རྩོག་གི་སྣོན་པ་ཟེར་པ་དེ་རེད། རུལ་དྲི་ཁ་བའི་ཚིག་ངན་ཚང་མ་ཕྱོགས་གཅིག་ཏུ་སྤུངས་གསོག་རྒྱག་བཞིན་གཞན་དག་ཅིག་ཅིག་ཤོད་མ་ཤོད་ག་རེ་ཡོད་རེད།

  2. འདྲེ་རྐང་ཐོ། says:
    2012-08-16 at 11:12 pm

    ད་ཆོག་གི་ཆོག་གི་་་སྐྲག་མི་དགོས་ས་ཞིག་ནས་་་་ཆོས་དབྱིངས་སྐྱིད་ཀྱི་བསྐོར་ནས་ཤེས་མི་མིན་ཤེས་གཉིས་ཀས་སྐད་ཆ་ལུང་བ་གང་བཤད་སོང་་་་ང་ཚོ་མི་ལས་་དུད་འགྲོ་མིན་ཙང་་་མོའི་མདུན་ལམ་ལ་བསམ་བློ་ཅུང་བཏང་དགོས་པ་རེད་་་་་མོའི་སྐོར་ལ་བོད་ནང་ན་ཞེ་དྲག་གླེང་གིན་མེད་པར་རྒྱུ་མཚན་ཡོད་ནི་རེད་་་་་་ཚང་མས་སྐྲ་མི་དགོས་ས་ནས་་ཁ་མ་མང་ན་ཡག་གི་རེད་དོ།

  3. སྦྲ་དཔལ་ལྡན། says:
    2012-08-16 at 11:21 pm

    གོང་གི་འབའ་སྲས་ཀྱི་རྙོག་གཏམ་མཐོང་པ་དང་བལྟ་འདོད་ཁྱོན་ནས་མ་ཡོང་ཐལ་ དགོངས་དག་

  4. བོད་ཀྱི་བུ། says:
    2012-08-17 at 2:17 am

    འབའ་སྲས་ཟེར་བ་འདིས་གཞན་གྱིས་མ་ཤེས་པའི་གསང་གནད་ཅིག་ཤེས་སོང་མདོག་མདོག་གིས་ཆོས་དབྱིངས་སྐྱིད་ཀྱི་མདུན་ལམ་ལ་གནོད་ཅིང་རྒྱ་གཞུང་གིས་མོ་ལ་ཉེས་ཞྭ་གཡོག་བདེ་བའི་ལམ་སྟོན་ཡག་པོ་ཞིག་བྱས་མི་འདུག་གམ། ཁ་ལག་སྡོད་བཟོད་མེད་པའི་འཁྱམ་པོ་འདི་ཚོས་རང་ལ་ཉེན་ཁ་མེད་ས་ནས་ཁ་ནང་ལ་གང་བྱུང་ལབ་ཀྱིན་མི་འདུག་གམ། ད་ཆོས་དབྱིངས་སྐྱིད་ཚར་སོང་། རྗེས་མ་ནས་འདིའི་ཐད་ནས་ལམ་འགག་ཚར་བ་རེད།

    དྲ་ནང་གི་བོད་ཟེར་བའི་འཆལ་མོ་ཚེ་རིང་སྐྱིད་ཀྱི་དཀྲོགས་གཏམ་གྱི་ལེ་ཚན་དེ་དང་། འབའ་སྲས་དང་འབའ་སྲས་འདྲ་བའི་མི་ཤེས་ཤེས་མདོག་གིས་རང་ཁེ་སྒྲུབ་མཁན་འདི་ཚོས་བོད་ནང་གི་རང་ངོས་ནས་མི་རིགས་དང་རིག་གཞུང་ལ་ཕན་པའི་བྱ་བཞག་སྒྲུབ་མཁན་མང་པོ་ཞིག་གི་བྱ་བར་བར་ཆད་བཟོས་པ་ཉུང་ཉུང་མིན། རྒྱ་གཞུང་གིས་མ་ཤེས་གོང་། རྒྱ་གཞུང་གིས་མ་དྲན་གོང་འདི་ཚོས་རྒྱ་གཞུང་ལ་དྲན་གསོ་གཏོང་གི་འདུག འདི་ཚོས་རྒྱ་གཞུང་ལ་ལན་སྐྱེལ་གྱིན་འདུག གླ་རྔན་མི་དགོས་པའི་དང་བླངས་ཀྱི་སོ་མྱུལ་བ་འདི་འདྲ་མང་དོན་གང་ཡིན་ནམ།

  5. ཁྱུང་སེང་བུ ། says:
    2012-08-17 at 3:43 am

    སྐུ་མཁྱེན་མོ་དང་མོའི་ནང་མི་བདེ་མོར་འདུག་བཅུག་རོགས། ཚངས་མས་ལྷགས་བསམ་གནང་གི་འདུག་སྟེ་ང་ཚོ་ད་རུང་མི་རིགས་མ་རྫོགས་བར་དུ་འདུག་དགོས་བ་མ་ཟད་དོན་སྙིང་ཡོད་པ་ཞིག་འདུག་དགོས་རེད། གཅིག་རྗེས་གཉིས་མཐུད་དུ་མོ་ནང་བཞིན་ཡོང་དགོས་རེད་་་འཚོ་དགོས་རེད་་་་རྩོད་དགོས་རེད་་་་་འབུར་དུཐོན་དགོས་རེད།

  6. ཇོ་ཇོ། says:
    2012-08-17 at 4:42 am

    ཁོ་རེ་འབའ་སྲས་ཟེར་བའི་རིག་འཆལ་བ། ཁྱོད་ཀྱིས་རྣམ་དོག་གིས་སྒྲོ་བཏགས་མང་པོ་ཞིག་བྱས་ཏེ། ཆོས་དབྱིངས་སྐྱིད་རྒྱ་ལག་ཏུ་སྤྲོད་བསམ་པ་ཡིན་ནམ། དེ་སྔོན་ཁྱོད་ཀྱིས་དབུས་གཙང་བ་མེ་སྲེག་གཏོང་མཁན་མི་འདུག་ཅེས་དབུས་གཙང་བར་དམའ་འབེབས་ཚད་མེད་བྱས་སོང་། ཉེ་དུས་ལྷ་སའི་ཉེ་འདབས་འདམ་གཞུང་དང་། གཞིས་རྩེའི་ཉེ་འདབས་འདམ་གཞུང་དུ་མེ་སྲེག་གཏོང་མཁན་གཉིས་བྱུང་སོང་བ། དེ་གཉིས་ཀྱི་སྤུར་ཐལ་ཁྱོད་དང་ཁྱོད་འདྲ་བའི་ཀླད་སྟོང་ཕྱོགས་རེས་ཅན་དང་། མེ་སྲེག་ལ་སྐུལ་པོ་རྣམས་ཀྱི་ཁ་ནང་དུ་ཐོབས།

  7. ཇོ་ཇོ། says:
    2012-08-17 at 4:43 am

    གཞིས་རྩེའི་ཉེ་འདབས་གཉའ་ལམ་དུ་བཅོས།

  8. འབའ་སྲས། says:
    2012-08-17 at 7:52 am

    འོ་ལགས་སོ། རྣམ་པ་ཚོས་མེ་ཏོག་དཀར་པོའི་ཕྲེང་བ་ཆོས་དབྱིངས་སྐྱིད་ལ་གཏོར་བ་ཡིན་ན། ངའི་གདོང་ལ་ཐལ་བ་གཏོར་ཡང་སྐྱོན་ཅི་ཡང་མེད། དགའ་བསུ་ཞུ།

  9. རྣ་བ་བརྒྱདཔ་ says:
    2012-08-17 at 11:06 am

    རང་རེ་དང་ཤ་ཁྲག་གཅིག་པ་ཞིག་འཛམ་ལང་གར་བརྟེགས་སྟེང་ནས་རྟེགས་མ་བླང་བ་ནི་ལོ་རྒྱས་ཀྱི་ཟིན་ཐོ་ཞིག་དང་མི་རིགས་ཀྱི་དགེ་མཚན་ཆེ་ཤོས་ཞིག་ཡིན་པར་བཤད་མི་དགོས་པ་ཞིག་ཡིན་ལ། དེ་ལ་དགའ་བསུ་དང་བསྟོད་བསྔགས་བྱེད་པ་ནི་ང་ཚོས་ལས་དོན་ཡིན། ང་ཚོ་ལ་རང་དབང་ཡང་དགོས་ལ་མི་རིགས་གཞན་དང་གང་ཐད་ནས་སྔོན་ཐོན་དང་འདྲ་མཉམ་ལ་འབད་དགོས་པའི་ཕྱོགས་གཅིག་ཁོ་ན་ལ་བརྟ་མི་ཉན། གཞན་འདི་ཡིན་འདི་མིན་གྱིས་གླེང་སྙོགས་སྣ་ཚོགས་ནི་ང་ཚོའི་བྱེད་དགོས་དོན་ཡང་མེད་ལ་བྱེད་པའི་དགོས་པ་ཡང་མེད། དབྱར་ལྕག་དང་། དགུན་རྫ། དུས་རྒྱུན་དུ་ཁ་བདག་རྒྱབ་དགོས་ཟེར་བ་ལྟར། གལ་ཏེ་དེ་ལྟར་དྲན་ཚད་སྨྲ་ན་དགྲ་བོ་ལ་དྲན་བསྐུལ་དང་ཕུ་ནུའི་མདུན་ལམ་ལ་གནོད་སྐྱོན་བཟོ་བར་ངེས་པའི་ནམ་རྒྱུན་ནས་འཆལ་གཏམ་སྣ་ཚོགས་མི་སྨྲ་བར་ཁ་ལ་བདག་པོ་རྒྱབ་རོག།

  10. བཀྲ་ཡེ་ཚང་། says:
    2012-08-17 at 11:37 am

    མོའི་མདུན་ལམ་མ་དགག་རོགས་ད་དུང་མོ་ལ་མ་འོངས་པ་༢༠༡༦གི་ལོ་ལ་རེ་བ་ཡོད་རེད། ང་ཚོའི་འདི་ནས་འདྲ་མིན་བཤད་ན་མོ་ལ་གནོད་མདོག་ཁ་བོ་རེད།

  11. གནམ་ལྕགས་རྡོ་རྗེ says:
    2012-08-17 at 7:41 pm

    བུ་མོ་འདི་ལ་རྒྱབ་སྐྱོར་བྱེད་ཡག་གི་དུས་ཚོད་རེད་མ་གཏོགས་གཞན་འབྲེལ་བཤད་ངན་པའི་རིགས་དེ་བྱས་པ་ཡིན་ན་ཁྱེད་རང་ཚོ་སྒེར་ནད་ཡོད་པའི་གནས་སྟངས་ཤིག་གོ་གི་འདུག་མ་གཏོགས་རྒྱུ་མཚན་ཅན་གྱི་སྐད་ཆ་རེད་མི་འདུག

  12. བདུད་རྡོ says:
    2012-08-18 at 11:24 am

    ཚང་མིའི་སྐད་ཆ་ཉུང་ཙམ་བྱོས། གལ་སྲིད་བཤད་ན་གཟབ་ཟིག་གྱིས།  །བསྟོད་མི་ཤེས་མཁན་གྱི་བསྟོད་པ་དང་། །སྨད་མི་ཤེས་མཁན་གྱིས་སྨད་ན་དགའ། ཟེར་བ་དེ་རེད་འོང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme