Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་གླིང་རྒྱལ་སྟོན་དུས་ཆེན།

Posted on 2020-01-27 By ཁ་བརྡ 1 Comment on ཨོ་གླིང་རྒྱལ་སྟོན་དུས་ཆེན།

ཁྲོ་གཏུམ་གྱིས་སྒྲིག་སྒྱུར་བྱས།

ཕྱི་ཟླ་ ༠༡ ཚེས་ ༢༦ ཉིན་ནི་ཨོ་གླིང་རྒྱལ་ཡོངས་ཀྱིས་སྲུང་བརྩི་བྱེད་པའི་ཉིན་མོ་སྟེ། ཕྱི་ལོ་ ༡༧༨༨ ཟླ་ ༠༡ ཚེས་ ༢༦ ཉིན་དབྱིན་ཇིའི་གྲུ་ཐོགས་པ་ ༡༡ཨོ་གླིང་ལྷོ་བྱང་མཚམས་ཀྱི་སིག་ཎི་མཚོ་མཐའ་རུ་དབྱིན་རྒྱལ་ཁབ་ཆེན་མོའི་དར་ཆ་བསྒྲེངས་ཤིང་། ཁྲེ་ར་ཨོ་སི་ཁྲོ་ལེ་ཡ༼ Terra Australis ༽ཟེར་བ་ནི་ལ་ཊིན་གྱི་སྐད་ཡིན་ཞིང་། དེ་ནི་ལྷོ་ཕྱོགས་རྒྱལ་ཁབ་ཞེས་པའི་དོན་དང་། སྐབས་དེར་ཡུལ་ཕྱོགས་འདིར་ཞི་བདེ་ལྷིང་འཇག་གིས་གནས་པའི་གདོད་མའི་མི་རིགས་མང་པོ་ཞིག་དམར་གསོད་བྱས་ཤིང་། དབྱིན་རྒྱལ་ཁབ་གྱི་ནག་ཉེས་ཅན་གྱི་བཙོན་མ་རྒྱང་འཕེན་བྱེད་ས་ཞིག་ཏུ་གྱུར། ཡིན་ནའང་ད་ལྟ་རྒྱལ་ཁབ་གང་ཞིག་གི་ཆབ་སྲིད་བཙོན་ཟུར་དང་ཆབ་སྲིད་ནག་ཉེས་ཅན་བཙན་བྱོལ་བྱེད་ས་ཞིག་ཡིན།

ཨོ་གླིང་རྒྱལ་ཁབ་གྱི་ཉིན་མོ་སྲུང་བརྩི་བྱེད་སྟངས་ནི་རྩོད་གླེང་ཁྲོད་རིམ་པས་འགྱུར་བ་དུ་མ་བྱུང་ཞིང་། མངའ་སྡེ་ཚང་མས་ཁོ་ཚོའི་ལོ་རྒྱུས་ཀྱི་གནས་སྟངས་ལྟར་ཉིན་འདི་དང་བསྟུན་དེ་སྲུང་བརྩི་བྱེད་འདོད་མ་བྱུང་བས། གཞུང་འབྲེལ་མིན་པའམ། ཡང་ན་ལོ་རྒྱུས་ལྡན་པའི་ཉིན་མོ་ཞིག་མིན་པས་མིང་ཐོག་སྟངས་ཁ་ཤས་འདུག་ལ། ལོ་འཁོར་དུས་དྲན་ཉིན་མོ། དབུ་བརྙས་པའི་ཉིན་མོ། བཙན་འཛུལ་གྱི་ཉིན་མོ། རྒྱལ་ཡོངས་མྱ་ངན་གྱི་ཉིན་མོ་སོགས་འདུག

འོན་ཀྱང་། ཉིན་མོ་འདི་ནི་དུས་རབས་གཅིག་ལྷག་རིང་ཨོ་གླིང་རྒྱལ་ཡོངས་ཀྱི་ཉིན་མོར་ངོས་འཛིན་ཐོབ་མེད་ཅིང་། ཕྱི་ལོ་ ༡༨༠༨ ཟླ་ ༠༡ ཚེས་ ༢༦ ཉིན་ནེའུ་སཱོ་ཐི་ཝེ་ནས་ཐེངས་དང་པོའི་གཞུང་འབྲེལ་སྲུང་བརྩི་དང་། ཕྱི་ལོ་ ༡༩༠༡ ལོའི་ཕྱི་ལོ་གསར་བའི་ནང་། ཨོ་གླིང་ལ་དབྱིན་ཇིའི་མི་སེར་སྤེལ་སའི་མངའ་སྡེ་རྣམས་གོང་བུ་གཅིག་ཏུ་གྱུར་ཐུབ་པ་ནི་ཨོ་གླིང་དེང་རབས་ཅན་ལ་བསྐྱོད་པའི་སྔ་ལྟས་སུ་གྲུབ་པར་མ་ཟད་ཨོ་གླིང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱང་ལོ་འདིར་བཟོས་འདུག

ཕྱི་ལོ་ ༡༩༣༥ བར་དུ། ཨོ་གླིང་གི་མངའ་སྡེ་རྣམས་དང་སྲིད་འཛིན་ས་ཁུལ་གཅིག་བཅས་ཀྱིས་ཨོ་གླིང་ཉིན་མོ་སྲུང་བརྩི་བྱས་མྱོང་མེད་ཅིང་། ཕྱི་ལོ་༡༩༩༤ ལོར་ནས་བཟུང་། ཨོ་གླིང་རྒྱལ་སྟོན་དུས་ཆེན་སྐབས་གཞུང་དང་མི་མང་གིས་གུང་གསེང་ལ་རོལ་བའི་སྲོལ་དར་འདུག

ཨོ་གླིང་གི་ཉིན་མོ་སྲུང་བརྩི་བྱེད་པར་ས་ཆ་འདིའི་གདོད་མའི་མི་རིགས་ཀྱིས་མི་འདོད་པའི་ངོ་རྒོལ་དང་ཁོང་ཚོའི་རིགས་རྒྱུད་དམར་གསོད་བཏང་སྟེ་རང་བཙན་བཟུང་ཉིན་མོར་ངོས་འཛིན་བྱེད་པ་དང་། ཁོ་ཚོས་ཉིན་མོ་འདི་ནི་མྱ་ངན་དང་བཙན་འཛུལ་གྱི་ཉིན་མོར་ངོས་འཛིན་པར་བྱེད།

ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༢༦ ཉིན་ཁྲོ་གཏུམ་གྱིས་ཕྱོགས་བསྒྲིགས་བྱས།

འགྱུར་རྩོམ།

Post navigation

Previous Post: བ་བོ་བདག་སྒྲ་མིན་སྨྲ་དགག
Next Post: སྲང་ལམ།

Comment (1) on “ཨོ་གླིང་རྒྱལ་སྟོན་དུས་ཆེན།”

  1. ཀརྡོ་རབ་འབྱམས་པ་ says:
    2020-01-28 at 3:22 am

    ཨོ་སི་ཊི་ཡི་ལི་ཡ། ཡུལ་ལུང་ངམ་གླིང་ཕྲན་འདི། གདོད་མི་རིགས། ཨོབ་ཨོ་རི་ཇི་ནལ། གྱིས་ས་ཆ་ལ། ཨིན་ཇིའི་མི་གསོད་ཁྲག་སྦྱོར་བ་མི་རྫབ་ཆེན་ཟུར་འབུད་བྱ་ས་བཙོན་ཁང་ཆེན་པོ་ཞིག་བཟོས་པ་རེད།
    དེ་ནས་འདོད་རྔམས་ཅན་གྱིས་མཚོ་གྲུ་ཅན་མི་རིགས་དཀར་པོས། ཡུལ་མིར་ཐུབ་ཚོདང་དམར་གསོད་བྱེད་སྒོ་བརྩམས་ནས་བཟུང་དེ་ནང་མི་རིགས་དཀར་པོ་དེ་དག་ནང་སེམས་ཀྱི་བདེ་སྐྱིད་ཡོད་མིན་མི་ཤེས་ཀྱང་། ཕྱི་དངོས་པོའི་ཡར་རྒྱས་ཕྱིན་པ་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme