Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་མ། ཨིན་བོད་ཀྱི་འགྱུར་འདི་གཉི༷ས་བསྡུར་ནས་གཟིགས་དང་།

Posted on 2012-09-132012-09-13 By དགེ་རབ་ 9 Comments on ཨེ་མ། ཨིན་བོད་ཀྱི་འགྱུར་འདི་གཉི༷ས་བསྡུར་ནས་གཟིགས་དང་།

‪བུ་རམ་ཤིང་བར་མཐུ་མཉམ་བུ་རམ་ཤིང་བའི་རྒྱུད།།‬
ཐུབ་དཀའ་ཤཱཀྱ་རྣམས་ལ་སྤྱོད་པ་རྣམ་དག་པ།།‬
འཕྲོག་བྱེད་ཟླ་བ་ལྟ་བུར་སྐྱེ་དགུ་རྣམས་ལ་སྡུག།‬
རྒྱལ་པོ་ཟས་གཙང་ཞེས་བྱའི་མིང་ཅན་བྱུང་བར་གྱུར།།‬
In ikshvaku’s line, equal to ikshvaku in might,
Among the invincible Shakyas, was born a king,
Loved by his people like the autumn moon,
pure in conduct, Shuddhodana by name.
དབང་པོ་དང་མཚུངས་དེ་ཡི་བདག་པོ་ལྡན་མ་ཡིན།།
ནུས་མཐུ་རྗེས་མཚུངས་གཟི་བརྗིད་ལྷ་མོ་བདེ་སོགས་དང་།།
པདྨོ་ཅན་འདྲ་ཕུན་སུམ་ཚོགས་པ་ས་བཞིན་བརྟན།།
སྒྱུ་མ་ཆེན་མོ་ཞེས་བྱ་དཔེ་མེད་སྒྱུ་འདྲ་བྱུང་།།
That equal of Indra had a wife like Shachi herself;‬
‬her splendor paralleled his might;
she was as pretty as Padma, as steadfast as the earth,
Maya by name, like the peerless Maya herself.

འགྱུར་རྩོམ།

Post navigation

Previous Post: ཏཱ་ལའི་བླ་མ་སྐུ་རྐྱང་དུ་འཇོག་འདོད་ཨེ་རེད།
Next Post: ཞི་ཅིན་ཕིང་གང་དུ་ཡོད།

Comments (9) on “ཨེ་མ། ཨིན་བོད་ཀྱི་འགྱུར་འདི་གཉི༷ས་བསྡུར་ནས་གཟིགས་དང་།”

  1. ཅོག་རོང་གི་མྱི says:
    2012-09-13 at 11:20 pm

    འདིར་ཡ་མཚན་རྒྱུ་ཅང་མེད་ཀི་་།་་གནའ་དེང་མ་བོད་འགྱུར་རྒྱ་འགྱུར་གྱི་སྐབས་སུའང་འདི་འདྲ་མང་པོ་བྱུང་ཡོད་རེད།་་དེ་ཕྱིར་སྙན་དངགས་ཀྱི་འགྱུར་ལ་སྐད་གཉིས་སམ་གསུམ་ནང་བྱན་མ་ཆུད་པར་དུ་ུའགྱུར་ལ་བྲོ་བ་མྱོང་རྒྱུ་མེད་པ་འདྲ།

  2. Gedun says:
    2012-09-13 at 11:28 pm

    ངས་གསལ་བཤད་ཅིག་ཞུ་རྒྱུ་ཆད་པ་འདྲ། བོད་འགྱུར་ནི་སྡེ་དགེ་བསྟན་འགྱུར་སྐྱེས་རབས་གེ་རུ་འཁོད་པའི་སངས་རྒྱས་ཀྱི་སྤྱོད་པའི་དབུའི་ཚིགས་བཅད་གཉིས་རེད། སྟོན་པའི་ཡབ་ཡུམ་སྟོན་པའི་ཚིགས་བཅད་རེད། ཨིན་འགྱུར་དེ་ནི་ ༢༠༠༧ ལོར་བསྒྱུར་པ་ཞིག་རེད་འདུག བསྒྱུར་ཚུལ་ནི་གཉིས་ཀས་ལེགས་སྦྱར་སྐད་ནས་ཐད་ཀར་བསྒྱུར་པ་ཞིག་རེད། འགྱུར་འདི་གཉིས་ལ་སྔ་ཕྱིའི་བར་ཁྱད་ནི་ལོ་ངོ་ ༧༥༠ ཙམ་ཡོད་པ་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-09-13 at 11:34 pm

    རྒན་འཇམ་དཔལ་ལ་སོགས་ཀྱིས།
    གོང་གི་ཚིགས་བཞི་མ་གཉིས་ཀྱི་རྒྱ་གར་ལེགས་སྦྱར་དེ་ཡང་། ཁ་བརྡར་གདན་འདྲེན་ཐུབ་ན་དཔྱད་པ་བྱེད་བདེ་རུ་འགྲོ་ངེས་འདུག་པས་་་་་

  4. དགེ་བཤེས་ says:
    2012-09-13 at 11:40 pm

    དགེ་རབ་རང་གིས་གཅིག་བསྒྱུར་ན་གང་འདྲ་འདུག སངས་རྒྱས་ཀྱི་དཔའ་གཏུལ་ཞེས་པ་ལྟར་ཡང་སངས་རྒྱས་ཀྱི་དཔའ་རྩལ་་ཞེས་མ་སྒྱུར་རོགས

  5. ཟུར་གནས། says:
    2012-09-14 at 12:01 am

    ཨིན་འགྱུར་དང་བོད་འགྱུར་དབར་ལ་ཁྱད་པར་འདུག། བོད་འགྱུར་ལྟར་ན། ཨིན་འགྱུར་དེ་ལྟར་འགྱུར་ན་ཨེ་འགྲིག

    བུ་རམ་ཤིང་བར་མཐུ་མཉམ་བུ་རམ་ཤིང་བའི་རྒྱུད།།‬
    ཐུབ་དཀའ་ཤཱཀྱ་རྣམས་ལ་སྤྱོད་པ་རྣམ་དག་པ།།‬
    འཕྲོག་བྱེད་ཟླ་བ་ལྟ་བུར་སྐྱེ་དགུ་རྣམས་ལ་སྡུག།‬
    རྒྱལ་པོ་ཟས་གཙང་ཞེས་བྱའི་མིང་ཅན་བྱུང་བར་གྱུར།།‬

    Mighty like the ikshvaku, his lineage belongs to ikshvaku
    The invincible Shakyas are known by their pure conduct,
    Like the autumn moon, he loved his people
    He is known by Shuddhodana.

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-14 at 12:22 am

    ཛམ་གླིང་ཡོངས་གྲགས། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ། ཚིགས་བཅད་ཟུང་། ཨིན་འགྱུར་བཅས་མཇལ་བས་དགའབ་སྐྱེས། སྙན་དངས་ཆེན་མོ་འདི་ལ་ལེའུ་ཉེར་བརྒྱད་མཆིས། མགོ་ན་ཚིགས་བཅད་དྲུག་བདུན་ཙམ་དང་ལེའུ་བཅུ་བཞི་མན་ཆད་ལེགས་སྦྱར་རྩ་བ་འཐོར་ནས་མ་རྙེད། རྒྱ་ནག་དང་བོད་སྐད་གཞིར་བཟུང་སླར་མཁས་པ་རྣམས་ཀྱིས་ལེགས་སྦྱར་ཧིནྡ་ཨིན་སྐད་སོགས་སུ་བསྐྲུན་ཡོད། བོད་འགྱུར་གྱི་སྒྱུར་བྱང་གཤམ་གསལ་ལ་གཟིགས།།
    ཡུལ་ཤཱ་སེ་ཏ་ཀའི་གསེར་མིག་མའི་བུ་དགེ་སློང་སློབ་དཔོན་སྙན་དངགས་མཁན་ཆེན་པོ། །སྨྲ་བ་དང་ལྡན་པ་ཕྱོགས་སུ་རྣམ་པར་གྲགས་པ། བཙུན་པ་རྟ་དབྱངས་ཀྱིས་མཛད་པའི། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་ལས་སྐུ་གདུང་རྣམ་པར་བགོ་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པ་ཡོངས་སུ་རྫོགས་སོ།། །།ས་སྟེངས་རྒྱ་མཚོའི་མཐར་ཐུག་བསྟན་པའི་བདག་པོ་མཆོག །ཡོན་ཏན་མཚུངས་མེད་ཕུལ་བྱུང་དུ་མའི་གཏེར་ཆེན་པོ། །མཁས་པ་རྣམས་ཀྱི་བླ་མ་སྐྱེ་དགུ་རྣམས་ཀྱི་དཔལ། ། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས། །འཇིག་རྟེན་ཀུན་ན་ཟླ་བྲལ་སྐྱེས་མཆོག་དེ་ཉིད་ཀྱི། །ཕྲིན་ལས་སྒྲུབ་པ་སྙེ་བའི་ཐུགས་དགོངས་རྣམ་དག་དང༌། །མི་རྗེ་ལྷ་སྲས་གུང་ཐང་རྒྱལ་མོ་ཡུམ་སྲས་དང༌། །ཆོས་ལ་གཅིག་ཏུ་དཀར་བའི་ལྷ་གཅིག་ཀུན་དགའ་འབུམ། །མང་ཡུལ་

    @103B སྐྱི་རོང་བཟང་མོ་ཡོན་ཏན་སྐྱིད་ལ་སོགས། །ཆོས་ལྡན་དམ་པ་རྣམས་ཀྱིས་སྦྱིན་བདག་བགྱིས་པའི་ངོར། །འཕགས་པ་རྟ་དབྱངས་ཀྱིས་མཛད་ཐུབ་པའི་མཛད་པ་འདི། །ས་དབང་བཟང་པོ་དང་ནི་བློ་གྲོས་རྒྱལ་པོས་བསྒྱུར། །འདི་བསྒྱུར་བསོད་ནམས་རྒྱལ་པོ་གང་དེས་ཕ་མ་དང༌། །འགྲོ་རྣམས་ལམ་གྱི་རྒྱལ་པོ་དམ་པ་འདིར་ཞུགས་ཏེ། །ཉེས་ཚོགས་ཚང་ཚིང་ཀུན་དང་བདུད་བཞིའི་རྒྱལ་པོ་རྣམས། །བཅོམ་ནས་ཆོས་ཀྱི་རྒྱལ་པོ་དམ་པ་ཐོབ་པར་ཤོག། །།

  7. སྦྲ་ནག་གཡག་སྙིང་། says:
    2012-09-14 at 3:52 am

    དབྱིན་འགྱུར་མའི་དེབ་འདི་ན་ནིང་གྲོགས་པོ་ཞིག་ལ་ལོ་སྐལ་ལ་བྱིན་པ་ཡིན། ཐེངས་གཅིག་ཀློག་པ་ཡིན། སྙན་མོ་གདའ། དབྱིན་འགྱུར་གཞན་ཞིག་ལའང་མིག་བཤེར་ཞིག་བྱས་པ་ཡིན། ཡག་མོ་གདའ། ཡིན་ནའང་བོད་འགྱུར་དེ་ག་འདྲ་ཞིག་ཡོད་ན་བསམ་བསྡད་ཡོད། བོད་འགྱུར་ལ་དེ་རིང་བར་མཇལ་མ་ཐུབ་མོད། ཚིགས་བཅད་འདི་གཉིས་ལ་བལྟས་ན་དབྱིན་འགྱུར་ལས་སྙན་ས་རེད་བསམ་བསམ་ཞིག་འདུག སངས་རྒྱས་ཀྱི་སྤྱོད་པ་ཆ་ཚང་འདིར་བཀོད་ཐུབ་ན་ཕན་ས་རེད། དགེ་རབ་ལགས། ཁ་དྲོ།

  8. བཙན་བྱོལ་བ་ says:
    2012-09-14 at 10:49 am

    མི་རྗེ་ལྷ་སྲས་གུུང་ཐང་རྒྱལ་མོ་ཡུམ་སྲས་དང༌། །ཆོས་ལ་གཅིག་ཏུ་དཀར་བའི་ལྷ་གཅིག་ཀུན་དགའ་འབུམ། །མང་ཡུལ་སྐྱི་རོང་བཟང་མོ་ཡོན་ཏན་སྐྱིད་ལ་སོགས། །

    གུང་ཐང་རྒྱལ་པོའམ། རྫོང་དགའ་རྒྱལ་པོ་ཞེས་པ་ཞིག་གོ་ཐོས་བྱུང་། ཕལ་ཆེར་རྒྱལ་རབས་ཀྱང་རིང་པོ་ཞིག་ཡོད་ས་རེད། དེའི་སྐོར་ལ་མཁྱེན་མཁན་ཡོད་ཚེ་འདིར་བཀོད་རོགས།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-15 at 9:01 am

    སངས་རྒྱས་ཀྱི་སྤྱོད་པ་དང་། མཛེས་དགའ་བོའི་སྙན་དངགས་དང་། ཤཱ་རིའི་བུའི་རབ་བྱེད་བཅས་རྩོམ་པ་པོ་སློབ་དཔོན་རྟ་དབྱངས། ཞེས་པ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་སྔོན་དུ་བྱུང་། ཞེས་རྒྱ་ནག་པའི་ལོ་རྒྱུས་ཀྱིས་བཤད་པ་ཐོས། བོད་ཀྱི་ཏཱ་རཱ་ནཱ་ཐའི་རྒྱ་གར་དུ་དམ་ཆོས་དར་བའི་ལོ་རྒྱུས་ལྟར་ན། འཕགས་པ་ལྷས་རྟ་དབྱངས་རྩོད་པས་ཕམ་པར་མཛད་པ་སོགས་ལོ་རྒྱུས་རིང་པོ་ཞིག་ཡོད། གང་ལྟར་ཡང་། གོང་གསལ་བསྟན་བཅོས་གསུམ་ལས། དང་པོ་དེ་ལ་ལེགས་སྦྱར་རང་རྩོམ་ཆ་ཚང་མེད་པ་དང་། གསུམ་པ་དེ་དུམ་བུ་རེ་རྙེད་ཚོད་ཀྱང་། དེ་དག་གང་དུ་ཡོད་པ་ཡང་ཆ་མ་འཚལ། གཉིས་པ་དེ་ལ་རང་རྩོམ་ལེགས་སྦྱར་ཆ་ཚང་རྙེད་ནས། ཨིན་ཡུལ་པ་མཁས་པ་ཇོན་ཊོན་མཆོག་གིས་ལེགས་སྦྱར་གཏན་འབེབས་ཞུས་དག་དང་། དེའི་ཨིན་འགྱུར་བཅས། རྒྱ་གར་ཡུལ། ལ་ཧོར་(now in Pakistan) སློབ་གྲྭ་ཆེན་མོས། ཨིན་ཇིས་རྒྱ་གར་ལ་དབང་སྒྱུར་བའི་སྐབས་སུ། སྤར་བསྐྲུན་བྱས། དེ་ཡོངས་གྲགས་ཆེར་གྱུར་ཏེ། རྟ་དབྱངས་དང་། རྒྱ་གར་གྱི་སྙན་དངགས་མཁན་ཆེན་པོ་ནག་མོ་འཁོལ་གཉིས་ཚིག་རྩོམ་སྟངས་མཐུན་པོ་ཡོད་པས། སུ་སྔོན་ལ་བྱུང་བ་ཡིན། སུའི་ཤུགས་སུ་ལ་ཐེབས་པ་ཡིན་ཇི་ལྟ་བ་བཞིན་ཤེས་དཀའ་བ་མཆིས།
    མཛོད་རང་འགྲེལ་དུ་ཚིགས་བཅད་གཅིག་དང་། ཁྱད་པར་འཕགས་བསྟོད་ཀྱི་རྒྱ་ཆེར་འགྲེལ། སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ན། ཚིགས་བཅད་ཁ་ཤས་མ་གཏོགས། གཞུང་ཡོངས་རྫོགས་བོད་སྐད་དུ་བསྒྱུར་མེད་པ་ལགས།
    སྤྱི་ལོ་བཅུ་རབས་(decade) དྲུག་ཅུ་པའི་དཀྱིལ་ཙམ་ལ། བདག་ལེགས་སྦྱར་སྐད་སློབ་གཉེར་པ་ཡིན་པའི་སྐབས་སུ། མགོ་ན་ལེའུ་ལྔ་ཙམ་བསྒྱུར། དེ་དུས་འདི་ལྟར་སྒྱུར་བའི་བྱ་བ་དེ་བོད་སྐད་དང་། ལེགས་སྦྱར་སྐད་ཤེས་པའི་དམིགས་ཡུལ་ལགས། དེ་ནས་ལོ་ངོ་ཉི་ཤུ་ལྷག་རྗེས་སུ། ༡༩༨༨ཙམ་ལ་སླར་ཡང་སྒྱུར་བ་མགོ་ཚུགས་ཏེ། ༡༩༩༨ ལོར་ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭས་སྤར་བསྐྲུན་བྱས།
    ད་ལྟར་སླར་ཡང་ལེགས་སྦྱར་དང་། བོད་འགྱུར་མཉམ་སྡུར་གྱིས་ཀློག་པ་ན། གཤམ་གསལ་ཚིགས་བཅད་དེ་དག ལེའུ་དགུ་པ་འདོད་པ་ལ་སྨད་པ་ཞེས་པ་སྟེ། དགེ་སློང་ཞིག་གི་མཛེས་དགའ་བོ་ལ་སེམས་གསོ་བྱེད་པ་ནས། ཟུར་དུ་བཏོན་ཏེ། ཀློག་པ་པོ་རྣམས་ལ་ཀློག་ཏུ་འབུལ་ཞིང་། ཡིག་ནོར་དག་ལ་ཞུས་དག་མཛོད་ཅེས་ཞུ་བ་ལགས་སོ། །

    ལུས་པོ་འདི་ལྟར་སྡུག་བསྔལ་མང་བ་བརྟན་མ་ཡིན།
    འབྲས་བུར་རྗེས་སུ་ཆགས་པ་གལ་ཏེ་མ་རྟོགས་ན།
    ལོ་ཏོག་ལ་ཆགས་བ་ལང་བཞིན་དུ་ཡིད་འདི་ཉིད།
    མི་བརྟན་འབྲས་བུར་ཆགས་པ་ཐག་པ་དམ་པོས་འཆིང་།། ༤༢ །།

    སྦྱིན་རྫས་དག་གིས་འབར་བའི་མེ་ནི་ཇི་ལྟ་བར།
    འདོད་པའི་མྱོང་བ་ཚིམ་པའི་ཕྱིར་དུ་འགྱུར་མ་ཡིན།
    ཇི་ལྟ་ཇི་ལྟར་འདོད་པའི་བདེ་ལ་འཇུག་འགྱུར་བ།
    དེ་ལྟ་དེ་ལྟར་ཡིད་ནི་ཡུལ་ལ་འཇུག་པ་འཕེལ།། ༤༣ །།

    ཇི་ལྟར་མཛེ་ཡི་ནད་ཀྱིས་སྡུག་བསྔལ་གྱུར་པ་ན།
    རབ་ཏུ་གདུང་བ་ལས་ནི་ཞི་བ་འབྱུང་མི་འགྱུར།
    དེ་ལྟར་དབང་པོའི་དོན་ལ་དབང་པོ་མ་ཐུལ་བ།
    སྤྱོད་བཞིན་འདོད་པ་མྱོང་བས་ཞི་བ་འབྱུང་མི་འགྱུར།། ༤༤ །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme