Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་བོད་མཛའ་འབྲེལ་ཚོགས་པར་གཟེངས་རྟགས་ཐོབ།

Posted on 2014-04-212014-04-22 By འབྲོང་བུ་ཟླ་བ་ཚེ་རིང་ 21 Comments on ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་བོད་མཛའ་འབྲེལ་ཚོགས་པར་གཟེངས་རྟགས་ཐོབ།

འབྲོང་བུ་ཟླ་བ་ཚེ་རིང་།

123-300x199

ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་བོད་མཛའ་འབྲེལ་ཚོགས་པར་(China-Tibet Initiative) ༢༠༡༤ ལོའི་སློབ་ཕྲུག་གི་ཚོགས་པ་གསར་པའི་གཟེངས་རྟགས་ཐོབ།

ཕྱི་ལོ་༢༠༡༤ ཕྱི་ཟླ་༤ ཚེས་༡༦ གཟའ་ལྷག་པའི་ཉིན། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་་དབུ་ཁྲིད་དང་ཞབས་ཞུའི་ཡིག་ཚང་(Office of Student Leadership and Service) གིས་གོ་སྒྲིག་གནང་བའི་དབུ་ཁྲིད་དང་། ཞབས་ཞུ། སྣ་མང་རང་བཞིན་གྱི་ལོ་འཁོར་གཟེངས་རྟགས་(Leadership, Service and Diversity Awards) ཀྱི་མཛད་སྒོའི་སྐབས་རྒྱ་བོད་མཛའ་འབྲེལ་ཚོགས་པར་༢༠༡༤ ལོའི་སློབ་ཕྲུག་གི་ཚོགས་པ་གསར་པའི་གཟེངས་རྟགས་(New Student Organization of the Year Award) དང་། རྒྱ་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་༢༠༡༤ ལོའི་སློབ་སྟོན་པའི་གཟེངས་རྟགས། (Faculty/Advisor/Staff/Mentor of the Year Award) རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱ་རིགས་སློབ་ཕྲུག་བྷ་ཊི་ལགས་སུ་མཐོ་སློབ་སློབ་ཕྲུག་ལྷན་ཚོགས་ཀྱི་གྲགས་ཅན་མི་སྣའི་གཟེངས་རྟགས་(College Council Hall of Fame Award) བསྩལ་འདུག345

རྒྱ་བོད་མཛའ་འབྲེལ་ཚོགས་པ་འདི་ནི་རྒྱ་ནག་ནས་ཕེབས་པའི་སློབ་ཕྲུག་བྷ་ཊི་དང་སེ་ར་དགོན་ནས་ཚན་རིག་སྦྱོང་བར་ཕེབས་མཁན་དགེ་འདུན་པ་ངག་དབང་ནོར་བུ་གཉིས་ཀྱིས་འགན་ཁྲིད་འོག། མཛའ་བརྩེ་དང་། བསམ་ཤེས། ཞི་མོལ་བཅས་གཞི་ལ་བཞག་སྟེ་ཐུན་མོང་གིས་བཙུགས་ཤིང་ཡུན་གྱིས་རྒྱ་བསྐྱེད་པའི་སློབ་ཕྲུག་གི་ཚོགས་པ་གསར་པ་ཞིག་རེད། དེ་ཡང་ཕྱི་ལོ་ ༢༠༡༠ ལོའི་སྟོན་ཁའི་སློབ་འགོ་ཚུགས་སྐབས་གསར་དུ་འབྱོར་བའི་རྒྱ་རིགས་སློབ་ཕྲུག་བྷ་ཊི་དང་ངེད་(འབྲོང་བུ་ཟླ་བ་ཚེ་རིང་།)གཉིས་ལོ་རིམ་གཅིག་པའི་སློབ་ཕྲུག་ཡིན་ལ་སྡོད་ཁང་གཅིག་ཏུ་བསྡད་ཡོད་པས། མཚམས་རེར་སྤོ་ལོ་མཉམ་དུ་རྩེ་བ་དང་མཚམས་རེར་བོད་རྒྱའི་སྐོར་གླེང་མོལ་རེ་བྱས་མྱོང་། རྗེས་སུ་ཁོ་པས་བོད་ཀྱི་ནང་བསྟན་ལ་དོ་སྣང་ཡོད་ཚུལ་བརྗོད་བྱུང་བས། ངག་དབང་ནོར་བུ་ལ་ངོ་སྤྲོད་བྱས། ཐེངས་དང་པོའི་མཉམ་འཛོམས་ཀྱི་སྐབས་སུ། བྷ་ཊི་དང་ངག་དབང་ནོར་བུ། དགའ་ལྡན་བྱང་རྩེའི་དགེ་འདུན་པ་བློ་གྲོས་བཟང་པོ་བཅས་ཀྱིས་རྒྱ་བོད་སློབ་ཕྲུག་ཚོགས་པ་ཞིག་འཛུགས་ཐུབ་ན་ལེགས་པའི་བསམ་ཚུལ་ལ་གྲོས་འཆམས་ཏེ་ཚོགས་པའི་མིང་ལ་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཞེས་བཏགས། དེ་ནས་བདུན་ཕྲག་གཉིས་རེའི་མཚམས་སུ་རྒྱ་བོད་སློབ་ཕྲུག་རེ་རེས་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ངོ་སྤྲོད་ཀྱིས་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་གྲོགས་འབྲེལ་གྱི་ལམ་དུ་ཞུགས། ལོ་གཉིས་ཙམ་གྱི་རིང་ལ་ཚོགས་པ་དངོས་སུ་ཨེ་མོ་རིའི་སློབ་ཕྲུག་ཚོགས་པར་ཐོ་འགོད་ཀྱིས་བཙུགས་མེད་ཀྱང་། ཁོང་རྣམས་ཀྱིས་ལས་གཞི་སྣ་ཚོགས་སྤེལ་ཏེ་རྒྱ་བོད་སློབ་ཕྲུག་མི་ཉུང་བ་ཞིག་གི་སེམས་ཀྱི་དོགས་པ་དང་རྣམ་རྟོག་མང་པོ་བསལ་ཐུབ་པ་བྱུང་། ཕྱི་ལོ་ ༢༠༡༣ ལོའི་དཔྱིད་ཀར་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོགས་པའི་ནང་དེབ་སྐྱེལ་གྱིས་ཚོགས་པ་དངོས་སུ་བཙུགས་ཤིང་འོས་བསྡུའི་ལམ་ནས་རྒྱུན་ལས་ཐེངས་དང་པོ་འདེམས་ཐོན་བྱུང་ཞིང་། ༢༠༡༤ ལོའི་དཔྱིད་ཀར་རྒྱུན་ལས་ཐེངས་གཉིས་པ་ཡང་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་། ལོ་ངོ་འདི་དག་གི་རིང་ལ་སློབ་སྟོན་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་གཟིགས་པ་ཡངས་པའི་བཀའ་སློབ་ལམ་སྟོན་ཡང་ནས་ཡང་དུ་གནང་ཞིང་། བྱང་ཨ་རིའི་དོན་གཅོད་ཟུར་པ་སྐུ་ངོ་བློ་བཟང་སྙན་གྲངས་མཆོག་༼ཁོང་དོན་གཅོད་ཀྱི་ལས་གནས་སུ་ཡོད་སྐབས་སུ།༽ལ་ཚོགས་པའི་ལས་གཞི་ངོ་སྤྲོད་ཀྱིས། 234ཚོགས་པའི་རྒྱུན་ལས་དང་ཐེངས་གཉིས་ལ་མཇལ་འཕྲད་དང་བཀའ་སློབ་ལམ་སྟོན་ཡང་ཞུ་བའི་གོ་སྐབས་བསྐྲུན། དགེ་བཤེས་ལགས་ཀྱིས་ལམ་སྟོན་དང་ཚོགས་མི་ཡོངས་ཀྱིས་ཚོགས་པའི་ལས་དོན་འབད་འབུངས་ཀྱིས་བསྒྲུབས་པས། ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་ ༡༠ པའི་ཚེས་༩ ཉིན་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ལྔ་བཅུ་ཙམ་ལ་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་རེག་ཅིང་བོད་རྒྱའི་འབྲེལ་ལམ་གྱི་སྐོར་ལ་བཀའ་སློབ་བྱིན་རླབས་ཅན་ཐོབ། ཚོགས་པ་འདིས་༧ གོང་ས་མཆོག་གི་བཀའ་དགོངས་ལྟར་དུས་རབས་ཉེར་གཅིག་པ་འདི་ཞི་མོལ་གྱི་དུས་རབས་ཤིག་ལ་བསྒྱུར་རྒྱུར་འབད་ཅིང་། ཆུང་ས་ནས་མི་སྒེར་དབར་གྱི་གནད་དོན་དང་ཆེ་ས་ནས་རྒྱ་བོད་གཉིས་ཀྱི་གནད་དོན་འདི་ཡང་ཞི་མོལ་གྱི་ལམ་ནས་སེལ་ཐུབ་པར་རེ་བ་བྱེད། འདས་པའི་ལོ་འགའི་རིང་ཚོགས་མི་གསུམ་ནས་བརྒྱད་ཅུ་ལྷག་ལ་འཕར་ཞིང་། ཚོགས་མིའི་ཁོངས་ནས་བརྒྱ་ཆ་བདུན་ཅུ་ནས་བརྒྱད་ཅུ་ཙམ་རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་ཆགས་ཡོད།
ཐེངས་འདིར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་བོད་མཛའ་འབྲེལ་ཚོགས་པ་དང་། ཚོགས་པའི་ཚོགས་གཙོ། ཚོགས་པའི་སློབ་སྟོན་པ་བཅས་ལ་ཆེ་མཐོངས་ཀྱི་གཟེངས་རྟགས་གནང་བ་འདི་ཡིས་ཞི་མོལ་གྱི་ལམ་དུ་ཞུགས་པའི་བྱ་གཞག་འདི་ལ་ཆ་འཇོག་གནང་བར་ངོས་འཛིན་བྱེད་བཞིན་ཡོད་ལ། བྱ་གཞག་འདི་ཡུན་གྱིས་རྒྱ་ཇེ་ཆེ་དང་ནུས་པ་ཇེ་ཆེ་རུ་འགྲོ་བའི་ཡིད་ཆེས་ཀྱང་ཡོད།

གསར་འགྱུར།

Post navigation

Previous Post: རྒས་གསོའི་ཇོ་མཇལ།
Next Post: Heartbleed སྙིང་ཁྲག་བཞུར་བ་ཟེར་བའི་སྐོར་གླེང་བ། ༼དྲ་རྒྱའི་རིག་གནས།༽

Comments (21) on “ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་བོད་མཛའ་འབྲེལ་ཚོགས་པར་གཟེངས་རྟགས་ཐོབ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-04-22 at 12:54 am

    གཟེངས་རྟགས་ལ། གཟེངས་བསྟོད། ཡོད། ཐུགས་རྗེ། ཆེ།

  2. གནམ says:
    2014-04-22 at 1:39 am

    བཟང་གི།

  3. གནམ says:
    2014-04-22 at 1:56 am

    ཀརྡོ་དྲིན་ཆེན་པོ། ཁྱོད་སྨྱོ་མ་སྡོད། ཁར་སྔོན་ཞིག་ལ་ཚག་མི་དགོས་རབས་ཟེར་ནས་ཁྱད་མཚར་པོ་ཞིག་བྲིས་སོང་། ད་ཡང་ཡོད་ཚད་ཀྱི་བར་ལ་ཤད་བརྒྱབས་ནས་ཅིག་བྱེད་བཞིན་འདུག།
    སྐུ་མཁྱེན། དྲ་སྟེང་གི་བོད་མི་ཚོད་ལ་ཀློག་སྦྱོར་མ་ཤེས་བའི་དཀའ་ངལ་ཡོད་པ་མ་རེད། ལྷག་དོན། ཡིག་རིགས་ཚང་མ་ལ་ཡུལ་མིས་གཏན་བབས་ཀྱི་ཁྲིམས་ཞིག་ཡོད་ཡོད་པ་རེད། དེ་ནི་སྔ་མའི་དཔེ་ཡིག་ཡིན་པ་རེད།
    རང་ལ་ཨ་མཆོག་ཡོད་རྒྱུ་རེད་པ་ཨ། ཡོད་ན། མི་ལ་ཉན་ཙམ་ཉན་ཙམ་བྱེད་རོགས་བྱོས་ལོ།

  4. ས་ལེ་སྦྲམ། says:
    2014-04-22 at 2:51 am

    ཡག་པོར་མཐོང་སོང་།

  5. ས་ལེ་སྦྲམ། says:
    2014-04-22 at 3:01 am

    གནམ་དྲིན་ཅན་པོ། ཡིག་ནོར་ལ་གཟོབས། འབྲི་མི་ཤེས་ན་མ་བྲིས་ནའང་་ཡག་གི་རེད།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-04-22 at 5:11 am

    # 3 གནམ་ལགས་ཀྱིས་མཆན་བཏབ་པ།:
    April 22nd, 2014 at 1:56 AM
    ཀརྡོ་དྲིན་ཆེན་པོ། ཁྱོད་སྨྱོ་མ་སྡོད། ཁར་སྔོན་ཞིག་ལ་ཚག་མི་དགོས་རབས་ཟེར་ནས་ཁྱད་མཚར་པོ་ཞིག་བྲིས་སོང་། ད་ཡང་ཡོད་ཚད་ཀྱི་བར་ལ་ཤད་བརྒྱབས་ནས་ཅིག་བྱེད་བཞིན་འདུག། ་་་་་ སོགས་ཟེར།

  7. ཀརྡོ་གཉེར་ཕྱག་པ་ says:
    2014-04-22 at 5:13 am

    གནམ་ལགས་ཀྱིས། མཆན། བཏབ་པར། བཀའ་དྲིན། ཆེ། ད་དུང་། དོ་སྣང་དང་། གསར་གཏོད། མང་ཙམ། གྱིས།

  8. གསར་བུ། says:
    2014-04-22 at 6:00 am

    འབྲོང་བུས་གནས་ཚུལ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ཞོར་ཏུ་ཀརྡོ་ཟེར་བའི་ཁོག་སྟོང་འདི་ལ་འདི་འདྲའི་སུན་པོ་བཟོ་བྱེད་རྐྱང་ལས་མི་འདུག རབ་ཡིིན་ན་རྩ་མི་བའི་རིགས་འདིའི་མཆན་གཏན་བཀོག་བྱེད་ན་ཡག

  9. ཀརྡོ་གཉེར་ཕྱག་པ་ says:
    2014-04-22 at 7:00 am

    # 9 གསར་བུ།་ལགས་ཀྱིས་མཆན་བཏབ་པ།:
    ་་་་་་ ཞོར་ཏུ་ཀརྡོ་ཟེར་བའི་ཁོག་སྟོང་འདི་ལ་འདི་འདྲའི་སུན་པོ་བཟོ་བྱེད་རྐྱང་ལས་མི་འདུག རབ་ཡིིན་ན་རྩ་མི་བའི་རིགས་འདིའི་མཆན་གཏན་བཀོག་བྱེད་ན་ཡག

    ད་མའོས་དམག་དཔུང་ཁ་བརྡ་རུ་ཡང་། འཇུལ་ཚར་པ་འདྲ། ཧཧཧཧཧཧ།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-04-22 at 7:14 am

    ངས་བོད་ཀྱི་སྐད་ཡིག་ཐོག་ལ། འདས་པ་ལས། འབྱུང་འགྱུར་གལ་ཆེ་བ་རྩི་བཞིན་ཡོད་པས། རྙིང་ཞེན་འཁྲེགས་བཟུང་ཅན་གསར་བུ་ལགས་སོགས་ཀྱི་སྣང་བ་མ་འགྲོ་ན་ཡང་། ང་ལ་བྱེད་ཐབས་གསར་པ་གང་ཡང་རྙེད་མ་སོང་། གལ་སྲིད་རྙེད་སོང་ན། ཁྱེད་ཀྱིས་བསམ་དོན་རཡང་། ང་བཞིན་གྱིས་གྲུབ་པར་ངེས་སོ།།

  11. lhamotsering says:
    2014-04-22 at 10:32 am

    དགའ་བསུ་ཡོད། ཡིན་ན་ཡང་འདིར་དྲ་འབུ་བཞི་ཤོ་གནམ་གྱིས་ཁ་ཤོ་ཞིག་ལ་དག་བཅོས་འདྲ་བྱེད་ཁུལ་འདུག་དང་པོ་རང་གི་ཡིག་ནོར་ལ་གཅིག་བལྟས་དེའི་རྗེས་ནས་གཞན་ལ་དག་བཅོས་བྱོས།

  12. གཅོད་པ། says:
    2014-04-22 at 11:05 am

    ཡག་པོ་བྱུང་འདུག
    ཀ་རྡོ་ཟེར་བ་དེ་ནམ་རྒྱུན་ཁོམ་བསྡད་མཁན་ཞིག་རེད། ཚང་མས་ཡ་བྱེད་དགོས་མ་རེད།
    གཞན་གྱི་མཆན་བཤུ་འབྲི་རྐྱང་རྐྱང་བྱས་ནས་མི་ཚེ་འཁྱོལ་ཐབས་བྱེད་མཁན་ཞིག་རེད།
    ཚང་མས་ཡ་མ་བྱེད་རོགས།

  13. གནམ says:
    2014-04-22 at 9:36 pm

    ས་ལེ་སྦྲམ་དང་ལ་མོ་ཁྱེ་རེག་(lhamotsering)གཉིས་ལ་ཞུ་རྒྱུ་ཞིག་ཡོད། ལགས་སོ་ཞུས་བ་ཡིན། ངས་བྲིས་བའི་མིང་བརྡ་ག་རེ་ག་རེ་ལ་དག་བཅོས་བཏང་ན་འགྲིགས་ས་རེད། ལམ་སྟོན་ཞིག་ཡོད་པར་ཞུ། ཡར་རྒྱས་ལ་འགྲོ་རོགས་མ་བྱུང་བར་དཀའ་ལས་འཕྲད་བསྡད་པ་ཞིག་ཡིན། ལམ་སྟོན་གྱི་སྒྲོན་མེ་མེད་པར་ནག་ཁུང་ལ་ལྷག་བསྡད་པ་ཞིག་ཡིན། ཕན་ཞིག་འདེགས་ཐུབ་ན། མྱི་ངོ་བདག་ངོ་ཁ་ཁར་ཤེས་ཐུབ་ནི་ཞིག་ཡིན། འགྲོ་ས་འདུག་ས་མེད་པར་དྲ་བར་ལྷག་བསྡད་ནི་ཞིག་ཡིན། གོ་ཨེ་ཐལ། ལོ་ལོ་གཉིས་ཀ།

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-22 at 10:16 pm

    རྒྱ་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་༢༠༡༤ ལོའི་སློབ་སྟོན་པའི་གཟེངས་རྟགས། ཕུལ་ཡོད་པར་དགའ་བསུ། འབྲོང་བུ་ཟླ་བ་ཚེ་རིང་མཆོག་གིས་ཡི་གེའི་དག་ཆ་རེ་ཟུང་མ་གཏོགས་དག་ཆ་ལེགག་པ་ཡོད་པས། རེ་ཞིག་བོད་རིག་གཞུང་མི་ཉམས་པའི་གྲོགས་སུ་གྱུར། “ཐེངས་དང་པོའི་མཉམ་འཛོམས་ཀྱི་སྐབས་སུ།”ཞེས་པ་ན་ཡོད་པའི་ཐེངས་དེ། བོད་ཀྱིར་དཔེ་ཆ་ཁག་དང་། བོད་ཡུལ་མང་པོར་ལན་དང་པོ། ལན་གཉིས་པ། ལན་གསུམ་པ་སོགས་ཡོད་ཀྱང་། ད་ལྟའི་ཁ་བརྡའི་རྩོམ་ཡིག་འབྲི་བ་པོ་གཅིག་གིས་ཀྱང་མི་འབྲི། འདི་ཡིས་ང་རང་སྒེར་ལ་ཏིལ་འབྲུ་ཙམ་གནོད་པ་མེད་ཀྱང་། རིག་གཞུང་གི་མིང་ཚིག་རིམ་པ་མེད་པར་འགྲོ་བ་ལ་གནོད། དེ་བཞིན་གནས་ཚུལ་འབྲི་བ་པོས། “བསྩལ་འདུག” ཅེས་པ་སོགས་བོད་རིག་གཞུང་མིང་ཚིག་ལ་གནོད་པ་བོད་རྒྱ་ཚིག་མཛོད་སོགས་ན་་ཡོད་པའི་རིག་གཞུང་གི་མིང་ཚིག་དག་ཆ་རྣམས་ལ་གནོད་པ་ཀུན་ལ་སླར་ཞུས་དག་བྱེད་དགོས་པར་མཐོང་། དེ་ལྟར་བྱེད་ཅིང་བོད་ཀྱི་སྔོན་བྱོན་མཁས་པས་བཀོལ་བ་དག་གི་རྗེས་འབྲངས་བྱེད་ཐུབ་ན། བོད་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུ་རྣམས་ཀྱི་གོ་རྟོགས་ལ་ཕན་ན། བོད་རིགས་རྣམ་དཔྱོད་ཅན་རྣམས་ཀྱིས་འདི་འདྲའི་རིགས་ལ་དགོངས་ནས་བོད་ཀྱི་རིག་གཞུང་གི་མིང་ཚིག་དག་ཆ་རྣམས་ལ་གཟིགས་སྐྱོང་དགོས་སོ།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-22 at 10:21 pm

    རིག་གཞུང་གི་མིང་ཚིག་རིམ་པ་མེད་པར་འགྲོ་བ་ལ་གནོད། ཅེས་པར། རིག་གཞུང་གི་མིང་ཚིག་རིམ་པས་མེད་པར་འགྲོ་བ་ལ་གནོད། ཅེས་བཅོས་སོ།

  16. ཀརྡོ་གཉེར་ཕྱག་པ་ says:
    2014-04-23 at 12:44 am

    # 12 གཅོད་པ།་ལགས་ཀྱིས་མཆན་བཏབ་པ།:
    April 22nd, 2014 at 11:05 AM
    ཡག་པོ་བྱུང་འདུག
    ཀ་རྡོ་ཟེར་བ་དེ་ནམ་རྒྱུན་ཁོམ་བསྡད་མཁན་ཞིག་རེད། ཚང་མས་ཡ་བྱེད་དགོས་མ་རེད།
    གཞན་གྱི་མཆན་བཤུ་འབྲི་རྐྱང་རྐྱང་བྱས་ནས་མི་ཚེ་འཁྱོལ་ཐབས་བྱེད་མཁན་ཞིག་རེད།
    ཚང་མས་ཡ་མ་བྱེད་རོགས། ་་་་་

    ་ ཟེར། ཧཧཧཧ། ངས་བྲིས་ཚད་བཤུས་པ་རེད་ཨེ། ཚང་མས་ཡ་མ་བྱེད་རོགས་ཨེ། ཧཧཧཧཧ། གཅོད་པས་གཅོད་གཏོང་སྟངས་དེ་ཡང་་་་་་་ ཧཧཧ།

  17. ཀརྡོ་གཉེར་ཕྱག་པ་ says:
    2014-04-23 at 1:02 am

    གཅོད་པ་ལགས།
    ངས་གཞན་གྱི་ཟེར་གྲོས་བཤུ་རྒྱ་ད་ཕར་ཞོག གསར་གཏོད་མང་དྲགས་ནས། མ་དགའ་མཁན་མང་པོ་ཡོད་པ་འདྲ། དག་ཆའི་ཆ་ནས། བོད་ཚིག་མཛོད་ཆེན་མོ་དང། དག་ཡིག་གསར་སྒྲིག་འགའ་ཞིག་ཀྱང་། ངས་ཚང་མ་ཇི་མ་ཇི་བཞིན་ཁས་མི་བྔས་མཁན་ཅིག་ཡིན་གདའ། ད་དུང་སྔར་གྱི་དག་ཆ་མ་མཐུན་པ་དང། སྔར་གྱི་ཕན་མེ་དརིགས་གསར་གཏོད་བརྗེ་ལེན་ཡང་གང་བྱེད་བཞིན་ཡོད་པས་་་་་ ད་དུང་ཁྱེད་སུན་མང་པོ་མཐོང་བར་ངེས་སོ།། ཧཧ།

  18. ཨ་རིག་འགྱུར་མེད། says:
    2014-04-23 at 4:56 am

    དེང་སྐབས་ལས་བྲེལ་གྱི་དབང་གིས་དྲ་ཉུལ་བྱེད་ཁོམ་དེ་ཙམ་མེད་ཀྱང་། དེ་རིང་ཁ་བརྡ་ཚང་ལ་སྐོར་ཉུལ་ཞིག་བྱེད་སྐབས་སློབ་གྲོགས་དང་ལས་གྲོགས་འབྲོང་བུ་ལགས་ཀྱིས་སྤེལ་བའི་འཕྲིན་བཟང་འདི་གོ་བས། ཧ་ཅང་དགའ་སྤྲོའི་ངང་ཁོང་གཙོས་ཁོང་གི་ལས་རོགས་ཡོངས་ལ་ཐུགས་རྗེ་ཆེ་དང་རྟེན་འབྲེལ་ཞུ་བཞིན་ཡོད།
    གྲོགས་པོ་བཟང་བོ། མུ་མཐུད་དེ་འབད་རོགས།

  19. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-23 at 9:51 am

    ཀ་རྡོ་གཉེར་ཕྱག་པ་མཆོག་བརྩོན་འགྲུས་ཅན་ཞིག་དང་། བོད་ཀྱི་རིག་གཞུང་ལ་ཐུགས་གཅེས་ཡོད་པ་ཞིག་ཏུ་བདག་གི་ཡིད་ལ་ཡོད་པས། ཐུགས་ཞུམ་པ་མེད་པར་བོད་རིག་གཞུང་ལ་ཕན་པའི་ཕྱག་ལས་རྒྱུན་མི་འཆད་པར་སྨོན་ནོ།

  20. གསར་བུ། says:
    2014-04-23 at 10:22 am

    ཀརྡོ་ལགས། དྲང་མོ་བཤད་པ་ཡིན་ཕོག་ཐུགས་བྱུང་ཡོད་ན་སྡུག་གྱོང་རེད་ཟེར་བ་ལས་གཞན་ཅི་གང་བཤད་རྒྱུ་མེད། ཡུལ་སྐད་དུ་ཁྱོད་ལ་ཅིག་འདྲེས་གི རྩ་མི་ཚང་བའི་དོན་ལ་འཇུག

  21. ཀརྡོ་གཉེར་ཕྱག་པ་ says:
    2014-04-25 at 4:18 pm

    # 20 གསར་བུ།་ལགས་ཀྱིས་མཆན་བཏབ་པ།:
    April 23rd, 2014 at 10:22 AM
    ཀརྡོ་ལགས། དྲང་མོ་བཤད་པ་ཡིན་ཕོག་ཐུགས་བྱུང་ཡོད་ན་སྡུག་གྱོང་རེད་ཟེར་བ་ལས་གཞན་ཅི་གང་བཤད་རྒྱུ་མེད། ཡུལ་སྐད་དུ་ཁྱོད་ལ་ཅིག་འདྲེས་གི རྩ་མི་ཚང་བའི་དོན་ལ་འཇུག ་་་་
    ་་་་ཟེར་བ་ལ། ལགས། ལགས་སོ། །གསར་བུ་ལགས། ཞེས་ཞུ་བ་ལས། ང་ལ་ཡང་དེ་ལྷག་གང་ཡང་ཞུ་རྒྱུ་མེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme