Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་གླིང་མདོ་སྨད་མདའ་རྩེད།

Posted on 2016-07-152016-07-15 By ཁ་བརྡ་ 25 Comments on ཨོ་གླིང་མདོ་སྨད་མདའ་རྩེད།

མཁོ་འདོན་པ། ཕུན་ཚོགས།

 
ཨོ་སི་ཁྲི་ལི་ཡའི་གནས་མཁར་གསར་(Newcastle)ཡི་གྲོང་ཁྱེར་ནང་དུ། ༢༠༡༦/༧/༩ སྟེ་བོད་ཟླ་ལྔ་བའི་ཚེས་ལྔ་ཉིན། དེ་གའི་བོད་རིགས་མཐུན་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་གཅིག་ལ་ཕེབས་པའི་གྱ་སྟོན་འཁྲུངས་སྐར་སྲུང་བརྩི་ཞུས་ཤིང། སྐུ་མགྲོན་གཙོ་བོར་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་མཆོག་དང་ཨོ་གླིང་དབུས་གྲོས་ཚོགས་ཀྱི་འཐུས་མི་གཙོས་ཕྱོགས་ཡོངས་ནས་སྐུ་མགྲོན་སུམ་བརྒྱ་ཙམ་དང་། ཨོ་གླིང་གི་མངའ་སྡེ་དྲུག་ནས་ཕེབས་པའི་མདོ་སྨད་པ་བརྒྱད་བཅུ་ལྷག་ལྷན་འཛོམས་བྱུང་། དེར་བསྟུན་ནས་ཉིན་གཉིས་པ་ཕྱི་ཚེས་ ༡༠ ཡི་ཉིན་དེ་གའི་མདོ་སྨད་མི་མང་གིས་ཉིན་གུང་གསོལ་ཚིགས་རྒྱས་པ་ཞིག་ཕུལ་རྗེས། མདོ་སྨད་མདའ་རྩེད་པ་རྣམས་མདའ་རྩེད་བྱེ་ཐང་དུ་སོང་ནས། རྒྱལ་ས་ཁེམ་རྦུ་ར་དང་། མེལ་རྦོན། ཁོན་སི་ལན་སྦྲི། སིད་ནེ་སོགས་ནས་ཆེད་ཕེབས་མདའ་བ་ཉི་ཤུ་ལྷག་འདུག

e02a0c39-e8c9-4b1f-bb3f-e270afc91a4e

གནས་མཁར་གསར་དང་། ཌི་ཝ་ཡེ་ས་གནས་གཙོས་མདའ་བ་ཤོག་ཁག་གཉིས་བཟོས་ཏེ། མདའ་རྩེད་འགྲན་བསྡུར་བྱས། ཌི་ཝ་ཡེ་ལ་བསྡུར་ཚད་མདའ་མོ་གསུམ་དང། གནས་མཁར་གསར་ལ་མདའ་མོ་ལྔ་ཕོག་སྤྱིའི་ཨང་དང་བོ་གནས་མཁར་གསར་ལ་ཐོབ། མདའ་བ་སོ་སོ་མི་སྒེར་ཨང་དང་བོ་ནི་ཌེ་ཝ་ཡེ་ཤོག་ཁག་གི་བུ་ཆུང་ནམ་མཁའ་ཚེ་རིང་ལ་ཐོབ་པས་ལྟད་མོ་བ་ཚོའི་ནང་ནས་སྣང་ངུ་གཡུ་སྟག་ཅེས་དགའ་འབོད་སྒྲོག་ཅིང་། མདའ་བ་ཆེས་གཞོན་ཤོས་དེ་རེད།

གཉིས་པ་ནི་དེའི་ཕ་ལོ་ཁ་སྒང་བ་བཀྲ་ཤིས་ཚེ་རིང་ལ་ཐོབ་པས་ཌེ་ཝ་ཡེ་ཤོག་ཁག་ལ་རྟགས་མ་གཉིས་རེག
གསུམ་པ་ནི་ནིས་གནས་མཁར་གསར་ཤོག་གི་མདའ་བ་གཅན་ཚའི་ཐབས་མཁས་ལགས་ལ་ཐོབ།
ལོ་རྗེས་མའི་གྱ་སྟོན་འཁྲུངས་སྐར་དེ་བཞིན་སྲུང་བརྩི་བྱ་རྒྱུ་དང་བྱ་ཡུལ་ནི། གནས་མཁར་གསར་རང་འཇགས་དང་། བཀོད་སྒྲིག་དང་འགྲོ་གྲོན་སྦྱིན་བདག་ས་གནས་ཌེ་ཝ་ཡེ་མདོ་སྨད་མི་མང་གིས་བྱ་རྒྱུ་མང་མོས་གཏན་འཁེལ་ཐག་གཅོད་བྱུང་སོང་།

ངོ་སྤྲོད།

Post navigation

Previous Post: མི་འགྱུར་རིན་པོ་ཆེར་དྲན་པ་ཉེར་བཞག་གི་སྒོམ་གྱི་སྐོར་བཅར་འདྲི།
Next Post: གློག་དམར་འཁྱུག་འཁྱུག

Comments (25) on “ཨོ་གླིང་མདོ་སྨད་མདའ་རྩེད།”

  1. ཀརྨ་བློ་གསལ་ says:
    2016-07-15 at 3:35 am

    ཨོ་སི་ཁྲི་ལི་ཡའི་བོད་པ་སྤར་མོ་གང་འདི་ལ་མཐེ་བོང་། གོང་མཛུབ། དཀྱིལ་མཛུབ། སྲིན་མཛུབ། མཐེབ་ཕྲུག་སོགས་སུ་དབྱེ་སྲོལ་ཞིག་འདུག་གམ། བློ་མཐུན་སུ་ཞིག་གིས་འདི་ལྟར་འགན་བཞེས་ནས་ལ་གཏོར་ལུང་གཏོར་བྱེད་ཀྱིན་ཡོད་དམ།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-15 at 6:42 am

    ཞབས་བྲོ་མཉམ་དུ་རྒྱབ་ནས་སྐེ་ཟེར་ལོགས་སུ་བཅོས་པ་མ་རེད་དམ་ དོན་གཅོད་གཅིག་གི་འོག་ཏུ་ཡོད་པའི་བོད་མི་ཚོ་་མཉམ་དུ་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་རྩི་ཞུ་དགོས་པ་བོད་མི་རིགས་ཀྱི་ཆིག་བསྒྲིལ་ངོ་མ་དེ་མིན་པ་ཡིན་ནམ་།

  3. བསོད་ནམས་བཀྲ་ཤིས། says:
    2016-07-15 at 6:58 am

    མདའ་རྩེད་ནི་ཆེས་གནའ་བོའི་སྲོལ་རྒྱུན་གལ་ཆེན་ཞིག་ཡིན་པས། རྒྱུན་འཛིན་འདི་ལྟར་གནང་པ་ལ་མངོན་པར་བསྟོད། མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཧ་ཅང་གལ་ཆེན་རེད།

  4. BONPO says:
    2016-07-15 at 7:40 am

    བོད་རང་ལུགས་ཀྱི་མདའ་བཟོ་སྟངས་ཡོད་ངེས། དེ་བཞིན་བོད་རང་ལུགས་ཀྱི་གྲི་དང་མདུང་སོགས་བཟོ་སྟངས་ཡོད་ཀྱི་རེད། སྔ་མོའི་དུས་ནས་་་གོ་ཁྲབ་མཚོན་་་གསུམ་ཞེས་པ་ལོ་རྒྱུས་ནང་གསལ་ཡོད། མདའ་རྩེད་མདུང་རྩེད་ག་རེ་གནང་ནའང་བོད་མེས་པོའི་རང་ལུགས་ཀྱི་ལག་ཤེས་དང་རིག་རྩལ་ཐུན་མིན་དེ་ཚོ་རྩལ་དུ་སྟོན་ནས་རང་ལུགས་ལ་གཏད་སོ་ཡོད་པ་ཞིག་གནང་ཐུབ་ན་ཤིན་ཏུ་དགེ་མཚན་ཆེ་བར་སེམས་སོ། ཆོས་དང་འཇིགས་རྟེན་གང་བྱས་ཀྱང་མེས་པོ་གོང་མིའི་རིང་ལུགས་ཀྱི་གཏད་སོ་བོར་སོང་ན་འཇིགས་རྟེན་མི་ཡིས་གདེང་འཇོག་བརླག་ཉན་ཡོད། བོད་པ་ཟེར་དུས་རང་ལུགས་ཡོད་ཀྱང་གཅེས་སྐྱོང་མི་ཐོན་པའི་་ཁྲ་ལེ་ཁྲུལ་ལེ་བྱེད་སྡོད་མཁན་ཞིག་དང་གཏད་སོ་མེད་པའི་ཀྱ་ལེ་ཀྱུ་ལེ་འཁྲབ་སྡོད་མཁན་ཞིག་ཡིན་པ་མི་ཕལ་མོ་ཆེས་ངོས་འཛིན་བྱེད་བཞིན་མི་འདུག་གམ། །

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-15 at 8:07 am

    དུས་རབས་གོང་མའི་ཡང་གོང་མའི་སྐབས་བོད་པ་ཙམ་མིན་པ་མིའི་སྤྱི་ཚོགས་ཚང་མར་མདའ་དང་འདུང་གྲི་འུར་རྡོ་སོགས་རང་སྲུང་ཆེད་བདག་ཉར་བྱེད་བཞིན་པ་ལས་མདའ་འདུང་གྲི་འུར་རྡོ་སོགས་བོད་པ་གཅིག་པུའི་རིག་གཞུང་ལ་ངོས་འཛིན་གནང་ན་འགྲིག་གི་ཨ་ཡོད་།

  6. གཡག་རྒོད says:
    2016-07-15 at 8:16 am

    མདའ་རྩེས་ནས་དགྲ་བོ་གསོད་ཐུབ་གི་མ་རེད། དེ་བས་མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆ་བཟོ་བར་གྲ་སྒྲིག་བྱེད་དགོས་གི་རེད། མདའ་རྩེད་མདུང་རྩེད་དང་ལྷ་རྩེད་ཀླུ་རྩེད་ཀྱི་དུས་རབས་མཇུག་སོང་བ་རེད།

  7. རླུང་། says:
    2016-07-15 at 8:32 am

    ཕྱི་སྡོད་བོད་མི་ཚོས་ཀྱང་མདའ་འཕེན་ཤེས་ནོ་ཡག་གི

  8. བསྟན་ཆོས། says:
    2016-07-15 at 9:12 am

    ཀརྨ་བློ་གསལ་ལགས། རང་གིས་”བློ་མཐུན” ཞེས་པ་ཙམ་གྱིས་ཅི་ཡང་སྨྲ་འདོད་མ་བྱུང་ངོ་།།

  9. བསྟན་ཆོས། says:
    2016-07-15 at 9:21 am

    གཞུང་བ་ཚེ་དབང་ལགས། གནས་བོའི་དགྲ་འདུལ་གཉེན་སྐྱོང་གི་དྲག་རྩལ་འགའ་དེང་སང་རྩེད་མོར་བསྒྱུར་ན་དྲ་པོ་ཞི་བར་བསྒྱུར་བ་མ་ཡིན་ནམ། ཞུ་བདེ་ཡིས་ཡོད་ཚད་ལ་ཁྱབ་དགོས་ན། གནའ་བོའི་དྲག་རྩལ་དག་ལ་ཅི་ཞིག་བྱ་དགོས་སམ

  10. བསྟན་ཆོས། says:
    2016-07-15 at 9:25 am

    གཞུང་བ་ཚེ་དབང་ན་རེ།
    ཞབས་བྲོ་མཉམ་དུ་རྒྱབ་ནས་སྐེ་ཟེར་ལོགས་སུ་བཅོས་པ་མ་རེད་དམ་ དོན་གཅོད་གཅིག་གི་འོག་ཏུ་ཡོད་པའི་བོད་མི་ཚོ་་མཉམ་དུ་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་རྩི་ཞུ་དགོས་པ་བོད་མི་རིགས་ཀྱི་ཆིག་བསྒྲིལ་ངོ་མ་དེ་མིན་པ་ཡིན་ནམ་།ཟེར། འོ་ན་ལྷོ་གཞིས་གཅིག་གི་འོག་ཏུ་ཡོད་པས་ས་གནས་གཅིག་ཏུ་བཏང་ན་ཅིས་མི་ཆོག་གམ།

  11. གཡུ་ཐོག་རྒྱལ་པོ། says:
    2016-07-15 at 7:59 pm

    ད་ག་རེད་ཏ། མུ་མཐུད་ནས་ཡིན་ཏ། བོད་རིགས་ཀྱི་གཅིག་བསྒྲིལ་དེ་རིམ་པས་དེ་འདྲ་སེ་གཏོར་བཤིག་བཏང་ན་ཡག་པོ་ཡོད་པ་རེད། ༧གོང་ས་མཆོས་དགུང་ལོ་བགྲེས་བཞིན་པ་དང་བསྟུན་བོད་མི་ཚོའི་སྤྱོད་པ་དེ་ཡང་ཇེ་སྡུག་རེད། ད་ཡིན་ན། ཞེན་ཁོག་ཁོ་ན་བྱས་ནས་སྡོད་ཤིག ཉིན་ཤིག་ཆོལ་ཁ་གསུམ་པོ་མི་རིགས་གསུམ་ཏུ་མི་གྱར་བའི་ངེས་པ་མི་འདུག་ཀོ

  12. བསྟན་ཆོས། says:
    2016-07-15 at 10:27 pm

    ཨོ་སི་ཁྲི་ཡ་ནི་ས་ཁྱོན་ཧ་ཅང་ཆེ་བའི་རྒྱལ་ཁབ་ཅིག་རེད། མ་ཟད་གླིང་ཆེན་བདུན་གྱི་གཅིག་ཀྱང་རེད། མངའ་སྡེ་གང་མང་ནང་བོད་རིགས་མཐུན་ཚོགས་རེ་ཡོད་པ་རེད། དེ་ཚོ་ཚང་མས་རང་རང་ས་གནས་སུ་ལས་དོན་གང་ཡོང་བསྒྲུབ་བཞིན་པ་རེད། བྱས་ན་དེ་ཚོ་ཚང་མས་ས་གནས་གཅིག་ཏུ་མ་གཏོག་ལས་འགུལ་སྤེལ་མི་ཆོག་པ་བཟོ་དགོས་སམ།

  13. བསོད་ནམས་བཀྲ་ཤིས། says:
    2016-07-15 at 10:42 pm

    གནའ་བོའི་རིག་གནས་རྒྱུན་འཛིན་བྱེད་པར་སྐབས་རེ་ཚང་མ་མཉམ་འབྲེལ་དང་། སྐབས་རེར་ཆོལ་ཁ་དང་ལུང་ཚན་སོ་སོས་རྒྱུན་འཛིན་དང་། ལས་འགུལ་སྤེལ་དགོས་པ་སྣ་ཚོགས་ཡོད་པ་རེད། ད་ཐེངས་ཨོ་གླིང་མདོ་སྨད་ནས་འདི་ལྟར་ལས་འགུལ་སྤེལ་བ་ནི་མངོན་པར་བསྟོད་དགོས་པའི་གནས་རང་རེད།
    གཞན་དྲ་འབུ་རེ་ཟུང་གིས་ཁ་ལ་ཉན་འོས་ཅི་ཡང་ཡོད་པ་མ་རེད།

  14. བསོད་ནམས་བཀྲ་ཤིས། says:
    2016-07-15 at 10:45 pm

    གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱིས་བོད་ཡིག་ཡག་པོ་མ་སྦྱང་ན་ཡིག་ནོར་མང་པ་ནི་ངོ་ཚ་དགོས་པ་ཞིག་རེད།
    འོན་ཀྱང་ཀོ་ལི་སྒལ་ན་འདི་འདྲ་ཞིག་མ་གཏོགས་ཅི་ཡང་ཡོད་དོན་མེད། སྙིང་རེ་རྗེ།

  15. བསྟན་པ་ says:
    2016-07-15 at 11:34 pm

    མདའ་རྩེད་ནི་༧ གོང་ས་མཆོག་སྐུའི་འཁྲུངས་སྐར་ལ་བྱེད་མི་རུ་བ་གཞི་མཐོང་གང་ཡིན་ཟེར་ན་༧་གོང་ས་མཆོག་ནས་ཁོང་གིས་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་དེ་སེམས་པ་བཟང་པོ་བྱེད་ཡག་དེ་ཡིན་གསུངས་དང་གསུང་བཞིན་པ་རེད་བྱས་ཙང་མདའ་ནི་འཚེ་བའི་ལག་ཆ་ཞིག་རེད་བྱས་ཙང་སྐུའི་འཁྲུངས་སྐར་གྱི་ཉི་མོར་ང་ཚོས་འཚེ་བ་སྤོངས་བའི་ལས་གུལ་སྤེལ་དགོས་པ་དང་མཚོན་རིགས་ལ་ངོ་བརྒོལ་བྱེད་དགོས །
    ལོ་རྗེས་མ་ནས་དེ་རིགས་མི་ཡོངས་བའི་འབོད་སྐུལ་དང་རེ་བ་ཞུ་བཞིན་ཡོད །།

  16. བསོད་ནམས་བཀྲ་ཤིས། says:
    2016-07-16 at 2:17 am

    ཏག་ཏག་རེད། ནང་ཁུལ་ལ་ཕྲག་དོག་བྱེད་དགོས།
    ལྷག་ཏུ་མདོ་སྨད་པས་ཁོང་ཚོའི་ཐུན་མིན་རིག་གཞུང་རྒྱུན་འཛིན་བྱེད་འཆར་ཡོད་ན་དེ་ལ་ང་ཚོས་ཕྲག་དོག་བྱེད་དགོས། མདོར་ན་ཨ་མདོ་ཚོ་ལ་ཐུབ་ཚོད་གཏོང་དགོས། ཆོས་སྲིད་རིག་གནས་ཀྱིས་ཕྱུག་པའི་མདོ་སྨད་པ་ཚོ་མགོ་འབུར་མ་བཅུག་ཨ། ཧཧཧཧཧཧཧཧཧཧཧཧཧཧཧཧ། ཕྲག་དོག ཕྲག་དོག ཕྲག་དོག ནང་ཁུལ་ལ་ཕྲག་དོག་བྱོས་ཨ། ཧཧཧཧཧཧཧཧཧཧཧ། ཁ་ནས་བྱམས་བརྩེ་དང་། སེམས་པ་བཟང་དགོས་རབས་དང་། དོན་ལ་ཕྲག་དོག་བྱེད་དགོས། ཧཧཧཧཧཧཧཧཧཧཧཧཧཧཧཧ།

  17. ཀུན་དགའ། says:
    2016-07-16 at 2:43 am

    གྲོགས་པོ་ལ་དེ་མདོ་སྨད་ལ་ཕྲག་དོག་བྱེད་དགོས་ཡག་མེད་བོད་ཆོལ་ཁ་གསུམ་ནི་རིག་གཞུང་གཅིག་པའི་མི་རིགས་གཞི་རེད་ལ་ལྷག་པར་དུ་མདའ་རྩེད་ནི་ཆོལ་ཁ་གསུམ་ཀའི་རྩེད་མོ་གཞི་ཡིན་པ་ཡོངས་གྲགས་རེད་ལ་དུས་ད་ལྟ་པར་ཨོ་གླིང་ནང་ཨོ་གླིང་བོད་རིགས་མཐུན་ཚོགས་ཀྱི་མགོ་འཁྲིགས་འོག་སྲུངས་རྩིས་ཞུ་བཞིན་པ་ལས་ཆོལ་ཁ་ཡལ་ག་བ་གཞི་བྱེད་སྒོ་དེ་འདྲ་སྤེལ་བ་ལ་དགོས་པ་གང་ཡང་མེད་མ་གཟད་ཆོལ་གསུམ་མཐུན་སྒྲིལ་ཉམས་རྒུད་གཏང་བའི་རྒྱུ་ལ་འགྲོ་ངེས་ཡོད།

  18. བོད་ཀྱི་བུ། says:
    2016-07-16 at 7:47 am

    སྐད་ཆ་ཚིག་གསུམ་བཤད་ཚེ་ཕྱོགས་ཞེན་རེད།

  19. པ་སངས་སྒྲོན་མ། says:
    2016-07-16 at 8:54 am

    ཨ་མདོ་དེ་ཚོ་ལ་བོད་མི་རིགས་ཀྱི་ལ་རྒྱ་མདོ་ད། ངོ་ནས་འདྲ་ས་མི་འདུག ཡག་པོ་རེད། སོ་སོའི་རིག་གཞུང་བདག་པོ་རྒྱག་དགོས་རེད། ཐུགས་རྗེ་གནོངས། ཨོ་ཡ་ཅོ།

  20. ནུབ་ཕྱོགས་གངས་ཕྲུག says:
    2016-07-16 at 11:26 am

    མདོ་སྨད་པ་འདི་རིག་གཞུང་ལ་བདག་པོ་ཡག་པོ་རྒྱབ་ཀྱི་འདུག བཀྲིན་ཆེ།

  21. ཇུས་མེད་ཇུས་ཏོག་ says:
    2016-07-16 at 6:40 pm

    ཡག་པོ་རེད་

  22. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-16 at 11:20 pm

    བསོད་ནམས་བཀྲིས་ལགས་ཀོ་ལི་གྷལ་ཟེར་བའི་ས་མིང་འདིར་བེད་སྤྱོད་མ་གནང་རོགས་གནང་ང་ལ་སྐྱོན་འཛུགས་གང་གནང་ཡང་ཁྱེད་ཀྱི་གཏམ་བརྗོད་རང་དབང་རེད་གཞིས་ཆགས་ས་མིང་མཉམ་དུ་མ་བྲུད་རོགས་ཐུགས་རྗེའི་གཟིགས་།

  23. ལེགས་བཤད་རྒྱ་མཚོ says:
    2016-07-17 at 7:55 am

    བཀྲ་ཤིས་བདེ་ལེགས་ཞུ

  24. བཀྲིས། says:
    2016-07-17 at 5:28 pm

    མདོ་སྨད་གདའ་རྩེད་ལས་འཕྲོས་པའི་ཆོལ་གསུམ་ཆིག་སྒྲིལ་ལ་ལྟ་བ།

    ཉེ་འཆར་ཨོ་གླིང་གི་མདོ་སྨད་གདའ་རྩེད་དང་དེ་ལས་འཕྲོས་པའི་ཆོལ་གསུམ་ཆིག་སྒྲིལ་སྐོར་ལ་ད་ཆ་བོད་ཕྱི་ནང་གཉིས་ཀར་གླེང་བཞིན་པ་མ་ཟད། བོད་ནང་གི་སྐད་འཕྲིན་ཚོགས་པ་དེ་ཚོས་ཀྱང་དེ་ལ་གླེང་། ངའི་བསམ་འཆར་ལ་ང་ཚོ་ཆོལ་གསུམ་དེ་ཆིག་སྒྲིལ་དང་ཚང་མ་གྲིས་བཏུབ་པ་ནང་བཞིན་ནར་ན་ནར་གཅིག་དང་བསྐུམས་ན་བསྐུམས་གཅིག་མིན་པར་ཆོལ་གསུམ་དེ་འདྲ་མཉམ་དང་རང་གི་སྲོལ་རྒྱུན་དང་རིག་གཞུང་ཐ་འདད་ཡིན་པ། སྐད་ཐ་འདད་ཡིན་པར་ངོས་འཛིན་ཐོག་ཐུན་མོང་གི་འདོད་འདུན་ལྟར་འཛིན་སྐྱོང་གཅིག་གི་འོག་ལ་འདྲ་མཉམ་དང་རང་སྲོལ་ཐུན་མོང་མ་ཡིན་པ་བདག་གཉེར་ཐོག་མཉམ་གནས་བྱེད་ཐུབ་ན་དེ་ལེགས། ང་ཚོ་ཆོལ་གསུམ་ཚང་མ་བོད་པ་ཡིན། མི་རིགས་གཅིག་ཡིན་ཟེར་ན་དེ་བདེན་པ་མ་རེད། མི་རིགས་གཅིག་ལ་མ་མཐར་སྐད་གཅིག་དགོས། ང་ཚོ་སྐད་ཐ་དད་རེད། ཨ་མདོའི་སྐད་དང་དབུས་སྐད་ཧ་ལམ་ཡོངས་སུ་ཐ་དད་ལྟ་བུ་རེད། ཁམས་ཀྱི་མི་རིགས་རྒྱུད་པ་དང་དབུས་གཙང་རྒྱུད་པ་མི་གཅིག་པ་ཕྱི་རྒྱལ་གྱི་ཚན་རིག་པ་ཚོས་ཌི་ཨན་ཨ་ཟེར་བའི་རྒྱུད་པར་བལྟས་ནས་ར་སྤྲོད་བྱས་ཟིན་སོང་།

    དེ་བཞིན་ང་ཚོའི་གོམས་སྲོལ་ཀྱང་གཅིག་པ་མ་རེད། ཁམས་པ་ཤ་འཁོན་ལེན་པ་དེ་གཟི་བརྗིད་ལ་རྩིས་རུང་དེ་དབུས་གཙང་པས་ཀླ་ཀློའི་སྤྱོད་པ་རྩིས། དབུས་པས་ཆོས་དང་ཡོན་ཏན་ལ་བརྩི་ཆེ་བར་བྱས་ནས་གཞན་ལ་གུས་ཞབས་དང་རང་ལས་གཞན་ལ་རྩི་མཐོང་ཆེ་བ་བྱེད་པ་འདི་ལ་ཨ་མདོ་དང་ཁམས་པས་སྤྲེལ་ལད་དང་བསླུ་བྲིད་ལ་མཐོང་། མདོར་ན་ང་ཚོ་ཆོལ་ཁ་གསུམ་དབར་ལ་མི་རིགས་མི་འདྲ་བ་གསུམ་བཞིན་ཐ་དད་པའི་དངོས་པོ་མང་བ་རེད།

    གལ་ཏེ་ང་ཚོ་ངོ་མ་འཆམ་པོ་བྱས་ནས་སྒྲོམ་གཞི་གཅིག་གི་འོག་ལ་སྡོད་འདོད་ན། དང་པོ་རང་ཚོའི་མི་གཅིག་པ་དེ་ཚོ་ངོས་འཛིན་ཐོག་དེ་དག་རྒྱུན་བསྲིང་བྱེད་པའི་འདྲ་མཉམ་གྱི་ཐོབ་ཐང་དགོས། ཁ་བདེ་ལོད་དང་མགོ་བདེ་ལོད་ལྟ་བུ་བྱས་ནས་ཉེ་འཆར་གྱི་འདེམས་སྒོ་བཞིན་ཁམས་པའི་དབང་ཤུགས་ཀྱིས་གཞན་བཙན་ཁྲིད་བྱེད་པ་དེ་དབུས་གཙང་ཚོའི་སེམས་གཏིང་ལ་བརྒྱབ་ཟིན་འདུག

    བྱས་ནས་ང་ཚོ་ཐ་དད་པ་ཡིན་པར་ངོས་འཛིན་ཐོག་མི་རིགས་གཅིག་དང་རིག་གཞུང་གཅིག་ཟེར་བའི་སྐྱག་རྫུན་དེ་མདོར་ནས་དང་པོ་འདྲ་མཉམ་དགོས། འདྲ་མཉམ་ཡོང་བར་རང་གི་ཐུན་མིན་རིག་གཞུང་ལ་རྩི་མཐོང་དགོས། དེ་ད་ལྟ་ང་ཚོར་མིན་འདུག་

  25. མདའ་ཞི་བདེ། says:
    2016-07-20 at 1:46 pm

    དྲྭ་འབུ་ནི་དྲྭ་འབུ་རང་རེད། མིག་ཞར་འདུག རྣ་འོན་འདུག ང་ཚོ་ཨོ་གླིང་གནས་མཁར་གསར་Newcastleབོད་རིགས་མཐུན་ཚོགས་ནི་རྒྱལ་སྤྱིའི་བོད་རིགས་མཐུན་ཚོགས་ཡོད་ཚད་ནང་ནས་ཨང་དང་པོ་མིན་ན་ཡང་གཉིས་པ་ཡིན། གང་ཡིན་ཟེར་ན་ལོ་གསུམ་ཡན་གྱི་བྱིས་པ་ཡན་ཆད་ནས་ཁ་ནས་བོད་སྐད་བཤད་ཤེས། ལག་པའི་བོད་ཡིག་འབྲི་ཤེས། གཟའ་ལྷག་པ་ཞལ་འདོན་ཆག་མེད་ཡོད། གཟའ་སྤེན་པ་བོད་ཡིག་འཛིན་གྲྭ་ཆག་མེད་ཡོད། ད་དུང་སྙན་ངག་གྱེར་འདོན་དང་གཞས་ཞབས་བྲོ་སྒྲ་སྙན་སྤྲོད་རྡུང་སོགས་རང་རྐྱ་ཐུབ་པའི་བོད་པའི་ཆོས་དང་རིགས་གཞུང་ལ་སྲིང་སྐྱོབས་ཀྱི་འགན་ལོ་གསུམ་ཡན་གྱི་བྱིས་ཚོའི་ཀྱང་ཁུར་ཡོད། གཞན་ད་དུང་ང་ཚོའི་ཆུང་བྱིས་པ་ཡན་ཆད་ལ་དཔྱད་དངུལ་ལག་དེབ་ཡོད་པའི་ཨོ་གླིང་གནས་མཁར་གསར་Newcastleབོད་རིགས་མཐུན་ཚོགས་ནི་ལོ་རེ་དཔྱད་དངུལ་སྤྲོད་ཚད་༡༠༠%ཟིན་ཡོད་པའི་རྒྱལ་སྤྱིའི་བོད་རིགས་མཐུན་ཚོགས་ཡོངས་ནས་ཨང་དང་པོ་ཆག་ཡོད། ངན་པའི་ཆ་མཐོང་ན་བཟང་བོའི་ཆ་ཡང་མཐོང་དགོས། ང་ཚོ་ས་གནས་ཆུང་ཆུང་འདི་ལ་ཨ་མདོ་ཅིག་ཅིག་ཨ་མདོ་མུག་མུག་ལབ་པ་ལས་རྒྱུས་ལོན་བྱེད་གི་ཐེངས་གཅིག་ཕེབས་དང་དགའ་བསུ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme