Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ལ་ཉན་པའི་རྗེས་སུ།

Posted on 2015-03-012015-03-01 By ཁ་བརྡ་ 8 Comments on ཨེ་ཤི་ཡ་རང་དབང་རླུང་འཕྲིན་ལ་ཉན་པའི་རྗེས་སུ།

སྣང་རྒྱལ་ཤེས་དགེ

 
སྟོབས་ཆེན་ཨ་རིའི་རྒྱལ་ས་ན།།
རླབས་ཆེན་རླུང་འཕྲིན་ཁང་ཞིག་ཡོད།།
རླུང་འཕྲིན་ཁང་དེའི་ལས་ཁུངས་ན།།
རྫབ་ཆེན་མདོ་འཛིན་ཁྱུ་གཅིག་ཡོད།།

གློ་ལུ་རྒྱག་ལ་འཚེར་སྣང་མེད།།
གད་མོ་ཤོར་ལ་འཛེམས་སྣང་མེད།།
གསན་པ་པོ་ལ་བརྩི་འཇོག་མེད།།
མེད་པ་གསུམ་འདི་ནད་ཅིག་ཡིན།།

ཚིག་གི་གཅོད་མཚམས་ཁྱོས་མི་ཤེས་།།
གནས་ཚུལ་ཞིབ་ཚགས་ཁྱོས་མི་ཤེས།།
རང་གི་འགན་འཁྲི་ཁྱོས་མི་ཤེས།།
མི་ཤེས་གསུམ་འདི་སྐྱོན་ཞིག་ཡིན།།

སྒམ་ཉམས་སྟོན་ལ་ཁྱོད་ཅག་དགའ།།
མཁས་མདོག་སྟོན་ལ་ཁྱོད་ཅག་དགའ།།
རྫིག་རྫིག་བྱེད་ལ་ཁྱོད་ཅག་དགའ།།
དགའ་བ་འདི་གསུམ་སྲོལ་ཞིག་ཡིན།།

པཎ་ཆེན་འཁྲུངས་ཡུལ་ཁྱོས་མི་ཤེས།།
བོད་ལུགས་ཟླ་ཚེས་ཁྱོས་མི་ཤེས།།
གུས་ཞབས་བརྩི་བཀུར་ཁྱོས་མི་ཤེས།།
མི་ཤེས་གསུམ་འདི་ལམ་ཞིག་ཡིན།།

གཞུང་གི་ཕོག་ལ་བསམ་ཤེས་མེད།།
གཞིས་ལུས་དམངས་ལ་ཆེ་མཐོང་མེད།།
རང་གི་ངན་ལ་ངོས་ཟིན་མེད།།
མེད་པ་འདི་གསུམ་སྨག་ཅིག་ཡིན།།

སྐད་ཆ་བཤད་དུས་གདངས་ཤིག་ཡོད།།
མིད་ཐག་ནང་ལ་འགག་ཅིག་ཡོད།།
བཤད་མཚམས་བརླག་པའི་མིག་ཅིག་ཡོད།།
ཡོད་པ་འདི་གསུམ་རྡོ་ཞིག་ཡིན།།

སྔོན་ལ་གྲ་སྒྲིག་བྱེད་མི་ཐུབ།།
བཤད་དུས་ཤར་སེ་ཀློག་མི་ཐུབ།།
ནོར་འཁྲུལ་རྒྱུན་དུ་བཅོས་མི་ཐུབ།།
མི་ཐུབ་འདི་གསུམ་དམ་ཚིག་ཡིན།།

ཆོལ་གསུམ་རང་སྐད་བཤད་མཁན་དཀོན།།
བོད་ཡིག་རང་མགོ་ཐོན་མཁན་དཀོན།།
བོད་ཀྱི་གནས་བབ་བསམ་མཁན་དཀོན།།
དཀོན་པ་འདི་གསུམ་དཀོན་མཆོག་ཡིན།།

སྙན་རྩོམ་འདི་འདྲ་ཞིག་འབྲི་རྒྱུའི་འདུན་མ་སྔར་ནས་ཡོད་ཀྱང་བྲེལ་བ་དང་ལེ་ལོ་གཉི་གའི་རྐྱེན་གྱིས་དེ་རིང་བར་དུ་མངོན་འགྱུར་བྱེད་མ་ཐུབ། དེ་རིང་ལོ་སར་གྱི་གུང་གསེང་དང་བསྟུན་ངལ་གསོའི་ཚུལ་དུ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཨམ་སྐད་སྡེ་ཚན་ལ་ཉན་སྐབས་”པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཨ་མདོ་རྡོ་སྦིས་ས་ཁུལ་དུ་སྐུ་འཁྲུངས་”ཞེས་བཤད་སོང་ཞིང་། གནས་ཚུལ་འདི་ལྟ་བུ་ནི་བོད་པའི་སྤྱི་ཚོགས་ལ་ཆ་རྒྱུས་ཡོད་པའི་གཞུང་འབྲེལ་གསར་ཁང་ཞིག་ཕར་བཞག་བོད་མི་ཕལ་བ་ཞིག་གིས་ཀྱང་ཤེས་པའི་རྒྱུན་ཤེས་ལྟ་བུ་ཞིག་ཡིན།
དེ་འདྲའི་དོ་སྣང་མེད་པ་དང་རང་གི་ལས་གནས་ལ་བརྩི་བཀུར་མེད་པའི་བྱེད་སྟངས་དེས་བདག་གི་ལ་སྔར་ནས་ཡོད་པའི་བསམ་ཚུལ་དེ་ཡིག་ཐོག་ཏུ་ཕབས་བཅུག་སོང་། སྙན་རྩོམ་འདིའི་ནང་གི་སྐྱོན་ཆ་རྣམས་ཨེ་རླུང་RFA ཚང་ཁོ་ནའི་སྐྱོན་མ་ཡིན་པར་ཨ་རིའི་བོད་སྐད་རླུང་འཕྲིན་VOA ལའང་གཅིག་མཚུངས་སུ་ཡོད་པ་ཡིན། ཤེས་དགོས་པ་ཞིག་ལ་ཁོང་ཚོའི་སྐྱོན་དང་ཡོན་ཏན་གཉིས་ལས་ཡོན་ཏན་དང་ཕན་པའི་ཆ་རྣམས་ལྗིད་ཆེ་བ་ཡིན་ནའང་ཡག་ཐོག་ཡག་རྩེགས་ཡོང་ཕྱིར་འདི་བྲིས་པ་ཡིན།

བསམ་ཚུལ།

Post navigation

Previous Post: སྙན་ངག་དང་སེམས་འདྲེས་པའི་སྐད་ཆ།
Next Post: ཁ་སང་གི་ཉིན་ཐོ་ཐར་ཐོར་མ།

Comments (8) on “ཨེ་ཤི་ཡ་རང་དབང་རླུང་འཕྲིན་ལ་ཉན་པའི་རྗེས་སུ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-03-01 at 1:59 am

    བཤད་བྱའི་སྐད་ལ་སྦྱང་ཆ་དགོས།
    ཤོད་དུས་བབ་རླིངས་གུས་ཞབས་དགོས།
    བཤད་པའི་ཚིག་དོན་ལ་རྒྱ་དགོས།
    དགོས་པ་དེ་གསུམ་ཚང་ན་ལེགས།

  2. ཆུ་ཐིགས་སྔོན་མོ says:
    2015-03-01 at 2:37 am

    ཡང་འདི་ལ་ནད་པ་ཞིག་འདུག་་་་ང་ཚོའི་སྤྱི་ཚོགས་ནང་དུ་དེང་སང་ནད་པ་ཇེ་མང་རེད་་་་རྐྱེན་ཅི་ཞིག་གིས་ན་ཚ་བསླངས་པ་ཡིན་ཤེས་ཀྱི་མི་འདུག་་་་འདི་ལ་སྨན་པས་ཀྱང་ཕན་ཐོགས་ཁག་ས་རེད་་་་སྙིང་རྗེ

  3. བདེན་པའི་ཕོ་ཉ་ says:
    2015-03-01 at 3:08 am

    རེད་རེད་རང་གིས་མི་འཇོན་གཞན་ལ་ཕྲག་དོག་
    ཕྲག་དོག་གི་ཁྱི་རྒན་ཞིག་ཡིན་པ་འདྲ་

  4. རྔ་བ་གངས་རི། says:
    2015-03-02 at 9:13 am

    དྲང་བོའི་གཏམ་ཞིག་བརྗོད་ན་ཕྲག་དོག་ཟེར། །
    ངོ་བསྟོད་སྤྲེལ་ལད་བྱས་ན་བདེན་དུ་འཛིན། །
    དེང་གི་འགྲོ་མིའི་རང་གཤིས་རྫོབ་པོ་དེར། །
    སྒོམ་ཆེན་ཨ་ཁུས་མཐོང་ན་སྙིང་རེ་རྗེ། །

    རྒྱལ་བ་པཎ་ཆེན་གངས་རིའི་ཁྱད་ནོར་ཡིན། །
    འཁྲུངས་ས་འཁྲུངས་ཡུལ་བྱིས་པའི་སེམས་ན་གསལ། །
    པཎ་ཆེན་འཁྲུངས་ཡུལ་རྡོ་སྦིས་ཡིན་སྐད་འདི། །
    བཀའ་སྤྱིའི་བཀའ་བཞིན་སྒྲུབ་པའི་གསར་གཏོད་རེད། །

    མཐུར་མེད་རྟ་རྒོད་ལྟ་བུའི་ཨེ་རླུང་གིས། །
    འབོད་ལོག་སྐད་ལོག་བྱས་པར་གྲངས་མེད་ཀྱང་། །
    བཀྲིས་མཐོང་སྐུ་ངོའི་སེམས་ལ་བུད་སོང་ན། །
    འབངས་མི་སྟོང་གི་བསམ་ཚུལ་རྩེད་ཆས་ཡིན། །

    གངས་རིའི་སྐར་ཆེན་ལྟ་བུའི་གསར་ཁང་དུ། །
    རེ་བ་ཆེན་པོ་བྱས་ནས་བསྒུགས་བསྒུགས་ཀྱང་།
    ན་ནིང་ད་ལོར་ཇེ་སྡུག་ཇེ་སྡུག་རེད། །
    བསམ་བློ་ཐོངས་ཤིག་གངས་རིའི་གསར་འགོད་པ། །

  5. ཇུས་ཏོག says:
    2015-03-02 at 9:42 pm

    ནར་བ་ནོར་བ་རྒྱལ་པོའི་བུ་ལའང་འདུག་།
    རྫར་བ་རྫེར་བ་རྩན་དན་ཤིང་ལའང་ཡོང་།

    ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་སོགས་མི་མང་ལ ་ཕན ་
    ཐོ་ཆེན་པོ་འདུག་ཐུགས་རྗེ་ཆེ་དགའ་བསུ་ཡོད་ལ་རྒྱབ་སྐྱོར་ཡང་ཡོད་དོ་།

  6. ཧེ་བཛྲ། says:
    2015-03-04 at 12:13 am

    ཨ་རླུང་ཨེ་རླུང་གཉིས་ཀར་ཕན་མ་ཐོགས་པའི་ལས་བྱེད་པ་རྫབ་རོ་མང་པོ་འདུག་པས་རིམ་པས་མཚན་འདོན་ཞུ་ཆོག་པ།།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-03-04 at 12:30 am

    ཡོན་ཏན་དང་། ལས་ཀར་བཀའ་དྲིན་རྗེས་དྲན་དང་། སྐྱོན་དང་ཆད་ལྷག་ལ། ཡར་རྒྱས་དགོས་ན། ཡོ་སྲང་མུ་མཐུད་བྱེད་འོས་པ་རེད་དོ།།

  8. དོན་དགའ། says:
    2015-03-04 at 11:02 pm

    ཨ་ཨེ་གཉིས་ཀྱི་ནང་དུས་ཚོད་གང་འཁྱོལ་དང་ཁྲལ་སོད་ཙམ་གྱི་ལས་བྱེད་མང་ཙམ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme