Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་སི་ཁྲོ་ལེ་ཡའི་གྲོས་ཚོགས་གོང་འོག་ནང་བོད་དོན་ཞུ་གཏུགས་སྤེལ་བ།

Posted on 2016-03-032016-03-03 By ཁ་བརྡ 3 Comments on ཨོ་སི་ཁྲོ་ལེ་ཡའི་གྲོས་ཚོགས་གོང་འོག་ནང་བོད་དོན་ཞུ་གཏུགས་སྤེལ་བ།

གནས་ཚུལ་མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།

 
ཨོ་སི་ཁྲོ་ལེ་ཡའི་བོད་དོན་ལས་འགུལ་ལྷན་ཁང་གིས་གོ་སྒྲིག་འོག ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༨ ནས་ཕྱི་ཟླ་ ༣ ཚེས་ ༡ ཉིན་བར་ཨོ་སི་ཁྲོ་ལེ་ཡའི་རྒྱལ་ས་ཁམ་བྷེ་ར་ནས་གཞུང་གི་ཕྱི་སྲིད་ལྷན་ཁང་གི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་སྡེ་དང་གྲོས་ཚོགས་གོང་འོག་གཉིས་དང་ལྗང་ཁུ་ཚོགས་པ་བཅས་གཞུང་གི་གནད་ཡོད་མི་སྣ་བཞི་དང་གྲོས་ཚོགས་འཐུས་མི་སུམ་ཅུ་སོ་གཉིས་ལ་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ཀྱི་ཁོར་ཡུག་གི་གནས་བབ་སོགས་ཀྱི་ཐད་ནས་བོད་དོན་ཞུ་གཏུགས་ལས་འགུལ་ཐེངས་ལྔ་པ་སྤེལ་བ།

unnamed-4

ཐེངས་འདིའི་ཞུ་གཏུགས་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཨོ་སི་ཁྲོ་ལེ་ཡའི་གྲོང་ཁྱེར་ཁག་དྲུག་ནས་བོད་དོན་ལ་དམིགས་བསལ་དོ་སྣང་ཡོད་པའི་གཞོན་སྐྱེས་ཤེས་ཡོན་ཅན་དང་ལས་འགུལ་བ། བོད་རིགས་མཐུན་ཚོགས་ཁག་གི་ཚོགས་གཙོ་བཅས་ཁྱོན་མི་སྣ་བཅུ་དྲུག་མཉམ་ཞུགས་བྱས་འདུག
ཨོ་སི་ཁྲོ་ལེ་ཡའི་བོད་དོན་ལས་འགུལ་ཁང་གི་ལས་འགུལ་འཛིན་གདོང་འདུས་སྐྱིད་འཛོམགས་ལགས་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་འདི་མུ་མཐུད་རྒྱུན་སྐྱོང་བྱེད་དགོས་དོན་ཐད་ནས་བརྗོད་དོན། རྒྱ་གཞུང་གིས་ག་དུས་ཡིན་ན། ཨོ་སི་ཁྲོ་ལེ་ཡའི་གཞུང་དང་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་འགྲོ་སོང་ཆེན་པོ་བཏང་ནས་བོད་ཀྱི་གནད་དོན་ཐད་ལ་འཁྱོག་བཤད་རྐྱང་རྐྱང་བྱས་དང་བྱེད་བཞིན་པ་ཡིན་དུས། ཨོ་སི་ཁྲོ་ལེ་ཡར་གནས་སྡོད་བོད་མི་མང་ཆེས་ཤོས་ནི་ཆབ་སྲིད་བཙོན་ཟུར་རྐྱང་རྐྱང་རེད།

unnamed-5དེ་འདྲ་ཡིན་དུས་གདུག་རྩུབ་ཅན་གྱི་རྒྱ་གཞུང་གི་སྲིད་བྱུས་ལ་ལུས་སེམས་གཉིས་ཀའི་ཐོག་ནས་ཉམས་མྱོང་ཆ་ཚང་བསགས་ཡོད་དུས། བོད་ནང་གི་གནས་བབ་ག་འདྲ་ཞིག་ཡིན་པ་དངོས་ཡོད་ཀྱི་ཐོག་ནས་ཁུངས་སྐྱེལ་ཐུབ་ཀྱི་ཡོད་རེད་ལ། དེ་བཞིན་བོད་ཀྱི་ཁོར་ཡུག་གི་གནས་བབ་དང་ཆབ་སྲིད་བཙོན་པའི་གནས་སྟངས། འབྲོག་པ་གནས་སྤོར་གྱི་དཀའ་ངལ་སོགས་རེ་རེར་བཞིན་དངོས་ཡོད་གནས་ཚུལ་གང་ཡིན་པ་ཞུ་གཏུགས་བྱེད་སྐབས། གཞུང་དང་གྲོས་ཚོགས་འཐུས་མི་ཚོས་བོད་ཀྱི་དཀའ་ངལ་ངོ་མ་ཤེས་རྟོགས་ཐུབ་ཀྱི་ཡོད་རེད། དཔེར་ན། ཞུ་གཏུགས་མགོ་བཙུགས་ནས་ད་ལྟའི་བར་བོད་ཀྱི་གནད་དོན་སྐོར་ལ་ཚོགས་འདུ་ ༢༠༠ ལྷག་ཅིག་འཚོགས་ཐུབ་ཡོད་རེད། གྲོས་ཚོགས་གོང་འོག་དང་ལྗང་ཁུ་ཚོགས་པ་སོགས་ཀྱི་ནང་དུ་བོད་དོན་གླེང་སློང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཞུ་གཏུགས་ལས་འགུལ་གལ་འགངས་ཆེན་པོ་མཐོང་ནས་རྒྱུན་སྐྱོང་བྱེད་དགོས་པ་དེ་རེད། ཅེས་འགྲེལ་བརྗོད་གནང་སོང་།
དེ་མཚུངས་ཨོ་སི་ཁྲོ་ལེ་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་སུ་ཞུ་གཏུགས་ལས་འགུལ་འདི་ལ་ཕན་ནུས་ག་འདྲ་ཡོད་མེད་བཀའ་འདྲི་ཞུས་སྐབས་ཁོང་གིས་གསུང་དོན། གོ་སྒྲིག་གནང་མཁན་ན་ཆ་མཚོན་ན། བོད་དོན་རྒྱབ་སྐྱོར་བ་ཤུགས་ཆེ་ཤོས་དང་རྒྱུན་རིང་ཤོས་ཡིན་པའི་ཆ་ནས་ཁོང་ཚོའི་བོད་དོན་ལ་རྒྱབ་སྐྱོར་གྱིས་ཕྱག་ལས་གནང་དང་གནང་བཞིན་པར་བསྔགས་བརྗོད་ཡོད། མ་ཟད་བོད་དོན་ཞུ་གཏུགས་ལས་འགུལ་འདི་རྒྱུན་མཐུད་ནས་ཨོ་སི་ཁྲོ་ལེ་ཡའི་གཞུང་དང་གྲོས་ཚོགས་ནང་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ཉམས་མྱོང་དང་ལོ་རྒྱུས་ཀྱིས་བོད་ཀྱི་གནས་བབ་དངོས་གནས་དེ་རྒྱུ་མཚན་ཁུངས་ལུང་ལྡན་པའི་ཐོག་ནས་འགྲེལ་བརྗོད་གནང་སའི་སྡིངས་ཆ་ཞིག་བསྐྲུན་པ་དེས་བོད་ཀྱི་ཛ་དྲག་གི་གནས་སྟངས་དེ་གསལ་བོ་བཟོ་བྱེད་ཀྱི་ཐབས་ལམ་ཡག་ཤོག་ཤིག་ཡིན་པས། མུ་མཐུད་ནས་མཇུག་སྐྱོང་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

unnamed-7གཞན་ཡང་ཨོ་སི་ཁྲོ་ལེ་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་ཀྱིས་ཞུ་གཏུགས་ལས་འགུལ་འདི་ལ་གཟིགས་ཚུལ་གསུང་དོན། ང་རང་ཡིན་ན་བོད་དོན་ཞུ་གཏུགས་ལས་འགུལ་འདིའི་ནང་ཐེངས་སྔ་ཕྱི་མང་པོར་མཉམ་ཞུགས་བྱེད་མྱོང་ཡོད། གང་ཡིན་ཟེར་ན། ཞི་བའི་སྐད་འབོད་དང་རིག་གཞུང་གི་འཁྲབ་སྟོན། ཟས་བཅད་ཞི་རྒོལ་ལ་སོགས་པའི་ལས་འགུལ་གྱི་རིགས་རྣམ་གྲངས་མང་པོ་ཡོད་རེད་དེ། དེའི་ནང་ནས་གནད་ལ་འཁེལ་བའི་ལས་འགུལ་ནི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་འདི་ཡིན་པ་ངོས་འཛིན་གསལ་བོ་བྱུང་། དེ་འདྲ་ཡིན་དུས། རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་ཞུ་གཏུགས་ལས་འགུལ་གལ་ཆེན་པོ་བརྩི་ཡི་ཡོད། ལྷག་པར་དུ་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་བོད་ནང་གི་དཀའ་ངལ་ངོ་མ་དེ་ཉམས་མྱོང་གི་ཐོག་ནས་གྲོས་ཚོགས་འཐུས་མི་ཚོར་ངོ་སྤྲོད་བྱེད་ཡོང་དུས། རྒྱ་གཞུང་གི་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ཀྱི་གདོང་རིས་ངོ་མ་དེ་གསལ་སྟོན་བྱེད་ཐུབ་པས་ན། མ་འོངས་པ་ན་ལས་འགུལ་འདིའི་ཚགས་ཇེ་ཚུད་དུ་གཏོང་དགོས་པ་གལ་ཆེན་པོ་མཐོང་གི་ཡོད་ཅེས་བརྗོད་སོང་།

ཕྱི་ཟླ་ ༢ ཚེས་ ༢༨ དང་ ༢༩ སོ་སོར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་ཀྱི་ཁོར་ཡུག་གི་གནས་བབ་སྐོར་ནས་གྲོས་ཚོགས་འཐུས་མི་དྲུག་གིས་གླེང་སློང་ཤུགས་ཆེན་པོ་གནང་སྟེ་བོད་ཀྱི་ཁོར་ཡུག་གིས་མཚོན་པའི་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་འགྱུར་བསྟན་པ་མ་ཟད། ཕྱི་ཟླ་ ༣ ཚེས་ ༡ ཉིན་གྱི་ཞོགས་པར་ཨོ་སི་ཁྲོ་ལེ་ཡའི་ཕྱི་སྲིད་ལྷན་ཁང་གི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་སྡེ་ཚན་འགན་འཛིན་སྐུ་ཞབས་བྷོ་ཁྲོན་(Broughton Robertson)སོགས་དཔོན་པོ་མཐོ་ཤོས་བཞི་ལ་ཆབ་སྲིད་བཙོན་ཟུར་བློ་བཟང་ལུང་རྟོགས་དང་ཚེ་རིང་རྡོ་རྗེ། དོན་གྲུབ་ཚེ་རིང་དང་རྨེའུ་དཀོན་རྒྱམ་བཅས་ཀྱི་སོ་སོའི་མྱོང་བ་རྣམས་གཞིར་བཞག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ཆབ་སྲིད་བཙོན་པའི་དཀའ་ངལ། རྒྱ་གཞུང་གི་ཁྲིམས་དང་ལག་ལེན་གཉིས་ཀྱི་བར་ལ་འགལ་ཟླ་ཆེན་པོ་ཡོད་པའི་སྐོར་ནས་འགྲེལ་བརྗོད་བྱེད་སྐབས་སུ། སྐུ་ཞབས་བྷོ་ཁྲོན་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་སུ་རྒྱ་གཞུང་ལ་འབོད་སྐུལ་དང་ཉམས་ཞིབ་སྔར་ལས་ལྷག་པར་བྱེད་རྒྱུ་མ་ཟད། གདུང་སེམས་མཉམ་བསྐྱེད་ཡོད་སྐོར་བརྗོད་སོང་།

unnamed-6

ཡང་ཉིན་དེའི་དགོང་མོར་བོད་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ལེ་ས་(Senator Lisa Singh)ལགས་ཀྱིས་གྲོས་ཚོགས་ནང་ང་དེ་རིང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་གཞོན་སྐྱེས་ལས་འགུལ་བ། བོད་རིགས་མཐུན་ཚོགས་ཁག་གི་འགོ་ཁྲིད་སོགས་ལ་མཇལ་འཕྲད་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་ཁོར་ཡུག ཆབ་སྲིད་བཙོན་པའི་གནས་བབ་སྐོར་ནས་གྲོས་བསྡུར་བྱས་པ་ཡིན། སྐབས་དེར་ཁོང་ཚོའི་མྱོང་བ་དང་འབོད་སྒྲ། རེ་བ་དང་དངོས་ཡོད་གཏམ་རྒྱུད་སོགས་ཀྱིས་བོད་ཀྱི་འདས་པའི་དཀའ་སྡུག ད་ལྟའི་ཛ་དྲག་གི་གནས་བབ། མ་འོངས་པའི་ཉེན་ཁ་བཅས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་འདུག་པས། ཨོ་སི་ཁྲོ་ལེ་ཡའི་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིའི་དྲང་བདེན་དང་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྲུབ་འབྲས་ལྡན་པ་ཞིག་གནང་རོགས་ཞེས་འབོད་སྐུལ་ཤུགས་ཆེན་གནང་སོང་།

https://www.youtube.com/watch?v=0vOowMwqah4

https://www.facebook.com/mey.kungam/media_set?set=a.10151583992214818.1073741859.534104817&type=3

གསར་འགྱུར།

Post navigation

Previous Post: དྲང་བདེན་མིན་པའི་འོས་བསྡུ།
Next Post: རང་སྲེག་འགོག་རོགས།

Comments (3) on “ཨོ་སི་ཁྲོ་ལེ་ཡའི་གྲོས་ཚོགས་གོང་འོག་ནང་བོད་དོན་ཞུ་གཏུགས་སྤེལ་བ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-03-04 at 12:16 am

    ་་་་་་་་་་མཇལ་འཕྲད་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་ཁོར་ཡུག ཆབ་སྲིད་བཙོན་པའི་གནས་བབ་སྐོར་ནས་གྲོས་བསྡུར་བྱས་པ་ཡིན། སྐབས་དེར་ཁོང་ཚོའི་མྱོང་བ་དང་འབོད་སྒྲ། རེ་བ་དང་དངོས་ཡོད་གཏམ་རྒྱུད་སོགས་ཀྱིས་བོད་ཀྱི་འདས་པའི་དཀའ་སྡུག ད་ལྟའི་ཛ་དྲག་གི་གནས་བབ། མ་འོངས་པའི་ཉེན་ཁ་བཅས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་འདུག་་་་་་་་་་་

  2. རྒྱ་ཞིང་མྱི་དཀར། says:
    2016-03-04 at 2:42 am

    ཐུགས་རྗེ་ཆེ།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-03-06 at 1:25 pm

    ཇེ་ཝེན་ནང་གི བོད་མིས།
    https://www.facebook.com/SFTTW.Fans/videos/10152624164010780/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme