Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་སྟོབས་དང་ཀླུ་བྱམས། བང་ཚུལ།

Posted on 2020-05-30 By ཁ་བརྡ 4 Comments on ཨོ་སྟོབས་དང་ཀླུ་བྱམས། བང་ཚུལ།

བློ་གྲོས་རབ་བརྟན།
 
ཨོ་རྒྱན་སྟོབས་རྒྱལ་གསོན་འདྲེ་དངོས་སུ་གྱུར་ཏེ།བོད་པའི་སྤྱི་ཚོགས་འདི་དཀྲུག་ཡོང་དུས།ངས་ལམ་སང་ནམ་རྒྱུན་སྤྱི་ཚོགས་དཀྲུག་མཁན་འགའ་དྲན་སོང་།དེ་མ་ཐག་ཀླུ་མཁར་བྱམས་བསླེབས་སོང་།བསླེབས་པ་མ་ཟད་ཉོག་གཏམ་ལུང་པ་གང་བཤད་དེ།་ཨོ་སྟོབས་ལ་ལག་པ་མ་འཆང་པར་ཁོས་བཅོ་བརྒྱད་ཤེས་ཀྱི་ཡོད་མདོག་གིས།བོད་པའི་སྤྱི་ཚོགས་ཀྱི་གོང་ས་མཆོག་ལ་དད་གུས་དང་གོང་ས་མཆོག་ལ་ལག་པ་མང་པོ་འཆང་འདུག

དངོས་གནས་བཤད་ན། ཐེངས་འདིའི་གླེང་གཞི་ཨོ་སྟོབས་ཀྱིས་གསང་སྔགས་ཁ་ལ་འཁྱེར་ཡོད་དུས། ཨ་ཁུ་ཀླུ་བྱམས་ནས་བཤད་པ་ལྟར། “ཤེས་མི་ཤེས་གཉིས་ཀས་ཅིག་བཤད་ཡོང་དུས་སྤྱི་ཚོགས་ལ་དཀྲུག་ཐེབས་ཀྱིན་འདུག“ ཟེར། བདེན་ཏེ་ཐེངས་འདི་ལ་མཚོན་ན་རང་གིས་འཕངས་བའི་རྡོ་རང་གི་མགོ་ལ་གཞུས་པ་མ་ཡིན་ནམ། ཀླུ་བྱམས་གསང་སྔགས་སྐོར་ནས་ཤེས་ཚད་ཀླད་ཀོར་ཡིན་པ། མི་ཤེས་ནའང་ཤེས་མདོག་བཤད་དེ་སྤྱི་ཚོགས་ལ་དཀྲུག་ཐེབས་སུ་འཇུག་མཁན་རང་ཉིད་ཡིན་པ་རང་གིས་བསྟན་ཅིང་། ཁ་ནས་ཅི་ཞིག་བཤད་མིན་ལ་མ་ལྟོས་པར། སྤྱི་ཚོགས་དཀྲུག་ལ་གོ་སྐབས་དེ་འཁྱོལ་དུ་མ་བཅུག་པར་ཀླུ་བྱམས་མདུན་ལ་ཐོན་ཞིང་། སྐབས་རེ་ལ། རང་གིས་དཀྲུག་མ་ཐུབ་པའི་རྐེ་མཚམས་ལ་གཞན་དཀྲུག་ནི་ཞིག་ཡོད་ན། དཀྲུག་རོགས་ལ་ཀླུ་མཁར་བྱམས་ཡོང་ཆོག་ཆོག་རེད།

བཙན་བྱོལ་དུ་བོད་མིའི་ཁྲོད་ནས་ད་བར་གོང་ས་མཆོག་ལ་ཚད་ལས་བརྒལ་ཞིང་། དོན་ལ་ཡེ་ནས་གནས་ས་མི་འགྲོ་བའི་ཚིག་ངན་གཉིས་དང་སྨོན་པ་གཅིག་བཅས་བྱུང་ཡོད། གཅིག ཆབ་སྲིད་ཁ་ལ་ཁྱེར་ཏེ་ཀླུ་མཁར་བྱམས་ཀྱིས་” རྒྱལ་བཙོང་བ་རེད“ ཟེར་བ་དང་། ཨོ་སྟོབས་ཀྱིས་ད་ཐེངས་ཆོས་ཁ་ལ་ཁྱེར་ཏེ་”བསྟན་པ་བཤིག་པའི་སྟ་རེ་རེད“ ཟེར་བ་གཉིས་ལས་ཚབས་ཆེ་བ་ཞིག་བྱུང་མེད། སྨོན་པ་གཅིག་ནི། ཀླུ་མཁར་བྱམས་ཀྱིས་2017 ལོར་མཁས་དབང་སྐུ་ཞབས་ཨེ་ལིའོ་ཊི་པེར་ལིང་(Prof. Elliot Sperling སྐུ་གཤེགས་པའི་གོ་སྐབས་དང་བསྟུན་ཏེ། རྩོམ་ཐུང་ཞིག་བྲིས་པའི་ཁ་བྱང་ལ་༼ལོ་113 ལ་འདུག་དགོས་པའི་མི་དེ་ཁྱེད་ཡིན༽ཟེར་བ་བྲིས་ཏེ་དེའི་ཤུགས་བསྟན་དུ་གོང་ས་མཆོག་ལོ་113 ལ་བཞུགས་དགོས་པའི་མི་དེ་ཁྱེད་མ་རེད་ཟེར་བ་དེ་རེད། ཐོས་ན་མི་འདོད་པའི་སྐད་ཆ་དེ་གོང་ས་མཆོག་གི་ཞལ་ནས་ལོ་113 བཞུགས་ཐུབ་མིན་གང་ལྟར་ཡང་ལོ་བརྒྱ་སྐོར་ལ་བཞུགས་ཐུབ་ངེས་ཡིན་ཞེས་རྡོར་གདན་དུས་དབང་སྐབས་ཞལ་ནས་གསུངས་པས།བོད་མི་ཚོ་དགའ་སྤྲོའི་ངང་གནས་བཞིན་པའི་དུས་ཏག་ཏག་ལ་ཀླུ་མཁར་བྱམས་ཀྱིས་སྐད་ཆ་དེ་བཤད་ཡོད།

མ་གཞི་ནས་ཨོ་སྟོབས་དང་ཀླུ་བྱམས་གཉིས་གཅིག་རྒྱབ་གཅིག་ལངས་དང་།གོང་ས་མཆོག་གི་སྒང་ལ་ཁ་འཆམ་ཁོག་འཆམ་ཡིན་པ་ལོས་ཤེས། འདས་པའི་ལོ་འགའི་རིང་ཕན་ཚུན་གྱི་སྐད་ཆར་རྒྱབ་སྐྱོར་བྱེད་རེས་དང་། ཚིག་སྣེར་སྐྱོན་རེས་བྱས་པ་ཉུང་ཉུང་མིན། ད་དུང་སྲིད་སྐྱོང་འོས་བསྡུའི་སྐབས་ལ་ཨོ་སྟོབས་ཀྱིས་ཀླུ་བྱམས་བེད་སྤྱད་དེ། སྤེན་ཚེ་ཕམ་པར་བཏང་སྟེ་བར་ནས་བློ་སེང་ཐོན་ཐབས་ཀྱི་ཇུས་འཐེན་ཞིང་། ཀླུ་བྱམས་ཀྱིས་ཇུས་དེ་ཤེས་པ་ཕར་ཟད། ད་དུང་རང་གི་རྒྱབ་སྐྱོར་བ་ཞིག་ཏུ་བརློམས་ནས་ཡོང་ཡོད། རེད་དེ། ལོ་འགའི་རྗེས་སུ་གནད་དོན་དེ་ཁོ་ལ་བདེན་པའི་ར་སྤྲད་ཡོད་ཀྱང་།ཐེངས་འདིའི་བརྙན་བཤད་དུ་གནད་དོན་དེ་ཁ་གཞན་ལ་བསྒྱུར་འདུག་ལ། ཀླུ་བྱམས་ཀྱིས་ཨོ་སྟོབས་ཀྱི་སྐད་ཆ་ཨོ་སྟོབས་རང་གིས་བདག་རྒྱག་གི་རེད། ཡིན་ནའང་ངས་ཁོ་ལ་གོང་ས་མཆོག་ལ་ཅིག་ལབ་ཐུབ་པ་དེར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་གོང་ས་མཆོག་གི་ཐོག་ལ་“ ཁ་རྡུང་ཁོག་པ་གཅིག་དང་ལག་རྡུང་མགར་བ་གཅིག་“ ཡིན་པ་དངོས་སུ་ཤེས་བཅུག་སོང་།

བར་སྐབས་ཤིག་ནས་ཀླུ་བྱམས་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཐུབ་ཚོད་གཏོང་མཁན་ཁམས་པ་ཨོ་སྟོབས་གཙོས་མི་སྐོར་ཞིག་ཡོད་པ་དེ་དག་གི་ལག་ཆར་གྱུར་ཞིང་། ཀླུ་བྱམས་སྲིད་སྐྱོང་ལ་ལངས་བཅུག་སྟེ་སྡིངས་ཆ་དག་ནས་སྐད་ཆ་འདྲ་མིན་བཤད་དེ། གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བྱས་བྱས་ཐམས་ཅད་ལ་སྐྱོན་བརྗོད་དང་། མང་གཙོ་དང་རང་དབང་ཟེར་ནས་བོད་པའི་སྤྱི་ཚོགས་འདི་ཡར་དཀྲུག་མར་དཀྲུག་གིས་མཐུན་སྒྲིལ་ལ་འགོག་རྐྱེན་ག་ཚོད་བཟོས་ཡོད། ག་དུས་ཡིན་ནའང་ཀླུ་བྱམས་ཀྱིས་ང་ལ་འདྲ་མཉམ། དྲང་བདེན་མ་ཡོང་བའི་འཁང་ར་རྐྱང་བཤད་ཀྱིན་ཡོད་ཀྱང་། ཀླུ་བྱམས་ཁོ་རང་ནས་ཀྱང་གོང་ས་མཆོག་དང་བོད་མི་མང་གི་བར་གྱི་དད་འདུན་ལ་ནམ་ཡང་བརྩི་འཇོག་བྱེད་མྱོང་མེད་ཅིང་། གོང་ས་མཆོག་ལ་ཁ་བཏང་སྟེ་བོད་མི་ཁྲི་ཕྲག་མང་པོའི་སེམས་པ་ག་ཚོད་བསད་ཡོད། མི་ཡིས་ཁྱོད་ཀྱི་གདོང་ལ་མཛུབ་མོ་ཀེར་ཏེ། ཁྱོད་ཀྱིས་རང་དབང་ཟེར་ནས་གོང་ས་མཆོག་དང་། བོད་མིའི་བར་གྱི་དད་གུས་ལ་རྡོལ་རོལ་བཏང་ཆོག་པའི་རང་དབང་དང་ཐོབ་ཐང་གང་ནས་བྱུང་སོང་། མི་དང་ཚོགས་སྡེ་སུ་དང་གང་ཡིན་ཡང་དེའི་དད་གུས་ལ་བརྩི་འཇོག་དགོས་པ་དེ་གཞི་རྩའི་འགྲོ་བ་མའི་ཐོབ་ཐང་གི་རིན་ཐང་རེད། དེ་ཁྱོད་ཀྱིས་དང་ལེན་བྱེད་དགོས་ལབ་ན། ལགས་སོ་ཟེར་རྒྱུ་ཡིན་ནམ། ཡང་ན། མིན་ལབ་ན་ལག་པ་རྒྱབ་ལ་བསྡམས་ནས་བཙོན་ཁང་དུ་འགྲོ་རྒྱུ་ཡིན། ཁ་གཞན་ལ་གདེང་སྟེ་རང་ལ་ལྟ་མི་ཤེས་པ་དེས། ཁོའི་སྟེང་ལ་གྱོད་སྣ་མང་པོ་འདྲེན་པའི་གཡབ་མོ་རུ་གྱུར་འདུག

ཨོ་སྟོབས་ཀྱི་རྒྱབ་ལ་ཆོས་དོན་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། ཀླུ་བྱམས། རྡ་སའི་ཚགས་པར་“བང་ཆེན་”གསུམ་རེད། བང་ཆེན་བདག་པོ་ཆོལ་ལོག་གསེར་རྟ་ཚུལ་ཁྲིམས་རེད། ཐེངས་འདིར་ཨོ་སྟོབས་ལ་བཅར་འདྲི་བྱེད་ཁུལ་གྱིས་“ངས་རྒྱལ་བ་རིན་པོ་ཆེར་བསྟན་པ་བཤིག་པའི་སྟ་རེ་རེད་ལབ་མེད“ཟེར་བའི་ཁ་བྱང་ཅན་གྱི་རྩོམ་ཡིག་སྤེལ་ཏེ། ཨོ་སྟོབས་དཀར་སར་དེད་གང་ཐུབ་རེད་དེ། ཨོ་སྟོབས་དཀར་སར་དེད་དགོས་ན་ཆོལ་ལོག་བང་ཚུལ་གྱིས་གང་ནས་ཡོང་། ཁྱོད་ཚོ་སྐོར་ཞིག་གིས་ལག་སྡང་སྦྲེལ་ཏེ་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། རྩ་དོན་དང་མཐུན་སྒྲིལ་ལ་དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱེད་མཁན་ཡིན་པ་སྔ་ཕྱིའི་གནས་ཚུལ་མང་པོས་བོད་པའི་སྤྱི་ཚོགས་ལ་ར་སྤྲད་ཡོད། དེར་བརྟེན་རྐུན་མས་རྐུན་མ་དཀར་འདོན་བྱས་ནའང་མི་མང་མགོ་སྐོར་ཐེབས་མི་སྲིད་ཅིང་། མི་མང་གི་གནོད་ཤུགས་ཀྱིས་བཙིར་ནས་ཡོང་དུས་ཨུ་ཐུག་པའི་ལས་ཀ་འདི་འདྲ་བང་ཚུལ་གྱིས་མི་བརྩམས་རང་བརྩམས་ཡིན་རྒྱུ་རེད།

ག་དུས་ཡིན་ནའང་སྤྱི་ཚོགས་ཟང་ཟིང་བཟོ་མཁན་མི་རེ་འགའ་ཡོད་ལ། ཁོང་ཚོའི་རྗེས་འདེད་པ་ཡང་རིགས་མཐུན་ཁྱུ་རེ་ཡོད། དཀྲུག་གཏེ་དག་ལ་དགོས་པ་ཅི་ཞིག་རེད། གོང་ས་མཆོག་གི་མགོན་འོག་ཏུ་འདུག་འདོད་མེད་པ་རེད་དམ། ཡང་ན། གོང་ས་མཆོག་ལ་བརྙས་བཅོས་ཀྱིས་སྐུ་ཚེ་ལ་ཚད་འཛིན་མགྱོགས་པོར་ཐེབས་དགོས་ཀྱི་ཡོད། ལྡོག་ཕྱོགས་ནས་བལྟས་ཡོང་དུས། བོད་མིའི་རྩ་དོན་བརླག་ན། མཐུན་སྒྲིལ་འཐོར་ན། སྒྲིག་འཛུགས་ཤིག་ན། ད་བཟོད་ཁོང་ཚོས་བསམ་དོན་འགྲུབ་པ་རེད་ལ། དེའི་ཆེད་དུ་བརྩོན་བཞིན་པའང་བོད་མི་ཚོས་ཤེས་དགོས་པ་དེ་གལ་ཆེན་རེད་ཅེས་བསྙད་འདོད།

བསམ་ཚུལ།

Post navigation

Previous Post: ངོ་རྒོལ་གསལ་བསྒྲགས།

Next Post: ཨོ་རྒྱན་སྨྱོན་པའི་རྒྱབ་ཏུ་སུ་ཡོད་དམ།

Comments (4) on “ཨོ་སྟོབས་དང་ཀླུ་བྱམས། བང་ཚུལ།”

  1. བདེ་འཇགས་ཕོ་ཉ། says:
    2020-05-30 at 11:22 am

    དམ་ཉམས་ཨོ་རྒྱ་དོལ་རྒྱལ་དང་། གཡག་རྐུན་གློས་ཁ་བཤང་གཉིས་ནི་ཕྲག་པ་ན་ལས་འགན་(任务)ཡོད་པའི་མྱི་རེད། ཕྲག་ལ་རྒྱ་ནག་གཞུང་གསང་བའི་ལས་ཁུངས་ཀྱིས་བོད་གཞུང་མང་དཀྲུག་རྒྱུའི་འགན་ཁུར་བསྐུར་ཡོད་པ་རེད། གར་མ་དགེ་ལོག་ནི་བཤད་མི་དགོས་ཞི་ལིའི་ཁོག་ན་ཡོད་ནི་རེད། བན་ལོག་བང་ཚུལ་ནི་ཨ་མདོའི་ཁྲམ་པ་ཞིག་རེད། ཁོ་ཁམས་པ་ཡིན་ལབ་ནས་གྲོས་ཚོགས་ནང་ནས་ཁམས་པའི་རྐུབ་སྟེགས་ཤིག་འཕྲོགས་སོང་བ་རེད། ཁོ་ནི་ཁམས་པའི་རྐུབ་སྟེགས་འཕྲོག་མཁན་གྱི་ཨམ་མདོ་བ་ཁྲམ་པ་ཞིག་རེད།

  2. རྒྱ་ཞིང་མྱི་དཀར། says:
    2020-05-31 at 1:27 am

    ད་འགྲིག་སོང་ཁོང་ནས་གསལ་བཤད་གནང་བ་མ་ཟད་བཟོད་གསོལ་ཡང་ཞུ་སོང་མོ་ད་ཆོག་གི་པ།

  3. Abharu Jigwang says:
    2020-05-31 at 5:08 pm

    དེ་ནས་་་ད་དུང་གཅིག་ཡོད་པ་ནི། ཀླུ་མཁར་བྱམས་ཟེར་མཁན་དེ་རེད། ཁོ་རྡ་སར་བསྡད་དུས་ཀྱི་གདོང་
    མདོག་དང་། ད་ལྟའི་མདོང་མདོག་ལ་ལྟོས་དང། ཀྲི་ནད་ཕོགས་པའི་གདོང་མདོག་འདུག་ ཁོ་ཡང་ག་དུས་ཡིན་ཡང་ཤེས་ཡོན་ཡོད་པའི་སྐད་ཆ་ལ་ལྗིད་ཁོག་ཅི་ཡང་མེད་པ་མ་ཚད་་་་གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་ཁྱི་ནག་ཞིག་རེད།
    ད་ཁོ་ཡང་ཁ་བསྡད་མ་ཚུགས་ན་ཕྱོགས་བཞི་མཚམས་བརྒྱད་ནས་རྒོལ་ཡིག་བཏང་དེ་བོད་པའི་སྤྱི་ཚོགས་
    ནས་ཕྱིར་ཕུད་གཏོང་དགོས་ཀྱི་འདུག་ བཀའ་དྲིན་ལ་བསམ་བཞེས་མེད་པར། དྲིན་ལན་ལ་ལོག་འཇལ་བྱེད་མཁན་གྱི་གྲས་རེད། ང་ཚོའི་རྩ་བའི་བླ་མར་ཟུར་ཟ་དང་མཚད་སྨད་བྱེད་ན་གང་མགྱོགས་ཨ་ཞང་གི་སྐད་གཏོང་
    གི་རེད་ད།

  4. སྒྲོལ་མ། says:
    2020-06-02 at 1:19 am

    ཨོ་སྟོབས་བླུན་པོ་ཁ་ནག་དེར་བཅར་འདྲི་ཞུས་པ་བང་ཆེན་ཀྱིས་ངོ་དེབ་ཐོག་སྤེལ་མ་ཐག་གསེར་རྟ་ཚུལ་ཁྲིམས་ཟེར་བ་དེས་རྒྱུད་འགོད་གནང་སོང་ཡང་། ཅང་མ་འགོར་བར་ཡང་བསྐྱར་བསུབ་སོང་། འདི་ཚོ་རིགས་ཁྱི་སྤྱང་ངན་འབྲེལ་ཡིན་པ་མཐོང་གསལ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme