Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་གླིང་རྒྱ་རིགས་འབྲེལ་མཐུད་པས་༧གོང་ས་མཆོག་ལ་བསྙོན་འཛུགས་བྱེད་མཁན་དང་ལྷན་དུ་ཚོགས་འདུ་ཚོགས་པ། 

Posted on 2019-08-16 By ཁ་བརྡ 7 Comments on ཨོ་གླིང་རྒྱ་རིགས་འབྲེལ་མཐུད་པས་༧གོང་ས་མཆོག་ལ་བསྙོན་འཛུགས་བྱེད་མཁན་དང་ལྷན་དུ་ཚོགས་འདུ་ཚོགས་པ། 

དྲང་བདེན་པས།
 
ཉེ་བའི་ཆར་སིཌ་ཎིའི་བོད་རིགས་མཐུན་ཚོགས་སྐབས་བཅུ་དྲུག་པའི་རྒྱུན་ལས་གསར་འདེམས་ཀྱི་ཆེད་དུ་བོད་རིགས་མཐུན་ཚོགས་ནས་འོས་འདེམས་པའི་ཆ་རྐྱེན་དུ་དང་བླངས་དཔྱ་དངུལ་ལག་དེབ་དང་། ཚོགས་དངུལ་ཆད་མེད་འབུལ་དགོས་པའི་གསལ་བསྒྲགས་བྱས་པ་དེར། རྒྱལ་ཡོངས་ཚོགས་གཙོས་ཡིག་ལན་ཞིག་ཕུལ་བའི་ནང་དོན་ལྟར་ན་ནོར་བུ་དགྲ་འདུལ་གཙོས་དུས་རྒྱུན་ཉོག་གླེང་གི་རྩོད་གཞི་བསླང་མཁན་རིགས་གཅིག་གིས་མཐུན་ཚོགས་ཀྱི་གསལ་བསྒྲགས་དེར་ངོ་རྒོལ་གྱིས་ཡིག་རྙོག་ཞིག་སྐུ་ཚབ་དོན་གཅོད་གཙོས་འབྲེལ་ཡོད་ཁག་གཅིག་ལ་ཕུལ་བར། སྐུ་ཚབ་དོན་ཁང་གིས་བྱུས་མེད་བྱུས་གཏོགས་སམ། ཡང་ན་ཕྱོགས་ལྷུང་གིས་ཚོར་བ་རྐྱེན་པོས་སྐུ་ཚབ་དོན་ཁང་དང་། ས་གནས་འོས་བསྡུའི་ཚོགས་ཆུང་གི་མིང་ཐོག་ནས་ཡིག་རྙོག་དེར་མཐོང་ཆེན་པོས་དང་བླངས་དཔྱ་དངུལ་དང་ཚོགས་དངུལ་འབུལ་བར་ལམ་སྟོན་གྱི་གསལ་ཁ་གང་ཡང་མེད་པར། ཕྱོགས་གཅིག་ལ་དཀའ་ཁག་ཡོད་པའི་ཟོལ་གྱིས་ས་གནས་འོས་བསྡུའི་ཚོགས་ཆུང་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་གཙོ་སྐྱོང་བ་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་གནང་ཡོད་ལ། ན་ནིང་ནས་ད་ལོར་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་འབའ་བ་རྒྱ་རིགས་འབྲེལ་མཐུད་ནས་སྐུ་ཚབ་དོན་གཅོད་ཀྱི་ངོ་བོར་གྱུར་བའི་སྣང་ཚུལ་ཞིག་ཕྱོགས་ཡོང་ནས་མངོན་བཞིན་ཡོད། གནས་བབ་དེར་ད་ལྟའི་བཀའ་ཤག་གི་བྱ་སྤུ་གནོན་གྱི་སྒྲིག་འཛུགས་དང་མཐུན་མིན་ཡང་དྲི་བ་ཞིག་ཡིན།

གང་ལྟར་ཚོགས་འདུ་དེར་འབྲེལ་ཡོད་མེད་ཅི་རིགས་ཞིག་གླེང་ཁུལ་བྱས་ཡོད་ཀྱང་། གནད་དོན་གཙོ་བོ་གཉིས་བྱུང་ཡོད། བོད་རིགས་མཐུན་ཚོགས་ནས་ད་ལྟའི་བར་དང་བླངས་དཔྱ་དངུལ་དང་ཚོགས་དངུལ་བསྡུ་ཕྱོགས་ཐད་འབད་འབུངས་ཆེན་པོ་བྱས་པ་མ་ཟད། ཡང་དང་བསྐྱར་ཏུ་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་དང་། གང་དུ་འབུལ་དགོས་མིན་དང་འབྲེལ་གཏུགས་བྱེད་ཡུལ་གྱི་ཁ་པར་ཨང་གྲངས་སོགས་ཡུལ་དུས་གནས་བབ་ལ་གཞིགས་ཏེ་འབད་བརྩོན་བྱས་པ་ནི་སུས་ཀྱང་བསྙོན་དུ་མེད། འོན་ཀྱང་ཁོང་ཚོས་ཅི་ཞིག་ལ་དང་བླང་དཔྱ་དངུལ་དང་ཚོགས་དངུལ་འབུལ་མ་ཐུབ་པ་རེད། དང་བླངས་དཔྱ་དངུལ་ནི་བློ་བཟང་སངས་རྒྱས་ཀྱིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ལ་དབང་བ་དང་།ཚོགས་དངུལ་ནི་བོད་རིགས་མཐུན་ཚོགས་ལ་དབང་བ་ལས་རྒྱུན་ལས་སྤྱི་དང་བྱེ་བྲག་སུ་ལའང་བདག་ཏུ་མེད་པས་ན་འབུལ་འདོད་མེད་པ་དང་། ཡང་ན་འབུལ་རྒྱུ་མེད་པ་རེད། འདི་དག་ནི་དྲི་བ་གལ་ཆེན་ཞིག་ཡིན། ཡང་གཅིག་བཤད་ན་ཁོང་ཚོ་ནི་དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད་བྱེད་མཁན་ངོ་མ་ཡིན་པའི་ཀུ་སྒྲས་ས་བསྒྲགས་གནམ་བསྒྲགས་བྱས་པ་མ་ཡིན་ནམ། སྐུ་ཚབ་དོན་ཁང་གིས་གོང་གསལ་ཡིག་ཉོག་དེར་གཙིགས་ཆེན་གྱིས་དང་བླངས་དཔྱ་དངུལ་དང་ཚོགས་དངུལ་ཕུལ་མེད་པ་དག་ལ་རྒྱབ་གནོན་ལྟ་བུའི་བྱེད་བབ་དེས་དོན་ངོ་མ་ཅི་ཞིག་མཚོན་ནམ། དེའི་ཕྱིར་སྐབས་ལ་ལར་བསམ་བློ་རེ་བཏང་ན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཙོས་རྒྱུན་ལས་རྣམས་ཀྱིས་དཀའ་ངལ་གདོང་ལེན་གྱིས་བྱེད་སྒོ་སྤེལ་ཐེངས་རེ། གཞུང་གི་མཚན་གནས་འཁོད་པའི་ལས་ཁུངས་གལ་ཆེན་ཞིག་གིས་ཡང་དང་བསྐྱར་དུ་རྒྱུ་མཚན་དང་། གནས་ལུགས་ཅི་ཡང་མེད་པས་འབུར་འཇོམས་བྱེད་པ་ནི་སྙིང་རྗེ་ཞིང་། ཡ་ང་བ་ཞིག་མ་ཡིན་ནམ། དེའི་ཕྱིར་ད་ནས་བཟུང་རྒྱུན་ལས་རྣམས་ཀྱིས་ཀྱང་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་བསྙོན་འཛུགས་བྱེད་མཁན་དག་ནི་ནམ་ཡང་བཟོད་བསྲན་དང་། གུ་ཡངས་མེད་པར་ཡུལ་ཁྲིམས་དང་རྩ་ཁྲིམས་ཀྱི་ལམ་ནས་འགྲམ་ལྕག་གཞུ་དགོས་པ་ནི་ཧ་ཅང་དོ་གལ་ཆེ།

ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བོད་རིགས་མཐུན་ཚོགས་ཁོ་ནར་འགན་དབང་ཡོད་པའི་ལས་དོན་ཞིག་ལ་ཐེ་གཏོགས་བྱེད་བཞིན་ཡོད། དེ་ནི་དཔྱ་དངུལ་ས་གནས་འོས་བསྡུ་ཚོགས་ཆུང་གིས་བསྡུ་རོགས་བྱེད་དགོས་པའི་ཨུ་ཚུགས་མཐའ་སྐྱེལ་གནང་བ་དེ་ཡིན། གལ་ཏེ་དེ་ལྟ་བུའི་སྐུ་ཚབ་དོན་ཁང་ལ་ལྷག་བསམ་ཞིག་ཡོད་ན་ཅི་ཞིག་ལ་དཔྱ་དངུལ་དང་ཚོགས་དངུལ་མ་ཕུལ་མཁན་དེ་ཚོར་ངེས་དབུལ་དགོས་པའི་ལམ་སྟོན་མ་དྲན་པ་རེད་དམ། བསམ་བཞིན་དུ་མ་དྲན་ཁུལ་བྱས་པ་རེད། གང་ལྟར་བྱེད་བབ་དེ་དག་གིས་གཞུང་སྒེར་གཉིས་ལ་མི་མཐུན་པའི་འགལ་རྐྱེན་ཞིག་ལས་རིན་ཐང་ཡོད་པ་ཞིག་གཏན་ནས་མིན།ནོར་འཁྲུལ་ཚབ་ཆེན་ཞིག་ལ་སྐུ་ཚབ་དོན་གཅོད་ཁང་དང་ས་གནས་འོས་བསྡུ་ཚོགས་ཆུང་གཅིག་ལྕོགས་ཀྱི་མཚན་གནས་ཁུར་བའི་རྒྱ་རིགས་འབྲེལ་མཐུད་པའི་ཚོགས་འདུ་གོ་སྒྲིག་བྱས་པ་དེར་༧གོང་ས་མཆོག་ལ་བསྙོན་འཛུགས་དང་། གཞི་མེད་ཉེས་འཛུགས་བྱེད་མཁན་གྱི་གཏེ་བོའམ། དམ་ཉམས་མི་ཉག་བརྩོན་འགྲུས་ལྷན་དུ་ཚོགས་འདུ་བསྐོང་འཚོགས་བྱས་ཡོད་པ་དེ་ཡིན།གནས་བབ་དེས་ད་ལྟའི་སྐུ་ཚབ་དོན་ཁང་གི་སྐུ་ཚབ་གཙོས་ྋགོང་ས་མཆོག་ལ་བསྙོན་འཛུགས་བྱེད་མཁན་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཞིག་ཡོད་པ་ཐེ་ཚོམ་མི་ཟ་རང་ཟ་རེད། དེར་བརྟེན་རྒྱ་རིགས་འབྲེལ་མཐུན་པར་གངས་སྐྱིད་ནས་བཤད་ཚུལ་ཞིག་ཡོད་ལ། ཐ་ན་གྲོས་ཚོགས་ནང་དུའང་ཡོང་བསྒྲགས་གནང་བ་བཞིན་ལས་རིགས་འདི་དག་གིས་ཀྱང་བདེན་པར་འདོད་པའི་ངེས་ཤེས་ཞིག་རྙེད་པར་འདོད།

དེར་བརྟེན་རྒྱུ་འབྲས་གོ་ལྡོག་དང་། རྐུན་མ་དཔའ་དར། སྤྱང་ཀི་རྣ་ཚར་ཞེས་པའི་སྐུ་ཚབ་དོན་ཁང་གི་ལས་དོན་དེ་རིགས་ལ་ཉིན་གཅིག་མི་མང་གིས་ངོ་རྒོལ་བྱེད་སྲིད་པའི་ད་ལྟ་ནས་འབྲེལ་ཡོད་ཚོས་བོད་མི་རིགས་ལ་དོ་དམ་གྱིས་ལས་འགན་ནམ། ཁ་དོན་མཚུངས་པའི་ལས་དོན་ཞིག་ད་ལྟ་ནས་བསྒྲུབ་དགོས་པའི་དུས་ལ་བབ་ཡོད།གང་ལྟར་ཨོ་གླིང་སྐུ་ཚབ་དོན་ཁང་གིས་ྋགོང་ས་མཆོག་གདན་ཞུ་ཚོགས་ཆུང་སྒོ་བརྒྱབ་པ་དང་། བོད་རིགས་མཐུན་ཚོགས་ཁག་ལ་ཉོག་གླེང་བཟོས་པ།ལྷག་པར་ྋགོང་ས་མཆོག་གི་ནོར་སྦེལ་ཞི་བདེའི་དུས་དྲན་ཟུར་ཚོགས་བྱས་པ།དུས་དྲན་དེར་མཐུན་བསྒྲིལ་ལ་གནོད་པའི་གཏམ་བཤད་སྤེལ་བ་སོགས་ད་ལྟའི་བར་སྤྱི་ཚོགས་ཀྱི་མཐུན་བསྒྲིལ་དང་། བོད་དང་བོད་མིའི་ལས་དབང་ལ་ཅི་མི་སྙམ་ཞིང་། ད་དུང་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱིས་བཀའ་དྲིན་ཁོ་ནར་རང་གི་ལྟོ་གོས་གཉེར་བཞིན་༧གོང་ས་མཆོག་ལ་བསྙོན་འཛུགས་བྱེད་མཁན་དང་ལྷན་དུ་ཚོགས་ཞུགས་བྱས་པར་ད་ལྟའི་བར་བྱ་སྤུ་གནོན་གྱི་སྒྲིག་འཛུགས་དེའི་སྲིད་སྐྱོང་གཙོས་འབྲེལ་ཡོད་བཀའ་བློན་རྣམ་པས་མིག་ཞར་བ་དང་རྣ་བའི་འོན་པ་བྱེད་སྟངས་དེར་ཡ་མཚན་པ་ཞིག་མ་ཡིན་ནམ།
དྲང་བདེན་པས།༢༠༡༩/༠༨/༡༢

བསམ་ཚུལ།

Post navigation

Previous Post: བདག་གི་སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། ཞང་ཀང་པའི་ཆེད་དུ་ཡར་ལངས་ནས་ངར་སྐད་ཅིག་སྒྲོག་རོགས།
Next Post: སྙིང་གཏམ་ཡིད་བཞིན་ནོར་བུ།

Comments (7) on “ཨོ་གླིང་རྒྱ་རིགས་འབྲེལ་མཐུད་པས་༧གོང་ས་མཆོག་ལ་བསྙོན་འཛུགས་བྱེད་མཁན་དང་ལྷན་དུ་ཚོགས་འདུ་ཚོགས་པ། ”

  1. མགར་སྲས says:
    2019-08-16 at 11:16 pm

    ཨོ་གླིང་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་རྣམས་ནི་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་སྐུ་ཚབ་ཡིན་པ་བདེན་ན། བཅའ་ཁྲིམས་རྩིས་མེད་དང་། ༧གོང་ས་མཆོག་ལ་མཚད་སྨོད་ཞུ་མཁན་ཚོ་ལ་རྒྱབ་སྐྱོར་གནང་པ་འདི་ནི། གསང་བ་ཆེན་མོ་ཞིག་རེད།

  2. ཨ་ཤོ་ཀ says:
    2019-08-17 at 1:25 am

    ནུབ་ཕྱོགས་གླིང་དུ་ཡོད་བོད་པ་ཚོ་ནི་ནང་འཁྲུགས་ཅང་ཅང་ངང་ལ་དུས་འདའ་བཞིན་ཡོད། དེ་ནི་ཕྲག་དིག་དང་། བརྣམ་སེམས། གནོད་སེམས་ཁོག་ལ་ཅང་ནས་ལས་ཀ་བྱེད་བཞིན་ཡོད། སྐྱོན་འཛུག་སའི་ཕྱོགས་དག་། སྐྱོན་འཛུག་མཁན་པ་ཁོ་རང་ཡང་དོན་དུ་ཞབས་འངྲེན་ཅང་ངང་ལ་བསྡ་ཡོད། དེའི་ནང་ནས་ཨོ་གླིང་ལུང་བོད་པ་ཚོ་ནི། བོད་ནས་ཆབ་སྲིད་བརྫུན་མ་ཅན། བཙོན་པ་རྫུན་ཅན་ཕལ་ཆེར་དེ་འདྲ་ཡིན་དུས་་་གཡོ་ཁྲམ་ཅན་བོད་པ་དེ་ན་ཡོད་འངུག་པས། ཚང་མས་གཟབ་དགོས། དེང་སང་ནུབ་ཕྱོགས་པའི་ཆོས་ཚོགས་ལ་བོད་པ་ངོས་ལེན་ཞེ་དྲག་མི་བྱེད་པ་དེ་རེད། བོད་པའི་ཆོས་ཚོགས་བླ་མས་་་་འབྲུག་པ། ཤར་པ། ཡུལ་མོ་བ། མགོ་སེར་བ། མི་རིག་ནག་པོ་བ། རྒྱ་རིགས་བཅས་ཆོས་ལ་དད་པ་དང་གུས་པ། དེང་སང་གི་བོད་པ་གསར་པ་ལས་ཡག་ག་འདུག་གསུངས་། བྱས་ཙང་རྐང་རྗེས་ལག་སུབ་པའི་དེག་སང་བོད་པ་གསར་པ་ཞེས་མིང་བཏགས་ཆོག ང་ཚོ་སི་ཛི་ལེན་བོད་པ་སྔོན་མ་ཅན་ཚོས་སོ་སོས་དཀའ་ལས་རྒྱབ་སྟེ་་་་ཚེས་བཅུ་ཚོགས་པ་སོགས་བཙུག་སྤྱི་ཚོགས་ཞབས་འདེག་ཞུ་ནས་ད་བར་༧གོང་ས་མཆོག་ཐུགས་མཉེས་པོ་བྱུང་། ཨོ་གླིང་དེར་་་་བོད་འགྲོ་སྐྱོད་མཚམས་འཇོག་རོག་ཅེས་་་་ཨོ་གླིང་གཞུང་ཡི་གེ་གཏོང་ན་བཟང་འདུག་་

  3. ཨ་ཤོ་ཀ says:
    2019-08-17 at 6:08 am

    ཨོ་གླིང་བོད་མི་ཚོས་ནང་འཁྲུགས། ཆོལ་ཁའི་རྩོད་པ། ཅང་ཅང་རེད་ཟེར་ཀྱིས་འདུག་བ་ད་ག་ལེ་་ཧ་གོ་བཞིན་འདུག་ག ཆབནསྲིད་བཙོན་པ་རྫུན་མ་ཅང་ཅང་རེང་ཟེར། ཨོ་གླིང་གཞུང་ཚོས་ད་བོད་དེ་མ་འཐེན་སྙན་ཞུས་ཕུལ་ན་བཟང་། དེ་ཡི་ཚབ་ཏུ་ཀུ་ལུ་གལ་བོད་མའི་དང་། ཨ་རུ་ཅལ་གཞིས་ཆགས་བོད་མི་ཚོ་འཐེན་ན་ཡག་ག་འདུག

  4. ཨ་ཤོ་ཀ says:
    2019-08-17 at 6:08 am

    ཨོ་གླིང་བོད་མི་ཚོས་ནང་འཁྲུགས། ཆོལ་ཁའི་རྩོད་པ། ཅང་ཅང་རེད་ཟེར་ཀྱིས་འདུག་བ་ད་ག་ལེ་་ཧ་གོ་བཞིན་འདུག་ག ཆབནསྲིད་བཙོན་པ་རྫུན་མ་ཅང་ཅང་རེང་ཟེར། ཨོ་གླིང་གཞུང་ཚོས་ད་བོད་དེ་མ་འཐེན་སྙན་ཞུས་ཕུལ་ན་བཟང་། དེ་ཡི་ཚབ་ཏུ་ཀུ་ལུ་གལ་བོད་མའི་དང་། ཨ་རུ་ཅལ་གཞིས་ཆགས་བོད་མི་ཚོ་འཐེན་ན་ཡག་ག་འདུག

  5. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-18 at 7:09 am

    བཀྲིན་ཆེ་དགོང་་འཆར་ཡག་པོ་འདུག་དབུས་བོད་མིའི་སྒྲིག་འཛུགས་ལ་
    ཞུ་རོགས་གནང་དགོང་བཞེས་བྱུང་ན་དགའ་བསུ་ཡོད་ཐུགས་རྗེ་ཆེ།

  6. ཉི་མ་རང་གྲོལ། says:
    2019-08-19 at 2:02 am

    དངས་བླངས་དཔྱད་དང་ཚོགས་དངུལ་མ་ཕུལ་མཁན་རིགས་ལ་ཚོགས་པའི་འོས་འདེམས་ལ་ཇུས་གཏོགས་བྱེད་པའི་དབང་ཚད་ཅིག་ག་ནས་ཡོང་། ལྷག་པར་ཏུ་འབའ་བ་སྐལ་བཟང་རྒྱལ་མཚན་ནས་ནག་ཅན་མི་ཉག་བརྩོན་འགྲུས་ལ་ལྐོག་འབྲེལ་བྱེད་ཀྱི་ཡོད་ན་ཧ་ཅང་གི་གནས་ཚུལ་རྫབ་ཆེན་རེད།

  7. དྲང་སྲོང་གཅེར་བུ says:
    2019-08-22 at 1:22 am

    མི་ཉག་བཙོན་འགྲུས།
    ཁོ་བལ་ཡུལ་ཀོ་སྤེན་དགོན་པའི་གྲྭ་བ་རེད། བལ་ཡུལ་རྒྱལ་སའི་གཞང་ཁང་ལ་ཕྱིན་ནས་གྲ་བ་ལོག་པ་རེད། དགོན་པ་ནས་མ་དོན་པར་མུ་མཐུད་དེ་དགོན་པར་བསྡད་པ་རེད། ཁོའི་ཤག་རོགས་བློ་བཟང་གིས་ཁོ་གྲ་བ་མ་ཡིན་པ་ཤེས་ཀྱིན་ཡོད། ཉིན་ཞིག་བློ་བཟང་ཁོ་གཉིས་བལ་སྒོར་བརྒྱའི་དོན་བརྩོད་པ་ཤོར་བ་རེད། བློ་བཟང་ཁོང་ཁྲོ་ལངས་ཏེ་དགེ་སྐོས་ལ་ཁོའི་གྲ་བ་མིན་པའི་སྐོར་དེ་བཤད་པ་རེད། དགེ་སྐོས་ཀྱིས་ལམ་སེང་ཁོ་དགོན་པ་ནས་ཕྱིར་འབུད་བཏང་བ་རེད།
    ཕྱི་ལོ་ ༢༠༡༦ སྲིད་སྐྱོང་འོས་བསྡུའི་སྐབས་ཁོས་འཁྱོག་བརྗོད་ཀྱིས་སྐད་ཆ་མང་པོ་བཤད་སོང་། ཕྱི་ལོ་ ༢༠༡༨ ལོར་ཁོས་རྒྱལ་བ་ཡིད་བཞིན་ནོར་བུ་ཡང་མི་གསོད་ལག་དམར་བ་རེད་ཅེས་བོད་མི་ཆིག་སྒྲིལ་ཚོགས་པའི་སྐད་འཕྲིན་ནང་དུ་བཤད་པ་རེད། ཁོའི་སྐད་ཆ་སྤྱི་ཚོགས་དྲ་ལམ་ཁག་ལ་ཐོན་དུས་ཁོས་ངའི་སྐད་ཆ་བཅད་བཏུབ་བྱས་འདུག་ཟེར་བའི་སྐད་རྫུན་སྒམ་གཅིག་བཀྲམས་སོང་། ཁོའི་སྐད་ཆ་བཅད་བཏུབ་གང་ཡང་མ་བྱས་པ་དངོས་གནས་དེ་དོལ་ཕྲུག་ཚོས་ Dalai Lama is killer, take about this 2018 དབྱིན་ཡིག་འདི་བྲིས་ཏེ་གང་སར་ཁྱབ་སྤེལ་བྱེད་བཞིན་འདུག།
    དྲ་ཐག་འདི་རེད།
    https://www.facebook.com/100009112990237/posts/1954303918216689/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme