Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་རླུང་གིས་སྣ་འདྲེན་བྱས་པའི་རྡ་སའི་སྐྱོན་མཚང་ཕྱིར་མངོན།

Posted on 2012-11-242012-11-24 By ཁ་བརྡ་ 30 Comments on ཨེ་རླུང་གིས་སྣ་འདྲེན་བྱས་པའི་རྡ་སའི་སྐྱོན་མཚང་ཕྱིར་མངོན།

སྤྲུལ་སྐུ་དབང་ཆེན།

ཨེ་རླུང་དང་འབྲེལ་བའི་ཨ་རིའི་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་པའི་ཚོགས་གཙོའི་བསྒྲགས་གཏམ་འདིས་གལ་ཆེ་བའི་གསལ་བཤད་ཅིག་བྱས་ཡོད་པ་དེ་ནི། བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བ་དེ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གི་འོག་ནས་རང་སྐྱོང་ཞིག་རྩོད་ཀྱི་མེད་པར་དེ་ལས་ལྡོག་སྟེ་བོད་རང་དབང་རང་བཙན་དང་། རྒྱ་ནག་དམར་པོའི་ཁྲིམས་འགལ་གྱི་བཙན་འཛུལ་བོད་ནས་མཇུག་སྒྲིལ་དགོས་པའི་འབོད་སྐུལ་དེ་ཡིན་པར་ར་སྤྲོད་གསལ་བོར་བྱས་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་གྲོགས་པོ་ཚོས་ཀྱང་བོད་རང་དབང་རང་བཙན་གྱི་ལམ་ཁ་བོད་ནང་གི་བོད་མིས་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསལ་གསལ་ཐང་ཐང་ལ་ལབ་འདུག མི་འདི་ཕལ་བ་ཞིག་མ་རེད་ལ་གྲོས་ཚོགས་ཀྱི་ཚོགས་མི་ཞིག་གིས་མི་ཚད་པར་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་པའི་ཚོགས་གཙོ་ཡང་རེད། ད་ཐེངས་ཨེ་རླུང་གནད་དོན་ཙམ་ཞིག་མིན་པར་ཁོང་ལ་སྔ་མོ་ནས་རྡ་སའི་གཡོ་སྒྱུའི་འོག་གི་ངོ་གཉིས་མས་འཐབ་རྩོད་དེ་ལ་མོས་མཐུན་མེད་པ་ཞིག་མངོན་ཡོང་གིན་འདུག ཡིན་ནའང་ཨ་རི་བ་དང་ཕྱི་རྒྱལ་བ་མང་ཆེ་བ་ལ་མཚོན་ན་མར་མེ་རང་རྩ་ནས་མ་འབར་ན་མོས་མཐུན་མེད་རུང་སྐལ་མེད་ས་ལ་སྐེ་མི་གཟེད་པའི་ལུགས་སྲོལ་ཞིག་ཡོད། སྔོན་མ་ཧྥ་རན་སི་ནང་ལ་བོད་རང་བཙན་གྱི་ཚོགས་པ་བཙུགས་ཤིང་ལས་འགུལ་ཞིག་སྤེལ་ནས་གོམ་བགྲོད་བྱས་པ་ལ་ས་གནས་དེ་ཀའི་བོད་མི་ཚོས་ལྟད་མོར་གཟིགས་ནས་བསྡད་པ་ལ་ཧྥ་རན་སིའི་མི་རྣམས་ཀྱིས་ང་ཚོས་བོད་མི་ཚོ་ལ་རོགས་རམ་བྱེད་པ་ལས་སོ་སོ་ལ་རང་དབང་དང་རང་བཙན་ཆ་ཚང་ཡོད་ཅེས་འཁང་ར་དང་བཅས་རྗེས་ནས་ཚོགས་པ་དེ་འཐོར་བས་ཚོགས་མི་ཞིག་གིས་ང་ལ་སྐད་ཆ་དེ་ལབ་བྱུང་། ད་དུང་ཧྥ་རན་སིའི་མི་སྣ་ཁ་ཤས་བོད་དོན་ཆེད་རྡ་ས་ལར་ཡོང་ནས་བགྲོ་གླེང་བྱས་རྗེས་ལྷ་ས་ལ་ཉམས་ཞིབ་བྱེད་དུ་སོང་བས་རྡ་སའི་གྲོས་ཚོགས་ནང་གི་མི་ཁ་ཤས་ཤིག་ལྷ་སའི་རྒྱ་བོད་ཀྱི་འགོ་ཁྲིད་ཚོ་ལ་ལྐོག་འབྲེལ་ཡོད་པ་གསལ་པོར་ཤེས་སོང་ཟེར།

སྣ་ཚོགས།

Post navigation

Previous Post: འདུས་བྱས་ཤིག་ཡིན་ན་ཐོག་མ་ཡོད་པའི་ཁྱབ།
Next Post: རེབ་གོང་གི་དགོན་པ་སོ་སོའི་བླ་མ་དགེ་བཤེས་ལས་ཀྱི་སྣེ་མོ་བ་ཡོངས་དང་སྡེ་བ་ཡོངས་ཀྱི་རྒན་པ་བསམ་ཤེས་ཅན་བཅས་ནས་ལྷག་བསམ་རྣམ་དག་གིས་རང་རིགས་སྐྱ་སེར་ཡོངས་ལ་ཕངས་སེམས་དང་རེ་བ་ཆེན་པོས་སྙན་བསྐུལ་ཞུ་ཡིག

Comments (30) on “ཨེ་རླུང་གིས་སྣ་འདྲེན་བྱས་པའི་རྡ་སའི་སྐྱོན་མཚང་ཕྱིར་མངོན།”

  1. ཕྱག་འཚལ། says:
    2012-11-24 at 10:28 am

    གནས་ཚུལ་གསལ་པོ་མིན་འདུག་ལ་ཁུངས་བཙན་ཞིག་ཀྱང་མངོན་གྱི་མིན་འདུག་་་་་་་་་

  2. རང་གྲོལ། says:
    2012-11-24 at 10:32 am

    གནས་ཚུལ་གསལ་བོ་འདྲ་ཡོད་ན་ལབ་རོགས།

  3. གནམ says:
    2012-11-24 at 10:47 am

    ཕྱི་མི་མགོ་སེར་བ་་ཞིག་ཡིན་ན་རང་བཙན་རྩོད་པ་ལ་རོགས་སྐྱོར་ཡོད་པ་ལས་དབུ་མ་བླ་མ་དང་གཉིས་སྨན་གསུམ་སྨན་སོགས་ཤེས་རབས་མི་འདུག་གོ།

  4. གཡུ་ཐོག་བུ། says:
    2012-11-24 at 11:09 am

    སྤྲུལ་སྐུ་དབང་ཆེན་ཟེར་མཁན་དེ་ནི་སྐྲ་སེར་སྤྲེའུ་རིགས་ཀྱི་འདོད་གཏམ་ལ་ཧ་ལད་འདུག བོད་དོན་བོད་མིར་དབང་ལ་སྔ་བར་ཕྱི་གསུམ་གྱི་གནད་དོན་ལ་གཞིགས་པའི་གོམ་པ་བོད་པས་ལོས་སྤོ་རྒྱུ་རེད། དེའི་ཕྱིར་༧གོང་ས་མཆོག་གི་གཉིས་སྨན་དབུ་མའི་ལམ་དུ་བསྐྱོད་བཞིན་ཡོད། དྷ་སའི་སྐྱོན་འཚང་ཟེར་རྒྱུ་ཞིག་ཡེ་ནས་ཡོད་དོན་མིན་འདུག་པས་སྤྲུལ་སྐུ་དབང་ཆེན་ཐར་པ་དོན་དུ་གཉེར་ནས་རང་སར་གནས་རྒྱུ་ལས་སྤྱི་ཚོགས་དབྱེན་སྦྱོར་གྱི་འུར་མི་རྒྱབ་ན་བོད་དོན་ལ་ཕན་ཐོགས་ཁོ་ན་རེད་འདོད།

  5. ཕུར་ཚེ་རིང་། says:
    2012-11-24 at 11:27 am

    འོ་སྐད་ཆ་གནད་ལ་ཁེལ་བ་ཞིག་གསུངས་འདུག་ཡ། ངེས་པར་དུ་བསམ་བློ་གཏོང་དགོས་གལ་ཆེན་པོ་རེད། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་སྙིང་རྗེ་རེད། བོད་ཀྱི་རྩ་དོན་ཆེད་དུ་རེད་ང་ཚོས་འདི་ནས་རང་སྐྱོང་ལྗོངས་ཙམ་ཞིག་ལས་རང་བཙན་རྩོད་མི་ཐུབ་པ་ངོ་ཚ་དགོས་པ་ཞིག་མ་རེད་པས། ཁོ་ཚོས་གཅེས་ལུས་སྲོག་ཕངས་མེད་དུ་འབུལ་བཞིན་པ་རེད།

  6. རེབ་སྐྱིད་མཚོ says:
    2012-11-24 at 11:44 am

    རྩོད་ན་རང་བཙན་རྩོད་རྒྱུ་རེད་མ་གཏོགས་གཞན་ཨ་རི་སོགས་ཀྱིས་རྒྱ་ནག་ལ་གོ་བརྡ་སྤྲོད་རྒྱུ་ནི་ཤེལ་ཀོའི་ནང་གི་མོག་མོག་དང་ཧྤརན་སིས་ཉུལ་མ་བཙལ་རྒྱུ་ནི་དེ་བས་རྣམ་པ་མི་གསལ་བ་ཞིག་རེད།

  7. སྲོག་གཅོད says:
    2012-11-24 at 11:48 am

    རང་སྐྱོང་རྩོད་པ་དེ་ངོ་ཚ་ཞིག་མིན་ལ་རང་བཙན་རྩོད་པ་དེའང་ངོ་ཚ་མ་རེད། རྩོད་གཞི་དེ་མི་རྩོད་པར་ལུང་རིག་གི་གཞི་བཅོལ་ས་གང་ཡང་མེད་པར་ཡིག་ནོར་དང་དོན་ནོར་ངོ་མི་ཚ་བར་བྱུང་རྒྱལ་དུ་སྨྲ་བའི་ཁ་རྩོད་དེ་ནི་ངོ་ཚ་ངོ་མ་དེ་ཡིན།

  8. ཟུར་གནས། says:
    2012-11-24 at 12:08 pm

    ཨེ་རླུང་ཚང་གི་རྙོག་གྲ་དེས་རྐྱེན་ངན་ལམ་དུ་འགྲོ་བཞིན་འདུག། དང་པོ། ཨ་རིའི་གྲོས་ཚོགས་ཀྱི་མི་སྣའི་བོད་དོན་ཐོག་གི་བསམ་བློ་འཐོན་བཞིན་འདུག། གཉིས་པ། ཨ་རིའི་གྲོས་ཚོགས་ཀྱིས་བོད་གཞུང་ལ་སྤྲད་པའི་རོགས་དངུལ་གྱི་དམིགས་ཡུལ་གསལ་དུ་འགྲོ་བཞིན་འདུག། གསུམ་པ། ཨ་རིའི་གྲོས་ཚོགས་ཀྱིས་བོད་གཞུང་ཐོག་ལ་འཛིན་པའི་མིག་སྔའི་ལྟ་བ་དེ་གསལ་དུ་འགྲོ་བཞིན་འདུག།

    ངས་བལྟས་ན། གྲོས་ཚོགས་ཀྱི་མི་འདི་དབང་དང་ལྟ་བ་ཤུགས་ཆེ་ཡོད་པའི་མི་སྣ་ལ་སོང་། ང་ཚོས་ཁོང་ལ་ལན་སྤྲོད་དུས་གཟབ་གཟབ་བྱེད་དགོས། ཁོ་པས། འཚོར་བའི་དབང་དུ་ཤོར་ནས། བོད་པའི་རོགས་དངུལ་དེ་ཆོས་འཁོར་ཚོགས་པ་དང་དམངས་གཙོ་དོན་གཉེར་བ་ཚོར་བགོ་འགྲེམ་བྱས་ནས། བོད་མི་རྣམས་ལ་རོགས་རམ་འགོག་སྲིད།

    བྱས་ཙང་། རབ་བྱུང་ན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོ་པ་ཐེངས་གཅིག་ཐུག་ནས། འགྲེལ་བཤད་ལེགས་པོ་ཞིག་བརྒྱབ་ཐུབ་ན་དེ་ལེགས་ཤོས་རེད། དོན་མེད་ཡི་གེ་དང་གསར་འགྱུར་རྒྱུད་ལམ་ཐོག་ཁ་རྩོད་བརྒྱབ་ནས། བོད་ལ་མཁོ་བའི་རོགས་རམ་དེ་ཚོར་ཤོར་སྲིད།

  9. རེབ་སྐྱིད་མཚོ says:
    2012-11-24 at 12:12 pm

    ཡིག་ནོར་ནི་དངོས་གནས་ཡོང་སྲིད་པ་ཞིག་རེད། དོན་ནོར་དེ་རང་རང་གི་འདོད་ཚུལ་མི་འདྲ་བ་ཙམ་ལས་ནོར་བའི་གྲས་ལ་བརྩི་མི་རུང་སྙམ།

  10. ཟུར་གནས། says:
    2012-11-24 at 12:18 pm

    ཞུ་རྒྱུ་ཞིག་ལ། བོད་གཞུང་དང་རྒྱལ་བ་རིན་པོ་ཆེར་བློ་ཐག་ཉེ་བའི་གྲོས་ཚོགས་འོག་མའི་འཐུས་མི་དཔེར་ན་ནན་སི་པོ་ལོ་སི་སོགས་དབང་ཆ་ཤོར་ནས། གྲོས་ཚོགས་འོག་མ་དེ་སྤྱི་མཐུན་ཚོགས་པར་ཐོབ་ཡོད། དེར་བརྟེན། བོད་གཞུང་ནས་དེ་མཁྱེན་པ་གནང་ནས། མིག་སྔའི་གནས་སྟངས་དང་མཐུན་པའི་འོག་ནས་གྲོས་ཚོགས་ལ་འབྲེལ་བ་གནང་ཐུབ་ན་ལེགས་ཆ་ཆེ།

    མ་ཟད། ཕྱི་སྲིད་བཀའ་བློན་བདེ་སྐྱིད་ཆོས་དབྱངས་འདི་གར་ཐེངས་མང་ཙམ་བཏང་ནས། གྲོས་ཚོགས་དང་འབྲེལ་བ་ཡག་ཏུ་གཏོང་དགོས། ད་ལྟའི་བོད་གཞུང་གི་ཉེན་ཁ་ཆེ་ཤོས་དེ་ཨ་རིའི་གྲོས་ཚོགས་དང་འབྲེལ་བ་བརླག་སྲིད། སྔོན་མ་རྒྱལ་བ་རིན་པོ་ཆེ་དང་རྒྱ་རི་རིན་པོ་ཆེ་གྲོས་ཚོགས་ལ་ཐེངས་མང་པོ་ཕེབས་ནས་འབྲེལ་བ་བཙུགས་ཡོད། ད་ཆ་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ལ་འབྲེལ་བ་བྱེད་མཁན་མི་མེད་པ་ལྟ་བུ་རེད།

    དེ་ལ་བསམ་གཞིགས་ནན་པོ་གནོངས་རོགས།

  11. སྣང་གསལ། says:
    2012-11-24 at 12:23 pm

    ད་ཨེ་རླུང་ཚང་གི་དོན་རྐྱེན་དང་། མགོ་སེར་དེའི་སྐད་ཆ་མགོ་མ་ཚོད་པར་གང་སར་འཁྱེར་ནས་ཕན་ཐོགས་ཅང་ཨེ་ཡོད་ན། གཅིག་ཤེས་ཀྱི་ཡོད་མདོག་མདོག་བྱས་ནས་དོན་དུ་ཀླད་སྟོང་གི་བྲོ་འདྲ་འཁྲབ་ནས་གང་ཡོང་། ཆབ་སྲིད་ཡག་པོ་མི་ཤེས་ན་ཆབ་སྲིད་འཁྲབ་རྒྱུ་ཡོད་མ་རེད། དེ་རྡོ་ཡར་བཀྱག་ནས་རང་གི་རྐང་པའི་ཐོག་ཞུས་པ་དང་གཅིག་པ་འདྲ་རེད། དེ་ལས་འཇོན་ཚོད་དཔག་ཚོད་འདྲ་བྱས་ན་དགའ་གི་རེད། མ་རེད་པས།

  12. རེབ་སྐྱིད་མཚོ says:
    2012-11-24 at 12:42 pm

    ད་ག་རེད་གསལ་སྣང་གིས་བཤད་པ་ལྟར་ཐོག་མར་ག་ཚོད་འཇོན་ས་རེད་གཡང་གཅིག་བཀྱག དེ་ནས་ཐེག་པང་དུ་ལེན་མ་ཐེག་ན་ལག་ཐུག་མ་བརྒྱབ་ནས་ད་ག་རང་བཞག་དགོས་པ་རེད། ཧཧ

  13. སྲོག་གཅོད says:
    2012-11-24 at 12:45 pm

    ཆབ་སྲིད་ཅེས་པ་དེ་དྲང་བདེན་འཚོལ་བྱེད་ཀྱི་གཞུང་ལུགས་ཤིག་རེད། འཁྲབ་རྒྱུ་ཡོད་པ་ཞིག་མ་རེད་ལགས།

  14. རེབ་སྐྱིད་མཚོ says:
    2012-11-24 at 1:05 pm

    དྲང་བདེན་ལ་དྲང་བདེན་ཁྱོད་ནི་དཔྱིད་རླུང་དྲག་པོ་དཀྱིལ་གྱི་མདའ་སྨྱུག་ལ་བཟེད་པའི་དར་ལྕོག་ཅིག་དང་ཆ་ཡོངས་སུ་མཐུན། ཁྱོད་ནི་སྟོན་དུས་དྲག་ལྟས་ཀྱི་ཡུར་ཁ་ཤོར་བའི་ཞིང་ས་ཞིག་གི་ངང་ཚུལ་མ་འདས་མོད།
    ད་དུང་ཁྱེད་ནི་ཆར་དུས་རི་སྒོང་ལ་སྐྱེས་པའི་ཤ་མོད་རླན་ཐོ་ཞིག་གི་མཚན་ཉིད་ཡོངས་སུ་ཚང་བས་ཟ་བསམ་པའི་སྐྱེ་བོ་ཀུན་གྱིས་ལོངས་སྤྱོད་ལ་རོལ་མི་ཐུབ། ཁྱོད་ནི་ཟེ་ཚ་དང་མུ་ཟིའི་དྲི་ངེད་ལྡང་ཞིང་འགྲམ་དུ་གནས་པའི་མི་ཚོགས་ཡོད་དགུ་གཡང་ས་རུ་རྫོངས་ངེས་པས་བསམ་ཞིག་དང་དྭོགས་དཔྱོད་རེ་མ་བྱས་ན། ཆག་སྒོའི་སྣ་འདྲེན་ཙམ་ལས་འབྲོག་པའི་ཕུར་སྡེབ་དང་ཞིང་པའི་ས་ཁེམ་ལས་རིན་ཐང་ཆུང་བའི་ཡོ་ཆས་ཤིག་ཇི་ལྟར་མི་འགྱུར། ཁྱོད་ཀྱི་གཡང་སར་མཐོང་དུས་ངུ་བྲོ་ཞིང་བདེ་སར་མཐོང་དུས་རྒོད་བྲོ་དགོས་པ་ནི། འཇིག་རྟེན་ཀུན་གྱི་ཆོས་ཉིད་ལས་ཡོལ་ཐབས་གང་ཡང་མེད། རྩེ་རྒོད་ཀྱི་ལྷས་རར་སླེབས་དུས་ཁྱོད་ཉིད་བགྲོ་གླེང་གི་སྟེགས་བུ་ཞིག་དང། བྱ་ཉེས་ཀྱི་མུན་ཁ་སླེབས་དུས་མིག་ཟུང་འཕྲད་དུ་ལྟ་མི་འདོད་པའི་ཚེར་སྣང་ཞིག་ངང་གིས་སྦྱིན་ངེས།

  15. ཡ་ཐོག་ཚེ་རིང་། says:
    2012-11-24 at 1:52 pm

    ཡ་ཡ། འཛོམས་ཤོག་ཨ། འགན་མེད་ཚོ། ཁ་དམག་རྒྱག་ལ་འཛོམས་ཤོག

  16. སྤྲུལ་སྐུ་དབང་ཆེན། says:
    2012-11-24 at 2:31 pm

    ཨེ་ཝཾ་སྟོང་ཉིད་རླུང་གིས་བསྐྱོད་པ་ལས།
    རྡ་སར་མི་གཙང་འཐིལ་བའི་དྲི་ངན་རྟུག
    ཨ་རིའི་མཁའ་དབུགས་གཙང་བསྲུང་ཞིབ་འཇུག་པས།
    ཉེན་བརྡས་བསྒྲགས་ཡིག་གནམ་གྱི་ཀ་བ་བཙུགས། །

  17. མདའ་བ་ཚང་། ལྷ་མོ། says:
    2012-11-24 at 11:48 pm

    བོད་ནས་མེ་སྲེག་དཔའ་བོ་ཚོའི་དམིགས་ཡུལ་དང་རྡ་སའི་གཞུང་གི་དམིགས་ཡུལ་ཐ་དད་ཡིན་པ་གསལ་ཧྲིག་ཧྲིག

  18. གཡུ་ཐོག་བུ། says:
    2012-11-25 at 2:18 am

    ང་ཚོར་ཨ་རིའི་རིག་གནས་ལ་བྱང་ཆུབ་པའི་སྲིད་སྐྱོང་བློ་གྲོས་ལྡན་པ་ཞིག་སླེབས་པ་སྟབས་ལེགས་སོང་། དེ་མིན་མི་ཤེས་ཤེས་མདོག་ཅན་གྱི་སྤྲུལ་པའི་སྐུ་ཡིན་ཟེར་མཁན་དག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དྷ་སའི་ཁ་དབུགས་དྭངས་གཙང་དེར་དྲི་ངན་གྱི་ཡོ་ལང་ལྡང་གི

  19. ཐུ་བ་རྒྱ་མཚོ། says:
    2012-11-25 at 4:34 am

    མང་བ་མི་ཤོད། སྤྲུལ་སྐུ་དབང་ཆེན་ལགས། ཁྱེད་ཀྱིས།

    ༼ རྡ་སའི་གཡོ་སྒྱུའི་འོག་གི་འཐབ་རྩོད་ངོ་གཉིས་མ་ ༽ ཟེར་པ་དེར་གོ་བདེ་བའི་འགྲེལ་བཤད་ཅིག་རྒྱག་ཐུབ་པ་འདུག་གམ།

  20. བོད་ལ་ཞེན། says:
    2012-11-25 at 4:45 am

    ང་ཚོ་བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་དགོས་པ་རེད། ང་ཚོ་ལ་རྒྱ་རིགས་ཀྱིས་བརྡུང་རྡེག་དང་འཇིགས་སྐུལ། དོན་མེད་སྐྱོན་འཛུགས་བྱེད་དབང་མེད་ལ། ཨ་རི་བ་ལ་ཡང་དེའི་ཐོབ་ཐང་མེད། ཨ་རི་བ་དེའི་སྐྱོན་འཛུགས་མ་བརྟགས་ཁུངས་མེད་ཡིན་པ་སྲིད་སྐྱོངས་ནས་གསལ་བཤད་གནང་ཚར་འདུག དེར་བརྟེན་ཨ་རི་བ་དེས་ང་ཚོ་ལ་ངེས་པར་དགོངས་བསལ་ཞུ་དགོས། གཞན་ཡང་ཨ་རིས་བོད་རང་གཙན་ལ་རྒྱབ་སྐྱོར་ཡོད་མདོག་བཤད་པ་ནི་རྫུན་མ་ཡིན་པ་ཨ་རྒྱ་གཉིས་ཀྱ་དབུ་ཁྲིད་ཐུག་རིམ་བཞིན་བོད་རྒྱ་འོག་ཡིན་པ་ངོས་ལེན་བྱས་པ་དེས་ར་འཕྲོད་ཐུབ།

  21. འཇམལ་དཔལ་རྣོན་པོ། says:
    2012-11-25 at 4:48 am

    རྒྱ་རི་སོགས་་རོགས་དངུལ་སྒེར་ཟོས་བྱས་ཚད་ཕྱི་་བཏོན་ཡོང་ང་ཆེས་དགའ་ཤོས་དེ་ཡིན་

  22. འཇམ་གཅེས says:
    2012-11-25 at 6:14 am

    ངས་ཟ་འདྲེ་ཁྱོད་ཚོར་ལ་བཤད་རྒྱུ་གཅིག་རང་ཡོད། ཁྱོད་ཚོས་རང་དབང་ལུང་པ་འདིའི་ནང་ནས་སྔར་བཞིན་ཆོལ་ཁ་དང་ཆོས་ལུགས་བར། བླ་མ་དང་སློབ་མའི་བར། གསར་འབྱོར་དང་རྙིང་འབྱོར་བར། རང་བཙན་དང་རང་སྐྱོང་བར། སེར་མོ་དང་སྐྱ་བོ་བར། དམ་ལྡན་དང་དམ་ཉམས་བར། ཆབས་སྲིད་དང་ཆོས་ལུགས་བར། མ་མཐར་ཆོལ་ག་དང་སྐྱེས་རྨན་བར་སོགས་རང་ནུས་གང་ཡོད་ཐོག་ཐུག་པ་དཀྲུགས་དཀྲུགས་བཞིན་བཟོས་དང་ངས་ལྟད་མོ་བལྟ་འདོད་ཡོད། ཡིན་ན་ཡང་བོད་ནང་གི་དཔའ་བོ་ཕོ་མོ་དག་གིས་མངོན་འདོད་དང་འབོད་སྒྲ་ལ་ཕུང་རྒན་ཁྱོད་ཚོས་གོ་བ་ལོག་འགྲེལ་བཟོ་བ་ནི་བསམས་བཞིན་དུ་བསྟན་སྲིད་སྤྱི་ལ་རྒོལ་བས་བྱ་སྤྱོད་ཐ་ཤལ་ཞིག་ལ་ངོས་འཛིན་ངེས་པར་དུ་བཟོ་ངེས་ཡིན། ད་དུང་ཨ་རིས་འཐུས་མི་མགོ་སེར་ཞིག་གིས་མིག་ལྡན་གཡང་འཆོང་གི་བྱ་ངན་འདི་ལ་ཡང་རིན་ཐང་ཡོད་རབ་དང་། ནུས་པ་ཡོད་རབ་སོགས་སྟོན་མགོ་གཉིང་མ་ཁ་ཤས་ཀྱིས་མངོན་ཤེས་མེད་པའི་མི་ཕུང་ཞེས་པ་བཞིན་བཤད་འདུག་པར་དྲ་གྲོགས་ཡིད་གཟབས་བྱོས་ཤིག །

  23. ལུང་རྟོགས། says:
    2012-11-25 at 7:39 am

    སྤྲུལ་སྐུ་དབང་ཆེན་ཞེས་པ་འདི་ནམ་རྒྱུན་ནས་ངོ་དེབ་སོགས་སུ་༧གོང་ས་མཆོག་ལ་མངོན་སུམ་འཛེམ་མེད་ཀྱིས་ཁ་གཏོང་མཁན་ཞིག་རེད། མི་འདི་འདྲའི་ཁ་ནས་བོད་པའི་སྤྱི་ཚོགས་ལ་གནོད་པ་ལས་ཕན་པའི་སྐད་ཆ་ཞིག་ཡོང་མི་སྲིད། གཙོ་བོ་དྲ་མཆན་པ་ཚོས་ཁྱིའི་ཁ་ནས་སྐྱག་དྲི་ལས་སྤོས་དྲི་ཡོང་མི་སྲིད་པ་ཤེས་པར་བྱེད་ནས་གཡམ་རྒྱུག་མི་བྱེད་རྒྱུ་གལ་ཆེ།

  24. བཙན་པོའི་བུ། says:
    2012-11-25 at 9:15 am

    ངོ་མ་ཁ་བརྡ་འདི་ང་ཚོ་འགན་མེད་ཚོས་ཆོ་མེད་ཀྱི་ཁ་དམག་རྒྱག་སའི་གཡུལ་ས་ཞིག་ཆགས་འདུག འདིར་ཕེབས་པའི་སྤུན་ཟླ་ཚོས་གསུང་པའི་སྐད་ཆ་ཕལ་མོ་ཆེར་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པར་ཡོད་ཚད་ཚོར་བའི་རྗེས་འབྲང་དང་ཉོག་གཏམ་ཙམ་ལས་གཞན་གང་ཡང་མི་འདུག འོན་ཀྱང་། མཚམས་རེ་དུས་ཚོད་སྐྱེལ་ས་ཡག་པོ་འདུག དྲང་པོར་བཤད་ན། ཨེ་རླུང་ཚང་གི་སྙོག་ཁྲ་དེ་ཆུང་ཆུང་ཞིག་མ་རེད། དེར་བརྟེན་ང་ཚོས་དོན་དངོས་མ་ཤེས་པར་ཉོག་གཏམ་ཁོ་ན་བཤད་ཚེ་སྤྱི་ཚོགས་ལ་དོ་ཕོག་འགྲོ་གི་རེད། དེར་བརྟེན་ཚང་མས་དགོངས་བསམ་ཏོག་ཙམ་བཞེས་དགོས།

  25. མེ་ཏོག་དཀར་པོ། says:
    2012-11-25 at 10:06 am

    ངས་མཆན་བུ་བཀག་དོན་གང་ཡིན་ནམ།

  26. མེ་ཏོག་དཀར་པོ། says:
    2012-11-25 at 10:08 am

    ང་འཛུལ་བཅུག་པར་ཐུགས་རྗེ་ཆེ།

  27. འཇམ་གཅེས says:
    2012-11-25 at 11:53 am

    མ་ཏོག་དཀར་པོ་ལ་ཁ་བརྡ་ཚང་གིས་བརྡ་ལེན་ཞིག་སྤྲད་ཡོད་པ་འདྲ་ཁོས་སྡུག་སྐད་ཤོར་སྟངས་ལ་བལྟས་ན་ཡག་པོ་བྱུང་འདུག །དེ་མིན་འདི་ཚོས་གྲས་ངན་པ་ལོངས་ཤོར་དུ་ཕྱིན་ནས་ཚུལ་མིན་གྱིས་བྱ་སྤྱོད་སྤེལ་ནས་འདུག་བཅུག་གི་མི་འདུག །

  28. སྣང་གསལ། says:
    2012-11-25 at 11:08 pm

    ཚོགས་དྲུགས་དབང་པོ་འདོད་ཡོན་སྒྱུ་མར་གཡེངས།།
    ཀྱེ་མ་སྟོང་ཉིད་སྟོང་ཉིད་དགོད་རེ་ཤོར།།

  29. མེ་ཏོག་དཀར་པོ། says:
    2012-11-26 at 1:54 am

    འཇམ་གཅེས་ལགས། ཨོ་ཉི་དང་ཁྱོད་ལྟ་བུས་ངན་བཤད་ཀྱི་བརྒྱ་ཆ་བཅུ་ཙམ་ཞིག་ཀྱང་སྡུག་པ་བྲིས་མེད། ཁྱོད་ཚོ་མགོ་ཤོང་ས་ལ་ང་མེ་དཀར་མཇུག་མ་མི་ཤོང་བའི་ཐབས་ག་ལ་ཡོད། ཧ་ཧ་
    ངའི་མཆན་བུ་བཀག་པའམ་གང་ཤེས་མཆན་བུ་ཁ་ཤས་སྡོད་མ་སོང་། ད་ལྟ་བར་མེ་ཏོག་དཀར་པོ་ཞེས་པའི་མིང་ལས་གཞན་ཞིག་བརྒྱུད་ནས་ཁ་བརྡ་འོང་མ་མྱོང་། ངས་ཡག་སྡུག་ཅི་བྲིས་པ་ཚང་མས་མཐོང་ས་ལ་ཡོད།

  30. ཀརྡོ་གཉེར་ཕྱག་པ་ says:
    2012-11-26 at 2:17 am

    མེ་དཀར་ལགས་ཀྱི་སེམས་ཤུགས་ལ་རྗེས་སུ་ཡི་རང་ཡོད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme