Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་སེ་ཀྲོ་ལི་ཤ་ཡའི་སྤྱི་འཐུས་འོས་མི་བསམ་འགྲུབ་ཚེ་རིང་།

Posted on 2015-10-062015-10-06 By ཁ་བརྡ 1 Comment on ཨོ་སེ་ཀྲོ་ལི་ཤ་ཡའི་སྤྱི་འཐུས་འོས་མི་བསམ་འགྲུབ་ཚེ་རིང་།

unnamed-1—-བསམ་འགྲུབ་ཚེ་རིང་།

 
སྐྱེས་ཡུལ་: མངའ་རིས་སྤུ་ཧྲེང་།
༡༽ བོད་དོན་དྲིལ་བསྒྲགས་ལས་འགུལ་ནུས་ཤུགས་ཆེ་རུ་གཏང་རྒྱུ། ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་ནི་འཚེ་མེད་ཞི་བ་དང་དྲང་བདེན་ཡིན་ཞིང་། དམིགས་ཡུལ་གཞིས་བྱེས་མཉམ་འཛོམས་ཀྱིས་རང་དབང་ཞི་བདེ་དཔལ་ལ་སྤྱོད་པའི་འཁོར་ཡུག་ཅིག་བསྐྲུན་རྒྱུ་དེ་དང་། དམིགས་ཡུལ་དེ་སྒྲུབ་བྱེད་ཐབས་ལམ་གཙོ་བོ་ནི་བོད་མི་སྒེར་སོ་སོར་རྒྱ་གཞུང་གི་ཁ་གཏད་གཅོག་རྒྱུ་ཡོད་པའི་ནུས་པ་ཞིག་ཡོད་པ་དེ་དང་ཞི་བདེ་རང་དབང་ལ་དགའ་བའི་འཛམ་གླིང་སྤྱི་སྒེར་སོ་སོར་ཡོད་པའི་ནུས་པ་དེ་གཉིས་ཡིན། དེ་ལྟ་བུའི་ནུས་པ་སད་ཐབས་དང་། བོད་དོན་འཐབ་རྩོད་ལ་ཁ ཕྱོགས་འགྱུར་བའི་ཐབས་མཆོག་གཅིག་པུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཡིན་པ་ངོས་འཛིན་ཞུ་གི་ཡོད། ལས་འགུལ་དེ་ནི་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དེ་སྲིད་ལས་འགུལ་དེ་མི་རབས་ནས་མི་རབས་གནས་རྒྱུ་གལ་འགངས་དེ་བས་ཤིན་ཏུ་ཆེ། ལས་འགུལ་རྒྱུན་འཁྱོངས་མ་ཐུབ་ན་བོད་ནང་རང་དབང་དང་། བོད་མི་རིགས་གསོན་པོར་གནས་རྒྱུ་ཕར་ཞོག་ འཛམ་གླིང་ནང་དཔེ་མཛོད་དེབ་རྙིང་གི་ཁྲོད་དུ་ལྷག་པ་ཙམ་མ་གཏོགས། བོད་མི་རིགས་ཀྱི་རིགས་གཞུང་བླ་སྲོག་གི་ཞིང་ས་གསོན་པོ་དེ་རང་བཞིན་ཉེན་ཚབ་ཆེ་བའི་གནས་སུ་མཐོང་།

༢༽ ས་གནས་བོད་རིགས་མཐུན་ཚོགས་ས་བརྟན་དང་། ཆིག་བསྒྲིལ་ལས་འཆར་ཚགས་ཚུད་ཡོང་ཐབས་དང་། ས་གནས་སོ་སོའི་ནང་བོད་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་ནུས་ཤུགས་ཆེ་རུ་གཏོང་བ་དང་། བོད་ཀྱི་སྐད་ཡིག་དང་། ནང་ཆོས་རིགས་གཞུང་བཅས་འཛིན་སྐྱོངས་སྤེལ་གསུམ་གྱིས་ལས་འཆར་ཁག་སྤེལ་རྒྱུས་མཚོན། དགྲ་བོར་ཁ་གཏད་གཅོག་རྒྱུར་སྣེ་ཁྲིད་འགན་འཁུར་བྱ་རྒྱུ་གལ་འགང་ཆེན་པོས་འབད་བརྩོན་ཞུ་རྒྱུ། དེ་མིན་ལོ་འཁོར་མའི་ནང་རྡ་སར་སྤྱི་འཐུས་གྲོས་ཚོགས་རྭ་བའི་ནང་ལས་དོན་སྙན་སྒྲོན་ཞུ་ཡས་གང་ཡང་མི་མངོན་སྙམ།

༣༽ བོད་རིགས་གནས་སྡོད་ས་གནས་སོ་སོའི་བོད་རིགས་མི་མང་ལ་དཀའ་སེལ་ལམ་སྟོན་ཆེད་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་བཙུག་རྒྱུ་དང་དེའི་འགན་རྐང་ངོས་རང་ནས་འཁྱེར་རྒྱུ་བཅས་དམིགས་འདུན་ཆེ།

མཐའ་དོན་དུ་ངོས་རང་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་འདས་པའི་མི་ལོ་སུམ་ཅུ་ ༣༠ ལྷག་ཙམ་རིང་ཨོ་གླིང་ཞི་བའི་གྲོང་ཁྱེར་ཆེན་པོ་མེལ་སྦོན་འདིར་རང་མི་རིགས་ཀྱི་ལ་རྒྱ་དང་། བརྩི་མཐོང་མ་འདོར་བའི་སྒོ་ནས་བོད་ཀྱི་བསྟན་སྲིད་ཆེད་མ་བསྐུལ་དང་བླངས་ཐོག་སྔ་ཕྱི་འགན་འཁུར་བགྱིས་ལས་སྣེ་མང་པོ་ཞིག་གིས་ཉམས་མྱོང་ཕྱོགས་བསྡོམས་ཀྱིས་ངོས་རང་ཉིད་ལ་བློ་སྤོབས་ཡིད་ཆེས་འཕེར་ངེས་ཤིང་། ད་ཆ་སྐུ་ཉིད་ཀྱིས་རེ་བའི་འོས་ཤོག་ཆུན་མོ་དེ་ཡང་དེ་བས་ཆུས་ཟོས་སུ་མ་འགྲོ་བའི་སྤྱི་དོན་རྣམ་པར་དག་པའི་རྒྱུ་རུ་སྨིན་པའི་འགན་ལེན་ཞུ་འཐུས་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་བཅས། །

ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༧ ཉིན་ལྷ་དཀར་ཀྱི་ཟླ་ཚེས་དགེ་བ་ལ།

ངོ་སྤྲོད།

Post navigation

Previous Post: ལྷིང་འཇགས་ཆགས་པ་མ་རེད་ཉི་མ་བསྐྱལ་བ་རེད་དོ།
Next Post: བདེན་པའི་འགྱུར་ཁུགས། ༼གླུ་གཞས།༽

Comment (1) on “ཨོ་སེ་ཀྲོ་ལི་ཤ་ཡའི་སྤྱི་འཐུས་འོས་མི་བསམ་འགྲུབ་ཚེ་རིང་།”

  1. ཀརྨ་བློ་གསལ་ says:
    2015-10-08 at 9:04 am

    ཁོང་ནི་ཨོ་སི་ཁྲི་ལི་ཡའི་རྟ་མཆོག་ཅིག་ཡིན། གྲོང་ཁྱེར་མེལ་བྷམ་དུ་བཞུགས་པའི་བང་རྩལ་ཅན་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme