Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་ལེམ་པིག་གི་སྒྲོན་མེ་ཁན་པེ་རར་འབྱོར་བ།

Posted on 2008-06-29 By དགེ་རབ་ No Comments on ཨོ་ལེམ་པིག་གི་སྒྲོན་མེ་ཁན་པེ་རར་འབྱོར་བ།

སྤོབས་པ་མཐའ་ཡས།

ཉེ་ཆར་བོད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ལ་དྲག་གནོན་བྱས་འཕྲལ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་བོད་མིའི་ངོ་རྒོལ་ལ་དྲག་གནོན་བྱས་པས་རིང་མིན་རྒྱ་ནག་ཏུ་ཚུགས་རྒྱུའི་ཨོ་ལེམ་པིག་གི་རྩེད་འགྲན་གྱི་དབུ་འབྱེད་སྒྲོན་མེ་གང་དུ་འབྱོར་བའི་ས་གནས་དག་ཏུ་ངོ་རྒོལ་གྱི་ལས་འགུལ་འཁྲུག་པོ་བྱུང་བར་བརྟེན། རྒྱ་ནག་གཞུང་གིས་སྐུལ་སློང་བརྒྱུད་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་གཙོ་བོར་གྱུར་པའི་རྒྱ་མི་སྟོང་ཕྲག་མང་པོས་རིང་མིན་རྒྱ་ནག་ཏུ་ཚུགས་རྒྱུའི་ཨོ་ལེམ་པིག་གི་རྩེད་འགྲན་ལ་རྒྱབ་སྐྱོར་དང་བོད་མིའི་རང་དབང་ལས་འགུལ་ལ་ངོ་རྒོལ་གྱི་ཁྲོམ་སྐོར་ཆེན་པོ་བྱས། དེས་ཀྱང་རྒྱ་ནག་ནི་མི་རིགས་ལྔ་བཅུ་ང་དྲུག་གི་མཐུན་སྒྲིལ་གྱི་ཞིང་ཁམས་ཤིག་མ་ཡིན་པར་མི་རིགས་ཁག་གི་འཐབ་འཛིངས་གྱི་གཡུལ་ས་ཞིག་ཏུ་འགྱུར་བཞིན་ཡོད་པ་བཤམ་སྟོན་བྱས་པ་ལྟར་གྱུར། ཁོག་རྒྱ་ཅན་གྱི་མི་ཞིག་གིས་བལྟས་ན་བོད་མིས་རྒྱ་ནག་དང་རྒྱ་ནག་པ་ལ་ངོ་རྒོལ་བྱེད་བཞིན་མེད་པ་མ་ཟད་རྒྱ་ནག་གུང་ཁྲན་ཏང་གི་གཞུང་ལ་ཡང་ངོ་རྒོལ་བྱེད་པའི་རྒྱུ་མཚན་མེད། འོ་ན་གང་ཞིག་གི་ཆེད་དུ་ལས་འགུལ་སྤེལ་གྱིན་ཡོད་ཅེ་ན། རྒྱ་ནག་གཞུང་གིས་བོད་འཛིན་སྐྱོང་བྱེད་པའི་སྲིད་ཅུས་ལ་འགྱུར་བ་ཞིག་གཏོང་དགོས་པར་རེ་འདུན་གྱི་རྣམ་འགྱུར་བཏོན་པ་ཙམ་ཡིན། དེའི་ཕྱིར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཞེས་པ་དང་རྒྱ་ནག་པས་བོད་མི་དམར་གསོད་གཏོང་བཞིན་ཡོད་སོགས་ཀྱི་འབོད་ཚིག་བསྒྲགས་པ་དག་ནི་འཛམ་གླིང་གི་ཁྱོན་གང་སར་འཚོ་ཞིང་གཞེས་པའི་རྒྱ་ནག་པ་ཐེར་འབུམ་གཅིག་དང་ཕྱེད་ལ་ཉེ་བ་ཚང་མས་ཐུན་མོང་དུ་འཁུར་དགོས་པའི་ཉེས་པ་ཞིག་ཏུ་ག་ལ་འགྱུར། རྒྱ་ནག་པས་ངེས་དགོས་པ་ཞིག་ནི་འཛམ་བུའི་གླིང་གི་གནད་ཡོད་མི་སྣ་དང༌། གསར་འགྱུར་བརྒྱུད་ལམ། ཤེས་ཡོན་ཅན་དག་གིས་རྒྱ་ནག་ལ་དོ་སྣང་ཆེས་ཆེར་བྱེད་པ་དེ་རྒྱ་ནག་ལ་དགྲ་རུ་འཛིན་པ་དང་ཕྲག་དོག་གི་བསམ་པས་མ་ཡིན་ཞིང་དེ་ལས་ལྡོག་སྟེ་རྒྱ་ནག་ནི་འཛམ་གླིང་ན་མི་འབོར་ཆེས་ཆེ་བའི་རྒྱལ་ཁབ་གཅིག་པོ་དེ་ཡིན་སྟབས་དེ་ཉིད་གཞུང་ཡག་པོ་ཞིག་གི་སྣེ་ཁྲིད་རྒྱུ་དེ་རྒྱ་ནག་པ་ལ་གལ་ཆེ་བ་ཙམ་དུ་མ་ཟད་ཨེ་ཤ་ཡ་གཙོས་པའི་འཛམ་གླིང་གི་ཞི་བདེ་བརྟན་ལྷིངས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པས་ཡིན། དུས་རབས་ཉི་ཤུ་པའི་དཀྱིལ་ཡས་མས་སུ་མི་ལ་ལས་རྒྱ་མི་ལ་ཤར་ཕྱོགས་ཀྱི་གྲོག་མ་སྔོན་པོ་ཞེས་འབོད་མྱོང་བ་བཞིན་རྒྱ་མི་ནི་གྲངས་མང་བས་མ་ཟད་གཅིག་རྗེས་གཅིག་གིས་འབྲངས་བ་ལས་རང་རང་གི་ས་ནས་རང་སྟོབས་ཀྱིས་བདེན་དོན་འཚོལ་ནུས་མཁན་ཆེས་ཆེར་ཉུང་བས་ད་དུང་ཡང་གྲོག་མའི་ཆོ་ལོ་དེ་སྦྱར་འོས་པར་སེམས།
ནུབ་ཕྱོགས་པ་ཚོས་བསམ་བཞིན་བསླངས་པའི་ཆག་སྒོ་སྟེ་ཧོང་ཀོང་རྒྱ་ནག་ལ་བཙོངས་པ་དང་ཚོང་འབྲེལ་གྱིས་རྒྱ་ནག་གོང་འཕེལ་དུ་བཏང་ནས་རྒྱ་ནག་མི་དམངས་རང་དབང་གི་ལམ་དུ་འཁྲིད་པར་རློམ་པའི་འཐབ་བྱུས་དེར་གྲུབ་འབྲས་ལྡོག་ཕྱོགས་ནས་སྨིན་ཏེ་དེ་རིང་གི་རྒྱ་ནག་པ་ཕལ་མོ་ཆེ་ནི་གུང་ཁྲན་ཏང་གི་དྲག་ཤུགས་དང་ཕྱི་རྒྱལ་ལ་ཚོང་འབྲེལ་གྱི་ཁེ་སྤོགས་ཁོ་ནས་ཡི་རངས་ཆོག་ཤེས་ཀྱི་ཚོར་བས་བཟི་སྟེ་ནུབ་ཕྱོགས་པས་མི་ཚེའི་སྙིང་པོར་ལྟ་བའི་ཆབ་སྲིད་རང་དབང་དང༌། དམངས་གཙོའི་ལམ་ལུགས། འཛམ་གླིང་ཞི་བདེ། འགྲོ་བ་མིའི་ཐོབ་ཐང་སོགས་ལས་ཌོ་ལར་གཅིག་གི་རིན་ཐང་མཐོ་བར་ལྟ་བ་ནི་དེ་རིང་གི་རྒྱ་ཕྲུག་ཚོའི་བྱེད་སྟངས་ལས་གསལ་སྟོན་བྱས་སྟབས་ནུབ་ཕྱོགས་པའི་མཁས་པར་རློམས་པ་ཚོས་བསམ་བློ་བསྐྱར་གཏོང་གིས་རྒྱ་ནག་ལ་རྒྱ་མི་དང་མཐུན་པའི་འཐབ་ཅུས་ཀྱི་ལམ་སྣ་གཞན་ཞིག་གསར་བཏོད་མ་ཐུབ་ཚེ་རང་མགོ་རྡུང་བའི་ཐོ་བ་རང་ཉིད་ཀྱིས་བསྐྲུན་བཞིན་ཡོད་ཚུལ་ཤེས་དགོས་ངེས་རེད། དེ་ཡང་ནུབ་ཕྱོགས་པ་ཚོས་རྒྱ་མིའི་བསམ་བློའི་རང་གཤིས་སམ་བག་ཆགས་ཀྱིས་བསྐྱེད་པའི་ནད་གཞི་སྟེ་ཕ་མེས་ལས་བྱུང་བའི་ཤན་ཤུགས་གཅིག་ངོས་ཟིན་མ་ཐུབ་པའི་གནད་ལ་ཐུག་སྟེ་དེ་ཡང་རྒྱ་ནག་པའི་ཆེས་རིང་བའི་ལོ་རྒྱུས་ཀྱི་ནང་དུ་འཇིག་རྟེན་ཡོངས་ཁྱབ་ཀྱི་འགན་ཁུར་བའི་མཚན་ཉིད་རིག་པ་བ་དང༌། བསམ་བློ་བ། གསར་བཏོད་པ་རླབས་ཆེན་སོགས་བྱུང་བ་ཧ་ཅང་ཉུང་བས་འཛམ་གླིང་བསྐོར་མཁན་གྱི་རྒྱ་ནག་པ་ཕལ་མོ་ཆེ་ཡང་དོན་དུ་ལྟོ་གོས་ཀྱི་རྗེས་སུ་བརྒྱུགས་པ་ཙམ་ལས་མ་འདས། རླབས་ཆེན་རྒྱ་ནག་རྒྱལ་གྱུར་ཅིག་ཅེས་པའི་འབོད་ཚིག་ཇི་ཙམ་མཐོ་ཡང་དེ་རིང་གི་རྒྱ་ཕྲུག་ཚོ་གུང་ཁྲན་ལག་དམར་བའི་ལག་ཆར་གྱུར་ཅིང་རྒྱབ་རྩར་འགྲེངས་ཏེ་བོད་མིའི་རང་དབང་ལས་འགུལ་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པ་དེ་ཡང་རྒྱ་ནག་གི་མི་རབས་གསར་པའི་རྒལ་ཚིགས་ལ་གས་ཆག་ཤོར་ཟིན་པའི་དཔང་རྟགས་སུ་གྱུར་སྟབས་རྒྱ་ནག་དང་རྒྱ་ནག་པ་ལ་དུང་མཁན་ཚོར་འདི་ལས་ཕངས་སེམས་སྐྱེ་འོས་པ་ཞིག་གང་ན་ཡོད། དེ་རིང་གི་རྒྱ་ཕྲུག་ཚོས་གུང་ཁྲན་གྱི་དབང་བསྒྱུར་ལ་རྒྱབ་སྐྱོར་གྱི་འབོད་ཚིག་བསྒྲགས་པ་ནི་བཙན་འཛུལ་དང་དམར་གསོད་ལ་རྒྱབ་སྐྱོར་བྱས་པ་ཡིན་སྟབས་༡༩༨༩ལོའི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སྡེབས་གསོད་བྱས་པའི་མཐོ་རིམ་སློབ་མའི་རྣམ་ཤེས་འཁྱམས་པོ་ཚོ་གཅིག་གིས་ངུ་འབོད་བྱེད་བཞིན་མེས་པོ་དམ་པ་ཁུང་ཙི་འཚོལ་བཞིན་འདུག་ཟེར། རྒྱ་ནག་གི་ལོ་རྒྱུས་ཀྱི་སྟེང་དུ་ཁྲིམས་དཔོན་དང་བློན་ཆེན་ལ་ལས་འབངས་ཕལ་བ་ལ་ཁྲིམས་འཁྱོགས་ཕོག་བཞིན་པ་སེམས་ཀྱིས་མ་བཟོད་དེ་བདེན་པའི་རྒྱབ་རྩར་འགྲེངས་ཏེ་རང་ཉིད་ཀྱི་མགོ་བོ་ཤོར་བའི་གཏམ་རྒྱུད་མང་དུ་ཐོས་ཀྱང་ཆེས་ཡིད་ཕམ་འོས་པ་ཞིག་ལ་རྒྱ་ནག་དམར་ཤོག་པས་དབང་བསྒྱུར་བའི་ཉིན་མོ་ནས་མི་སྐྱེས་སར་ཁྱི་སྐྱེས་ཏེ་རྒྱ་རིགས་ཆེན་པོའི་འདུ་ཤེས་ཀྱིས་རྒྱགས་ཏེ་མི་རིགས་ཆུང་གྲས་དང་རྒྱལ་ཁབ་ཆུང་གྲས་ཁག་ལ་དྲག་གནོན་བྱེད་ཐབས་ལ་བསམ་གཞིག་བྱེད་མཁན་ཤ་སྟག་ལས་གྲངས་ཉུང་མི་རིགས་ཀྱི་ཚབ་བྱས་ཏེ་བདེན་པའི་སྐད་ཆ་ཤོད་མཁན་དང་ཉམ་ཆུང་མིའི་བདེན་པའི་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་མི་ག་ཚོད་བྱུང་ཡོད་དམ། རྒྱ་ཕྲུག་ཚོས་ཕྱི་རྒྱལ་ཞི་བདེ་དང་རང་དབང་གི་ཡུལ་དུ་ཡང་ལྡོག་ཕྱོགས་ཀྱི་མི་སྣ་ཚོར་རྡུང་འཚོགས་དང་ཚིག་ངན་གྱིས་གཤེ་བ་སོགས་བྱས་པ་དེས་དམར་གསོད་མཁན་དང་བཙན་འཛུལ་བ་ནི་ངའོ་ཞེས་པའི་ངོ་སྤྲོད་སྟེ་གུང་ཁྲན་ཚོགས་པའི་རང་གཟུགས་འཁྲབས་སྟོན་གྱི་ལམ་ནས་རྒྱལ་ཡོངས་ལ་གཟིགས་མོར་བཤམས་པ་ནི་བོད་མིའི་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་བར་འོས།
སྤྱིར་བཏང་རྒྱ་ནག་པ་ཕལ་མོ་ཆེ་ཡུལ་གང་དུ་གནས་ཀྱང་དཔལ་འབྱོར་འཚོལ་སྒྲུབ་ལ་ཧ་ཅང་གྲུང་པོ་ཡོད་ཀྱང་དམངས་གཙོ་དང༌། ཆབ་སྲིད་ཀྱི་རང་དབང༌། ཆོས་དད་རང་དབང༌། འགྲོ་བ་མིའི་ཐོབ་ཐང༌། མིའི་འདྲ་མཉམ་གྱི་གནད་དོན་སོགས་ཀྱི་སྐོར་གུང་ཁྲན་ཚོགས་པའི་ལད་ཟློས་རེ་ལས་གཞན་མི་གླེང་བས་རྒྱ་ནག་པ་ཚོས་ལྟོ་གོས་ཀྱི་རིན་ཐང་ཙམ་ལས་གང་ཡང་ཤེས་ཀྱིན་མེད་པ་འདྲ། གུང་ཁྲན་བཅིངས་དམག་གིས་བོད་མིའི་དད་དམ་ལ་རྡོག་རོལ་ཀྱིས་དགོན་སྡེ་ཁག་ཏུ་དགེ་འདུན་པ་གསོད་རྡུང་དང་དགོན་པ་སྔོགས་བཤེར། ྋགོང་ས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་སྐུ་ཐང་གཙོས་པའི་སྐུ་གསུངས་ཐུགས་རྟེན་ལ་བཅག་བཅོམ། སྤྱི་སྒེར་གྱི་རྒྱུ་དངོས་རྐུ་འཕྲོག་གི་བྱ་བཞག་ལ་བལྟས་ཚེ་ད་དུང་ཡང་རིག་གནས་གསར་བརྗེ་གསོན་པོར་གནས་པ་གསལ་སྟོན་བྱས་པས་གཙོ་འཛིན་མའོ་རྒན་དམྱལ་བའི་ཟངས་གཏིངས་ནས་འཛུམ་ཆུང་འཚེར་འཚེར་བྱེད་བཞིན་ཡོད་ངེས། སྤྱི་ལོ་༢༠༠༨ ཟླ༤ པའི་ཚེས་༢༤ ཉིན་ཨོ་ལེམ་པིག་གི་དབུ་འབྱེད་སྒྲོན་མེ་ཨོ་ས་ཁྲི་རལ་ལི་ཡའི་རྒྱལ་ས་ཁན་པེ་རར་འབྱོར་ཉིན་བྲིས།་

རྩོམ་རིག

Post navigation

Previous Post: ལྷ་སྲས་ཡེ་ཤུ།
Next Post: བོད་དུ་དར་བའི་ཐོག་མ་དང་ཐ་མའི་ཆོས་རྒྱུད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme