Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་སེ་ཀྲོ་ལེ་ཞི་ཡའི་ཁུལ་གྱི་སྤྱི་འཐུས་འོས་མི་བློ་བཟང་ལུང་རྟོགས།

Posted on 2015-08-172015-08-17 By ཁ་བརྡ 4 Comments on ཨོ་སེ་ཀྲོ་ལེ་ཞི་ཡའི་ཁུལ་གྱི་སྤྱི་འཐུས་འོས་མི་བློ་བཟང་ལུང་རྟོགས།

 
mail.google.com

ལངས་ཕྱོགས་གསུམ།

 

འདས་པའི་ལོ་མང་རིང་ཨོ་སི་ཀྲི་ལི་ཡའི་བོད་མིའི་སྤྱི་ཚོགས་ཁྲོད་རང་ཚུགས་ཡོད་པ་དང་བརྩི་མཐོང་ཡོད་པའི་སྒོ་ནས་ལས་དོན་སྒྲུབ་པའི་མཉམ་མྱོང་གཞིར་བཞག་འདིར་མཉམ་འབྲེལ་དང་། ཡར་རྒྱས། ལས་འགུལ་བཅས་ལངས་ཕྱོགས་གསུམ་གྱི་ལྟ་བ་གཏན་འབེབས་ཐོག་མངའ་ཁུལ་འདིའི་སྤྱི་འཐུས་འོས་མིར་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ཨོ་སེ་ཀྲི་ལེ་ཞི་ཡ་མངའ་ཁུལ་འདིའི་བོད་རིགས་མཐུན་ཚོགས་མང་ཆེ་བ་ནི་གསར་པ་དང་གང་མགྱོགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་པར་བརྟེན། ང་ཚོས་རང་ཉིད་ཀྱི་སྟོབས་ཤུགས་སྤེལ་བའི་ཆེད་གནད་འགག་ཅན་གྱི་རྩ་དོན་འདི་དག་གི་ཐོག་འབད་བརྩོན་གནང་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོར་མཐོང་།

མཉམ་འབྲེལ།

 

འདས་པའི་མི་ལོ་༡༥ རིང་མངའ་ཁུལ་འདིའི་བོད་རིགས་མཐུན་ཚོགས་རྒྱ་ཆེ་རུ་འགྲོ་བཞིན་པ་ནི་མངོན་གསལ་དོད་པོ་ཡིན། མི་འབོར་གྱི་འགྱུར་ལྡོག་འདི་ལ་བསྟུན་ནས་ང་ཚོས་ཕྱག་ལས་གནང་སྟངས་ལ་ཡང་འགྱུར་བ་ཞིག་མ་བཏང་རང་བཏང་ཡིན། ང་ཚོ་གནས་ཡུལ་རྒྱལ་ཁབ་དང་། བཙན་བྱོལ་བོད་གཞུང་། རྒྱ་ནག་གཞུང་བཅས་ལ་རང་ཉིད་ཀྱི་མངོན་འདོད་དང་འབོད་སྒྲ་གསལ་སྟོན་ཡོང་ཆེད་ངེས་པར་དུ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ངང་གནང་དགོས་པར་འདོད།

 

ང་ཚོས་ནང་ཁུལ་དུ་འབྲེལ་བ་གནང་དུས་ཕྱི་གསལ་ནང་གསལ་དང་ཕན་ཚུན་བརྩི་མཐོང་ཡོད་པའི་ཐོག་གནང་རྒྱུ་དང་། ཚང་མར་རང་ཉིད་ཀྱི་ལོ་རྒྱུས་དང་ཕ་ཡུལ་བོད་གངས་ཅན་ལྗོངས་ལ་འབྲེལ་བ་གཏིང་ཟབ་བོ་ཞིག་ཡོད་པ་དེ་བཞིན་གནས་ཡུལ་རྒྱབ་ཁབ་ཁག་ལ་ཡང་འབྲེལ་བ་གཏིང་ཟབ་ཡོད་པས། ཕྱག་ལས་གནང་དུས་རྩ་དོན་འདི་གཉིས་ངེས་པར་དུ་གལ་ཆེན་པོར་འཛིན་དགོས།

 

མངའ་ཁུལ་འདིར་ཡོད་པའི་བོད་རིགས་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག ནང་པའི་ཆོས་ཚོགས་སོགས་ཚོགས་སྡེ་ཆེ་ཆུང་ཚང་མར་རང་ཉིད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པར་ངོས་འཛིན་བྱེད་རྒྱུ་དང་། ཚང་མས་མཉམ་སྦྲེལ་གྱིས་ཕྱག་ལས་གནང་པ་ཡིན་ན་ནུས་པ་ཆེན་པོ་ཞིག་ཐོན་རྒྱུ་ཡིན།

 

ཡར་རྒྱས།

            མངའ་ཁུལ་འདིར་བོད་རིགས་སླེབས་ནས་མི་ལོ་༣༠་ལྷག་འགྲོ་གི་ཡོད་ཀྱང་ང་ཚོར་ད་དུང་དམིགས་ཡུལ་གསལ་བོ་ཞིག་མེད། ང་ཚོས་མ་འོངས་པར་རྒྱུན་གནས་དང་བརྟན་པོ། ནུས་ཤུགས་ལྡན་པ་ཞིག་ཏུ་འགྱུར་བར་འཆར་གཞི་ཞིག་དགོས་ཀྱི་ཡོད། གལ་སྲིད་རང་ཉིད་མངའ་ཁུལ་འདིའི་ཆ་ཤས་སུ་ཡིན་པའི་རྒྱ་ནག་གི་སྲིད་བྱུས་ལ་ཤུགས་རྐྱེན་སྤྲོད་པར་བརྩི་མཐོང་ཅན་དང་ནུས་སྟོབས་ཅན་གྱི་ཚོགས་པ་ཞིག་ཏུ་འགྱུར་དགོས་ན། ང་ཚོས་ད་ལྟ་ནས་འཆར་གཞི་གསལ་བོ་ཞིག་སྒྲིག་དགོས་པར་འདོད། དེ་ལྟར་ཡོང་བར་བཙན་བྱོལ་བོད་གཞུང་ནས་བོད་རིགས་མངའ་ཁུལ་འདིར་གཏོང་བར་དམིགས་ཡུལ་དང་རྒྱབ་ལྗོངས་གང་ཡོད་གསལ་བོར་བཟོ་རྒྱུ་དང་། དམིགས་ཡུལ་དེ་འགྲུབ་པའི་ཆེད་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན།

 

བོད་རིགས་ཚོགས་པ་ཁག་འཛིན་སྐྱོང་བྱེད་སྟངས་ལ་ངེས་པར་དུ་འགྱུར་བ་ཞིག་གཏོང་དགོས་ངེས།འདས་པའི་ལོ་མང་རིང་ཚོགས་འདུ་ཆེ་ཆུང་གང་མང་བསྡུས་ནས་གྲོས་ཆོད་མང་པོ་རི་ལྟར་སྤུངས་ནས་བཞག་ཡོད་པ་རྣམས་ལ་ད་ལྟ་བསྐྱར་ཞིབ་ཀྱིས་དངོས་སུ་ལག་བསྟར་གནང་བའི་དུས་ལ་སླེབས་ཡོད། ལས་དོན་གང་ཅིའི་ཐད་ཡར་རྒྱས་གཏོང་དགོས་པ་ཙམ་དུ་མ་ཟད། ང་ཚོས་དེ་ལྟར་གནང་ཐུབ་པར་ཡིད་ཆེས་གཙང་མ་ཡོད།

 

རང་ཉིད་ཀྱི་འགན་ཁུར་འོག་མངའ་ཁུལ་འདིར་བོད་ཀྱི་ལྟེ་གནས་ཁང[Australasia-Tibet Centre]་ཞིག་འཛུགས་སྐྲུན་ཆེད་དཔལ་འབྱོར་འདུ་འགོད་ཀྱི་‘capital campaign་ལས་འགུལ་ཞིག་སྤེལ་རྒྱུ་ཡིན། ལྟེ་གནས་ཁང་འདི་བཞིན་བོད་རིགས་ཚོགས་པ་ཁག་གི་ཆེད་ཐབས་ཇུས་འདོན་པ་དང་། ཡར་རྒྱས་གཏོང་བ། ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱབ་སྤེལ་གཏོང་པར་ཕྱག་ལས་གནང་སའི་ལྟེ་གནས་ཞིག་ཏུ་འགྱུར་ཐུབ། བོད་མི་གང་མང་མངའ་ཁུལ་འདིར་སླེབས་སྐབས་སྐད་ཡིག་མ་ཤེས་པའི་དཀའ་ངལ་སེལ་ཆེད་དང་། ས་གནས་མི་མང་དང་བོད་རིགས་ཚོགས་པའི་དབར་གྱི་འབྲེལ་བ་གཏིང་ཟབ་ཡོང་པའི་ཆེད་སློབ་སྟོན་ལས་འཆར་ཞིག་(mentor program)གོ་སྒྲིག་བྱེད་རྒྱུ་ཡིན། ལས་འཆར་འདི་ལེགས་འགྲུབ་ཡོང་ཆེད་བོད་རིགས་ཚོགས་པའི་དབུ་ཁྲིད་མཁན་རྣམས་དང་གཞོན་སྐྱེས་ཚོར་དུས་ནས་དུས་སུ་འགོ་ཁྲིད་ཀྱི་ནུས་པ་དང་ཐབས་ཇུས་སྐོར་གྱི་ཟབ་སྦྱོང་སྤྲོད་དགོས་པར་མཐོང་།

 

ལས་འགུལ།

 

བདེན་པ་ནི་ང་ཚོའི་ཕྱོགས་སུ་ཡོད་པའི་རྨང་གཞི་བརྟན་པོ་འདིའི་ཐོག་ང་ཚོར་འབོད་སྒྲ་ཤུགས་ཆེན་པོ་ཞིག་ཡོད། བོད་རིགས་རྣམས་མངའ་ཁུལ་འདིར་གཞི་ཚུགས་པའི་དུས་ཚོད་ཐུང་ཐུང་ཞིག་ལས་མེད་ཀྱང་བོད་རྒྱའི་གནད་དོན་ཆེད་གནས་ཡུལ་གཞུང་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་པར་བློ་སྤོབས་སྐྱེས་ཆོག་པའི་ལོ་རྒྱུས་ཡོད། འོན་ཀྱང་། རྒྱ་ནག་ལ་དཔལ་འབྱོར་དང་ཆབ་སྲིད་གང་ཅིའི་ཐད་ནུས་པ་ཆེན་པོ་ཡོད་པ་དང་ལྷག་པར་དུ་མངའ་ཁུལ་འདིའི་ནང་དམིགས་བསལ་ཅན་ཏུ་གྱུར་ཡོད་སྟབས། ང་ཚོས་ཨོ་སི་ཀྲི་ལི་ཡ་དང་། ནེའུ་ཛི་ལེན་ཌི། ལྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱབ་ཁབ་ཆུང་ཆུང་མང་པོའི་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ལ་ནུས་པ་འཕར་མ་ཞིག་བཏོན་ནས་རྒྱ་ནག་ལ་དཔལ་འབྱོར་གྱི་འབྲེལ་བ་བྱེད་པའི་ཁྲོད་བོད་དོན་ལ་ཕམ་ཉེས་ཤོར་དུ་འཇུག་མི་རུང་།

 

ང་ཚོས་ཐབས་ཇུས་ལྡན་པ་དང་། གནད་ལ་ཁེལ་བའི་ལས་འགུལ་སྤེལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལས་འགུལ་འདི་དག་ཁྲོད་རང་ཉིད་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པས་ངོས་ནས་བོད་ནང་དཀའ་སྡུག་མྱང་དང་མྱོང་བཞིན་པའི་སྲིད་དོན་བཙོན་པ་རྣམས་གང་མགྱོགས་ཀློད་བཀྲོལ་ཡོང་བའི་ཆེད་ལས་འགུལ་ལ་དམིགས་བསལ་ནུས་པ་འདོན་རྒྱུ་ཡིན། ལས་འགུལ་ལ་གྲུབ་འབྲས་དགོས་ན་ས་གནས་དང་མངའ་ཁུལ་གྱི་ཚོགས་པ་ཁག་ཆིག་སྒྲིལ་ཐོག་ཐབས་ཇུས་འདོན་དགོས་པ། རང་ཉིད་ལ་དེ་ལྟར་སྒྲུབ་ཐུབ་པར་འབྲེལ་ལམ་བཟང་པོ་དང་མཉམ་མྱོང་ལེགས་པོ་ཡོད།

 

མདོར་བསྡུས་ན།

མངའ་ཁུལ་འདིའི་བོད་རིགས་ཚོགས་པ་ནང་ཁུལ་ལ་འབྲེལ་ལམ་གནང་དུས་ཕྱི་གསལ་ནང་གསལ་དང་། ཕན་ཚུན་བརྩི་བཀུར། ནུས་པ་ལྡན་པའི་འཛིན་སྐྱོང་ཐོག་བྱེད་རྒྱུ།

བོད་རིགས་དང་མངའ་ཁུལ་འདིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། སྲིད་དོན་མི་སྣ། བོད་དོན་རྒྱབ་སྐྱོར་ཚོགས་པ། ནང་པའི་ཆོས་ཚོགས་ཁག ལྷག་པར་བཙན་བྱོལ་བོད་གཞུང་བཅས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ།

བཙན་བྱོལ་བོད་གཞུང་ནས་བོད་རིགས་མངའ་ཁུལ་འདིར་གཏོང་བར་དམིགས་ཡུལ་དང་རྒྱབ་ལྗོངས་གང་ཡོད་གསལ་བོར་བཟོ་རྒྱུ་དང་། དམིགས་ཡུལ་དེ་འགྲུབ་པའི་ཆེད་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན།

ལས་དོན་འདི་དག་དངོས་སུ་ལག་བསྟར་བྱས་ནས་མ་འོངས་རྒྱུན་རིང་པོར་བོད་རིགས་ཚོགས་པ་ཁག་བརྟན་པོ་དང་སྟོབས་ཤུགས་ཅན་ཞིག་ཏུ་བསྒྱུར་རྒྱུ།

བོད་དོན་ཆེད་ནུས་པ་ཐོན་པའི་ལས་འགུལ་སྤེལ་ནས་མངའ་ཁུལ་འདིའི་རྒྱབ་ཁབ་རྣམས་རྒྱ་ནག་ལ་དཔལ་འབྱོར་གྱི་འབྲེལ་ལམ་བྱས་པའི་ཁྲོད་བོད་དོན་ལ་ཕམ་ཉེས་ལ་ཤོར་དུ་མི་འཇུག་པ་བཅས་ཡིན།

 

                                      བློ་བཟང་ལུང་རྟོགས་ནས།

                           ཕྱི་ལོ་༢༠༡༥་ཕྱི་ཟླ་བརྒྱད་པར་གསལ་བསྒྲགས་བྱས་པ་ཡིན།

ངོ་སྤྲོད།

Post navigation

Previous Post: མཁས་དབང་བློ་བཟང་སེང་གེ་ལཊ་ཀྱིས་སྲིད་སྐྱོང་དམ་འབུལ་མ་གནང་གོང་ཁང་པ་གཙང་ཉོ་གནང་བ་དེ་བོད་མིའི་གཟི་བརྗིད་རེད།
Next Post: ཚོར་བ་ཐེད་པོ།

Comments (4) on “ཨོ་སེ་ཀྲོ་ལེ་ཞི་ཡའི་ཁུལ་གྱི་སྤྱི་འཐུས་འོས་མི་བློ་བཟང་ལུང་རྟོགས།”

  1. ཀརྨ་བློ་གསལ་ says:
    2015-08-17 at 4:51 am

    བློ་བཟང་ལུང་རྟོགས་དང་ཁ་བརྡའི་ནང་ཟུར་མཆན་འགོད་མཁན་ལུང་རྟོགས་གཉིས་མི་གཅིག་ཡིན་མིན་གསལ་བཤད་ཅིག་ཡོད་པ་ཞུ།

  2. ཁ་བརྡ་རྩོམ་སྒྲིག་པ། says:
    2015-08-17 at 11:28 am

    ཀརྨ་བློ་གསལ་ལགས་ཀྱི་དྲི་བའི་ཐད་ནས་ཞུས་ན།

    ཁོང་གཉིས་ཀྱི་མིང་ཙམ་འདྲ་མཚུངས་ཡིན་པ་མ་གཏོགས། སོ་སོའི་གནས་ཡུལ་བབ་གསུམ་ནི་གཏན་ནས་ཐ་དད་རེད། དེ་དང་དུས་མཚུངས་སུ་མཁྱེན་ཡངས་རྒྱ་ཆེའི་ཀློག་པ་པོ་རྣམ་པ་ཚོར་བསྐྱར་ཞུའི་རེ་སྐུལ་ཞིག་ཞུས་ན།

    རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མི་ཡོང་བ་ལ་འབད་བརྩོན་གནང་རོགས་ཞུ་བ་དང་། རྩོམ་མཁན་སུ་ཞིག་གི་ལྟ་བ་དང་བསམ་ཚུལ་ཐམས་ཅད་ལ་ཚང་མས་གཅིག་མཚུངས་ངང་མོས་མཐུན་བྱེད་དཀའ་བ་ཡོང་ངེས་ཀྱང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་གནད་ཀྱི་དོན་པོ་ཞིག་ཡིན་པས། དེ་དོན་དགོངས་འཇགས་གནང་ཡོང་གི་རེ་སྐུལ་བསྐྱར་ནན་ཞུ་ཞུ།
    ཐུགས་རྗེ་ཆེ།

  3. ཨ་ཁུ་ནོར་བུ་ says:
    2015-08-17 at 4:27 pm

    ཁྱེད་སྤྱི་མཐུས་ལ་ཕེབས་པ་བཀྲིས་བདེ་ལེགས་ཞུ་ གལ་སྲིད་ཁྱེད་སྤྱི་མཐུས་ཐོབ་ན་ཡིན་གཅིག་མིན་གཅིག་ཚིག་གསར་པ་མང་པོ་སྦྱང་དགོས་ དཔེ་ན་མི་ལ་ གང་ཟག་ཟེར་དགོས་པ་དང་ ཚོགས་རར་སྐྱིལ་འཁོར་ ཚོགས་འདུ་ཚོགས་བཞིན་པ་ལ་ ཚོགས་འདུ་འགྲོ་བཞིན་པ་དང ལས་འགུལ་འགྲོ་བཞིན་པ་ཟེར་དགོས་ ལྷག་པར་དུ་གསུང་བཤད་གནང་སྐབས་བྱེད་སྒྲ་དང་ འབྲེལ་སྒྲ་གཉིས་རྩིག་གསུམ་རྩིག་རྒྱབ་དགོས་ དཔེ་ན་ ངས་ཀྱིས་ ང་ཚོས་ཀྱིས་་་ བོད་པའི་ཀྱི་ རྒྱ་མིས་ཀྱིས་སོགས་གང་མང་མང་གསུང་རྒྱུ་དགོང་མཇགས་ཡོང་བ་ཞུ།།

  4. Rinchen Dhondup says:
    2015-08-20 at 12:19 am

    ཨོསིཊིརླིཡ་དང་ནེའུ་ཛེ་ལན་ཌ། ལྷོ་ཤར་ཨེ་ཤ་ཡའི་ས་ཁུལ་གཞན་ཁག་ཅིག་བཅས་ཀྱི་སྤྱི་འཐུས་སུ་སྐུ་ཞབས་བློ་བཟང་ལུང་རྟོགས་ལགས་འོས་ཤོག་ཐོབ་ཚེ། དངོས་གནས་ཡག་པོ་ཡོད་རེད། ཁོང་ནི་གནའ་དེང་གི་ཤེས་ཡོན་གང་སྤྱིར་མཁྱེན་རྒྱ་ཡངས་ཤིང་། བོད་དོན་ལས་འགུལ་སྤ྄ེལ་རྒྱུར་ཉམས་མྱོང་ཟབ་པའི་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་དཔའ་རྒོད་ཞིག་ཀྱང་རེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme