Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་ལིམ་པིག་རྩེད་འགྲན་དེས་འགྲོ་བ་མིའི་ཐོབ་ཐང༌ལ་གནོད་ཀྱི་འདུག་ཟེར།

Posted on 2022-01-05 By ཁ་བརྡ 1 Comment on ཨོ་ལིམ་པིག་རྩེད་འགྲན་དེས་འགྲོ་བ་མིའི་ཐོབ་ཐང༌ལ་གནོད་ཀྱི་འདུག་ཟེར།

གཡུ་སྔོན་པོས།

དང་པོ། ཐོག་མའི་གླེང་གཞི།

ང་ཚོ་འགྲོ་བ་མིའི་རིགས་ཀྱི་གྲས་སུ་གཏོག་པ་ཞིག་ཡིན་དུས་ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་ལ། ང་ཚོར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་རང་དབང་ཡང་དགོས། ཨོ་ལིམ་པིག་རྩེད་འགྲན་གྱིས་ང་ཚོར་བློ་སྟོབས་བསྟེར་ཐུབ་ལ། བལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད། རྩེད་མོ་འདི་ནི་ཆེས་གཞི་རྩ་མིན་ཡང་མིའི་སྤྱི་ཚོགས་སུ་ཤིན་ཏུ་གལ་ཆེན་ཡིན། དེ་ཡང༌། ང་ཚོས་ངེས་པར་འདྲི་དགོས་པའི་དྲི་བ་ནི། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་ཆེད་དུ་གང་ཟག་སྒེར་ལ་མཁོ་བའི་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་གཙེགས་ཆེར་འཛིན་རྒྱུ་ཡིན་ནམ། འགྲོ་བ་མིའི་རིགས་སྤྱི་ལ་མཁོ་བའི་ཀུན་ཕན་དང་ཡར་རྒྱས་རྩ་བར་བཟུང་ནས་ཨོ་རྩེད་གཙེགས་ཆེར་འཛིན་རྒྱུ་ཡིན་ནམ། དོན་དངོས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པ་ཞེས་པ་དེ་གང་འདྲ་ཞིག་ཡིན་ནམ།

གཉིས་པ། ཨོ་ལིམ་པིག་གྱི་གལ་གནད།

ཕྱིའི་སྣོད་འདི་ཚན་རྩལ་རིག་པའི་འོག་ནས་འཛམ་གླིང་གོ་ལ་འདི་ཆུང་དུ་འགྲོ་བཞིན་པའི་སྣང་བ་དང་། འཛམ་གླིང་གཡས་གཡོན་འབྲེལ་སྒྲིལ་ཤུགས་ཆེར་འགྲོ་བཞིན་པའི་གནས་སྐབས་ཤིག་དང་། འཛམ་གླིང་གཅིག་གྱུར་གྱི་ཕྱོགས་སུ་བསྐྱོད་བཞིན་པའི་དུས་རབས་ཤིག་རེད། ནང་བཅུད་སེམས་ཅན་འགྲོ་བ་མིའི་རིགས་ལ་ཆ་མཚོན་ཡང་བདེ་སྐྱིད་རྫོགས་ལྡན་གྱི་དུས་སྐབས་ཤིག་རེད། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དེ་རྒྱལ་ཁབ་མང་པོ་མཉམ་གཅིག་ཏུ་འཛོམས་སའི་མདུན་ཐང་ཆེན་པོ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་མང་པོ་མཉམ་དུ་འཛོམས་ཏེ་འགྲོ་བ་མིའི་གཞི་རྩའི་སེམས་ཁོངས་ན་ཡོད་པའི་མཛའ་མཐུན་གྱི་ཀུན་སྤྱོད་སྟོན་སའི་སྡིང་ཆ་ཞིག་རེད། དེ་ཡང་འཛམ་གླིང་སྟེང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འགོ་འཛུགས་དགོས་པའི་རྒྱུ་མཚན་གཙོ་བོ་ཡང༌། ཁ་འཐོར་དུ་འཚོ་བཞིན་པའི་རྒྱལ་ཁབ་དག་མཉམ་རུབ་བྱེད་པ་དང༌། རྩེད་འགྲན་པའི་རྣམ་དཔྱོད་དང་ལུས་རྩལ་ཕྱིར་སྟོན་བྱེད་པ། འགྲོ་བ་མིའི་རིགས་སྤྱི་ལ་མཁོ་བའི་ཐོབ་ཐང་དང་ཀུན་ཕན་བདེ་རྩའི་ཕྱོགས་ལ་བསམ་གཞིགས་དང་བརྩི་བཀུར་ཡོང་བའི་ཆེད་དུ་ཡིན་པ་མ་ཟད། གོ་ལའི་སྟེང་གི་དམག་འཁྲུག་ཐམས་ཅད་ཞི་ཞིང་འཛམ་གླིང་རྒྱལ་ཁབ་དག་འཆམ་མཐུན་མཉམ་གནས་ཡོང་ཐུབ་པའི་ཆེད་དུ་ཡང་ཡིན།འདི་ལྟར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ནི་འཛམ་གླིང་གཅིག་གྱུར་དང༌། སྤྱི་ཚོགས་ཀྱི་བདེ་ཐབས། མིའི་རིགས་མཉམ་གནད་གོང་འཕེལ་དང་། འགྲོ་བ་མིའི་ཐོབ་ཐང་བཅས་ཡར་རྒྱས་སུ་གཏོང་བར་དམིགས་པའི་རྩེད་འགྲན་གལ་ཆེན་ཞིག་ཡིན་ཞེས་བཤད་ཆོག

གསུམ་པ། མི་གྲངས་མང་ཉུང་བར་གྱི་ཐོབ་ཐང་གི་གལ་གནད།

ང་ཚོ་སྐྱེས་པས་ང་ཚོ་འཚོ་ལ། ང་ཚོ་འཚོ་ནས་འཆི་ངེས། དེར་བརྟེན་ང་ཚོ་འཆོ་དགོས་ན་ཐུན་མོང་དུ་འཚོ་དགོས། ཐུན་མོང་གིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་ཐོགས་སྒྲུབ་དགོས། འོན་ཀྱང༌། ང་དང་ངའི་ནང་མི་ཉེ་འཁོར་ཁ་ཤས་སྐྱེས་ཏེ་འཆི་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ལས་མིའི་རིགས་སྤྱི་ལ་ཕན་གནོད་གང་ཡང་མེད། དེ་ནི་ང་རང་ཚོ་ཉུང་ཉུང་ཡིན་པས་སོ། མིའི་རིགས་སྤྱིའི་འཚོ་རྒྱུན་རིང་མིའི་རིགས་སྤྱིའི་དགོས་མཁོ་དང་ཐོབ་ཐང་ཡོད་ཚད་ལྡན་དགོས། མིའི་རིགས་ཐུན་མོང་དུ་འཚོ་བ་ལ་དོན་སྙིང་ཡོད་དགོས་ན་མིའི་རིགས་ཐུན་མོང་གི་སྤེལ་བཞིན་པའི་བྱ་སྤྱོད་ལ་དོ་ཁུར་བྱེད་དགོས། རང་ཉིད་ཀྱི་མི་ཚེ་རང་ཉིད་ལ་ཤིན་ཏུ་རྩ་ཆེ་བར་འཛིན་མཁན་དེ་དག་ལ་ཀུན་ཕན་དང་ཐུན་མོང་གི་བསམ་བློ་མེད་པ་ཡིན། དེ་བཞིན་གཞན་ལ་ཡང་གང་ཟག་སྒེར་དེ་གལ་ཆེན་ཡིན་པའི་ལམ་སྟོན་བསླབ་བྱ་བྱེད་བཞིན་པ་ཡང་གཅིག་མཚུངས་ཀྱི་ན་ཚ་དེ་ཁྱབ་ཡོད། དེའི་ཕྱིར། འགྲོ་བ་མི་ཞིག་ཡིན་པས་ཆ་ནས་ཁེར་རྐྱང་དུ་འཚོ་ཐབས་མེད་པར་མཉམ་གནས་ཀྱི་ཐོག་ནས་འཚོ་དགོས། མཉམ་གནས་ཀྱི་ཐོག་ནས་གོང་འཕེལ་གཏོང་དགོས། མཉམ་གནས་ཀྱི་ཐོག་ནས་མི་རབས་རྗེས་མར་མིག་དཔེ་སྟོན་དགོས། དེ་ཡང་མི་སྒེར་ལ་སྐྱེས་པའི་དུས་ནས་སྲོག་འཚོ་བའི་ནུས་པ་ཡོད་ལ། སྲོག་འཚོ་བ་ནས་མི་ཚེ་དོན་དང་ལྡན་པ་སྐྱེལ་བའི་ནུས་པ་ཆ་ཚང་ཡོད༌པ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་འདི་མུ་མཐུད་ནས་མཉམ་རུབ་ཐོག་འཚོ་དགོས་པ་དང་། འཚོ་བ་དེ་ཡང་གཅིག་འགྱུར་དང་། ཀུན་ཕན་གྱི་ཐོག་ནས་འཚོ་བར་བྱེད་དགོས་དུས་མིའི་རིགས་མཉམ་གནས་ཀྱི་འཚོ་ཐབས་ལ་ཐུགས་ཁུར་མང་ཙམ་ལེན་དགོས། འདིར་རྗོད་བཞིན་པའི་འགྲོ་བ་མིའི་རིགས་སྤྱིའི་ཐོབ་ཐང་ཞེས་པ་ནི། མི་སྣ་ཁ་ཤས་སམ་ཚོགས་སྡེ་ཁ་ཤས་ཀྱི་སྣེ་འཁྲིད་འོག་ནས་བག་མེད་ལོངས་སྤྱོད་ཀྱི་མིའི་རིགས་སྤྱིའི་ཐོབ་ཐང་མིན་ལ་རྒྱས་སྤྲོས་གཟབ་འཆོར་གྱི་ཐོབ་ཐང་མིན། དེ་བས་མི་སྒེར་གྱི་དགོས་མཁོ་རྩ་བར་བཟུང་ནས་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་བས་མིན། ཁ་རྒྱུན་དུ་ཁ་དང་ཁ་སྤུ་དབྱེ་འབྱེད་ཤེས་དགོས་ཞེས་པ་བཞིན། མི་མང་བའམ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཐོབ་ཐང་དང་མི་ཁ་ཤས་སམ་གཅིག་གི་ཐོབ་ཐང་བར་ལ་དབྱེ་འབྱེད་གསལ་པོར་ཤེས་པ་བྱས་ནས་ཨོ་ལིམ་པིག་རྩེད་འགྲན་གྱིས་མི་མང་བའི་ཐོབ་ཐང་དང་སྡིང་ཆ་གོང་མཐོར་གཏོང་བཞིན་ཡོད་པ་དང་། འགྲོ་བ་མིའི་རིགས་མཉམ་འབྲེལ་གྱི་ཐོག་ནས་འཚོ་དགོས་པའི་གནས་ལུགས་བསྟན་གྱི་ཡོད། མིའི་འཇིག་རྟེན་ཡར་རྒྱས་ཚགས་ཚུད་དང་། གཅིག་ཕན་གཅིག་གྲོགས་ཀྱི་ཐབས་ལམ་བཟང་ཤོས་སམ་གཅིག་པོ་དེ་ཡིན་པ་ཡང་གསལ་སྟོན་བྱེད་ཀྱི་ཡོད། མདོར་ན། ཨོ་ལིམ་པིག་རྩེད་འགྲན་འདི་ནི་འགྲོ་བ་མིའི་རིགས་སྤྱི་ཚོགས་ཀྱི་བདེ་ཐབས་དང་འཛམ་གླིང་ཞི་བདེ། གོ་ལའི་འབྱུང་འགྱུར་བཅས་ལ་ལེགས་སྐྱེས་འབུལ་ཐུབ་པར་ནུས་པ་ལྡན་པའི་ཐབས་ལམ་གཅིག་པོ་དེ་ཡིན་པ་ལས་མི་ཁ་ཤས་ཀྱི་ཐོབ་ཐང་དང་འབྲེལ་བའི་རྒྱལ་སྤྱིའི་རྩེད་རིགས་ཤིག་གཏན་ནས་མིན།

བཞི་པ། ༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་དོན་དངོས།

༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་པེ་ཅིན་གཞུང་གིས་བྱས་པའི་འོག་ནས་སྔར་རྒྱུན་བཞིན་པེ་ཅིང་དུ་བསྐོང་འཚོགས་ཐུབ་པ་བྱུང་ཡོད། རྒྱ་ནག་མི་མང་ལ་སྨྲ་བརྗོད་ཀྱི་རང་དབང་མེད་ཅེས་བརྗོད་བཞིན་ཡོད་ཀྱང་རྒྱ་ནག་མི་མང་གི་ཨོ་ལིམ་པིག་རྩེད་འགྲན་འཚོགས་རྒྱུར་དགའ་བསུ་ཞུས་ཡོད། དེ་ནི་ཁོ་ཚོས་སྨྲ་བརྗོད་རང་དབང་གི་ཐོག་ནས་དགའ་བསུ་ཞུས་པ་ཞིག་ཡིན། སྐབས་དེའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འདི་རྒྱ་ནག་ཡར་རྒྱས་སུ་ཕྱོགས་པ་དང་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སུ་གཏོང་བའི་གོ་སྐབས་ལྟ་བུར་བརྩིས་ཏེ་འཛམ་གླིང་རྒྱལ་སྤྱིའི་ངོས་ནས་ཕྱིེར་བསྣུར་བྱས་མེད་པར་བརྩི་བཞིན་ཡོད་ཀྱང་དོན་དངོས་གོ་ལ་གཅིག་འགྱུར་དང་མིའི་རིགས་མཐུན་ལམ་སྔར་ལྷག་ཡོང་དགོས་ན་རྩེད་འགྲན་ཚོགས་ཡུལ་དེ་རྒྱ་ནག་ལས་ལྷག་པ་ཞིག་མེད་པ་ཡང་དོན་དངོས་ཡིན། དེར་བརྟེན་རྒྱ་ནག་གཞུང་གི་བློ་སྟོབས་ཆེན་པོས་མིའི་རིགས་མཉམ་གནས་ཀྱི་ཆེད་ལ་མདུན་སྐྱོད་བྱས་ཡོད། དེའི་རྒྱབ་ཕྱོགས་ན་རྒྱལ་ཁབ་ཁ་ཤས་དང་མི་རིགས་ཁ་ཤས་ཀྱི་ཡོད་ཚད་སྐྱོན་ཏུ་བཟུང་ནས་བཤད་ཁུལ་བྱས་ཀྱང་ཁོ་ཚོར་བདེན་པ་མེད་པ་རང་བཞིན་གྱི་སྒྲུབ་ཡོད་པ་ནི་ཨོ་ལིམ་པིག་རྒྱལ་ཁའི་ངང་བསྐོང་ཚོགས་ཐུབ་པ་དེ་གསལ་བཤད་བྱས་ཡོད།

ལྔ་པ། རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང༌།

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཐོག་མ་མགོ་བཙུགས་པ་ནས་བཟུང༌། ལོ་རྒྱུས་ཐོག་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལ་གུས་བརྩི་དང་ཆེ་མཐོང་མཚོན་ཆེད་དུ་ རྒྱལ་སྤྱིའི་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་གིས་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་ནས་ཨོ་ལིམ་ཕིཀ་རྩེད་འགྲན་ལ་སྦྱིན་བདག་བྱས་ཡོད། དེའི་ཤུགས་རྐྱེན་ལས་རྒྱལ་ཁབ་ཕན་ཚུན་དབར་གྱི་དམག་འཁྲུག་མཚམས་བཞག་པ་བྱུང་མྱོང་ཡོད་ལ། འཛམ་གླིང་དམག་འཁྲུག་མ་བྱུང་བ་ལ་བརྟེན་ནས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མུ་མཐུད་མདུན་ནས་མདུན་དུ་བསྐྱོད་ཐུབ་པ་བྱུང་ཡོད། དེང་སྐབས་ཚོགས་པ་རེ་གཉིས་དང་མི་སྣ་ཁ་ཤས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞེས་མི་ཁ་ཤས་སམ་མི་གཅིག་གི་རང་འདོད་ཀྱི་བསམ་པ་དང་ཨོ་རྩེད་བར་འབྲེལ་བ་དམ་ཟབ་དང་འབྲེལ་བ་དེ་རྩེགས་ཆེར་འཛིན་དགོས་པའི་མུན་ནག་འདའ་འཕེལ་ལྟ་བུ་ཞིག་ཤོད་བཞིན་ཡོད་ཀྱང་མི་མང་བའམ་མིའི་རིགས་སྤྱི་ཡོངས་ལ་ཐུགས་བསམ་བཞེས་མཁན་ཚོས་རྩེད་རིགས་འདི་དང་རྒྱལ་ཁབ་ཀྱི་འཛིན་སྐྱོང་ལམ་ལུགས་སམ་གཞུང་འབྲེལ་གྱི་གནད་དོན་བར་འབྲེལ་བ་མཐུད་ཀྱི་མེད་པ་སྟེ། ཨོ་ལིམ་པིག་འཛིན་སྐྱོང་ལྷན་ཚོགས་ཀྱི་གཙོ་འཛིན་གཞོན་པ་བྷེ་ཁེས་ཨོ་ལིམ་པིག་རྩེད་འགྲན་ནི་ཆབ་སྲིད་ལ་འབྲེལ་བ་མེད། རྒྱལ་སྤྱིའི་ཨོ་ལིམ་པིག་འཛིན་སྐྱོང་ལྷན་ཚོགས་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཤིག་ཡིན། སྒྲིག་འཛུགས་འདིས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཐོག་ཏུ་བཏང་སྙོམས་ཀྱི་ལངས་ཕྱོགས་འཛིན་གྱི་ཡོད་ཅེས་བཤད། རྒྱལ་སྤྱིའི་ཨོ་ལིམ་པིག་འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་སྣེ་གཞན་ཚོས་ཆབ་སྲིད་ཀྱི་གནད་དོན་ལ་འབྲེལ་བ་མཐུད་ན་ཨོ་ལིམ་པིག་རྩེད་འགྲན་འཚོགས་མི་ཐུབ་པར་རྩ་བརླག་འགྲོ་ངེས་རེད་ཅེས་གསུངས་ཡོད། བཀའ་མོལ་དེ་དག་ཐོག་ནས་ཨོ་རྩེད་ཆབ་སྲིད་ཀྱི་ལག་ཆར་འགྱུར་འདོད་ཆེ་བའི་བསམ་ངན་དེ་དག་ནམ་ཡང་ལམ་ལྷོངས་ཡོང་རྒྱུ་མིན་པ་གསལ་པོ་ཆགས་ཡོད། དེའི་ཐོག་ནས་ང་ཚོས་འགྲོ་བ་མིའི་རིགས་མཉམ་གནས་ཀྱི་དགོས་ཕན་དང་ཀུན་ཕན་བདེ་རྩའི་ཕྱོགས་ལ་བསམ་གཞིགས་དང་བརྩི་བཀུར་བྱ་དགོས་ན་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་སྡིང་ཆ་འདི་བཞིན་དཔལ་འབྱོར་ཡར་ཐོན་ཅན་དང་མི་འབོར་མང་བའི་རྒྱལ་ཁབ་ཅིག་ལ་སྦྱིན་བདག་བྱ་དགོས་པའི་རེ་སྐུལ་ཞུ་རྒྱུ་ནི་གནད་ཀྱི་དམ་པའོ།

དྲུག་པ། མཐའ་མའི་མཇུག་སྡོམ།

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལ་མགྲོན་བདག་བྱེད་རྒྱུ་ནི་གཟི་བརྗིད་དང་སྙན་གྲགས་ཡིན་པ་མ་ཟད་འགྲོ་བ་མིའི་རིགས་མཉམ་གནས་གོང་འཕེལ་ཡོང་རྒྱུར་མདུན་བསྐྱོད་བྱས་པ་ཞིག་ལགས་ན་། ཨོ་ལིམ་པིག་གི་རྩེད་འགྲན་དེ་ཉིད་ཆབ་སྲིད་དང་འབྲེལ་བ་མེད་ཅིང་། དེ་བས་འགྲོ་བ་མིའི་ཐོབ་ཐང་ཞེས་གང་ཟག་སྒེར་ལ་དགོས་མཁོའི་ཆ་རྐྱེན་དུ་མ་གྱུར་བར་སྤྱི་སྙོམས་དང་། ཀུན་ཕན་གཞི་རྩར་བཟུང་བའི་རྒྱལ་སྤྱིའི་རྩེད་རིགས་ཤིག་ཏུ་ངོས་འཛིན་དགོས་རྒྱུ་ནི་ཀླད་པ་ཡོད་པའི་ཨ་མིའི་བུའི་རྣམ་དཔྱོད་ཅིག་ཡིན་པར་སོང་། ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལིམ་པིག་འགྲན་ཚོགས་དེ་རྒྱ་ནག་ཏུ་འཚོགས་རྒྱུར་གང་ཟག་རེ་གཉིས་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྐད་འབོད་འོག་ནས་གནོད་སྐྱེལ་བྱེད་ཐབས་སྤྱོད་པ་ནི་དོན་དངོས་ཐོག་ནས་འགྲོ་མིའི་རིགས་སྤྱིའི་ཐུན་མོང་གི་སེམས་ཁམས་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད་ཅིག་ལས་མ་འདས། ང་བོད་པ་ཡིན་པས་རྒྱ་ནག་ལ་དགའ་བ་མིན་ཡང་དོན་དངོས་ཀྱི་གནས་སྟངས་འོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཨོ་ལིམ་པིག་རྒྱ་ནག་ཏུ་འཚོགས་རྒྱུར་འགག་བྱ་གང་ཡང་མེད་པའི་ལྟ་གྲུབ་དེར་མོས་མཐུན་དང་། ལྟ་གྲུབ་དེའི་འོག་ནས་རྒྱ་བོད་བར་ལ་འབྲེལ་ལམ་གསར་དུ་འགོ་ཚུགས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།

བསམ་ཚུལ།

Post navigation

Previous Post: བདག་གི་སེམས་ཀྱི་ཤེས་རབ།
Next Post: བོད་ལ་མང་།

Comment (1) on “ཨོ་ལིམ་པིག་རྩེད་འགྲན་དེས་འགྲོ་བ་མིའི་ཐོབ་ཐང༌ལ་གནོད་ཀྱི་འདུག་ཟེར།”

  1. གཞུང་པ་ཚེ་དབང་བསོད་ནམས says:
    2022-01-07 at 8:58 pm

    དཔྱད་རྩོམ་ལ་རིན་ཐང་འདུག་། འོན་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩི་མེད་རྡོག་གཏོང་བཞིན་པ་ལ་སྐྱོན་བརྗོད་ཀྱི་ངོ་རྒོལ་བྱས་པ་ཙམ་གྱི་ཨོ་ལེམ་པིག་རྩེད་མགྲན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འདུག་ཟེར་བའི་གོ་བ་བླང་ན་འགྲིག་གི་ཨ་ཡོད་། རྒྱ་ནག་གི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་དེ་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་ལ་ངོས་འཛིན་གྱི་འཛམ་གླིང་གི་ས་ཕྱོགས་ག་ས་ག་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་བཞིན་པ་དེ་མང་གཙོའི་ལམ་ལུགས་སམ་མང་གཙོའི་རང་དབང་དང་མཐུན་པ་ཞིག་ཡིན་པ་ལས་ཨོ་ལེམ་པིག་རྩེད་མགྲན་ལ་ངོ་རྒོལ་ཡིན་པ་ལ་ནམ་ཡང་ངོས་འཛིན་བྱ་མི་ཉན་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme