Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེམ་རྗེ་ཀུན་དགའ་དབང་འདུས་ལགས་ལ་ཁ་བརྡའི་གསལ་བཤད།

Posted on 2020-04-192020-04-20 By ཁ་བརྡ་ 16 Comments on ཨེམ་རྗེ་ཀུན་དགའ་དབང་འདུས་ལགས་ལ་ཁ་བརྡའི་གསལ་བཤད།

ཨེམ་རྗེ་ཀུན་དགའ་དབང་འདུས་ལགས་ལ།

ངག་དབང་ཟེར་བ་ཞིག་ནས་ཁ་བརྡ་དྲ་ཚིགས་ལ་དེང་སང་གི་ཏོག་དབྱིབས་ནད་ཡམས་དེའི་སྐོར་ལ་སྙན་རྩོམ་ཞིག་སྤེལ་བའི་ནང་དུ་ཁྱེད་ཀྱི་མཚན་ཐོན་པ་ལ་བརྟེན་ནས། ཨེམ་རྗེ་ལགས་ནས་ཁ་བརྡ་དྲ་ཚིགས་ཁྲིམས་གཏུགས་བྱེད་རྒྱུ་ཡིན་པ་དང་། མ་གཏུགས་སྔོན་ལ་ང་ཚོ་ལ་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་ཤིག་སྤྲོད་རྒྱུ་ཡིན་ཞེས་སྤྱི་ཚོགས་དྲ་གནས་ཤིག་ཏུ་བཀྲམས་འདུག ཁ་བརྡ་དྲ་ཚིགས་ཀྱིས་གོ་སྐབས་དེ་ལྟར་གནང་བ་ལ་ཐུགས་རྗེ་ཆེ་ཞུ་བ་ཆབས་གཅིག་འགྲེལ་བཤད་དོན་ཚན་གསུམ་ཞུ་རྒྱུ་ཡིན།

༡། “ཁ་བརྡ་དྲ་ཚིགས་”ནི་བོད་ཀྱི་ཤེས་ལྡན་པ་ཡོངས་ནས་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་རིག་གཞུང་སྐོར་ལ་ཤེས་རྟོགས་སྤེལ་ས་དང་། དོགས་འདྲི་བྱེད་ས། རྩོད་གླེང་བྱེད་ས་ཞིག་ཡིན། འདིར་སྤེལ་བའི་བསམ་ཚུལ་རྣམས་རྩོམ་པ་པོ་རང་རང་གི་ཡིན་པ་མ་གཏོགས་ “ཁ་བརྡ་དྲ་ཚིགས་”ཀྱི་བསམ་ཚུལ་མིན་ལ། དེ་ལ་འགན་འཁུར་ཡང་མེད།

༢། ཨེམ་རྗེ་ཀུན་དགའ་དབང་འདུས་ལགས་ཀྱིས་རང་ལ་ཏོག་དབྱིབས་ནད་རིམས་བྱུང་སྟེ། དེ་རང་གིས་བཅོས་ནས་དྲག་སྐྱེད་བྱུང་རིམ་བརྗོད་པའི་བརྙན་ཐུང་དེ་ནི་མི་རེ་ཟུང་དང་གྲོགས་པོ་རེ་ཟུང་ལ་ནང་ཚགས་ཀྱིས་སྤེལ་བ་ཞིག་མ་ཡིན་པར། བོད་པའི་སྤྱི་ཚོགས་ལ་ཕན་པའི་རེ་བས་སྤྱི་ཚོགས་བརྒྱུད་ལམ་བརྒྱུད་ནས་སྤྱི་ཡོངས་ལ་སྤེལ་བ་ཞིག་ཡིན་སྟབས། བརྗོད་གཞི་དང་རྗོད་མཁན་གཉིས་ཀ་སྤྱི་ཚོགས་བརྒྱུད་ལམ་གྱི་གླེང་གཞི་ཞིག་ཏུ་འགྱུར་རྒྱུ་ནི་རང་བཞིན་ཞིག་རེད།

༣། རྩོམ་པ་པོ་ངག་དབང་ལགས་ཀྱིས་ཨེམ་རྗེ་ཀུན་དགའ་དབང་འདུས་ལགས་ནད་རིམས་དེས་ཟིན་པ་ “འུར་གཏམ་”རེད་ཅེས་སྨྲས་ནས་དེ་ལ་ཡིད་མི་ཆེས་པའི་རྣམ་འགྱུར་བསྟན་པ་ཙམ་མ་གཏོགས་ཨེམ་རྗེ་ཀུན་དགའ་དབང་འདུས་ལ་སྙོན་འཛུགས་ལྟ་བུ་ཅི་ཡང་བྱས་མི་འདུག གོང་དུ་བཤད་པ་ལྟར། ཁྱེད་ཀྱིས་གང་གསུངས་པ་ལ་ཡིད་ཆེས་མི་ཆེས་ནི་རྩོམ་པ་པོ་ངག་དབང་ལགས་ཀྱི་དབང་ཆ་རེད། དེ་ཁྲིམས་ལ་གཏུགས་རྒྱུ་ཟེར་བ་ང་ཚོས་རྒྱུ་མཚན་ལྡན་པ་ཞིག་ཏུ་མི་མཐོང་། དེ་ལས་ཨེམ་རྗེ་ཀུན་དགའ་དབང་འདུས་ནས་རང་ལ་ཏོག་དབྱིབས་ནད་ཡམས་བྱུང་བའི་རྒྱུ་མཚན་ལྷུག་བརྗོད་དང་། དོན་དངོས་དང་དཔང་རྟགས་རྗེན་སྟོན་གྱིས་ཡིད་མི་ཆེས་པ་རྣམས་ཡིད་ཆེས་སུ་འཇུག་རྒྱུ་དེ་རྒྱུ་མཚན་དང་ལྡན་པར་མཐོང་། ཨེམ་རྗེ་ལགས་ནས་དེ་འདྲའི་འགྲེལ་བརྗོད་ཀྱི་རྩོམ་ཡིག་ “ཁ་བརྡ་དྲ་ཚིགས་”ལ་སྤེལ་རྒྱུར་དགའ་བསུ་ཡོད།

ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་ ༢༠༢༠ ལོའི་ཟླ་ ༤ ཚེས་ ༡༩ ཉིན།

གསལ་བཤད།

Post navigation

Previous Post: ཚེ་ཏན་ཞབས་དྲུང་གིས་རྨ་ལྷོ་མི་རིགས་དགེ་ཐོན་ནས་གནང་བའི་གསུང་བཤད།
Next Post: བོད་པའི་ལྷ་རྗེ་ཚོ། བོད་སྨན་དེ་ཚོ་ཏག་ཏག་ཅིག་གསུང་རོགས།

Comments (16) on “ཨེམ་རྗེ་ཀུན་དགའ་དབང་འདུས་ལགས་ལ་ཁ་བརྡའི་གསལ་བཤད།”

  1. ཨ་ཁུ་འབྲོག་པ། says:
    2020-04-19 at 4:00 pm

    ཨེམ་རྗེ་ཀུན་དགའ་དབང་འདུས་ཟེར་ན་སུ་རེད་དམ།

  2. Abharu Jigwang says:
    2020-04-19 at 8:52 pm

    ཨམ་རྗེ་ཀུན་དགའ་དབང་འདུས་ཟེར་ན་མི་རེད།
    དེའི་ནང་ནས་སྨན་པ་ཞིག་རེད།

  3. བྱང་ཆུབ་ལོ་མ། says:
    2020-04-19 at 8:52 pm

    ཨེམ་རྗེ་དེ་ཚོར། མི་ཚོས་ག་རེ་བཤད་པ་ལ་ཉན་དགོས་མ་རེད། གང་བྱུང་མང་བྱུང་བཅོ་བརྒྱད་བཤད་ཀི་རེད། དེ་ཚོར་བལྟ་དགོས་མ་རེད། ནད་པ་ལ་བརྟག་དཔྱད་ཡག་པོ་གནང་རོགས། སྨན་བཅོས་ཡག་པོ་གནང་རོགས། འཇོན་དགོས་ས་དེ་དེ་རེད། ཚན་རིག་གིས་བརྟག་དཔྱད་བྱས་ཀྱང་ཁུངས་འཕེར་བའི་གྲུབ་འབྲས་སྟོན་རྒྱུ་ཡོད་པ་གནང་རོགས། ཞུས་ཨ། ཧཧཧ་ཧ།

  4. བན་དེ་བ་ཉི་མ། says:
    2020-04-19 at 11:41 pm

    ཀླུ་སྨྱོན་གྱིས་རྩོམ་ཐུང་ཞིག་སྤ྄ེལ་འདུག བོད་པའི་སྨན་པ་ཚོས་ནད་པར་སྨན་ག་རེ་སྤྲོད་ཀྱི་ཡོད་མེད་ཀྱི་སྨན་མིང་བཤད་ཀྱི་མི་འདུག་ཟེར་བ་དང་ད་རིང་གི་ཏོག་དབྱིབས་ཀྱི་རིམས་ནད་ཕོག་པ་ཚོ་ལའང་བོད་པའི་ཨེམ་འཇི་ཡིས་སྨན་སྤྲད་མོད་་་སྨན་མིང་ལབ་ཀྱི་མི་འདུག་ཟེར། དེ་དངོས་གནས་བདེན་པ་རེད། བོད་པའི་མཁས་པ་ཚོས་སྔར་ནས་དེ་ག་རང་བྱེད་ཀྱི་རེད། རང་གི་ཡོན་ཏན་ཅུང་ཟད་ཤེས་པ་དེ་མི་གཞན་ལ་ངོམ་རྒྱུའི་ཆེད་དུ་གཞན་ལ་ཕན་སེམས་དེ་འདྲ་ཡོད་པ་མ་རེད།

  5. བདེ་འཇགས་ཕོ་ཉ། says:
    2020-04-20 at 2:06 am

    བོད་ཀྱི་སྨན་པ་རྣམས་ནི་རྒྱུད་བྱང་སེམས་ཆུ་རྒྱུན་གྱིས་བརླན་པ་ཞིག་ཡིན་པས། སྨན་པ་ཀུན་དགའ་དབང་འདུས་ལགས་ནས་ཁྲིམས་གཏུག་ག་ལ་བྱེད། དཔེ་སྲིད་ནི་མ་རེད། དེང་སང་ཐེམ་སྤང་བཀའ་རྒྱ་ཐོག་ལས་ཚ་བས་ཁྱིམ་དུ་འཛུལ་འཛུལ་མར་བསྡད་ན་ཉི་མ་མི་འགྲོ་གི། དེར་བརྟེན་སྨན་པ་ལགས་ནས་བསྟན་བཤིག་བསླངས་པ་རེད་ད།

  6. དཔལ་ལྡན། says:
    2020-04-20 at 4:12 am

    སྨན་པ་སྨན་པ་ཀུན་དགའ་དབང་འདུས་ལེགས་སུ་ཞུ་རྒྱུ་ཞིག་ཡོད། རང་ལ་འཇོན་ཐང་ཡོད་ཚེ་དེང་སྐབས་འཛམ་གླིང་ནང་CCP གཉན་སྲིད་-༡༩ རྐྱེན་པས་ཤི་གྲངས་165,153 སླེབས་འདུག་ལ་ཉིན་རེ་བཞིན་4000 ནས་5000 ཤི་བཞིན་འདུག་པ་དེ་ཚོར་ས་གནས་རང་ནས་ནུས་ཤུགས་ཡོད་པའི་སྒོ་ནས་སྨན་བཅོས་ཡག་པོ་ལམ་ལྷོངས་ཡོང་བའི་སྨན་བཅོས་བྱོས་ལ་འཛམ་གླིང་ལ་མིག་སྟོན་བྱོས་དང་ང་ཚོས་ཁྱེད་ལ་བསྟོན་བསྔག་དང་ཡིད་ཆེས་བྱེད་དགོས་པ་ལས་མི་རེ་ཟུང་དྲག་པར་ཧ་ལས་པ་མེད། རྒྱུ་མཚན་རང་གི་ལུས་ཀྱི་འགན་སྲུང་མ་ལག་ཡག་པའི་རིགས་སྨན་ཁང་དུ་འགྲོ་མི་དགོས་པར་རང་ཁྱིམ་ནས་དྲག་བཞིན་པ་ཡང་ཡོད་པས་ཧ་ལས་གང་ཡང་མེད། དེས་སྐབས་ཀྱི་CCPགཉན་སྲིད་-19 འདིར་ཚན་རིགས་དང་མཐུན་པའི་སྒོ་ནས་ཕན་ཐོགས་ར་འཕྲོད་ཐུབ་པའི་སྨན་ཞིག་འཛམ་གླིང་གང་དུ་ཡང་བྱུང་མེད་པ་མངོན་གསལ་ཡིན་པ་ནང་བཞིན་ན་ཁྱེད་དྲག་པར་ཧ་ཅི་ལས། དེ་ལས་ཀྱང་བོད་ཀྱི་རིགས་གཞུང་ལ་ཞབས་ཞུ་བྱེད་བཞིན་པའི་ཁ་བརྡ་དྲྭ་བར་ཁྲིམས་ཀྱི་སྒོ་ནས་ཉེས་པ་ཅི་ཡང་མེད་པ་ཁ་བརྡའི་ངོས་ཀྱི་ངོ་སྤྲོད་ལ་གཟིགས་དང་། འདིར་རྩོམ་སྤེལ་བ་ནི་ཁ་བརྡ་ཚང་གི་ལྟ་བ་ཡིན་པས་མ་ཁྱབ་ཟེར་བ་དེ་གཅིག་གིས་འགྲེལ་ཡོད།

  7. བདེ་འཇགས་ཕོ་ཉ། says:
    2020-04-20 at 4:44 am

    ཡ་ཡ། ད་ཆོག་གི་ཡ། ལོ་སྔོན་མ་དེ་ཕལ་ཆེར་བཙན་བྱོལ་སྤར་མོ་གང་པོ་རྫོགས་ཡ་མེད་པའི་རྙོག་གྲ་རྐྱང་རྐྱང་བསྐྱལ་ཡིན། ལོ་གསར་པ་འདི་ཡང་དྲག་ཡ་མེད་པའི་རྒྱ་གུང་ཁྲན་ཏང་གི་ནད་དུག་གིས་བསྐྱལ་དགོས་ཁེལ་ས་རེད། དེ་ལས་ཚང་མས་དགའ་དགའ་སྤྲོ་སྤྲོ་བྱས་ནས་གླུ་དབྱངས་སྙན་མོ་འདི་ལ་གསན་པར་བྱའོ།།
    https://www.youtube.com/watch?v=C56pfLBgCW4

  8. བསྟན་འཛིན་པདྨ། says:
    2020-04-20 at 10:09 am

    ཨེམ་རྗེ་དབང་འདུས་ལགས་ནས་ངོ་དེབ་ཐད་གཏོང་གི་བརྙན་པར་ནང་དུ་ད་བར་དུ་བོད་སྨན་ཐོག་ནས་གཞན་ཕན་གྱི་བྱ་བ་བསྒྲུབ་ལུགས་སོགས་མང་དག་བརྗོད་སོང་བ་བརྟེན་ན་ཁོང་རང་སྨན་གྱི་སློབ་སྦྱོང་བརྒྱུད་རིམ་ནང་སྤྱོད་འཇུག་ལ་སྦྱང་པ་མི་དམན་ཙམ་ཞིག་བྱུང་ཡོད་ཀྱི་རེད།

    ད་རེས་ངག་དབང་ཞེས་པའི་མི་ཞིག་གིས་སྙན་ངག་ཀྱག་ཀྱོག་ཅིག་ནང་དུ་ཁོང་ལ་ཟུར་ཟ་བྱས་པ་དེར་མི་བཟོད་པར་ངོ་དེབ་ཐོག་ཚོུད་གཉིས་ཙམ་ལ་བཀའ་བཀྱོན་ཕེབས་སོང་། ལྷག་པར་ཁྲིམས་གཏུགས་ཟེར་བའི་སྐད་ཆ་ཐེབས་ཆགས་འདིའི་རིགས་བརྗོད་དུས་དངོས་གནས་ཐབས་སྡུག་རེད། ཨ་རིའི་སྲིད་འཛིན་སོགས་འཛམ་གླིང་ས་ཕྱོགས་འདྲ་མིན་གྱི་རྒྱལ་ཁབ་ཁག་གི་རྒྱལ་པོ་དང་རྒྱལ་མོ། སྲིད་འཛིན་དང་སྲིད་བློན་སོགས་མིང་སྨྲོས་བྱེད་ནས་སྐྱོན་འཛུགས་བྱེད་མཁན་ཧ་ཅང་མང་པོ་རེད། ཁོང་ལྟ་བུ་བོད་ཀྱི་སྨན་པ་ཆུང་ཆུང་ཞིག་ལ་དེ་འདྲ་ལབ་དུས་ཧང་སང་མདོག་བྱས་པ་ནི་ཅོལ་ཆུང་རང་རེད། ད་ལྟ་ཏོག་དབྱིབས་དྲིན་ཅན་འདིའི་རྐྱེན་གྱིས་ཁོང་ལ་མི་ཚོས་གདེང་འཇོག་བྱེད་འགོ་ཚུགས་པ་ཙམ་ཞིག་ལས་ནམ་རྒྱུན་བོད་པའི་སྤྱི་ཚོགས་ནང་དུ་མི་ཚོས་རྒྱུས་ཡོད་མེད་པ་ལྟ་བུ་རེད།

    དེར་བརྟེན་གཞན་ཕན་གྱི་བྱ་བ་བསྒྲུབ་མཁན་ཞིག་གིས་ཚིག་སྐམ་པོ་འགའ་ཞིག་བཟོད་མི་ཐུབ་པ་འདི་ཐབས་སྡུག་རེད། རྒྱུད་བཞི་དང་མཉམ་དུ་ཉིན་རེར་སྤྱོད་འཇུག་ལའང་དོ་སྣང་ཕྲན་ཙམ་ཞིག་གནང་ཐུབ་ན་ཡག་པོ་ཡོད་ཀྱི་རེད། ང་ཚོའི་ཁ་རྒྱུན་ལ་སྤུ་སྐྱེས་པ་ཟེར་སྲོལ་ཞིག་ཡོད། དེ་ནི་གྲགས་པ་ཏོག་ཙམ་ཡོང་དུས་ང་རྒྱལ་དང་ཁེངས་དྲེགས་སླེབས་པ་དེར་གོ དེ་འདྲ་བྱས་ན་རྐང་རྗེས་ལག་བསུབ་ཏུ་འགྱུར་རྒྱུ་ལས་གཞན་ཡོད་པ་མ་རེད། འོན་ཀྱང་ཁོང་གི་གཞན་ཕན་གྱི་བྱ་བ་ལ་ངས་རྗེས་སུ་ཡི་རངས་ཞུ།

  9. བོད་ཡིག་སྐྱབས། says:
    2020-04-20 at 12:23 pm

    སུ་ཞིག་གིས་སུ་ཞིག་ལ་ཉེས་འཛུགས་བྱས་ན་དེ་ལ་དག་སེལ་དང་ཁྲིམས་གཏུགས་གང་རུང་བྱེད་ཆོག འོན་ཀྱང་ཉེས་འཛུགས་བྱས་ཡོད་མེད་ལ་ཡང་ཁྲིམས་ཐོག་ན་ཚད་གཞི་ཞིག་ཡོད། དེ་བས་ཁ་བརྡའི་གསལ་བཤད་ཚིག་གསུམ་དེ་ལ་གནས་ལུགས་འདུག

  10. རིག་པའི་བུ་རྒོད། says:
    2020-04-20 at 12:46 pm

    ངོ་དེབ་ཐོག་ཨེམ་རྗེ་ཀུན་དགའ་དབང་འདུས་ཟེར་བའི་སྐད་ཆར་ཉན་རྒྱུ་བྱུང་། དེ་དུས་མི་ཁ་བདེ་པོ་སེམས་ཤུགས་ཅན་ཞིག་རེད་འདུག་བསམ་བྱུང་།
    རང་ལ་གཞན་གྱིས་དྭོགས་པ་ཅུང་ཙམ་བྱུང་ནས་མིང་འབོད་བྱས་པར་ལམ་སང་ཐམས་ཅད་ཁྲིམས་ལ་སྦྱར་གྱི་ཟེར་བའི་སྤོབས་པ་ཞེ་དྲག་འདུག
    ཕལ་ཆེར་ཨ་རིའི་མི་སེར་ཆགས་པའི་རྟགས་མཚན་ཡིན་སྲིད། མི་དེ་འདྲ་ལྟ་བུ་ཇི་མང་ཇི་མང་རེད་ཡ།
    ཁྱོད་ཀྱིས་ངོ་དེབ་སྟེང་དུ་ཁ་རྒྱག་པ་བཤད་པ་ལས་(ཁ་བརྡ་)དྲ་ཚིགས་ཀྱིས་ལོ་ངོ་མང་པོའི་རིང་དབྱངས་གསལ་སོ་བཞིའི་ཚེ་སྲོག་སྐྱོབས་པ་དྲིན་ཆུང་དུ་མ་གཏོང་།
    ཕལ་ཆེར་ཀུན་དགའ་དབང་འདུས་ཟེར་མཁན་དེ་ཁ་རྒྱག་པ་ཞིག་ལས་ཡི་གེ་འབྲི་མི་ཤེས་མཁན་ཞིག་ཡིན་ས་རེད། ཁྱོད་ཀྱིས་ཤེས་དགོས་རྒྱུར། ཁ་བརྡ་དྲ་ཚིགས་དེ་ནི་བཙན་བྱོལ་ནང་གི་བོད་ཀྱི་སྐད་ཡིག་ཐོག་རང་དབང་ལྡན་པའི་སྒོ་ནས་སྣ་མང་བརྗོད་གཞིར་བགྲོ་གླེང་ཞུ་ས་ཞིག་ཡིན་པ་ཤེས་པ་བགྱིས།
    ཁ་བརྡ་ཚང་གིས་གསལ་བཤད་དུ་གསལ་བ་ལྟར་བདེན་པ་ཡོད་ན་འདིར་ཕེབས་ཤོག

  11. རིག་པའི་བུ་རྒོད། says:
    2020-04-20 at 12:52 pm

    ལར་ནས་ཞུ་འདོད་པ་ཞིག་ལ། བོད་ཀྱི་སྨན་པ་ཚད་ལྡན་ཞིག་ཡིན་རྒྱུ་ན། ཁ་ཆུང་ཙམ་དང་ནད་པ་མང་ཙམ་སྨན་བཅོས་གནང་རོགས་ཞུ་རྒྱུ་ཡིན། དཔེར་མཚོན་ཞུས་ན། ཞིང་གཤེགས་སྨན་པ་ཡེ་ཤེས་དོན་ལྡན་དང་། བླ་སྨན་རྟ་མགྲིན་ལྟ་བུ་མང་པོ་འདུག དེ་ཚོའི་ཞབས་རྗེས་བསྙེགས་དགོས། ཁ་རྒྱག་པ་རྐྱང་རྐྱང་མ་ཤོད།
    ད་རེས་ཀྱི་ཏོག་དབྱིབས་ནད་གཞིར་ལ་བོད་ཀྱི་སྨན་པའི་གཟི་བརྗིད་ངོམ་དགོས། ལྷག་བསམ་རྣམ་དག་གི་བསམ་འཆར་ཡིན།

  12. རིག་འཛིན་རྡོ་རྗེ says:
    2020-04-21 at 5:47 am

    དབང་འདུས་ཀྱི་འཁྱོག་བཤད་ལ་ཉན་འདོད་མེད

  13. བློ་བཟང་བཟོད་པ། says:
    2020-04-21 at 8:50 pm

    ད་རིང་ཁ་བརྡ་ཚང་གི་ལན་ཡག་པོ་རྒྱབ་འདུག་བཀའ་དྲིན་ཆེ།

  14. བསམ་ཤེས་ says:
    2020-04-21 at 11:33 pm

    ངས་ལན་བདེ་པོ་ཞིག་གིས་བོད་སྨན་ཏོག་དབྱིབས་བཅོས་ཚུལ་དེ་རྫུན་མ་ཡིན་པ་བཤད་ཆོག

    ཏོག་དབྱིབས་བཅོས་སྨན་ཡོད་མ་རེད། བོད་སྨན་ལྟ་ཅི། ནད་འབུ་ཕྲ་མོ་བསོད་ཐུབ་མཁན་གྱི་ཕྱི་རྒྱལ་སྨན་དེ་ཚོ་ཡང་ཏོག་དབྱིབས་ལ་སོ་གཅིག་རྒྱག་ཐུབ་ཀྱི་མེད། ད་བོད་སྨན་གྱིས་ཕན་ཟེར་ན་ག་པར་ཕན་གྱི་ཡོད་རེད། ང་ཚོས་ཏོག་དབྱིབས་ངོས་འཛིན་བྱེད་མཁན་གྱི་ནུབ་ཕྱོགས་པའི་འཕྲུལ་འཁོར་མེད་ན་ཏོག་དབྱིབས་དེ་ཡང་ལྷ་དང་ཀླུའི་གདོན་རེད་ཟེར་བ་ལས་གཞན་ཅི་གང་ཤོད་མི་ཐུབ། མགོ་སྐོར་གཡོག་མཚམས་འཇོག་རོགས།

    སྔོན་མ་བོད་སྨན་གྱིས་ཏོག་ཙམ་མ་གཏོགས་རྒྱལ་བ་རིན་པོ་ཆེ་དཀྲོངས་པ་རེད། དེ་༢༠༠༦ལོར་རེད། དྲན་གྱི་འདུག་གས། ལོ་དེ་ནས་བཟུང་བླ་སྨན་པ་ཚང་མའི་གོ་གནས་ཕབ་ནས་བླ་སྨན་པ་ཟེར་བའི་མིང་ཚིག་དེ་རྩ་མེད་བཏང་དགོས་ཐུབ་པ་རེད། བདེན་པ་ཡིན་མིན་སྐུ་སྒེར་ཡིག་ཚང་ལ་དྲིས་དང་།

    དེང་སང་སྐུའི་བླ་སྨན་ཟེར་བ་འདུག་གས། ཅིའི་ཕྱིར་འཇལ་ལྟར་ཡལ་བ་རས། རྒྱུ་མཚན་ད་ལྟ་ནང་བཞིན་བོད་སྨན་གྱི་འགྲེལ་བཤད་རྫུན་མ་དེ་འདྲས་བརྒྱབས་ནས་རྒྱལ་བ་རིན་པོ་ཆེ་ཏོག་ཙམ་མེད་ན་གྲོངས་པ་རེད། དེ་དག་གི་སྨན་གྱི་སྙན་ཞུ་ཚང་མ་ལྡི་ལིའི་ཨོ་ཕ་ར་སྨན་ཁང་ལ་ཡོད།

  15. ལྷག་པ། says:
    2020-04-22 at 4:19 am

    བོད་ཀྱི་གསོ་བ་རིག་པའི་གཞུང་དེ་རྩ་ཆེན་པོ་ཡིན་ཡང་། དེང་དུས་ཀྱི་བོད་ལུགས་སྨན་པ་ཚོ་སྣང་བ་དག་པོ་དང་སྤོབས་སེམས་ཆེ་རྒྱུ་མི་འདུག
    ཕྱི་ལུགས་སྨན་པ་ཚོར་གཟིགས་དང་། ཁོང་ཚོའི་སློབ་སྦྱོང་བྱེད་པའི་རྒྱུད་རིམ་སོགས་ནས་ནན་ཏན་ཡིན་པ་ཤེས་ཀྱི་རེད། ལྷག་པར་ཚན་རིག་ཐོག་ནས་བརྡར་ཆ་གཅོད་དགོས་དུས་ལས་སླ་པོ་རྩ་བ་ནས་མེད། ཁ་ཕོ་ཆེ་དྲགས་ན། ཉིན་ཞིག་ཚོད་ལྟའི་སྡིངས་ཆ་ཞིག་སྤྲད་ན་བོད་ཀྱི་གསོ་བ་རིག་པའི་ཞབས་ནས་འཐེན་འོང་། སྟེས་དབང་གིས་གནས་ཚུལ་འགའ་ལག་ལེན་དངོས་ཀྱི་ཐོག་ལ་འོང་ཐབས་མེད། ཡར་ཐོན་རྒྱལ་ཁབ་རྣམས་ལ་གཟིགས་དང་། ཏོག་དབྱིབས་ན་ཚའི་བཅོས་ཐབས་ཐད། གྲགས་ཅན་ཚན་རིག་པ་དང་སྨན་པ་རྣམས་ཀྱིས་ཅི་འདྲའི་གཟབ་གཟབ་གནང་གི་མི་འདུག་གམ།

  16. བློ་བཟང་ཆོས་དར་ says:
    2020-04-22 at 8:59 pm

    ཧ་ཧ་ཁོ་ཨ་སྒོར་འབེལ་འདོགས་ ཁྲི་གཅིག་སྤྲོད་ཟེར་ ཕོ་ཁྱོ་ཁ་ཡིན་ན་ཏོག་དབྱིབས་ནད་པ་ལ་ཞལ་འདེབས་སྤྲོད་དང་དེ་ནས་ངོ་མ་བལྟ་མཆོག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme