Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་ཁ་པར་ iPhone ཐོག་ནང་པའི་ཆོས་སྤྱོད་ཞལ་འདོན་འཇུག་འགོད་བྱེད་ཐུབ་པ།

Posted on 2010-06-23 By No Comments on ཨེ་ཁ་པར་ iPhone ཐོག་ནང་པའི་ཆོས་སྤྱོད་ཞལ་འདོན་འཇུག་འགོད་བྱེད་ཐུབ་པ།

དེང་སང་བརྡ་འཕྲུལ་ཚན་རིག་གི་སྟབས་བདེའི་བྱེད་ཐབས་ལ་བརྟེན་ནས་ནང་པའི་རྒྱུན་མཁོའི་ཆོས་སྤྱོད་ཞལ་འདོན་ཁག་ཅིག་ལག་འཛིན་ཁ་པར་སྟེང་ནམ་དགོས་སྐབས་ཐོག་ཉན་ཐུབ་པ་བྱུང་ཡོད་པ་དགའ་སྤོབས་སྐྱེ་འོས་པ་ཞིག་རེད་སྙམ། སྤྱིར་ཨེ་ཁ་པར་ iPhone ཐོག་ནས་བེད་སྤྱོད་བྱ་རྒྱུ་ཡོད་པའི་དྲ་འཇུག་ applications གཞན་དང་བསྡུར་ན་ནང་པའི་འདི་དག་ཧ་ཅང་ཉུང་ངུ་ཡིན།

www.buddhistapps.com དྲ་ཁང་གིས་སྨན་བླའི་ཆོ་ག་ Menla Rituals དང་ཉིན་རེའི་ནང་པའི་གསོལ་འདེབས་ Daily Buddhist Prayers ། མི་ལ་རས་པའི་མགུར་གླུ་ Songs of Milarepa བཅས་བཟོ་བཀོད་བྱས་ཏེ་རྒྱ་ཆེའི་ནང་པ་ཚོར་ཨེ་ཁ་པར་ iPhone ཐོག་ནས་བེད་སྤྱོད་བྱ་རྒྱུ་བཟོས་ཡོད། དེ་དག་ Apple Store ནས་སོ་སོའི་ཨེ་ཁ་པར་ iPhone ཐོག་འཇུག་འགོད་བྱེད་ཐུབ། སྨན་བླའི་ཆོ་ག་ནི་རིན་མེད་དང་། ཉིན་རེའི་ནང་པའི་གསོལ་འདེབས་དང་མི་ལ་རས་པའི་མགུར་གླུ་གཉིས་ལ་ཨ་རིའི་ནང་ཨ་སྒོར་ ༡།༩༩ སྤྲོད་དགོས་པ་རེད།

mzlpdyrqssl320x480-751mzlkgmklsrw320x480-751          ཨེ་ཁ་པར་ iPhone ཐོག་གི་སྨན་བླའི་ཆོ་ག
སྨན་བླའི་ཆོ་ག་འདི་འཛམ་གླིང་ཡུལ་གྲུ་གང་སར་གནས་འཁོད་དད་ལྡན་ནང་པ་ཚོའི་དགོས་མཁོར་དམིགས་ཏེ་ད་ལོའི་ཕྱི་ཟླ་ ༤ ནས་ཨེ་ཁ་པར་ iPhone ཐོག་རིན་མེད་ཀྱིས་འཇུག་འགོད་བྱེད་ཐུབ་པ་བྱུང་ཡོད་པས། ལས་འཆར་འདིའི་སྦྱིན་བདག་ནི་ཨ་རིའི་བྱང་དཀྱིལ་གྲོང་ཁྱེར་ཨོ་མ་ཧ་ Omaha རུ་གནས་འཁོད་ཌལ་ཝི་ཌི་ ལིར་ནིར་ David Lerner དང་ཁོང་གི་སྐུ་ཟླ་སི་ཊེ་སི་ ལིར་ནིར་ Stacy Lerner གཉིས་ཡིན།
ཌལ་ཝི་ཌི་ནི་མིའི་སྤྱི་ཚོགས་ཀྱི་ཡར་རྒྱས་བྱ་གཞག་དང་སྤྱི་ཚོགས་ཀྱི་དཀའ་རྙོག་སེལ་བར་སྨན་པའི་གསར་གཏོད་རང་བཞིན་གྱི་ཐབས་དང་རིག་པ་འཚོལ་སྒྲུག་དང་ངོ་སྤྲོད་བྱེད་པར་བརྩོན་མཁན་གྱི་མི་སྣ་ཞིག་ཡིན། ཁོང་གིས་ཕྱི་ལོ་ ༢༠༠༡ ལོར་ David & Stacy Lerner Foundation ཐེབས་རྩ་ཁང་གསར་འཛུགས་བྱས་ཏེ་མི་རྣམས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཚུལ་དང་མི་སྒེར་གྱི་ཤེས་ཡོན་བཟང་སྤྱོད་ཡར་རྒྱས་འགྲོ་ཐབས། ཚོགས་སྡེ་ཁག་གི་སྒྲིག་འཛུགས་སྲ་བརྟན་གོང་འཕེལ་ཡོང་ཐབས། སྤྱི་ཚོགས་སྤྱི་ཡོངས་ཕྱོགས་གང་ཐད་ནས་ཡར་རྒྱས་ཡོང་བར་རང་ནུས་གང་ལྕོགས་ཀྱིས་ཞབས་འདེགས་གང་ཐུབ་ཞུ་མཁན་ཞིག་ཡིན་པར་བརྟེན་ཁོང་གི་ཐེབས་རྩ་ཁང་གིས་ Feeding America དང་ Teen Living Programs ། GirlScouts of America སོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་རོགས་ཚོགས་དང་། Children’s Health Fund དང་ Children’s Defense Fund སོགས་འཕྲོད་བསྟེན་ཞབས་ཞུའི་རོགས་ཚོགས། Roosevelt University-Chicago College of Performing Arts དང་ International House of Blues Foundation ། Omaha Performing Arts Society སོགས་སྒྱུ་རྩལ་ཞབས་ཞུའི་སློབ་གཉེར་ཁང་། Lowell Observatory དང་ Project Exploration། Museum of Science and Industry ། MD Anderson Cancer Center སོགས་ཚན་རིག་དང་སྨན་དཔྱད་ཞིབ་འཇུག་ཁང་། Seva Foundation དང་ Doctors Without Borders/Médecins Sans Frontières (MSF) ། Amnesty International ། Tibet Center ། Shambhala International ། Konchok Foundation སོགས་རྒྱལ་སྤྱིའི་རོགས་ཚོགས་དང་ཆོས་ཚོགས། Natural Resources Defense Council དང་ Land Trust Alliance ། National Park Foundation སོགས་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་བཅས་གཞུང་སྒེར་ལས་ཁུངས་དང་སློབ་གཉེར་ཁང་མང་པོ་ཞིག་ལ་དཔལ་འབྱོིར་དང་དངོས་ཤུགས་ཀྱི་རྒྱབ་སྐྱོར་མི་དམན་པ་ཕུལ་དང་འབུལ་མུས་ཡིན་ལ། བོད་དུ་སློབ་གྲྭ་དང་སློབ་མའི་སློབ་གསོའི་ཁོར་ཡུག་ཡར་རྒྱས་གོང་འཕེལ་ཆེད་བྱས་རྗེས་ཀྱང་གང་ལེགས་ཕུལ་ཡོད།

ཡིན་ནའང་ཌལ་ཝི་ཌི་ཡིས་འདི་ལྟར་སྤྱི་ཚོགས་ལ་སྨན་པའི་བྱ་བ་རླབས་ཆེན་གང་མང་ཞིག་བསྒྲུབ་བཞིན་པའི་དུས་དཀྱིལ། ཕྱི་ལོ་ ༢༠༠༧ ལོར་ཁོང་ལ་འབྲས་ནད་ཀན་སར་ཡོད་པ་ངོས་འཛིན་བྱུང་ཞིང་། དེ་ནས་བཟུང་རྒྱུན་པར་ན་ཟུག་དང་མནར་སྡུག་འོག་རང་འཁྲིའི་ལས་འགན་བསྒྲུབ་ཞོར་ཉིན་རེའི་འཚོ་བ་སྐྱེལ་དགོས་བྱུང་བས། རང་ཉིད་ཀྱི་ལུས་སེམས་གཉིས་ཞི་བདེ་དང་ལྷོད་ཡངས་ཡོང་བ། ལྷག་པར་དུ་གཉིད་སྐྱིད་པོ་ཞིག་ཁུག་ཆེད་རང་ཉིད་ཀྱི་ཨེ་ཁ་པར་ iPhone ཐོག་གི་ཉིན་རེའི་ནང་པའི་ཆོས་སྤྱོད་ཞལ་འདོན་ལ་ཉན་པར་དགའ་།

mzlsmiutogk320x480-75

mzlxttbypvt320x480-75        ཨེ་ཁ་པར་ iPhone ཐོག་གི་ཉིན་རེའི་ནང་པའི་གསོལ་འདེབས།

ཉིན་རེའི་ཆོས་སྤྱོད་ཞལ་འདོན་འདི་དག་མཉམ་དུ། ཁོང་གིས་རང་ཉིད་ཀྱི་ནད་གཞི་དྲག་སྐྱེད་དང་སེམས་ལ་སྐྱིད་སྣང་དང་ཞི་བདེ། ཆོས་ཕྱོགས་ནས་ཡིད་རྟོན་རུང་བའི་སྐྱབས་གནས་འཚོལ་ཆེད་སྨན་བླའི་སྐུ་འདྲ་དེ་སོ་སོའི་ལུས་དང་འབྲེལ་མེད་ཀྱིས་མཉམ་འཁྱེར་བྱེད་ཀྱི་ཡོད་པས། ཉིན་གཅིག་ཁོང་གི་བསམ་བློར་ཉིན་རེའི་ནང་པའི་ཆོས་སྤྱོད་ཞལ་འདོན་བཟོ་སྐྲུན་གནང་མཁན་གྱིས་ཨེ་ཁ་པར་ iPhone ནང་དུ་སྨན་བླའི་ཆོས་སྤྱོད་ཞལ་འདོན་ཞིག་འཇུག་སྒྲིག་བྱེད་ཐུབ་ན་ཅི་མ་རུང་སྙམ།

ཁོང་གིས་ www.buddhistapps.com དྲ་ཁང་གི་ཐུབ་བསྟན་ལགས་ལ་འབྲེལ་བ་བྱས་ཏེ་སྨན་བླའི་ཆོས་སྤྱོད་ཞལ་འདོན་བཟོ་ཐུབ་མིན་བལྟས། གླེང་མོལ་ཐུང་ངུ་ཞིག་བྱས་པ་དང་ཁོང་གཉིས་འདོད་ཐོག་གཅིག་ཏུ་བབས་ཏེ་ཌལ་ཝི་ཌི་ཡི་རེ་འདུན་འགྲུབ་པར་རྟེན་འབྲེལ་གང་ལེགས་བྱུང་སྟེ། ཌལ་ཝི་ཌི་ཡིས་ཨེ་ཁ་པར་ iPhone སྟེང་གི་སྨན་བླའི་ཆོས་སྤྱོད་ཞལ་འདོན་འདི་ཡིས་མི་འབོར་གྲངས་མེད་ཅིག་ལ་ཕན་ཐོགས་ཡོང་རྒྱུ་དང་རང་ཉིད་ཀྱིས་འདིའི་ཐད་ཀྱི་རྒྱུ་གྲོན་སྦྱོར་ཐུབ་པར་རེ་སྨོན་བྱས་ཤིང་དང་དེའི་ཐད་བསམ་བློ་ཡང་ཡང་བཏང་།

རིམ་བཞིན་ཌལ་ཝི་ཌི་ཡི་རྨི་ལམ་མངོན་འགྱུར་བྱུང་ཞིང་། ཨེ་ཁ་པར་ iPhone སྨན་བླའི་ཆོས་སྤྱོད་ཞལ་འདོན་འདི་དངོས་སུ་འགྲུབ་པར་དགའ་སྤྲོ་དང་རེ་བས་ཁེངས་པར་གྱུར། བཀྲ་ཤིས་པའི་རྟེན་འབྲེལ་དང་བཅས་ཕྱི་ཟླ་ ༤ ཚེས་ ༡༨ རེས་གཟའ་ཕུར་བུ་(ཁོང་གི་སྐུ་ཟླའི་སྐྱེས་སྐར) ཉིན་ཐུབ་བསྟན་དང་ཆི་ཀ་གྷོ་ཡི་ཨེ་རི་ཀི་ Eric ཡི་རོགས་རམ་ལ་བརྟེན་ནས་ཉེ་འབྲེལ་གྲོགས་པོ་དང་ནང་མི་ཁག་ཅིག་གི་མཉམ་དུ་ཌལ་ཝི་ཌི་ཡིས་སྨན་ཁང་གི་ཉལ་ཁྲིའི་སྟེང་ནས་ཨེ་ཁ་པར་ iPhone སྨན་བླའི་ཆོས་སྤྱོད་ཞལ་འདོན་གྱི་གཟུགས་བརྙན་དེ་དྲ་ངོས་ནས་དངོས་སུ་མཐོང་བར་གྱུར། ཌལ་ཝི་ཌི་ཡི་སེམས་ལ་རང་ཉིད་འཇིག་རྟེན་འདི་ནས་མ་བྲལ་གོང་ལས་འཆར་འདི་དོན་སྨིན་བྱུང་སོང་ཞེས་དགའ་བས་ཁེངས་ཤིང་མིག་ལ་མཆི་མས་བརླན། ཡིན་ནའང་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༡ ཉིན་ཌལ་ཝི་ཌི་ཁོང་འཇིག་རྟེན་འདི་དང་གཏན་བྲལ་བྱས་སོང་མོད་ཁོང་གི་བློ་རིག་ནས་ཐོན་ཞིང་རྒྱུ་གྲོན་སྦྱར་བའི་ཨེ་ཁ་པར་ iPhone སྨན་བླའི་ཆོས་སྤྱོད་ཞལ་འདོན་འདི་མི་ཚེ་ནས་མི་ཚེ་བར་ཕན་ཐོགས་པའི་རྒྱུ་རུ་འགྱུར་བར་སྨོན།།

སི་ཊེ་སི་ ལིར་ནིར་དང་གཡང་འབུམ་རྒྱལ་ནས།

གསར་འགྱུར།

Post navigation

Previous Post: ཨེ་ཁ་པར་ iPhone ཐོག་ནང་པའི་ཆོས་སྤྱོད་ཞལ་འདོན་འཇུག་འགོད་བྱེད་ཐུབ་པ།
Next Post: ཨེ་ཁ་པར་ iPhone ཐོག་ནང་པའི་ཆོས་སྤྱོད་ཞལ་འདོན་འཇུག་འགོད་བྱེད་ཐུབ་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme