Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་ལི་སི།

Posted on 2025-05-222025-05-22 By ཁ་བརྡ་ No Comments on ཨེ་ལི་སི།

– རྔ་བ་ཀུན་བཟང་།

“ཁྱོད་ཨེ་ལི་སི་ཡིན་ནམ།” ངས་ཁྱོད་སྒུག་ནས་ལོ་མང་ཡིན། ད་དུང་དྲིས་ལན་མེད་པ་ཤེས་བཞིན་དུ་ང་ལ་ལྟ་རུ་ཡོང་མཁན་གྱི་མི་རྣམས་ལ་ཨེ་ལི་སི་ཞེས་ཁ་ནས་ཤོར་འགྲོ་དོན། ཁྱོད་སྔར་བཞིན་འཇིན་རྟེན་ན་གཉིད་མི་ཡོང་དོན་འདྲི་འདོད།
ངས་ཁྱོད་ཐེངས་དང་པོར་རི་མགོ་གན་གྱི་འཚིག་ཇ་ཁང་ནས་མི་རེ་འགའ་མཉམ་དུ་ཁ་བརྡ་བྱས་པ་མཐོང། ཁྱོད་ཡུལ་དེའི་མི་ཞིག་མིན་པར་ཁྱོད་མདུན་ལ་བཞག་པའི་དེབ་དང་ཆ་ལུགས་རིག་དུས་ཤེལ་ཐལ། ད་དུང་མི་དེ་དག་གི་སྐད་ཆ་ལ་ཁྱོད་དེ་ཙམ་དོ་སྣང་མེད་པར། ཡང་དང་བསྐྱར་དུ་མིག་གིས་ཡར་མར་བལྟ་བྱེད་པ་དང་། རོགས་པ་ཚོས་སྐད་ཆ་དྲིས་པར་ལན་ཡང་མི་རྒྱག ཁྱོད་སྣང་ཚུལ་ལ་བལྟས་ན་མཛའ་མོ་ཐག་རིང་ལ་སྐྱུར་ནས་བུད་ཡོང་མཁན་ཞིག་ལ་རིག་གི དུས་ཐུང་དེ་འདྲ་ཞིག་གི་རིང་ལ་ང་དགའ་སྐྱོ་ཟུང་འབྲེལ་གྱི་སྣང་བ་སྟོང་ཕྲག་བྱུང་ཡང་། ང་འདི་ལྟར་ཐམ་མེ་འཐོམ་མེའི་ངང་མི་འདུག་ཁ་མེད་བྱུང་།
ད་དུང་ཁྱོད་མདུན་ལ་བཞག་པའི་“གདོད་མའི་རི་ཚོགས”་ཞེས་པའི་དེབ་དེ་ལ་ཐེངས་གཉིས་པར་ལྟ་བཞིན་ཞོར་ལ་ཁྱོད་ལ་ཅིག་བལྟས་དུས། ངའི་སྙིང་ཁ་ཤུགས་ཆེན་གཡུགས་རུང་། ངའི་ཁོག་སྨད་ཀྱི་གནད་དོན་ལ་བསམ་བློ་མི་འཁོར་ག་ལ་སྲིད། ཡང་ན་འཚིག་ཇ་ཁང་གི་སྐུ་མགྲོན་གཞན་རྣམས་ཀྱིས་ངས་ཁྱོད་ལ་མིག་གིས་དུས་ཡུན་རིང་པོར་བརྣགས་བརྣགས་པ་ཅི་ཞིག་བལྟས་ཡོད་པ་མཐོང་སོང་བ་རེད་དམ། ཁྱོད་ཀྱིས་གཡུ་ཡི་ཨ་ལོང་མཐིང་ག་ཅན་ཅན་གྱི་གྱོན་ཆས་དེ་གྱོན་ནས་ཁ་སྤུ་བཏོག་ཞོར་ཁ་རོག་གེར་འདུག ཆང་གི་ར་རོར་གྱུར་བཞིན་པའི་མིག་ཟུང་ཀྲིག་ཀྲིག་ངའི་ཕྱོགས་ལ་ལྟ་ཙམ་བྱེད་དོན། ང་རྒྱུན་ལྡན་གྱི་མི་ཞིག་རེད་འདོད་དང་ནི་ཨེ་ཡིན།

དེ་དང་བསྟུན་ནས་ཁྱོད་ལ་ཁ་བརྡ་བྱེད་བསམ་ཡང་ང་རང་མུ་མཐུད་དཔེ་ཀློག་ལ་མགོ་འཁོར་ནས་འདུག་དུས། ཁྱོད་ཡར་ལངས་ནས་ངའི་ཕྱོགས་ལ་འཛུམ་དམུལ་དམུལ་ངང་ཡོང་ནས་གཡས་ལག་ཚུར་བསྲིངས་ཡོང་། ཧ་ཅང་འཇམ་པའི་མཛུབ་མོ་དེ་དག་ནི་སེམས་ཀྱི་འཁྲི་ཤིང་ཞིག་དང་མཚུངས་པར་ངའི་སེམས་ཀྱི་ཟབ་སར་འཁྱུད། ཞེ་མཐུན་པའི་སྔར་མེད་ཀྱི་ཚོར་སྣང་ཡ་མཚན་ཞིག་བྱུང་། དུས་མཚུངས་སུ་ཁྱོད་ཀྱི་ལག་གཡས་ཐོག་གི་ཁབ་གཙགས་རི་མོའི་མེ་ཏོག་སེར་ཆེན་དེ་མཐོང་དུས། ད་གཟོད་ཁྱོད་སྒྱུ་རྩལ་བ་ཞིག་ཡིན་པ་དྲན་ལ། གཅིག་བྱས་ན་སྐྱོ་གར་འདུ་ཤེས་ལ་སད་རྟོགས་བྱུང་བའི་མི་ཞིག་ཀྱང་ཡིན་སྲིད་སྙམ་བྱུང་།
“ཨ་རོ་བདེ་མོ།” ཁོས་ཐོག་མར་ཁ་གྲགས་ཐལ།
“ལགས”
ཁོས་སྔར་བཞིན་དགའ་ལྷང་ལྷང་གི་མཛའ་བ་རྒྱ་མཚོ་ལས་ཟབ་པའི་རྣམ་པ་ཞིག་གིས“རོགས་པ་མེད་ན་ང་ཚོ་མཉམ་དུ་ཕར་ཤོག”ཟེར་བཞིན་ཁོང་གིས་ལག་ན་ཡོད་པའི་ཐ་མག་འཐེན་འཕྲོ་དེ་ཁམ་གང་འཐེན་ནས་ང་ལ་སྤྲད་ཞོར།“ཨོ་ཁྱོད་ཉི་ཧོང་ནས་རེད་མོད” ཅེས་བརྗོད་ཚུལ་ལ་བལྟས་ན་ཁོང་གིས་ང་ལོ་མང་གོང་ནས་ངོ་ཤེས་པའི་རྣམ་པ་བསྟན།ཡིན་ན་ཡང་ཁོང་སུ་རེད་དམ།

ང་ནི་ཁེར་འགྲོ་ཁེར་འདུག་ལ་གོམས་པའི་རི་དང་རི་འདབས་དང་། གྲོང་དང་གྲོང་སྡེ། མཚོ་དང་ཆུ་འགྲམ་ལ་རྨི་ལམ་བཏང་ནས་སྙན་ངག་དང་བརྩམས་ཆོས་འགས་ཡིད་སེམས་གསོ་མཁན་ཞིག་ལས། མཐོངས་མེད་ཀྱི་བརྩེ་དུང་དང་འཇིག་རྟེན་གྱི་མེ་དཔུང་ནང་ལ་མཚོང་ག་ལ་ཕོད། ཁོང་ལ་ལན་གང་ཡང་རྒྱག་མ་ཐུབ་ལ་སྐར་མ་འགའ་ལྷག་དུས་ཁོས “སྙན་ངག་པ་ཞིག་ཡིན་ནམ། དེང་སང་དེབ་གང་ཀློག་གི་ཡོད། དེབ་འདི་ཁྱོད་ལ་ལེགས་སྐྱེས་ཡིན”ཟེར་ནས་སྔར་ལྟར་ངའི་གཡས་ཕྱོགས་ལ་ཡོང་ནས་མར་བསྡད་སོང་།ངའི་སྙིང་ཁ་འདར་ནས་ཁོང་ལ་ལན་ཅི་ལྟར་འདེབས་པ་བསམ་བློ་གཏོང་སྐབས་ཁོས་“ཡ་ད་མ་བཟང་ཐལ་ཉེན་རྟོག་པ་སླེབས་སོང་། རྗེས་མ་ཐུག་”ཟེར་ཞོར་ངའི་འགྲམ་པ་ལ་ཁ་ཞིག་སྐྱེལ་ནས་མིག་གིས་སྐད་ཆ་ཞིག་བཤད་ནས་བུད་ཐལ།

སྐབས་དེར་འཚིག་ཇ་ཁང་ཡོངས་སུ་འུར་འུར་ཟང་ཟིང་ལ་གྱུར་ནས་ཉེན་རྟོག་པའི་ཁ་གང་སོང་ལ། ཁ་ཐུམ་དཀར་པོ་གྱོན་པའི་ཞབས་ཞུ་རྣམས་ཡང་འཚུབ་ཆ་ཞིག་ལངས་དུས། ད་གཟོད། རི་མགོའི་འཚིག་ཇ་འདི་སྤྲིན་པ་གློ་བུར་བས་བསྡུས་པའི་དྲག་ཆར་བཞིན་ཡོངས་སུ་མུན་ནག་གིས་བརླན་པའི་ངང་ཚུལ་དང་ལྷན་དུ།
ང་ནི་སྐྱབས་འགྲོ་འུར་འུར་འདོན་པའི་ཨ་ཡེ་ལོ་བརྒྱ་ཅན་ལྟར་ས་ནས་ཡར་ག་ལ་ལངས་ཐུབ། ཐ་ན་ཁོང་གི་རྗེས་ལ་མིག་གིས་ཀྱང་ལྟ་མ་ཐུབ་པར་རང་ཉིད་ཀྱི་འགྲམ་པ་ཚ་ལམ་ལམ་ལ་ཡང་དང་བསྐྱར་དུ་ལག་པས་འགེབ་ཞོར། རང་ཉིད་ཀྱི་ཁོག་སྨད་ལ་གྱོན་པའི་ལྭ་བ་མར་འཐེན་ཙམ་བྱས་ནས་རང་སར་བསྡད་པ་ཡིན།
ཚོར་སྣང་ཞེས་པ་ཡི་གེར་ཤོང་བ་དང་སྐད་ཆས་མཚོན་ཐུབ་པ་ཞིག་ཡེ་ནས་མིན་པས་ན།
ཁོང་ཉེན་རྟོག་པའི་བཟུང་བ་དང་ང་ཡང་རང་ཉིད་ཀྱི་ཨ་ཅེ་མཉམ་དུ་འཚིག་ཇ་ཁང་དང་ཁ་བྲལ་རྗེས་གཞི་ནས་ཁོང་སུ་ཡིན་བསམ་བློ་བཏངས། དོན་དངོས་སུ་ཁོས་ང་ཞི་མོ་ཆ་མེད་ཞིག་ལ་ཁ་སྐྱེལ་དོན་དང་གློ་བུར་ཏུ་འཛིན་བཟུང་བྱེད་དོན། ལེགས་སྐྱེས། ཐ་མག་འཐེན་འཕྲོ་སྤྲད་པ་སོགས་ལ་བསམ་གཞིགས་དང་ཞིབ་འདང་རྒྱབ་ན། ཁོས་སེམས་ཀྱི་ངའི་ཚོར་སྣང་ཤེས་སོང་བ་རེད་དམ།

ཡང་ན་བརྩེ་དུང་གིས་སྨྱ་ལེ་སྨྱོ་ལེར་བཏངས་ཟིན་པ་རེད་དམ། ཁོང་གི་མིང་ལ་ཅི་ཟེར་རམ། ངས་ཁོང་ཤེས་དགོས་དོན་ཅི་རེད། ངས་ཅིས་ཕྱིར་ཁོང་སུ་ཡིན་འདྲི་མ་ཕོད་པ་རེད་དམ། ངས་ཁོང་གི་མིང་ཙམ་ཤེས་ཡོད་ན་ཅི་མ་རུང་། མ་གཞི་ང་འཇིག་རྟེན་ལ་ཡོང་ན་མི་ལོ་ཉེར་བཞི་ཙམ་འགོར་ཡང་། དེ་རིང་བར་དུ་འདི་འདྲ་ཞིག་བྱུང་མ་མྱོང་། ཡང་མིན་ན་ཁོང་གིས་སྔ་མོ་ནས་ང་སུ་ཡིན་ཤེས་ནས་སྙིང་རྗེ་བ་རེད་དམ།
ཧ་ཅང་འཁྱག་པའི་ཞོགས་པ་ཞིག་ལ།ང་ལ་འཚིག་ཇ་ཁང་གི་ཞབས་ཞུ་མས་ཁ་པར་ཐོན་ཐལ།དང་ཐོག་མོས་ཚིག་གཅིག་མ་བཤད་ཀྱང་སྐད་གདངས་ཀྱི་འགྱུར་ན། ཅོང་ཙམ་དངངས་འཚབ་ཅན་གྱི་སྣང་བ་ཞིག་སྐྱེས་པས་དཔེ་ཀློག་མཚམས་བཞག་སྟེ་ཁ་པར་བཟུང་ནས་རྐུབ་སྟེགས་འཁོར་ལོའི་སྟེང་དུ་བསྡད། མོས་“ཁྱོད་ཀྱི་རྐང་པ་གང་འདྲ་འདུག།ཡར་འཚིག་ཇ་ཁང་ལ་ཡོང་ཨེ་ཐུབ། མིང་ལ་ཨེ་ལི་སི་ཟེར་མཁན་ཞིག་གི་སྒུག་འདུག”ཟེར་དུས་ངའི་སེམས་ལ་གོམ་གསུམ་འགྲོ་མ་ཐུབ་ཡང་།ཚིག་གསུམ་བཤད་ལོས་ཐུབ་བསམ་ཞོར་རང་དབང་མེད་པར་མིག་ནས་མཆི་མ་ཤོར་ཡང་།རང་ཉིད་ཀྱི་སྣང་ཚུལ་འདི་མཐོང་དུས། ལོ་དེར་རོལ་དབྱངས་འགྲན་བསྡུར་ལ་སོང་བའི་འདས་དོན་མང་པོ་ཞིག་དྲན་ཤེས་ཀྱི་མེ་ལོང་ངོས་སུ་གློག་བརྙན་ཅི་བཞིན་ཤར་ཡོང་བས། སྐབས་འདི་ནས་ཀློག་པ་པོ་རྣམས་དང་ཨེ་ལི་སི་བཅས་ལ་མ་བཤད་ཐབས་མེད་གྱུར།

ངའི་མིང་ལ་ཨུ་ཏྤལ་སེར་པོ་ཟེར། མིང་འདི་ངའི་ཨ་ཕ་རྩྭ་ཐང་དང་མེ་ཏོག་ལ་དགའ་བས་ང་ལ་བཏགས་པ་རེད། ང་ལ་ནུ་མོ་གཅིག་དང་གཅེན་པོ་གཅིག་བཅས་ཡོད། ཁོང་གཉིས་ཀ་དེང་སང་ཁྱིམ་ཚང་བཟུང་བ་མ་ཟད། བྱིས་པ་ཡང་གཉིས་རེ་ཡོད། ང་ད་ལྟ་ལོ་ཉི་ཤུ་རྩ་བཞི་དང་སློབ་འབྲིང་བར་སོང་བ་ཡིན། ཆུང་དུས་ནས་བཟུང་རོལ་དབྱངས་དང་། རི་མོ། སྙན་ངག གར་སོགས་ལ་དགའ། དེའི་ནང་ནས་རོལ་དབྱངས་ནི་ངའི་དགའ་ཕྱོགས་དང་མོས་ཕྱོགས་ཙམ་མ་ཡིན་པར་ངའི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཞིག་དང་རྣམ་ཤེས་ཀྱི་རྟེན་ས་གལ་ཆེན་ཞིག་ཡིན། རེད་དེ། མི་ཚེ་གཅིག་ལ་དར་རྒུད་གསུམ། དཔྱིད་ཉིན་གཅིག་ལ་དྲོ་གྲང་གསུམ་ཟེར་བའི་དཔེ་ལྟར།
ང་ལོ་བཅུ་བདུན་སྐབས་སུ་རོལ་དབྱངས་འགྲན་བསྡུར་ཞིག་ལ་འགྲོ་བའི་ལམ་ཁ་ནས། རླུང་འཁོར་ལ་དོན་སྐྱོན་ཞིག་བྱུང་ནས་ངའི་ཁོག་སྨད་ཡོངས་སུ་ཚོར་མེད་རྩི་ཤིང་ལྟར་གྱུར། སྐབས་དེ་དུས་ངའི་ཕ་མ་གཉིས་ཀ་འབྲོག་ས་ན་ཡོད་ལ། ངེད་ཚང་ལ་རྟ་ཟོག་ལྔ་བཅུ་ཙམ་དང་ལུག་འགའ་ཡོད། འོན་ཀྱང་། དོན་རྐྱེན་དེའི་དབང་གི་ངའི་ཨ་ཕས་རྟ་ཟོག་ཕྱེད་ཀ་བཙོང་ནས་ང་ལ་སྨན་ཁང་གང་ཡག་དང་སྨན་པ་གང་བཟང་ལ་བསྟན་ཡང་། མཐར་རྐུབ་སྟེགས་འཁོར་ལོ་མེད་ན་གོམ་པ་གང་ཡང་འགྲོ་མི་ཐུབ་མཁན་ཞིག་ལ་གྱུར། དེ་ནས་བཟུང་ངའི་འཚོ་བ་ཡོད་ཚད་ལྐོག་གྱུར་གྱི་འཇིག་རྟེན་ནང་ལྷུང་ཡང་། ཚེ་སྲོག་ལ་སྔར་མེད་ཀྱི་གདེང་འཇོག་གསར་བ་ཞིག་རྙེད་པས། མངོན་སུམ་གྱི་ལས་དབང་ལ་ནམ་ཡང་འཁང་ར་དང་ཨུ་ཚུགས་བྱས་མ་མྱོང་།

ཨེ་ལི་སི་ལགས། ང་རྐུབ་སྟེགས་འཁོར་ལོའི་ཐོག་ལ་ཡོད་པའི་ཞི་མོ་ཞ་བོ་ཞིག་ཡིན་པས། སྐྱེ་བ་འདི་ནས་ཁྱོད་ལ་འཕྲད་པའི་སྙིང་སྟོབས་མེད་ཡང་། ངས་སྐྱེ་བ་རྗེས་མ་འཕྲད་པའི་སྨོན་ལམ་འདེབས་ངེས་ཡིན། རྒྱུ་མཚན། ཁྱོད་ལ་དགའ་བ་ནི་ངའི་བདེ་སྐྱིད་ཡིན་ལ་སྡུག་བསྔལ་ཡང་ཡིན། ངའི་འདས་ཟིན་པའི་ཕྱིར་དྲན་གྱི་ཀློང་ནས། ཆེས་བརྗེད་མི་ཐུབ་པའི་དྲན་པའི་དྲོད་ཁོལ་ཏེ་འུ་གཉིས་འཚིག་ཇ་ཁང་ནས་ཐུག་པའི་ཉིན་མོ་དེ་ཡིན། ལྷག་པར་ཏུ་ང་ལྟ་བུ་ལ་མཚོན་ན། དྲང་བདེན་གྱི་ལམ་ཁ་ནས་ཁེར་རྐྱང་ངང་ལས་དབང་གི་བཀོད་སྒྲིག་ལ་སྒུག་རྒྱུ་དགའ་བས། གལ་ཏེ་ཁྱེད་ཕྱི་ཐག་རིང་བའི་མི་ཞིག་ཡིན་ན། ཡིག་ཆུང་འདི་དམར་པོ་སྲོག་གི་དོ་ཡ་ལ་འཇོག་རོགས།
ད་གཟོད་ཀློག་མཁན་ལྷན་རྒྱས་ཀྱིས་ང་ཨེ་ལི་སི་དེ་འདྲའི་དགའ་དགོས་པར་བསམ་གཞིག་ཐུབ་པར་ངེས་ལ། དེ་བས་ང་ནི་རང་སྣང་མཐོ་བའི་མི་ཞིག་རེད་མ་དགོངས་ཤིག གལ་ཏེ་ང་དབང་པོ་ཞ་བོ་ཞིག་མིན་ན། གལ་ཏེ་ང་རྐུབ་སྟེགས་འཁོར་ལོའི་ཐོག་ལ་འགྲོ་མི་དགོས་ན། མི་དེ་ལ་ཐུག་ནས་ཁ་བརྡ་ཙམ་ལས་མ་བྱུང་ཡང་། ངའི་ཚེ་གཅིག་གི་བདེ་སྐྱིད་ཡིན། འོན་ཀྱང་གནས་སྟངས་དང་ཁོར་ཡུག་འདི་འདྲ་ཞིག་གི་འོག་ཏུ་ཁྱེད་ཀྱང་ང་དང་འདྲ་བའི་མི་དེ་འདྲ་འཕྲད་སྐབས་གདམ་ཁ་གཞན་ཞིག་ཡོད་དམ།

བསམ་ཚུལ།

Post navigation

Previous Post: ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
Next Post: ཨ་མའི་དཀའ་ལས་དང་བྱམས་བརྩེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme