Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་བྷ་མས་རྒྱ་ནག་ལ་བཟུང་བའི་སུང་ཙིའི་འཐབ་ཇུས།

Posted on 2012-05-272012-06-01 By ཁ་བརྡ་

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨོ་བྷ་མའི་ལས་ཁུར་འགོ་འཛུགས་བྱས་པ་དང་བསྟུན་རྒྱ་ནག་གཞུང་གི་ང་རྒྱལ་དང་རང་རློབ་ཀྱི་མགོ་འཕང་མཐོ་རུ་ཕྱིན་ཡོད། དེ་ནི། ཕྱོགས་གཅིག་ནས་པེ་ཅིན་ཨོ་གླིང་རྩེད་འགྲན་གྱི་རྒྱལ་ཁ་འབྱུང་ལ་ཉེ་བ་དང་། ཕྱོགས་གཞན་ཞིག་ནས་ཨ་རིའི་དཔལ་འབྱོར་ཉམ་རྒུད་དུ་འགྲོ་བཞིན་པ་དེས་ཨ་རིའི་སྟོབས་ཤུགས་ཉམ་ཉེས་མཚོན་ཡོད་པ་དང་ཆབ་ཅིག རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ནི་ཁོང་ཚོའི་རྒྱབ་རྟེན་གྱི་ཚོང་དཔོན་གསར་པ་ཞིག་ཏུ་འཚོལ་གྱི་ཡོད་པས་རེད། རྒྱ་ནག་ཕྱིར་ཚོང་ལ་ཤུགས་ཆེར་རྟེན་ཡོད་སྟབས་རྒྱལ་སྤྱིའི་དཔལ་འབྱོར་ཉམ་ཉེས་ཁྲོད། རྒྱ་ནག་གི་ཕྱིར་ཚོང་འགྲོ་རྒྱུག་མར་ལྷུང་པ་དེ་ལས་ལྷག་པའི་རྒྱ་ནག་གི་ལས་བཟོ་བར་འཕྲད་པའི་དཀའ་ངལ་ཅིག་བྱུང་མེད། འོན་ཀྱང་། རྒྱ་ནག་གིས་རང་ཉིད་འཕྲད་དུ་དཀའ་ངལ་དེ་ལས་གྲོལ་ཐུབ་པ་བྱས་ཡོད་སྟབས་རྒྱལ་སྤྱིའི་དཔལ་འབྱོར་ཉམ་ཉེས་ཀྱིས་རྒྱ་ནག་ལ་དེ་ཙམ་ཤུགས་རྐྱེན་འཕྲད་མེད། ཨ་རི་དང་ཡུ་རོབ་དག་གིས་འཕྲད་དུ་གཡོ་འགུལ་རང་བཞིན་གྱི་སྲིད་ཇུས་ཤིག་ལག་བསྟར་བྱ་རྒྱུར་ཐེ་ཚོམ་ངང་ལྷག་པ་རེད། རྒྱ་ནག་གིས་ལག་བསྟར་བྱས་པའི་སྲིད་ཇུས་དེ། གོམ་པ་མདུན་སྤོས་ཐོག་ཕྱིར་ཚོང་བཟོ་ལས་བའི་ལས་མེད་དཀའ་ངལ་སེལ་རྒྱུར་རྒྱལ་ནང་འཛུགས་སྐྲུན་ལས་གཞི་རྒྱ་སྐྱེད་ཀྱིས་མི་མང་ས་ཡ་མང་པོར་ལས་ཀ་རག་ཐབས་བྱས།

༢༠༠༩ ཟླ་ ༡༡ ནང་ཨོ་བྷ་མ་རྒྱལ་དོན་ཕྱོགས་སྐྱོད་ཀྱིས་ཧྲང་ཧེ་དང་པེ་ཅིན་བཅས་སུ་བསྐྱོད་སྐབས། ཕྱོགས་གཉིས་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁོང་གི་རྒྱུན་ལྡན་བྱ་སྤྱོད་ཐད་སྤྲེལ་ལད་རང་བཞིན་གྱི་གནས་ཚུལ་འདོན་ཇི་ཐུབ་བྱས། ཝ་ཤིན་ཊོན་སྦྲག་ཟམ་(Washington Post) དང་ནེའུ་ཡོག་དུས་བབ་བཅས་ཀྱིས་ཐེངས་འདིའི་ཨོ་བྷ་མའི་ཞཱ་མོ་ལག་བཟུང་ངམ་མགོ་འདོགས་རང་བཞིན་གྱི་བྱ་སྤྱོད་དང་། སྲིད་འཛིན་ཟུར་བ་བྷེལ་ཁི་ལེན་ཊོན་དེ་སྔོན་རྒྱ་ནག་སྲིད་འཛིན་ཅིང་ཙི་མིན་དང་ལྷན་དུ་ཡོད་སྐབས། གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་ངོ་རྒོལ་ཐད་གླེང་མོལ་བྱས་པའི་དཔའ་ངར་གཉིས་ཞིབ་བསྡུར་ཐོག ཨོ་བྷ་མར་ཟུར་ཟ་ཡང་བྱས་པ་རེད།

ཨོ་བྷ་མས་རྣམ་འགྱུར་བཟང་པོའི་ངང་རྒྱ་ནག་གིས་རང་ཉིད་རྩེ་ཕུད་ཡིན་སྐོར་གྱི་བསྒྲགས་གཏམ་ལ་མགོ་བོ་ནང་དུ་སྒུར་བཞིན། ཨོ་བྷ་མ་སྲིད་གཞུང་གིས་སྐམ་བཙིར་དམག་ཇུས་(དགྲ་དམག་ཕྱོགས་གཉིས་ནས་བསྐོར་ཐབས་ཀྱི་དམག་ཇུས་ཤིག )བཤམ་ཏེ། ཨེ་ཤ་ཡའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཨ་རིའི་ཤུགས་རྐྱེན་དང་རྣམ་པ། སྣང་བརྙན་བཅས་བསྐྱར་སྐྲུན་ལེགས་འགྲུབ་ཡོང་ཐབས་བྱས་ཡོད། ལག་ལེན་སྟེང་། ཨ་རིའི་སྲིད་འཛིན་ནས་དྲུང་ཆེ་ཁི་ལེན་ཊོན་དང་གྷེ་ཐི་ནར། གྷ་ཚི། དེ་བཞིན་ཨ་རིའི་སྐུ་ཚབ་བཅས་ཀྱིས་གཞུང་འབྲེལ་གཏམ་བཤད་ནང་ག་དུས་ཡིན་ན་སྐད་ཆ་གཅིག་རང་བརྗོད་ཀྱི་ཡོད། སྐད་ཆ་དེ་ནི། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱ་ནག་གི་སྟོབས་ཤུགས་ལ་ཞེད་སྣང་བྱ་རྒྱུ་ལས་དགའ་བསུ་ཡོད་པར་བརྗོད་ཀྱིན་པ་དེ་རེད། སྐད་ཆ་དེས་རྒྱ་ནག་ལ་དོགས་ཟོན་ཆེ་ཆེར་བསླངས་ཡོད། རྒྱུ་མཚན་ནི། རྒྱ་ནག་གི་འཕེལ་རྒྱས་དང་འབྲེལ་བའི་ཤུགས་རྐྱེན་དེས་ཨ་རིར་གྱོང་གུད་ཚབ་ཆེན་འབྱུང་ངེས་པ་ལྟར། ཨ་རིས་རྒྱ་ནག་གི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་སྲིད་པའི་དོགས་ཟོན་ཡོང་གི་ཡོད།

རྒྱ་ནག་དཔོན་རིགས་མང་པོ་ཞིག་དོགས་གཞིའི་འོག་ཡོད་ཀྱང་། ཨ་རིའི་གཞུང་གི་སྐད་ཆ་བཤད་སྟངས་རྗེས་མ་སྟེ། ཨ་རིས་རྒྱ་ནག་གི་འཕེལ་རྒྱས་ལ་དགའ་བསུ་ཡོད། འོན་ཀྱང་། ཨ་རིས་རྒྱ་ནག་གི་དམ་དྲག་དང་དངུལ་སྒོར། ཁོར་ཡུག་འབབག་བཙོག་སོགས་ཀྱི་གནད་དོན་ཐད་ངོས་ལེན་མེད་པ་མ་ཟད། གནད་དོན་དེའི་རིགས་རྒྱ་ནག་གི་ཡར་རྒྱས་ལ་མུ་མཐུད་འགོག་རྐྱེན་འཕྲད་དུ་འཇུག་རྒྱུ་ལས། གནད་དོན་དེ་དག་ཐད་གོ་བསྡུར་བྱ་དགོས་པའི་གླེང་བྱ་བཏོན་པར། རྒྱ་ནག་དཔོན་རིགས་ཚོས་ཨ་རིའི་སྐད་ཆ་ཕྱི་མ་དེར་བསྐྱར་དུ་སྐད་ཆ་ཤོད་སའི་སྡེངས་ཆ་ཞིག་སྐྲུན་ཐབས་བྱས་ཡོད།

ཨོ་བྷ་མ་རྒྱ་ནག་ཏུ་ཕྱིན་པའི་ཟླ་འགའི་ནང་། རྒྱ་ནག་གི་དམག་དོན་དང་ཕྱི་འབྲེལ་དཔོན་རིགས་ཁག་ཅིག་གིས་རྒྱ་ནག་ནང་གི་གསར་ལམ་སྟེང་ཐོན་པའི་ཟོལ་བསྟོན་རང་བཞིན་གྱི་གནས་ཚུལ་དག་ལ་ཡིད་ཆེས་བྱས་འགོ་ཚུགས། དེ་ནི། རྒྱ་ནག་རང་ངོས་ནས་འགྲེལ་བཤད་བྱེད་བཞིན་པའི་ “མངའ་དབང་རྒྱ་སྐྱེད” ་ཅེས་པ་དེ་ཡིན་ཞིང་། དེའི་ནང་ཉི་ཧོང་དང་ལྷོ་ཀོ་རེ་ཡ། ཝེ་ཊི་ནམ། ཧྥེ་ལེ་པེན་སོགས་ཀྱི་མཚོ་དམག་ལ་ཁ་གཏད་གཅོག་གི་ཡོད་པ་དང་མཉམ་དུ་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་བདག་དབང་ལ་རྩོད་ལེན་དང་། བདག་དབང་དེ་ཞི་བདེ་རྒྱ་མཚོའི་མངའ་ཁུངས་སུ་རྒྱ་སྐྱེད་ཐོག རཱ་ཤི་ཡ་ནས་འབར་མ། ཨོ་སི་ཊི་ལེ་ཡ་བཅས་དང་ཚོང་འབྲེལ་ཤུགས་ཆེ་རུ་གཏོང་རྒྱུར་ཕྱོགས་ཀུན་ནས་ལག་བསྟར་རྩོད་ལེན་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་དེ་རེད། འོན་ཀྱང་གནས་སྐབས་དེའི་ནང་། ཨ་རིས་རྒྱལ་ཁབ་དེ་དག་རེ་རེ་བཞིན་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་ཐབས་བྱས་པ་དང་སྦྲགས། ཨ་རིའི་སྐད་ཆ་ཅིག་ནི། ཨབ་གྷན་དང་ཨེ་རག་གི་རྩོད་རྙོག་རང་བཞིན་གྱི་འདམ་རྫབ་ལས་ཕྱིར་འཐོན་རྒྱུ་དེ། ཨ་རི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཆེ་མགྱོགས་ཤོས་ཡིན་པའི་སྤྱི་ཚོགས་ནང་སླེབས་ཐུབ་པར་བསྐྱར་དུ་ནུས་ཤུགས་འདོན་ཐུབ་ཆེད་ཡིན་པར་བརྗོད་པ་དང་། ཕར་ཕྱོགས་ནས་ཚད་རྒལ་རང་བཞིན་གྱི་གནད་དོན་དག་གི་ཐད་རྒྱ་ནག་ལས་ཨ་རི་ལས་སླ་བོའི་ངང་འཚོ་གནས་བྱས་ཐུབ་ཡོད།

ཨོ་བྷ་མའི་ངོ་ཚ་རུ་རྩིས་པའི་པེ་ཅིང་དང་ཧྲང་ཧེ་བསྐོར་སྐྱོད་ཀྱི་ལོ་ ༢ རྗེས་སུ་ཨ་རྒྱའི་འབྲེལ་ལམ་དེ་ཕྱོགས་གཅིག་ནས་མཉམ་ལས་དང་ཕྱོགས་གཞན་ཞིག་ནས་ཛ་དྲག་ཆགས་སུ་གྱུར། དེ་ནི་ཨ་རིའི་སྲིད་འཛིན་ ༣༧ པ་ནེ་ཛོན་སྐབས་ཀྱི་ཨ་རྒྱའི་ཕྱི་འབྲེལ་བརྒྱུད་ཡོང་པ་ཞིག་ཡིན། འོན་ཀྱང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཕལ་ཆེ་བར་ཡོད་པའི་ཨ་རིའི་ཕྱི་འབྲེལ་དེ། ཨེ་རག་དམག་འཁྲུག་གོང་གི་ཕྱི་འབྲེལ་ལས་ཇེ་བཟང་དུ་གྱུར་ཡོད། ༢༠༡༡ ལོའི་ལོ་མཇུག་ནང་ཨོ་བྷ་མ་ཨོ་སི་ཊི་ལེ་ཡར་རྒྱལ་དོན་ཕྱོགས་སྐྱོད་སྐབས། ཨོ་བྷ་མས་ཨོ་སི་ཊི་ལེ་ཡའི་བྱང་ཕྱོགས་མཚོ་ཁུལ་ཌར་ཝེན་(Darwin) ནང་ཨ་རིའི་གཏན་སྡོད་མཚོ་དམག་གསར་འཛུགས་བྱས་ཡོད་པའི་ཁྱབ་བསྒྲགས་བྱས་པ་དེས་རྒྱ་ནག་འགོ་ཁྲིད་ཚོར་བློ་འཚབ་ཆེན་པོ་བསླངས་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཕྱོགས་གང་ས་ནས་བསྔག་བརྗོད་ཐོབ།

ཨ་རིས་རྒྱ་ནག་ལ་ཁ་ཕྱོགས་ཏེ་ “ང་ཚོས་ཁྱེད་ཀྱི་འཕེལ་རྒྱས་ལ་དགའ་བསུ་ཞུ ” ཞེས་འཛུམ་སྟོན་བཞིན། ཨ་རིས་རང་གི་ཞི་དྲག་སྟོབས་ཤུགས་བསྐྱར་སྐྲུན་སྲ་བརྟན་བཟོས་པའི་ཐབས་ཇུས་དེ་ནི། སོ་སོའི་དམིགས་འབེན་བསྒྲུབ་པར་ངང་རྒྱུད་རིང་པོའི་སྒོ་ནས་རྩོད་ལེན་བྱས་པ་དེ་ནི་སྲུང་ཙིའི་དམག་འཐབ་ཐབས་ཇུས་ལྟ་བུ་ཞིག་ཏུ་གྱུར་ཡོད། གནད་དོ་དེར་བྷར་ཌི་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་མཱེ་ཌི་ (Walter Russell Mead) ཡིས་ “’འདི་ནི་ཆོད་སེམས་བརྟན་པོས་བསགྲུབས་པའི་ཕྱི་འབྲེལ་ལས་དོན་གྱི་རྒྱལ་ཁ་གཅིག་ཡིན་པ་ཕལ་ཆེར་མི་ཚང་མས་མཐོང་ཐུབ”། ཅེས་དང་། ཨོ་བྷ་མས་ཨོ་སི་ཊི་ལེ་ཡའི་ནང་མཚོ་དམག་གི་རྟེན་གཞི་བཙུགས་པའི་ཐད་ཁོང་གིས “ཕྱི་འབྲེལ་སྲིད་ཇུས་ཐད་ནས། འདི་ནི་ཨོ་བྷ་མ་སྲིད་གཞུང་གི་ལོ་རྒྱུས་ཤིག་མངོན་འགྱུར་བྱེད་བཞིན་པ་དང་། འཆར་གཞི་ཇི་བཞིན་ལག་བསྟར་དུ་འཁེལ་པའི་གནད་དོན་འདི་འཕྱུག་མེད་ངང་བསྒྲུབས་པ་ཞིག་དུས་ནམ་ཡང་ཆགས་ངེས”། ཞེས་བྲིས་ཡོད།

ཉེ་ཆར་ཨ་རིའི་ཆབ་སྲིད་གསར་འགོད་པ་དང་ཕྱི་འབྲེལ་དབྱེ་ཞིབ་པ་ཇམ་སི་ཧྥ་ལོ་སི་(James Fallows) ཡིས་ཨོ་བྷ་མའི་སྲིད་གཞུང་ལ་དབྱེ་ཞིབ་རྩོམ་ཡིག་རིང་པོ་ཞིག་ཨ་ཊི་ལན་ཊེཀ་(The Atlantic) དུས་དེབ་སྟེང་པར་བསྐྲུན་བྱས་པ་ལས། རྒྱ་ནག་དང་འབྲེལ་བའི་ཚན་པ་འདི་ཟུར་འདོན་ཐོག་བོད་སྒྱུར་བྱས་ཡོད།

…………………………………………………………………………………………………

སྐར་ཁུང་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་།

ཚེ་རིང་ཤཱཀྱ།
ལོ་རན་ ཧར་ཁྲི་ལིས།
སྡོམ་པ་ཚེ་རིང་དབང་མོ།
བསྟན་འཛིན་བདེ་སྐྱིད་།
དཀའ་ཐུབ་ཚེ་རིང་།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་།
བུད་ངྷ་སྐྱབས།
ལྗང་གཞོན།
བློ་བཟང་གྲགས་པ།
སྐལ་བཟང་ཉི་མ།
སྦྲ་རིགས་ཐོགས་མེད་།
འབྲོང་བུ་ཟླ་བ་ཚེ་རིང་།
དབང་ཕྱུག་བཀྲ་ཤིས།
རིག་འབྱུང་དོན་གྲུབ་བཀྲ་ཤིས།

www.khabdha.org
khabdha@gmail.com

གསར་འགྱུར།

Post navigation

Previous Post: སྐྱབས་ཆེན་བདེ་གྲོལ་ལགས་སུ་མི་རབས་གསུམ་པ་དང་བོད་ཀྱི་དེང་རབས་རྩོམ་རིག་སྐོར་གྱི་བཅར་འདྲི།
Next Post: ལྷ་སར་རང་སྲེག་བཏང་བའི་རྡོ་རྗེ་ཚེ་བརྟན་ལགས་ཀྱི་གནས་ཚུལ་ཁུངས་ལྡན།

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme