Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་ཤོའི་(དངུལ་དང་འཁྲིག་སྤྱོད་ཀྱི་ནུས་པ།)

Posted on 2015-12-142015-12-14 By ཁ་བརྡ 15 Comments on ཨོ་ཤོའི་(དངུལ་དང་འཁྲིག་སྤྱོད་ཀྱི་ནུས་པ།)

 

ཨོ་ཤོའི་(དངུལ་དང་འཁྲིག་སྤྱོད་ཀྱི་ནུས་པ།) (sex and money power)

དབྱིན་ཡིག་བརྩམས་ཆོས་ལས ། ཝར་ཎཱ་ཧིན་རྡུ་གཙུག་ལག་སློབ་གྲྭ་ཆེན་མོ།

བློ་བཟང་གིས་བསྒྱུར །

ཆོས་ལུགས་ཚང་མས་འཁྲིག་སྤྱོད་ནི་རྒྱལ་འགལ་དུ་འདོད། རྒྱུ་མཚན་འཁྲིག་སྤྱོད་ཀྱིས་ཁྱོད་རང་ཡ་ང་བ་ཞིག་ཏུ་བཟོ། འཁྲིག་སྤྱོད་ཀྱིས་ཁྱེད་རང་ཚོར་བའི་ཉེས་ཅན་ཏུ་བཟོ། འཁྲིག་སྤྱོད་ཀྱིས་ཁྱེད་རང་ལས་འབྲས་ལོག་སྤྱོད་པ་ཞིག་ཏུ་དེ་བས་ཀྱང་བཟོ་བར་འདོད།

unnamed-2འཚོ་བའི་བདེན་པ་གཞི་རྩ་འཇོག་ས་གཙོ་བོ་གཅིག་སྟེ་འཁྲིག་སྤྱོད་ཡིན། དེའི་ཕྱིར་གལ་ཏེ་འགའ་རེེས་དེ་ནི་ཁྲིམས་འགལ་ཞིག་ཏུ་བརྗོད་ན། ཁོས་ཁྱོད་དཀའ་རྙོག་ནང་དུ་བཅུག་ཅིང་ཇི་སྲིད་རྣམ་རྟོག་མ་སེལ་བ་དེ་སྲིད་དུ་སྡུག་བསྔལ་དེ་ལས་ཐར་མི་ཐུབ། ནམ་ཞིག་བློའི་མུན་པ་སེལ་སོང་ན་དེ་དུས་དཀའ་རྙོག་དེ་ལས་གྲོལ་དགོས་པ་ཞིག་ཀྱང་མེད། དོན་དངོས་སུ། ཁྱོད་ཀྱིས་བསམ་གཞིགས་བྱེད་པ་ཇི་ལྟར་གཏིང་ཟབ་ན་དེ་ལྟར་མུན་པ་སེལ་རྒྱུ་ལས་སླ་མོར་ངེས། རྒྱུ་མཚན་ནི་མི་ཞིག་བརྩེ་དུང་ནང་དུ་ཇི་ལྟར་གཏིང་ཟབ་འཛུལ་བ་ལྟར་སྒོམ་སྒྲུབ་ལ་གནས་ཐུབ་ལ། ཡུད་ཙམ་གྱི་ཆེས་དཔོག་དཀའ་བའི་བརྩེ་དུང་དེར་ཡུད་ཙམ་སྣང་བའི་མཉམ་གཞག་ལ་གནས་ཐུབ་པའི་ཕྱིར་རོ།

དེ་ནི་སྒོམ་ཇི་ལྟར་མངོན་རྟོགས་བྱེད་པ་དེ་ཡིན། དེར་བརྟེན་སྐབས་ལ་རེར་བརྩེ་དུང་གི་བྱ་གཞག་གཏིང་ཟབ་པའི་ནང་དུ་གློ་བུར་དུ་ཁྱོད་ཀྱི་དྲན་ཤེས་མི་སྣང་བ་འགྱུར་སྲིད། དེར་བསམ་བློ་དང་། དུས་ཚོད། སྟོང་ཆ་སོགས་གང་ཡང་མེད་པར་ཡོད་ཚད་ཧྲིལ་བོ་གཅིག་ཏུ་ཆགས་པ་ཡིན། མི་རྣམས་ཀྱིས་ཡུད་ཙམ་གྱི་སྣང་ཚུལ་དེ་དག་ཁོ་ཚོའི་དྲན་ཤེས་ལ་ཉར་ཞིང་། དེ་དག་རང་བཞིན་གྱིས་བཅོས་མ་མ་ཡིན་པ་དང་ཁེར་རྐྱང་གི་ཚོར་བའི་མ་བཟི་བར་འབད་པས་སྒྲུབ། རྒྱུ་མཚན་དེ་ནི་སྐད་ཅིག་མ་ཞིག་དང་གཞན་པ་ཞིག་ལ་བརྟེན་དགོས་པའི་ཕྱིར། ཇི་ལྟར་ཡུད་ཙམ་གྱི་སྣང་བ་སྟེ་རྟག་བརྟན་འགྱུར་མེད་ཞིག་ཏུ་འབད་པས་སྒྲུབ་ན། དེ་ནི་དེ་བཞིན་དུ་རང་སོར་གནས་ལ་ཁྱོད་ཀྱི་རང་བཞིན་ལྟ་བུ་འགྱུར་ཐུབ།

ཆོས་ལུགས་པའི་འཁྲིག་སྤྱོད་ལ་ཁ་གཏད་གཅོག རྒྱུ་མཚན་ནི་དུས་རབས་ཕྱི་མ་བ་འདིའི་ནང་མི་རྣམས་ཆེས་སྤྲོ་སྣང་སྤེལ་བ་དེ་འཁྲིག་སྤྱོད་ཡིན་པ་རྟོགས་ཤིང་། དེ་བཞིན་དུ་ཕྱི་རབས་པའི་སྤྲོ་སྣང་དེ་ཆོས་ལུགས་པའི་དུག་དང་མཚུངས་པར་ངོས་འཛིན་བྱེད།
གང་ལྟར་ཁྱོད་ཀྱིས་ཁོའི་སྤྲོ་བ་དང། བསམ་བློ་སོགས་ཡོད་ཚད་དུག་དང་། ཁྲིམས་འགལ། སྡིག་པ་སོགས་སུ་བཟུང་ཕྱིན་ཆད་ཁོ་དེ་ལ་རྩ་བ་ནས་ཞེན་པ་ལོག་ཞིང་། དུས་དེ་ནས་བཟུང་ཁོའི་བསམ་བློའི་ཁ་ཕྱོགས་གཞན་ཞིག་ཏུ་འགྱུར་ཞིང་དམིགས་འདུན་དང་ལྡན་པ་ཞིག་ཆགས་ངེས་ཡིན།

འཁྲིག་སྤྱོད་ཀྱིས་ཡོངས་སུ་ཁ་ལོ་བསྒྱུར་ཟིན་པའི་མི་ཞིག་ལ་དམིགས་ཡུལ་གཏན་པོ་ཞིག་མེད། རྒྱུ་མཚན་ནི་དཔེར་ན། ཁོ་ལ་སྲིད་འཛིན་དང་སྲིད་བློན་ཆགས་རྒྱུའི་འདུན་པ་དང་ཆོད་སེམས་མེད་པའི་ཕྱིར། རྒྱུ་མཚན་ཅིའི་ཕྱིར་དམིགས་འདུན་ལྡན་པ་ཞིག་ཏུ་ཆགས་པའི་ནུས་སྟོབས་དེ་འཁྲིག་སྤྱོད་ཀྱིས་དབང་གནོན་བྱེད་པ་རེད། འཁྲིག་སྤྱོད་ལ་རང་དབང་ཐོབ་ཟིན་པ་ཞིག་ཡིན་ན་ཁོ་གང་ཞིག་ཏུ་འགྱུར་བར་འབད་བརྩོན་མི་བྱེད་ལ། གང་ལྟར་ཁོའི་འཚོ་བ་དེ་མཛེས་སྡུག་ལྡན་པར་རོལ་བ་ཡིན། ཅིའི་ཕྱིར་ཁོ་དངུལ་གྱི་བང་མཛོད་ལ་སུན་སྣང་བྱེད།
དངུལ་ནི་ཚབ་མཚོན་ཙམ་ཞིག་རེད། ཁྱོད་ལ་བརྩེ་དུང་མ་ཐོབ་པའི་སྐབས་དེར་དངུལ་གྱི་བང་མཛོད་དེ་ཡང་ཐོབ་མི་ཐུབ། ཁྱོད་ཀྱིས་ནམ་ཡང་བྱམས་སེམས་ཅན་གྱི་དངུལ་གསོག་མཁན་ཞིག་འཚོལ་མི་ཐུབ་ལ། དངུལ་གསོག་མཁན་བརྩེ་སེམས་ཅན་ཞིག་དེ་བས་ཀྱང་འཚོལ་མི་ཐུབ། དེ་ནི་ཧ་ཅང་དཀའ་བའི་ལས་ཤིག་རེད།
དངུལ་ནི་ཚབ་མཚོན་ཙམ་ཞིག་རེད། དེ་ནི་བཅོས་མའི་བརྩེ་དུང་གི་མཛའ་འབྲེལ་ཞིག་དང་མཚུངས། ཁྱོད་སྐྱེས་པ་དང་བུད་མེད་ལ་བརྩེ་བ་སྤྲོད་པར་འཇིགས་སྣང་སྐྱེས་ཤིང་། ཨ་སྒོར་དང་། དབྱིན་སྒོར། ཧིན་སྒོར་སོགས་ལ་ཁྱོད་དམ་དུ་འཁྱུད། དངུལ་ལ་བརྟེན་ནས་སེར་སྣ་ཅན་དུ་ཆགས་བཞིན་པ་དེ་ཁྱོད་ཀྱིས་མཐོང་མ་མྱོང་ངམ། ཁྱོད་ཀྱིས་ཁོའི་མིག་ལས་འོད་འཕྲོས་པ་དང་ངོ་གདོང་བཀྲག་མདངས་ཅན་དུ་འགྱུར་བ་མཐོང་མྱོང་ངམ།
གལ་ཏེ་ཁོས་དམིགས་གཏད་བཅོལ་ས་དེ་མཛེས་སྡུག་ལྡན་པའི་བུད་མེད་དམ་སྐྱེས་པ་ཞིག་ཡིན་ན། ཁོ་ལ་ཌོ་ལར་བརྒྱ་ཡི་དངུལ་བྱང་སྤྲོད་ནས་ལྟོས་དང་ཁོས་དེ་ལ་ཇི་ལྟར་འཆང་བཞིན་འདུག ཚོར་བ་ཇི་ལྟར་མྱོང་བཞིན་འདུག ཐ་ན་ཁ་ཡི་མཆིལ་མ་ཡང་རང་དབང་མེད་པར་བཞུར་བཞིན་པ་དེ་ནི་ཡིད་དབང་འཕྲོག་པའི་བརྩེ་དུང་གི་གཏམ་རྒྱུད་གཅིག་ཅི་ལ་མིན། དེར་མ་ཟད་ཁོས་དངུལ་སྒམ་ཁ་ཕྱེ་དུས་མཐོང་ལམ་དུ་གྱུར་བ་དཀོན་མཆོག་ཏེ། དངུལ་ལོ་ནི་ཁོའི་དཀོན་མཆོག་ཡིན་ལ། ཁོའི་སྙིང་ནོར་ཡང་ཡིན།

དམིགས་ཡུལ་ཡོད་པའི་མི་ཞིག་སྲིད་འཛིན་ནམ་སྲིད་བློན་ཆགས་པར་བརྩོན་པའི་སྐབས་དེར་འཁྲིག་སྤྱོད་ཀྱི་ནུས་པའི་དམིགས་ཡུལ་ཁ་ཕྱོགས་སྒྱུར་བ་དང་། སྤྱི་ཚོགས་ཀྱིས་ཁྱོད་རང་ཁ་ཕྱོགས་སྒྱུར་ངེས་ཡིན། ཁྱོད་ཀྱིས་བརྗོད་དོན་”ཆོས་ལུགས་ཐམས་ཅད་ཀྱིས་ཅིའི་ཕྱིར་འཁྲིག་སྤྱོད་ལ་རྒྱབ་འགལ་བྱེད་”ཟེར། ལམ་བུ་དེ་ཁོ་ནས་ཁྱོད་ཞེད་སྣང་དང་། ཉེས་ཅན། བཀྲ་མི་ཤིས་པ་འབའ་ཞིག་བཟོ་བའི་རྐྱེན་གྱིས་ཡིན། ཁྱོད་ཞེད་སྣང་སྐྱེས་ན་ཐེངས་གཅིག་སྒྱུར་བཅོས་གཏོང་ཆོག
འོན་ཀྱང་གཞི་རྩའི་ལམ་ལུགས་འདི་ལ་ངེས་པར་དུ་དྲན་གསོ་བྱ་དགོས་ཏེ། གལ་ཏེ་ཁྱོད་ཀྱིས་ཁོ་དབང་སྒྱུར་བར་འདོད་ན་ཐོག་མར་ཁོ་ལ་ཞེད་སྣང་སྐྱེས་སུ་འཇུག་དགོས། ཁོ་ཞེད་སྣང་སྐྱེས་པ་ཡིན་ན་ད་གཟོད་ཁྱོད་ཀྱིས་ཁོ་དབང་སྒྱུར་བྱེད་ཐུབ། ཁོ་ཞེད་སྣང་མ་སྐྱེས་བར་ཁྱོས་ཁོ་ཇི་ལྟར་དབང་སྒྱུར་བྱེད། ཁོས་ཁྱོད་ལ་ཇི་ལྟར་དབང་སྒྱུར་མཁན་བྱེད་དུ་འཇུག ཁོས་འདི་ལྟར་བཤད་དེ་”ཡོད་ཚད་ཕྱིན་ཟིན་པ་རེད། ང་ལ་དབང་སྒྱུར་བྱེད་པར་འདོད་མཁན་ཁྱོད་སུ་ཡིན་ནམ།” དེ་བས་ཐོག་མར་བཅས་ཀྱང་ཁོ་འཇིགས་སྣང་སྐྱེས་པར་བྱེད་དགོས།

དེ་ཡང་མི་མང་ལ་ཆེས་ཞེད་སྣང་སྐྱེ་བྱེད་ཀྱི་རྣམ་པ་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་འཆི་བ་སྟེ། ཆོས་ལུགས་ཐམས་ཅད་ཀྱིས་བཀོལ་སྤྱོད་བྱེད་བཞིན་པ་དེ་ཡིན། ཁྱོད་འཆི་ལ་ཉེ་ཞེས་ཁོ་ཚོས་ཁྱོད་འཇིགས་སྣང་དུ་བཟོ་སྲིད། གང་ལྟར་ཁྱེད་ཀྱིས་”ངས་ཅི་ཞིག་བྱེད། ཀུན་སྤྱོད་དེ་ཇི་ལྟར་བྱེད། ང་ད་དུང་ཇི་ལྟར་འཚོ།” ཞེས་བརྗོད་པ་དང་། དེ་ནས་ཁོ་ཚོས་ད་དུང་འདོད་རྔམ་དང་ཉེས་ཆད་གཏོང་མཁན་གྱི་དམྱལ་ཁམས་ཤིག་དང་ཕན་རླབས་དང་ལེགས་སྐྱེས་གནང་མཁན་གྱི་ལྷ་ཡུལ་ཞིག་ཀྱང་ཡོད་སྐད་བརྗོད།

དེ་བཞིན་དུ་གཅིག་ནི་འཆི་བ་རེད། ཡིན་ཡང་ད་དུང་འཆི་བར་མ་ངེས་པས་ཁྱོད་ཀྱིས་དེ་ཕྱི་བཤོལ་བྱེད་ཐུབ། དེ་ནི་དེ་ལྟར་དཀའ་ངལ་ཅན་ཞིག་ཀྱང་མིན། ཁྱོད་ཀྱིས་བརྗོད་ན་”ང་ཚོ་འཆི་ངེས་པ་ང་ཚོས་རྟོགས་ཐུབ། དེ་བས་ང་ད་དུང་འཆི་བར་མི་འདོད། མི་ལོ་ལྔ་བཅུ་ལྷག་ཞིག་ལ་ད་དུང་འཚོ་དགོས། དེའི་ཕྱིར་བྱུས་གཏོགས་བྱེད་དོན་ཅི།” མི་ཞིག་ཡིན་ན་ཁོས་ཧ་ཅང་རྒྱང་ཐག་རིང་བ་ཞིག་མཐོང་མི་ཐུབ་ལ་མི་ལོ་ལྔ་བཅུ་དེ་བས་ཀྱང་ངོ་། གལ་སྲིད་ཁྱོད་ཀྱིས་ཁོ་ལ་” ཁྱོད་སང་ཉིན་འཆི་ངེས་པ་རེད།” ཅེས་བརྗོད་དུས་ཁོས་འཇིགས་སྣང་སྐྱེས་ནའང་ད་དུང་འདི་ལྟར་བརྗོད་དེ། ” ངས་བྱ་བ་ཐོག་མར་སྒྲུབ་དུ་བཅུག་དང་ད་དུང་བྲེལ་འཚུབ་མེད།” ཅེས་དང་། ” མི་ལོ་ལྔ་བཅུ་ད་དུང་ལྷག་ཡོད་དེ་བས་ངས་བཟའ་བཏུང་རྒྱས་སྤྲོས་ཇི་ལྟར་རོལ་འདོད་ན་དེ་ལྟར་རོལ་དུ་བཅུག”

དེར་བརྟེན་མི་མང་ཆེས་འཇིགས་སྣང་སྐྲུན་བྱེད་ཀྱི་རྣམ་པ་གཉིས་པ་དེ་འཁྲིག་སྤྱོད་ཡིན། དེའི་དཀའ་ངལ་ནང་དུ་མི་རྣམས་སྔ་མོ་ནས་ཚུད་ཟིན་པ་ཡིན། འོན་ཀྱང་། འཆི་བ་ནི་མ་འོངས་པ་དང་འཁྲིག་སྤྱོད་ནི་ད་ལྟའི་འཇིགས་སྣང་ཡིན། ཁྱོད་ཀྱི་འཁྲིག་སྤྱོད་པའི་ཟུངས་ཤུགས་དེ་ཆོས་ལུགས་པའི་འབགས་བཙོག་ཅན་དུ་བཤད། དེ་མ་ཟད་ཁོ་ཚོས་ཁྱོད་ཞེད་སྣང་བཟོ་ཞིང་། དེ་ནི་ཁྲིམས་འགལ་དང་། མི་སྡུག་པ། མི་དགེ་བ་ཅེས་བརྗོད་ཞིང་ཐ་ན་ཁྱོད་དམྱལ་ཁམས་དུའང་ལྟུང་བར་བྱེད། ཁོ་ཚོས་འཁྲིག་སྤྱོད་ལ་ཁ་གཏད་ལྕོག་པའི་རྒྱུ་མཚན་ནི་ཁྱོད་དབང་དུ་སྒྱུར་བར་འདོད་པ་དེ་ཡིན།

ངས་ཁྱོད་དབང་སྒྱུར་བར་མི་འདོད་པ་མ་ཟད་མཐའ་གཅིག་ཏུ་རང་དབང་སྤྲོད་འདོད། རང་དབང་སྤྲོད་པ་ལ་གནད་དོན་གཉིས་ངེས་པར་དུ་མཁོ་སྟེ། གཅིག འཁྲིག་སྤྱོད་ནི་མི་དགེ་བ་ཞིག་མིན་པར་དེ་ནི་དཀོན་མཆོག་གིས་གནང་བའི་དམིགས་བསལ་གྱི་ལེགས་སྐྱེས་ཤིག་ཡིན། གཉིས། འཆི་བ་ནི་མི་སྲིད་པའོ། ཁྱོད་ནི་དུས་རྟག་ཏུ་འཚོ་ཞིང་གནས་པའི་ཕྱིར་ན་མི་མངོན་པར་ནམ་ཡང་མི་འགྱུར། མིང་གཟུགས་སོགས་འགྱུར་རུང་དོན་དམ་འགྱུར་མི་སྲིད། དེ་བས་ངས་ཁྱོད་ལ་ཞེད་སྣང་དང་ཉེས་ཅན་གྱི་ཚོར་བ་ཞིག་སྤྲོད་མི་འདོད་ལ། ལྷག་པར་དུ་ང་ལ་མཁོ་བ་ནི་ཁྱོད་ཞེད་སྣང་ཐམས་ཅད་ལས་གྲོལ་ཞིང་སོ་སོའི་རང་བཞིན་ལ་བསྟུན་ཞིང་། ཟིལ་གནོན་དང་བཅོས་མ་མེད་པར་ལྷིང་འཇགས་ངང་འཚོ་བ་དང་། རང་བཞིན་གྱིས་གསལ་སྣང་འདྲེན་པ་དང་། དེ་ནས་འཆི་བ་དང་འཁྲིད་སྤྱོད་སོགས་མི་སྣང་བ་འགྱུར་བའམ་མཐོང་ཆོས་སུ་མི་འགྱུར་བ་དེའོ།

དེ་ལྟར་ང་ལ་མི་སྣང་བ་གྱུར་བ་དེ་བཞིན་དུ་ཁྱོད་ལ་ཡང་མི་སྣང་བ་འགྱུར་སྲིད་པ་ངས་རྟོགས་ཐུབ། དེས་ན་ཁྱོད་ཅི་ཕྱིར་སེམས་ཁྲལ་བྱེད། གལ་ཏེ་ཁྱོད་ཀྱིས་དེ་ཡང་དག་པ་ཞིག་རྟོགས་ཡོད་ན་མི་སྣང་བ་འགྱུར་རྒྱུ་ཧ་ཅང་ལས་སླ་མོ་ཡིན། ཁྱོད་ཀྱི་རྒྱབ་ལྗོངས་ཀྱི་ཤེས་བྱ་ཐམས་ཅད་ཁྱོད་དང་མཉམ་དུ་ཚར་ངེས་པ་ཡིན། གང་ལྟར་ཁྱོད་ཀྱིས་གནད་དོན་དེ་ཡང་དག་པ་ཞིག་རྟོགས་མེད་ན་ཁྱོད་ནི་ཆོས་ལུགས་གཞན་པའི་མི་རྣམས་དང་འདྲ་བར། འདོད་ཆགས་དང། སྲེད་པ། འཆར་སྣང་སོགས་ལ་དམ་དུ་འཁྱུད་དེ་ནམ་ཡང་འཁྲིད་སྤྱོད་ཀྱི་དྲ་བ་ལས་གྲོལ་མི་ཐུབ།

ཡིད་སེམས་འགུགས་པའི་གཏམ་རྒྱུད་གཅིག་གླེང་ན། དུས་ཚོད་ཀྱི་སྟེང་དུ་མཉམ་གཞག་ལ་གནས་ཐུབ་ན་མ་འོངས་པར་དེ་ཙམ་རྒྱང་ཐག་རིང་མོ་ཞིག་ཅི་ལ་ཡིན། ཆེས་མཐར་ཐུག་ཏུ་ང་ཚོ་སོ་སོ་ནས་རྡུལ་ཕྲན་དེ་དག་རྩ་གཏོར་གཏོང་ཐུབ་ལ། ཐམས་ཅད་རེ་རེ་ནས་རྫོགས་མཐའ་མེད་པའི་གྲལ་བསྟར་སྒྲིག་ཏེ་ལྷ་ཡུལ་གྱི་རྒྱལ་སྒོ་རེ་རེ་མཇལ་བར་རེ་ཞིང་སྒུག་བཞིན་མདུན་དུ་བསྐྱོད་པ་དང། གྲལ་འགོར་སླེབས་པ་ན་པེ་ཌྲེར་གྱིས་རྒྱལ་སྒོའི་ནང་དུ་འཛུལ་ལམ་ཕྱི་རུ་ཐོན་ཐག་གཅོད་བྱེད་བཞིན་མཆིས་པ་ལྟ་བུ་དང། གཞན་ཡང་རྒྱལ་སྒོ་དེར་ཅུང་ཐག་མི་རིང་བའི་ས་ན་ཨ་རི་བ་ཞིག་གྲལ་བསྟར་སྒྲིག་བཞིན་པའི་སྐབས་དེར་གྲལ་འགོ་ནས་གློ་བུར་དུ་གསལ་ལ་མི་གསལ་བའི་སྒྲ་ཞིག་དགའ་ཚོར་དང་བྲེལ་འཚུབ་ངང་ཁོའི་ཕྱོགས་སུ་འཁོར་ཡོང་བ་ཚོར་བ་མ་ཟད་སྒྲ་གདངས་དེ་དག་ཐམས་ཅད་ལས་ཁོས་སྐད་ཡིག་སྣ་མང་ཞིག་གི་དབུ་ཁྱུད་འབྲི་ཐུབ་པ་དཔེར་ན། ” བྷ་རཱ་ཝོ། ་་་་་་་་་་་དང་་་ཧོས་རཱེ་” སོགས་ཐོས་པ་ལྟ་བུ་དང་། ” དེ་ཅི་ཞིག་ཡིན། དེ་ཅི་ཞིག་གི་སྐོར་ཡིན།” ཞེས་ནན་གྱིས་སྐུལ་བའི་སྐབས་དེར་རྒྱལ་སྒོ་ལ་ཧ་ཅང་ཉེ་བའི་མི་ཞིག་གིས་བརྗོད་དོན། “པེ་ཌྲར་ཡིས་ང་ཚོར་བརྗོད་ན། ‘འཁྲིག་སྤྱོད་ཀྱི་འབྲེལ་བ་དེ་བགྲང་མི་ཆོག་་་་་་་་་་་་་་ ‘

ཐར་ལམ་དུ་བགྲོད་པར་འཁྲིད་སྤྱོད་དང་བརྩེ་དུང་གིས་ཅི་ཡང་མི་བྱེད་པ་སྟེ་རྟོགས་བྱུང་ངམ། དོན་དངོས་སུ་དེ་ཡིས་ཁྱོད་ཧ་ཅང་རང་བཞིན་ལྷན་སྐྱེས་ཤིག་བཟོ་བར་རམ་འདེགས་བྱེད་ལ། ཚུལ་དང་མི་མཐུན་པའི་རང་གཤིས་དེ་དག་ཚར་གཅོད་ཅིང་ཁྱོད་དཀོན་མཆོག་དང་ཆེས་ཉེ་བར་སྒྲུབ། དེའི་ཕྱིར་ངས་འཁྲིག་སྤྱོད་སོགས་ཀྱི་བྱ་དངོས་ཡོད་ཚད་ལ་ངོ་རྒོལ་བྱེད་ཀྱིན་མེད། ངས་གོ་བ་ལོག་སྒྲུབ་ཀྱི་སྤྱོད་ལམ་དང་རང་བཞིན་མ་ཡིན་པའི་བསམ་བློའི་འཁྱེར་སོ་ཁོ་ན་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ཚུལ་དང་མཐུན་ལ་བཅོས་མ་མ་ཡིན་པའི་སྤྱོད་ལམ་ཁུར་ན་དཀོན་མཆོག་ཁྱེད་དང་མཉམ་དུ་རྒྱུ་ལ། དུས་རྟག་ཏུ་ཁྱོད་ལ་གཟིགས་ངེས་ཡིན། ཁོས་བྱམས་བརྩེའི་གཙང་ཆུ་རྒྱ་མཚོ་དང་འདྲེས་ནས་ཡོད། དེ་བས་ཆུ་མགོར་འཕྱོ་ཞིང་ལྡིང་བ་དང་གཙང་ཆུ་ཟུར་དུ་གཅོད་རྒྱུའི་ཀུན་སློང་མི་ཁུར་བར་མཉམ་བསྐྱོད་ཀྱི་འདུན་པ་ལྡན་དགོས། དེ་ནི་ཅི་ཞིག་གི་སློང་མོ་བ་དང་ཅི་ཞིག་ལ་མགོ་འབུལ་བྱས་པ་དེ་ཡིན།

འགྱུར་རྩོམ།

Post navigation

Previous Post: བོད་ཀྱི་ཤིང་བརྐོས་སྒྱུ་རྩལ་གྱི་སྐོར།
Next Post: ཆོས་ལུགས་ཡོད་པ་ཚང་མས་ཞི་བདེའི་དཀར་ཟས་བཟའ།

Comments (15) on “ཨོ་ཤོའི་(དངུལ་དང་འཁྲིག་སྤྱོད་ཀྱི་ནུས་པ།)”

  1. ཇུང་ཏོག་ says:
    2015-12-14 at 10:59 pm

    འདོད་ཆགས་རྒྱལ་པོའི་འདོད་གཏམ་བཙུགས་ཏུ་བཀུར་།
    ཆགས་སྲེད་རྒྱལ་པོའི་འདོད་ཆགས་འཚོ་བར་ཉར་།
    ོའདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་།
    དགེ་བ་མེད་ནའང་སྡིག་པ་གང་ན་ཡོད་།
    འཇིག་རྟེན་གསུམ་དུ་གནས་པའི་སྲོག་ཆགས་ཀུན་།
    ཕོ་མོ་འབྲེལ་བའི་འཁྲིགས་སྲེད་བཙན་པོའི་བརྒྱུད་།
    འདོད་སྲེག་འཁྲེགས་སྤྱོད་མེད་པའི་སྲོག་ཆགས་ཞིག་།
    འཇིག་རྟེན་འདི་རུ་ཡོད་ན་འཇིག་རྟེན་སྟོང་པར་གྱུར་།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-12-15 at 12:02 am

    ་་་་་་་་་་ འཆི་བ་ནི་མ་འོངས་པ་དང་། འཁྲིག་སྤྱོད་ནི་ད་ལྟའི་འཇིགས་སྣང་ཡིན། ་་་་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-12-15 at 12:03 am

    ་་་་་་་་་་ གཅིག འཁྲིག་སྤྱོད་ནི་མི་དགེ་བ་ཞིག་མིན་པར་དེ་ནི་དཀོན་མཆོག་གིས་གནང་བའི་དམིགས་བསལ་གྱི་ལེགས་སྐྱེས་ཤིག་ཡིན།
    གཉིས། འཆི་བ་ནི་མི་སྲིད་པའོ། ཁྱོད་ནི་དུས་རྟག་ཏུ་འཚོ་ཞིང་གནས་པའི་ཕྱིར་ན་མི་མངོན་པར་ནམ་ཡང་མི་འགྱུར། ་་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-12-15 at 12:04 am

    ་་་་་་་་་་་ ངས་ཁྱོད་དབང་སྒྱུར་བར་མི་འདོད་པ་མ་ཟད་མཐའ་གཅིག་ཏུ་རང་དབང་སྤྲོད་འདོད། རང་དབང་སྤྲོད་པ་ལ་གནད་དོན་གཉིས་ངེས་པར་དུ་མཁོ་སྟེ།
    གཅིག འཁྲིག་སྤྱོད་ནི་མི་དགེ་བ་ཞིག་མིན་པར་དེ་ནི་དཀོན་མཆོག་གིས་གནང་བའི་དམིགས་བསལ་གྱི་ལེགས་སྐྱེས་ཤིག་ཡིན།
    གཉིས། འཆི་བ་ནི་མི་སྲིད་པའོ། ཁྱོད་ནི་དུས་རྟག་ཏུ་འཚོ་ཞིང་གནས་པའི་ཕྱིར་ན་མི་མངོན་པར་ནམ་ཡང་མི་འགྱུར། མིང་གཟུགས་སོགས་འགྱུར་རུང་དོན་དམ་འགྱུར་མི་སྲིད་་་་་་་་་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2015-12-15 at 12:09 am

    ཨོ་ཤོ་འདི་མི་དད་ལྡན་ཅིག་ཡིན་མིན་མི་ཤེས་ཀྱང་། ཆོས་ལུགས་མང་ཆེ་བ་ལ་མཁས་པ་ཆེན་པོ་ཅིག་ཡིན་པ་ལ་རྩོད་མེད་ཅིག་རེད།

  6. རུ་ཤུལ་བུ་ says:
    2015-12-15 at 4:37 am

    དངུལ་ནི་ཚབ་མཚོན་ཙམ་ཞིག་རེད། དེ་ནི་བཅོས་མའི་བརྩེ་དུང་གི་མཛའ་འབྲེལ་ཞིག་དང་མཚུངས།

  7. གཅན བཟོད་རྒྱམ། says:
    2015-12-15 at 2:00 pm

    ཁ་ཉིན་གཟའ་ཉི་མའི་ཉིན་ཨ་སེ་སྒར་ནས་དཔེ་ཚོང་ཁང་ཞིག་ཏུ་ཨོ་ཤོའི་དེབ་Sex money and power. མཐོང་ནས་ཉོ་དགོས་བསམ་མོད། ཡང་ལྟ་ཕྱོགས་ཤིག་གིས་Banaras City of Lihgt ཟེར་བའི་དེབ་ཅིག་གིས་མིག་དབང་འཕྲོག་ནས་ཉོ་ཐུབ་མ་སོང་། དེ་རིང་རྩོམ་ཡིག་འདི་མཐོང་མ་ཐག་དེབ་དེ་དྲན་བྱུང་།
    བཀའ་དྲིན་ཆེ། ཚིག་སྦྱོར་ཡག་ལ་དོན་གནད་འབྱིན་སྟངས་གནད་ལ་འཁེལ་བོ་བྱུང་འདུག་བསམ་སོང་། མུ་མཐུད་ནས་འབད་པ་བསྟེན་རོགས་ཞུ།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-12-15 at 11:18 pm

    ཨོ་ཤོ་མཆོག་གིས།
    ཛོར་པ་ནི་བྱམས་པ་རེད། སངས་རྒྱས༼ཤྰཀྱ་ཐུབ་པ་༽ནི། དྲན་ཤེས་རེད།
    https://www.youtube.com/watch?v=HRoNHBl41p0

  9. ཇུང་ཏོག་ says:
    2015-12-16 at 7:14 am

    འཁྲིག་སྤྱོད་ཀྱི་ནུས་པ་ནི་འཁྲིག་རྩལ་རེད་། དེང་སྐབས་དུས་རབས་ཉི་ཤུ་རྩ་གཅིག་འདིར་། མི་རྣམས་འཁྲིག་སྤྱོད་ལ་དགའ་ནས་བཟའ་ཚང་ཁ་བྲལ་མང་། ལྷག་པར་ནུབ་ཕྱོགས་ལུང་པའི་ནང་འཁྲིག་སྤྱོད་ནི་ཡོན་ཏན་ལ་ངོས་འཛིན་བྱེད་།
    སྐྱེ་དམན་འཁྲིག་སྤྱོད་ལ་མངོན་པར་བསྟོད་མཁན་ཚོའི་ཉིན་རེར་ཁྱོ་གའི་མཉམ་འཁྲིག་སྤྱོ་ཐེང་གསུམ་བཞི་སྤྱོད་པ་དང་། ཁྱོ་ལ་འདོད་ཆགས་མེད་མཁན་ཚོ་སྐྱེ་དམན་ནས་དཀྱུར་ནས་འདོད་ཆགས་ཆེ་བའི་ཁྱོ་གའི་མཉམ་ཆང་ས་ཐེངས་གཉིས་གསུམ་བཟའ་ཚང་བརྗེ་པོ་རྒྱག་མཁན་འདུག་། དེ་དག་མང་ཆེ་བ་བུད་མེད་ཀྱི་འདོད་ཆགས་ཁྱོ་གི་གསེལ་མ་ཐུབ་པའི་སྐྱོན་ཤ་སྟག་རེད་།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-12-16 at 9:45 am

    ང་བྱིས་པ་ཡིན་པའི་སྐབས། རྒན་པ་ཞིག་གིས་དཔའ་ལག་པས་ཕོ་མཚན་ལ་རྩེས། དཔའ་འཐོན་ཡོད་མེད་མཐོང་བ་མི་དྲན། དཔའ་ཞེས་པ་རྒྱ་གར་སྐད་དུ། བཱིརྱ་ཟེར། ངའི་ཁ་སྐད་དུ་དཔའ་ཞེས་པ་ཕོ་མོའི་མཚན་མ་ནས་འཐོན་པ་དང་སེམས་ལ་དགའ་བདེ་སྣང་བ་འབྱུང་། ལོ་ངོ་དྲུག་ཅུ་རེ་ལྔ་ལྷག་གི་ལོ་རྒྱུས་བཤད་པ་ཐོས། གྲྭ་པ་དེས་གྲྭ་ཆུང་དང་མཉམ་འགྲོགས་ཀྱིས་དཔའ་འཐོན་པ་དང་སྐྱུགས་མ་ལངས་ཏེ། འཁྲིག་སྤྱོད་མི་བྱེད་པར་དམ་བཅས་ཀྱང་། ཡང་འཁྲིག་སྤྱོད་བྱེད་པར་ཤོར། དེ་བཞིན་ལན་མང་དུ་ལོ་རྒན་གྱི་བར་དུ་བྱུང་བ་ཡིན་ངེས། ད་ལྟ་གྲྭ་པ་དེ་སྐུ་གཤེགས་ནས་མེད། མི་སྟོབས་ནད་མེད་པ་ཞིག་ལ་དཔའ་ཕྱིར་འཐོན་པ་ནིཟས་སམ་ཟན་ཟོས་ནས། མི་གཙང་བ་འཐོན་པ་དང་འདྲ་ཞེས་ཨ་རིར་ཨིན་སྐད་དུ་བཀླགས། ལ་དྭགས་པ་གྲྭ་པ་ཞིག་ཚུལ་ཁྲིམས་སྲུང་བར་བརྩིས་ཏེ། དངོས་སུ་འཁྲིག་པ་མི་བྱེད་ཀྱང་། རྨི་ལམ་དུ་དཔའ་ཤོར་བ་བཤད་པ་ཐོས། བོད་གཞིས་ཀ་རྩེར་ལྷ་རྗེ་ཡིན་པ་ལ་དྭགས་པ་གྲྭ་པ་ཞིག་གིས་བཤད་ཚོད་ལ་མི་ཐམས་ཅད་ཀྱིས་འཁྲིག་པ་སྤྱོད། མི་མང་པོས་གསང་བའི་ངང་དུ་འཁྲིག་པ་སྤྱོད་པར་བྱེད་ཅེས་བདེན་པ་ཡིན་ངེས།
    ཝཱ་རཱ་ཎ་སཱིར་ཧིདྡ་སྐད་ཀྱི་གསར་ཤོག་ཅིག་ཏུ།
    ་
    འཁྲིག་པའི་ཡུལ་ཉིད་མདུན་གནས་པར།
    གང་ལ་དཔའ་བ་མི་འབབས་ན།
    མི་དེའི་དབང་པོ་ཉམས་པ་འམ།
    ཡང་ན་མེ་དེ་རྣལ་འབྱོར་པའོ།།
    ་
    ཞེས་པ་ལོ་ངོ་ལྔ་བཅུ་ལྷག་སྔོན་དུ་བཀླགས་སོ།

  11. དམར་ཁ་ཚ། says:
    2015-12-18 at 12:59 am

    འགའ་རེས་ཨོ་ཤོ་འདི་ཆོས་ལུགས་མང་ཆེ་བར་མཁས་པ་ཞིག་རེད་ཅེས་འུད་སྒྲོག་བྱས་མོད། ཁོ་བོས་ནི་མི་འདི་ནང་ཆོས་ལ་ཡང་གོ་རྟོགས་དེ་ཙམ་མེད་མཁན་ཞིག་ཡིན་པར་མཐོང་སྟེ། ནང་ཆོས་ལས་ཆོས་པ་མཐའ་མ་པ་ཞིག་ཡིན་ཀྱང་འཆི་བ་ལ་མི་སྐྲག་པ་ཞིག་དགོས་པར་མ་གསུངས་སམ། ནང་པས་འཆི་བ་མི་རྟག་པ་སྒོམ་པ་ནི་འཇིཊ་སྣང་སྐྱེ་ཕྱིར་ཅི་ལ་ཡིན་ཏེ་འདིས་ནི་དེ་རིང་དམ་འཛིན་བྱེད་པའི་བླངས་བྱ་བཏོན་པ་ཡིན་ནམ། སྤྱིར་ཨོ་ཤོ་ལ་མི་དགའ་བ་ཡང་མིན་ཏེ་མི་ཚང་མར་རང་ཉིད་ཀྱི་འདོད་འདུན་དང་མོས་པ་གླེང་བའི་ཐོབ་ཐང་དགེ་མཚན་གཉིས་ཀ་ཡོད་པས་སོ།

  12. ཀརྡོ་གཉེར་ཕྱག་པ་ says:
    2015-12-18 at 10:31 am

    ཨ་ཤོས། རྗེ་མི་ལ་དང་། མར་པའི་མཚན་སྨྲས་ནས་འཁྱུག་ཙམ་བཤད་པ་ཅིག་ཀྱང་ཡོད་རེད།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-12-18 at 10:33 am

    ཡང་། སངས་རྒྱས་ཤྰཀྱ་ཐུབ་པ་ནི། དུས་རབས་འདིའི་སྟོན་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཡིན་སྟངས་། གསུང་གི་ཡོན་ཏན་དྲུག་གིས་སྒོ་ནས་བསྟོད་པ་ཁྱད་པར་ཅན་ཞིག་བྱས་པ་ཞིག་རྒྱ་གར་ཧིན་སྐད་ནང་ལ་གསུངས་པ་ཅིག་ཀྱང་འདུག་གདའ།

  14. ཀརྡོ་གཉེར་ཕྱག་པ་ says:
    2015-12-18 at 10:45 am

    ཨོ་ཤོས།
    ང་ཆུང་དུས་ནས་དེབ་ལ་དགའ་པོ་ཡོད་པའི་སྐོར་དང་། ཁོང་གི་སྒེར་གྱི་དཔེ་མཛོད་ནང་དེབ་འདྲ་མིན་གཅིག་སྟོང་ལྔ་བརྒྱ་ཡོད་པར་བཤད། འདིའི་སྐོར་ལ་འདིར་བསྣུན་ནས་གཅིགས་རོགས་མཛོད།
    https://www.youtube.com/watch?v=j1h8-WvzexY

  15. ཀརྡོ་གཉེར་ཕྱག་པ་ says:
    2015-12-18 at 11:02 am

    ཨོ་ཤོ་ སེས: ཝན ་ཧན་ཌརེད་ ཨན་ཌེ་ ཕིཕ་ཊི་ཐའུ་སེནད་ སྦུག་སུ་ ཨིན་ མ་ཡི་ ལེབ་རེ་རི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme