Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་རྒྱན་ཉི་མར་གསོལ་བ་འདེབས་པ་ཐུགས་རྗེ་དང་བྱིན་རླབས་གཏན་མེད་ཅེས་བྱ་བ་བཞུགས་སོ།།

Posted on 2013-07-132013-07-13 By ཁ་བརྡ་ 25 Comments on ཨོ་རྒྱན་ཉི་མར་གསོལ་བ་འདེབས་པ་ཐུགས་རྗེ་དང་བྱིན་རླབས་གཏན་མེད་ཅེས་བྱ་བ་བཞུགས་སོ།།

ཨོ་རྒྱན་ཉི་མ།

ཨོཾ་སྭཱ་སྟི།
བདེ་གཤེགས་ཆོས་ཀྱི་སྤྱན་ལྡན་རྫོགས་སངས་རྒྱས།།
དེའི་གསུང་གསུང་རབ་དྲི་མེད་ཡོན་ཏན་ནོར་བུའི་མཛོད།།
རིག་གྲོལ་འཕགས་པའི་སྡེ་ལ་ཕྱག་འཚལ་ཏེ།།
རང་གི་སྐྱོན་མཚང་འདོན་པའི་གཏམ་ཞིག་འབྲི།།

མཚན་འཛིན་གཏི་མུག་འདི་ཡིས་སྔགས་སྡོམ་ཤོར།།
འཁོན་འཛིན་ཞེ་སྡང་བདོ་བས་བྱང་སྡོམ་ཤོར།།
བརྐམ་ཆགས་ཞེན་པ་ཆེ་བས་སོར་སྡོམ་ཤོར།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

དྲིན་ཆེན་རྩ་བའི་བླ་མའི་བཀའ་ལས་འགོངས།།
བརྩེ་ལྡན་རྡོ་རྗེའི་མཆེད་པོའི་སེམས་ལ་གཟན།།
འདི་ཕྱི་གཉིས་ཀ་ཕུང་བའི་ཡི་དྭགས་དངོས།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

གྲོགས་པོ་རྙིང་པ་དག་ལ་དགྲ་རུ་བལྟས།།
ཨ་གསར་ཆེ་ཞིང་གཏི་མུག་མུན་སྟུག་ཅན།།
ཀུན་ལ་ཆགས་ཤིང་ཅིར་ཡང་མི་ལོན་པའི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

གོང་མ་འབྱོར་ལྡན་དག་ལ་ཕྲག་དོག་ལྡང་།།
རང་དང་མཉམ་པ་དག་ལ་འགྲན་སེམས་ཅན།།
དམན་ལ་སྡང་ཞིང་ཁེངས་པའི་དྲེགས་པས་ཕྱུག །
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

ནང་གི་དུག་ལྔ་རྟག་དུ་མེ་ལྟར་འབར།།
ཕྱི་ཡི་སྤྱོད་ངན་ཉིན་རེར་མཚོ་ལྟར་འཕྱུར།།
གསང་བ་ལྟས་ངན་སྣ་དགུའི་སྤྲུལ་སྐུ་དངོས།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

མཛེས་མ་མཐོང་ཚེ་ཆགས་པས་གདོང་པ་འགྱུར།།
གསེར་དངུལ་རིག་ཚེ་ལག་པ་དབང་མེད་འཆོར།།
ཐོབ་དང་གོ་སར་སྲོག་ཀྱང་གཏོང་ཕོད་པའི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

ཚེ་སྟོད་རབ་བྱུང་དགེ་སློང་ཆས་སུ་བརྫུས།།
ཚེ་སྨད་གསང་སྔགས་ཉམས་སུ་ལེན་མདོག་སྟོན།།
གཡོ་སྒྱུ་སྐོར་མགོ་གཞན་ལས་ཆེས་མཁས་པའི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

ཐོས་བསམ་སྒོམ་གསུམ་རྐུན་མའི་ལག་ཏུ་ཤོར།།
འཆད་རྩོད་རྩོམ་གསུམ་དགྲ་ཇག་ཆོམ་པོས་འཁྱེར།།
བཤད་སྒྲུབ་ལས་གསུམ་འཚོང་ལ་ཆེས་མཁས་པའི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

ཡིད་རྟོན་རུང་བའི་ལྟ་གྲུབ་གཅིག་ཀྱང་མེད།།
ཕྱག་འཚལ་རུང་བའི་ཉམས་ལེན་ཐིགས་གཅིག་མེད།།
མི་རུ་སྐྱེས་ཀྱང་ཁྱི་ལས་ལོད་ངེས་པའི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

ཚེ་འདིར་དགོས་པའི་དཔལ་དང་འབྱོར་བ་མེད།།
ཕྱི་མར་ཕན་པའི་དམ་ཆོས་རྒྱགས་ཕྱེ་མེད།།
འདི་ཕྱིར་སྨན་པའི་ཡ་རབས་སྤྱོད་བཟང་མེད།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

རྒྱལ་བསྟན་རིན་ཆེན་ཡུན་དུ་གནས་ན་བསམ།།
བསྟན་འཛིན་སྐྱེས་བུར་འགྲོ་དོན་འཕེལ་ན་བསམ།།
བསྟན་བཤིག་ཕུང་གསུམ་མགོ་མཇུག་ལྡོག་ན་བསམ།།
བསམ་པ་གསུམ་གྱིས་ཀུན་གྱི་སེམས་རྩ་བསྒུལ།།

ཞེས་རང་སྐྱོན་ཐེར་འདོན་གྱི་གསོལ་འདེབས་ཤིག་གང་དྲན་བྲིས་པ་ལགས་ན། རང་དང་སྐལ་བ་མཉམ་པ་ཚོར་ཅུང་ཟད་སྨན་པའི་རེ་འདུན་བཅས་འདུ་ཤེས་གསུམ་པ་ཨོ་རྒྱན་ཉི་མས་སོ།།

རྩོམ་རིག

Post navigation

Previous Post: ཆོས་དང་འཇིག་རྟེན་ཁ་ཁ་ཡིན།
Next Post: རཀ་ར་རིན་པོ་ཆེར་རྗེས་དྲན་ཞུ་བ། ༼ཚན་པ་བཞི་པ༽

Comments (25) on “ཨོ་རྒྱན་ཉི་མར་གསོལ་བ་འདེབས་པ་ཐུགས་རྗེ་དང་བྱིན་རླབས་གཏན་མེད་ཅེས་བྱ་བ་བཞུགས་སོ།།”

  1. རེབ་སྐྱིད་མཚོ says:
    2013-07-13 at 10:25 am

    ག་འཇུ་འདི་འཇུ་མེད་པའི་བར་སྣང་དུ་གཅིར་བཞིན།
    ག་བྱེད་འདི་བྱེད་མེད་པའི་གང་འཁྱོལ་ལ་བཞུར་ནས།
    ག་འགྲོ་འདི་འགྲོ་མེད་པར་དྲ་ཐོག་རང་འགོར་དྲགས།
    གང་བཤད་འདི་བཤད་མེད་པའི་སྐྱོ་གླུ་དེས་གཟན་པ།

  2. གནམ says:
    2013-07-13 at 11:05 am

    ཀུན་ལ་ཆགས་ཤིང་ཅིར་ཡང་མི་ལོན་པའི།།
    ཐོབ་དང་གོ་སར་སྲོག་ཀྱང་གཏོང་ཕོད་པའི།།
    གཡོ་སྒྱུ་སྐོར་མགོ་གཞན་ལས་ཆེས་མཁས་པའི།།
    བཤད་སྒྲུབ་ལས་གསུམ་འཚོང་ལ་ཆེས་མཁས་པའི།།
    མི་རུ་སྐྱེས་ཀྱང་ཁྱི་ལས་ལོད་ངེས་པའི།།

    གོང་གི་པ་ཨ་གི་གུ་པའི་དེ་ཚང་མ་པ་ས་བཞག་པས་འམ་བས་ལ་གང་ཐོབ་དུ་བསྒྱུར་ན་གསོལ་འདེབས་དེ་ཡག་མོ་ཞེ་པོ་ཞིག་བྱུང་འདུག། ཁོ་རེ་ཨོ་རྒྱན་བླ་མ།

  3. ཚེ་རིང་ནས། says:
    2013-07-13 at 11:55 am

    ཚིག་དོན་གཉིས་ལ་སྦྱང་པ་རབ་ཏུ་ཐོབ། །རང་སྐྱོན་ཐེར་འདོན་ཕྱིན་ཆད་སྡོམ་སེམས་བྱ། །དེང་གི་སྤྲུལ་རྫུན་ཀུན་ལས་ཁྱད་དུ་འཕགས། ། །མཁས་པའི་ཨོ་ཉི་ཁྱོད་ལ་རབ་ཏུ་བསྟོད། །

  4. ཨ་ར་དཀར་པོ says:
    2013-07-13 at 12:07 pm

    རང་བསྟོད་རང་གིས་བརྩམས་པ་ལེགས་མོ་གདའ།།
    རང་སྐྱོན་ངོས་ལེན་གནང་བ་ཡག་མོ་གདའ།།
    སྤྲུལ་རྫུན་ངོ་མ་ཡིན་པ་གསལ་བོ་གདའ།།
    ཨོ་རྒྱན་ཉི་མ་ཁྱོད་ནི་མཚར་མོ་གདའ།།

  5. ཨོ་རྒྱན་ཉི་མ། says:
    2013-07-13 at 12:47 pm

    ཨོཾ་སྭཱ་སྟི།
    བདེ་གཤེགས་ཆོས་ཀྱི་སྤྱན་ལྡན་རྫོགས་སངས་རྒྱས།།
    དེས་གསུངས་གསུང་རབ་དྲི་མེད་ཡོན་ཏན་མཛོད།།
    རིག་གྲོལ་འཕགས་པའི་སྡེ་ལ་ཕྱག་འཚལ་ཏེ།།
    རང་གི་སྐྱོན་མཚང་འདོན་པའི་གཏམ་ཞིག་འབྲི།།

    ཚིག་རྐང་གཉིས་པ་དེ་བཅོས་ཡོད། ༼དེའི་གསུང་་་་་་་་་་ནོར་བུ། ༽ཚང་མ་ཕེབས་པ་ལེགས།

  6. ཏི་སེ་བ། says:
    2013-07-13 at 1:10 pm

    སྤྱི་ཚོ་སྣ་ཚོགས་འཛོམས་པའི་དེང་རབས་སུ།།
    རེད་དང་མ་རེད་གཏམ་གླེང་སྨྲ་འདོད་ལ།།
    སུ་ཡང་མི་དགག་རང་དབང་དུས་བབས་རེད།།
    ཕན་དང་མ་ཕན་སོ་སོའི་བསམ་བློ་ལྟོས།།

    མི་ཚེ་གང་འཚམས་དགག་པ་ཁོ་ན་ཡིས།།
    གྲུབ་མཐའི་ཕྱོགས་ཞེན་དམ་རེ་བཅིང་ན་ནི།།
    འདི་ཕྱིར་ག་བདེ་མི་ཤེས་སྙིང་རེ་རྗེ།།
    ལྟ་བའི་སྙིང་པོ་བདག་མེད་རྟོགས་པར་ཤོག།

  7. འདྲེ་རྐང་ཐོ། says:
    2013-07-13 at 1:34 pm

    ཆོས་པར་རློམ་ཡང་ཆོས་ཀྱི་གནད་མ་མཐོང་།།
    སྐྱ་སར་བབ་ཀྱང་སྐྱ་བོའི་གོ་མི་ཆོད།།
    བར་མ་དོ་ན་ལུས་པའི་སྨྱོན་གཟུགས་ཅན།།
    ཨོ་རྒྱན་སྤྲུལ་རྫུན་ཞབས་ལ་སྟུ་ཡིས་མཆོད།།

  8. ཨོ་རྒྱན་ཉི་མ། says:
    2013-07-13 at 1:36 pm

    འདྲེ་རྐང་དོས་ངའི་རང་གཤིས་བརྐུས་ཡོད་ས་རེད། ཧཧཧཧཧཧཧཧ

  9. འདྲེ་རྐང་ཐོ། says:
    2013-07-13 at 2:09 pm

    ཆོས་སྲིད་གཉིས་ལ་མིག་ཟུང་ཞེན་ན་ཡང་།།
    ཤེས་མདོག་ལྕེ་རྩེ་རང་ག་མི་འདུག་པར།།
    ཡིན་མིན་གཉི་ག་ཤོད་པའི་ཁོག་ཡངས་ཅན།།
    ཨོ་རྒྱན་སྤྲུལ་རྫུན་ལགས་ཀྱི་གཤིས་ཀ་ཉིད།།

  10. ཨ་ཕྱི་ཆོས་སྒྲོན says:
    2013-07-13 at 3:23 pm

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེས་གསུང་དེ་ཁེངས་སྐྱོང་ཞིག་ཡིན་ས་རེད། ཞི་བ་ལྷས། སྡེབ་སྦྱོར་མཁས་པ་བདག་ལ་ཡོད་མིན་དེ། །དེ་ཕྱིར་གཞན་དོན་བསམ་པ་ཡང་བདག་ལ་མེད། །ཞེས་མིན་དང་མེད་གསུངས་པ་ནང་བཞིན་དུ་ཡིན་ས་རེད། །

  11. ཨོ་རྒྱན་ཉི་མ། says:
    2013-07-13 at 5:11 pm

    འདྲེ་རྐང་དོས་ངའི་གཤིས་ཀ་ཤེས་ཀྱང་དག་ཆ་ཤེས་ཀྱིན་མེད་པ་འདྲ། ཧཧཧ

  12. ཀརྡོ་གཉེར་ཕྱག་པ་ says:
    2013-07-13 at 5:59 pm

    མཚན་འཛིན་གཏི་མུག་འདི་ཡིས་སྔགས་སྡོམ་ཤོར།།
    འཁོན་འཛིན་ཞེ་སྡང་བདོ་བས་བྱང་སྡོམ་ཤོར།།
    བརྐམ་ཆགས་ཞེན་པ་ཆེ་བས་སོར་སྡོམ་ཤོར།།
    ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    ཨོ་རྒྱན་ཉི་མ་ལགས་ཀྱི་གསོལ་འདེབས་འདི་གང་མང་་གསོག་བགྱིད་ཡིན།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-07-13 at 6:02 pm

    ཚེ་སྟོད་རབ་བྱུང་དགེ་སློང་ཆས་སུ་བརྫུས།།
    ཚེ་སྨད་གསང་སྔགས་ཉམས་སུ་ལེན་མདོག་སྟོན།།
    གཡོ་སྒྱུ་སྐོར་མགོ་གཞན་ལས་ཆེས་མཁས་པའི།།
    ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    འདི་ནི་ཨོ་རྒྱན་པས་ངའི་རྣམ་ཐར་ཆ་ཚང་ཅིག་བྲིས་འདུག་གདའ། ཧ་ཧོ།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-07-13 at 6:04 pm

    ཚེ་འདིར་དགོས་པའི་དཔལ་དང་འབྱོར་བ་མེད།།
    ཕྱི་མར་ཕན་པའི་དམ་ཆོས་རྒྱགས་ཕྱེ་མེད།།
    འདི་ཕྱིར་སྨན་པའི་ཡ་རབས་སྤྱོད་བཟང་མེད།།
    ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    འདི།
    ཚེ་འདིར་དགོས་པའི་དཔལ་དང་འབྱོར་པས་ཕྱུག །
    ཕྱི་མར་ཕན་པའི་དམ་ཆོས་རྒྱགས་ཕྱེ་བསགས། །
    འདི་ཕྱིར་སྨན་པའི་ཡ་རབས་སྤྱོད་བཟང་ཅན། །
    ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས། །

  15. སྤོབས་པ་མཐའ་ཡས། says:
    2013-07-13 at 7:07 pm

    སྤོབས་པ་མཐའ་ཡས་ཀྱིས་ཀུ་རེ་ཙམ་ལ་རང་རྩོམ་ཁ་བསྒྱུར་བྱས་པ་ཡིན།

    ཨོ་རྒྱན་ཉི་མར་བསྟོད་པ་བྱིན་རླབས་འཛད་མེད་ཅེས་བྱ་བ་བཞུགས་སོ།

    བདེ་གཤེགས་ཆོས་ཀྱི་སྤྱན་ལྡན་རྫོགས་སངས་རྒྱས།།
དེའི་གསུང་གསུང་རབ་དྲི་མེད་ནོར་བུའི་མཛོད།།
རིག་གྲོལ་འཕགས་པའི་སྡེ་ལ་ཕྱག་འཚལ་ཏེ།།
རང་ལ་བསྟོད་པ་བྱེད་པའི་གཏམ་ཞིག་འབྲི།།
    མཚན་འཛིན་གཏི་མུག་མེད་པའི་སྔགས་འཆངས་ཡིན།།
འཁོན་འཛིན་ཞེ་སྡང་མེད་པའི་བྱང་སེམས་ཡིན།།
བརྐམ་ཆགས་ཞེན་པ་མེད་པའི་ཉན་ཐོས་ཡིན།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    དྲིན་ཆེན་རྩ་བའི་བླ་མའི་བཀའ་བཞིན་བསྒྲུབས།།
བརྩེ་ལྡན་རྡོ་རྗེའི་མཆེད་པོའི་ཐུགས་དང་མཐུན།།
འདི་ཕྱི་གཉིས་ཀ་འགྲུབ་པའི་སངས་རྒྱས་དངོས།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    གྲོགས་པོ་རྙིང་པ་དག་ལ་ལྷ་རུ་བལྟས།།
ཨ་གསར་ཆུང་ཞིང་གཏི་མུག་མུན་པ་སེལ།།
ཀུན་ལ་མ་ཆགས་ཀུན་ཀྱང་ཐོབ་པ་ཡི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    གོང་མ་འབྱོར་ལྡན་དག་ལ་ཕྲག་དོག་མེད།།
རང་དང་མཉམ་པ་དག་ལ་འགྲན་སེམས་མེད།།
དམན་ལ་བརྩེ་ཞིང་ཁེངས་པའི་དྲེགས་པ་མེད །
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    ནང་གི་དུག་ལྔ་ཆུ་ཡིས་མེ་ལྟར་བཅོམ།།
ཕྱི་ཡི་སྤྱོད་ངན་དགུན་གྱི་མཚོ་ལྟར་བྲི།།
གསང་བ་ཐེག་པ་རིམ་དགུའི་ཤིང་རྟ་དངོས།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    མཛེས་མ་མཐོང་ཚེ་ཀིང་རུས་དངོས་སུ་བལྟ།།
གསེར་དངུལ་རིག་ཚེ་ལག་པས་དབང་མེད་གཏོང་།།
ཆོས་ཀྱི་ཆེད་དུ་སྲོག་ཀྱང་འདོར་ཕོད་པའི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    ཚེ་སྟོད་རབ་བྱུང་དགེ་སློང་ཁྲིམས་ཀྱིས་མཛེས།།
ཚེ་སྨད་གསང་སྔགས་འཆངས་བའི་ཆས་ཀྱིས་བརྗིད།།
གཡོ་སྒྱུ་མགོ་སྐོར་མཁན་དང་མི་འདྲ་བའི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    ཐོས་བསམ་སྒོམ་གསུམ་རྐུན་མས་མ་ཁྱེར་ཞིང་།།
འཆད་རྩོད་རྩོམ་གསུམ་ཇག་པས་མ་བཅོམ་པར།།
བཤད་སྒྲུབ་ལས་གསུམ་འཚོང་ལས་མི་བྱེད་པའི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    ཡིད་རྟོན་རུང་བའི་ལྟ་གྲུབ་ཞིག་ཀྱང་ཡོད།།
ཕྱག་འཚལ་རུང་བའི་ཉམས་ལེན་ཞིག་ཀྱང་ཡོད།།
མི་རུ་སྐྱེས་ཀྱང་ལྷ་ལས་བཟང་ངེས་པའི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    ཚེ་འདིར་དགོས་པའི་དཔལ་དང་འབྱོར་བ་ཡོད།།
ཕྱི་མར་ཕན་པའི་དམ་ཆོས་རྒྱགས་ཕྱེ་ཡོད།།
འདི་ཕྱིར་སྨན་པའི་ཡ་རབས་སྤྱོད་བཟང་ཡོད།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
    རྒྱལ་བསྟན་རིན་ཆེན་ཡུན་དུ་གནས་ན་བསམ།།
བསྟན་འཛིན་སྐྱེས་བུར་འགྲོ་དོན་འཕེལ་ན་བསམ།།
བསྟན་བཤིག་ཕུང་གསུམ་མགོ་མཇུག་ལྡོག་ན་བསམ།།
བསམ་པ་གསུམ་གྱིས་ཀུན་གྱི་སེམས་རྩ་བསྒུལ།།
    ཞེས་རང་ལ་བསྟོད་པ་ཞིག་གང་དྲན་བྲིས་པ་ལགས་ན། རང་དང་སྐལ་བ་མཉམ་པ་ཚོར་ཅུང་ཟད་སྨན་པའི་རེ་འདུན་བཅས་འདུ་ཤེས་གསུམ་པ་ཨོ་རྒྱན་ཉི་མས་སོ།།

  16. གང་བ་བཟང་པོ་ says:
    2013-07-13 at 9:15 pm

    དེ་ལྟར་བྲིས་པ་ཁ་ཞེ་གཉིས་མེད་ཡིན་ན། རྐང་པ་བཞི་པ་དེ་ཙོ་འདི་ལྟར་འདི་ལྟར་འབྲི་དགོས།

    ཨོ་རྒྱན་ཉི་མ་ཁྱོད་ཀྱིས་བསམ་བློ་ཐོངས།།

  17. འདྲེ་རྐང་ཐོ། says:
    2013-07-13 at 9:50 pm

    དང་བོར་ཁས་བླངས་སྡོམ་པ་ཆུ་ལ་གཡུག།
    བར་དུ་སྤྲུལ་མིང་འཁུར་ནས་གཞན་མགོ་བསྐོར།།
    མཐའ་མར་རྩ་བའི་བླ་མར་ཁ་ལོག་བཏང་།།
    ཨོ་རྒྱན་བླུན་པོའི་ཞབས་ལ་ཕྱག་འཚལ་ལོ།།

    ཀ་དག་སྟོང་ཉིད་རྟོགས་མདོག་ཁྲེལ་མེད་པོ།།
    ཁ་བའི་སྤྲུལ་མིང་འཆང་བའི་སྐྱག་རྫུན་ཅན།།
    ག་ནས་བལྟས་ཀྱང་ཚུགས་མེད་ཁྱོད་འདྲ་པོ།།
    ང་ཅག་བོད་ལ་མེད་ན་དགའ་བ་ལ།།

  18. ཀརྡོ་གཉེར་ཕྱག་པ་ says:
    2013-07-14 at 12:03 am

    ཀ་དག་སྟོང་ཉིད་རྟོགས་མདོག་ཁྲེལ་མེད་པོ།།
    ཁ་བའི་སྤྲུལ་མིང་འཆང་བའི་སྐྱག་རྫུན་ཅན།།
    ག་ནས་བལྟས་ཀྱང་ཚུགས་མེད་ཁྱོད་འདྲ་པོ།།
    ང་ཅག་བོད་ལ་མེད་ན་དགའ་བ་ལ།།
    ཞེས་པ་འདི་ལ།
    ཀ་དག་སྟོང་ཉིད་རྟོགས་ལ་ཚོགས་བསགས་ཤིང་། །
    ཁ་བའི་སྤྲུལ་མིང་འཆང་བའི་ཨོ་ཉི་ཁྱེད། །
    ག་ནས་བལྟས་ཀྱང་ཕུང་གསུམ་བསྒྲལ་བ་ལ། །
    ང་ཅག་བོད་རིགས་རྣམས་ལ་ཤིན་ཏུ་མཁོ། །

  19. ཨོ་རྒྱན་ཉི་མ། says:
    2013-07-14 at 12:17 am

    ཀ་བ་མེད་པའི་ཁང་སྟོང་ནང་།།
    ཁ་ནས་མི་བཤད་དགུ་བཤད་བོ།།
    ག་ནས་བལྟས་ཀྱང་འདྲེ་འདྲ་བ།།
    ང་མིན་སུ་ཞིག་འདི་ན་མཆིས།།
    ཧཧཧ

  20. ཨོ་རྒྱན་ཉི་མ། says:
    2013-07-14 at 12:20 am

    སྤོབས་པ་མཐའ་ཡས་ཀྱིས་བཤད་པ་ལྟར་ཡིན་ན། ང་དགའ་དྲགས་ཏེ་སྨྱོ་འགྲོ་ས་རེད། འདྲེ་རྐང་དོ་འདིས་ཧཧཧཧ

  21. ཨོ་རྒྱན་ཉི་མ། says:
    2013-07-14 at 12:22 am

    རྒྱལ་བསྟན་རིན་ཆེན་ཡུན་དུ་གནས་ན་བསམ།།
    བསྟན་འཛིན་སྐྱེས་བུར་འགྲོ་དོན་འཕེལ་ན་བསམ།།
    བསྟན་བཤིག་ཕུང་གསུམ་མགོ་མཇུག་ལྡོག་ན་བསམ།།
    བསམ་པ་གསུམ་གྱིས་ཀུན་གྱི་སེམས་རྩ་བསྒུལ།།

    འདི་གསུམ་ང་ལ་ངེས་པར་དུ་ཡོད། དེ་ལས་གཞན་ཅང་མི་ཤེས།

  22. གཡག says:
    2013-07-14 at 1:29 am

    དགེ་ལུགས་ལབ་ན་རྔ་མ་མགོ་ལ་ཕྱར།།
    བཀའ་རྒྱུད་ལབ་ན་སྡང་མིག་གྱེན་ལ་གདང་།།
    བོན་པོ་ལབ་ན་སྙིང་ལ་ཙག་ཤེད་རྒྱུགས།།
    སྟུ་རྐུ་འོ་རྐྱལ་ཉི་མའི་སྙིང་ལ་བྷྱོ།།

    རང་བཙན་ལབ་ན་རིང་ནས་རྒྱང་དུ་བྲོས།།
    དབུ་མ་ལབ་ན་དབུ་ལོ་འཕྲེད་དུ་གཡུག།
    ཤ་དང་རུས་པ་མེད་པའི་གདོན་གཟུགས་གང་།།
    སྟུ་རྐུ་འོ་རྐྱལ་ཉི་མ་རྒྱང་དུ་སྤྱུགས།།

  23. གཡག says:
    2013-07-14 at 1:34 am

    རྙིང་མའི་རྒྱལ་བསྟན་ཡུན་དུ་གནས་ན་བསམ།།
    རྙིང་མའི་སྐྱེས་བུར་འགྲོ་དོན་འཕེལ་ན་བསམ།།
    ས་དགེ་བོན་སོགས་མགོ་མཇུག་ལྡོག་ན་བསམ།།
    བསམ་པ་གསུམ་གྱིས་ཀུན་གྱི་སེམས་རྩ་དཀྲུགས།།

    འདི་གསུམ་ཁྱོད་ལ་ངེས་པར་དུ་འདུག དེ་ལས་གཞན་ཅང་མི་ཤེས།

  24. ཨོ་རྒྱན་ཉི་མ། says:
    2013-07-14 at 1:57 am

    གསར་རྙིང་དམ་པ་རྣམས་ལ་སྙིང་ནས་དད།།
    གསར་རྙིང་ཕུང་གསུམ་པ་ལ་ཞེ་ནས་སྡང་།།

  25. མངའ་རིས་ཕོ་ཉ། says:
    2013-07-14 at 4:15 am

    ཐོས་བསམ་སྒོམ་གསུམ་སྦྱངས་བ་མཐར་ཕྱིན་མཛད། །
    འཆད་རྩོད་རྩོམ་གསུམ་རིག་པའི་ལོ་འདབ་རྒྱས། །
    བཤད་སྒྲུབ་དར་རྒྱས་ཡུན་རིང་གངས་ཅན་བོད། །
    ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས། །

    ཚེ་སྟོད་རབ་བྱུང་སྒྲུབ་ནས་དམ་ཆོས་བརྩོན། །
    ཚེ་སྨད་གསང་སྔགས་བཞུགས་ནས་རི་ཁྲོད་འགྲིམས། །
    འདི་ཕྱི་གཉིས་ལ་ཕན་པའི་ལྷ་ཆོས་མཛད། །
    ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme