Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨི་ཇིབ་དང་བོད་ལ་འབྲེལ་བ་ཡོད་དམ།

Posted on 2011-02-09 By དགེ་རབ་ 3 Comments on ཨི་ཇིབ་དང་བོད་ལ་འབྲེལ་བ་ཡོད་དམ།

བོད་ཡིག་གི་དྲ་རྒྱ་དག་ན་ ཨི་ཇིབ་ཀྱི་སྐོར་ལ་གླེང་སློང་མེད་པའམ་ཉུང་བ་དེས་རྐྱེན་བྱས་ཏེ། ཨི་ཇིབ་ཀྱི་སྐོར་ལ་གསར་འགྱུར་ཞིག་འབྲི་རྩིས་བྱས་མོད། ད་དུང་ལྕོགས་མ་སོང་། ཨི་ཇིབ་ཀྱི་རྙོག་ཁྲ་འདི་དག་བྱུང་ནས་ད་ཆ་བདུན་ཕྲག་གསུམ་མ་ཟིན་ཙམ་འགྲོ་བཞིན་ཡོད་པ་དང་། མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞུང་མགོ་རྟིང་སློག་ལ་ཉེ་བའི་དུས་ཚོད་ཅིག་ཏན་ཏན་རེད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་དང་ཨ་རིའི་བོད་སྐད་རླུང་འཕྲིན་དག་ན་འདིའི་སྐོར་གྱི་བོད་ཡིག་གསར་འགྱུར་རེ་རྟག་པར་མཐོང་རྒྱུ་འདུག དེ་རིང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱའི་ཐོག་ན། “རྒྱ་ནག་མི་དམངས་ལ་ཨི་ཇིབ་ནང་གི་ངོ་རྒོལ་ལས་འགུལ་གྱི་གསར་འགྱུར་རིགས་དྲ་རྒྱའི་ནང་ནས་ལྟ་ཀློག་བྱེད་རྒྱུ་མེད་པ་བཀག་འགོག་བྱས་པ།” ཞེས་འཁོད་པའི་གསར་འགྱུར་ཞིག་འདུག དེ་བཞིན་ཨ་རིའི་བོད་སྐད་རླུང་འཕྲིན་དུ་ཡང་ “ཨི་ཇིབ་ཀྱི་སྲིད་འཛིན་གྱིས་་བཅོས་བསྒྱུར་བྱ་རྒྱུ་ཁྱབ་བསྒྲགས་གནང་ཡོད་པ།”ཅེས་འཁོད་པའི་གསར་འགྱུར་ཞིག་སྤེལ་འདུག
རང་ཉིད་ལ་མཚོན་ན་ ཨི་ཇིབ་ཀྱི་གླེང་རྙོག་འདི་བྱུང་མ་ཐག་ནས་ཤེས་འདོད་པ་ནི་རྒྱ་ནག་གཞུང་གིས་འདི་ཐད་རྣམ་འགྱུར་སྟོན་སྟངས་ག་འདྲ་ཡིན་མིན་དེ་ཡིན། དམིགས་བསལ་གྱིས་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་དག་གིས་ ཉིན་མཚན་དུས་ཚོད་ཉེར་བཞིའི་རིང་ གསར་འགྱུར་འདི་དག་བརྒྱུད་བསྒྲགས་བྱས་པ་དང་། གསར་འགྱུར་ཆེ་ཁག་གི་གསར་འགོད་པ་དག་ས་གནས་སུ་བསྐྱོད་ནས་གསར་འགྱུར་སྤེལ་སྐབས་དྲག་རྡུང་དང་རྨས་སྐྱོན་ཕོག་ན་ཡང་ད་དུང་ཨུ་ཚུགས་ཀྱིས་གསར་འགྱུར་སྤེལ་བཞིན་འདུག དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་གི་སྐོར་ཡིན་ཞེས་བརྗོད་བྱུང་། དེས་ན་ ང་ཚོས་མཐོང་ཐུབ་པ་ཞིག་ནི། ༢༠༠༨ ལོར་བོད་དུ་ཞི་རྒོལ་ཆེན་མོ་བྱུང་སྐབས་ ཧ་ལམ་འཛམ་གླིང་གི་གསར་འགོད་པ་གཅིག་ཀྱང་མེད་པ་ལྟ་བུ་ཞིག་རེད། ད་ཁྱད་པར་ག་རེ་རེད། ཨི་ཇིབ་ཀྱི་སྣུམ་ལ་ཐུག་པ་རེད་དམ། གཡག་ལ་གཅེས་པ་རེད་དམ་ཁྲག་ལ་གཅེས་པ་རེད། ཨི་ཇིབ་གླེང་དུ་ཕེབས། ཨི་ཇིབ་དང་བོད་ཀྱི་གནད་དོན་ལ་བགྲོ་གླེང་གནང་རོགས།

གསར་འགྱུར།

Post navigation

Previous Post: སྙིང་གི་ཚི་ལུའི་ཚིལ་ལན།
Next Post: མཚང་ལ་ཕོག་ན་འཕུང་ལ་སྦྱོར།

Comments (3) on “ཨི་ཇིབ་དང་བོད་ལ་འབྲེལ་བ་ཡོད་དམ།”

  1. གངས་ཕྲུག says:
    2011-02-10 at 7:11 am

    སྲིད་དབང་སྒེར་སྤྱོད་པ་ མོ་བྷ་རག་ གིས་ཉེས་རྡུང་གཏོང་བར་དོག་ནས་ཚང་མ་ཁུ་སིམ་མེར་བཞུགས་འདུག བོད་མི་ནང་ཁུལ་སྐྱོན་བརྗོད་དང་དམའ་འབེབ་རེས་ཡིན་ན་ཁྱོད་ཤི་ང་གསོན་གྱིས་ཐོན་ཡོང་གི་འདུག ད་ངོ་མ་བོད་མི་རིགས་འདིའི་གནས་སྟངས་གང་འདྲ་ཞིག་ལ་ལྷུང་ཡོད་མེད་ཧ་གོ་མ་སོང་ལགས།

  2. cjigme says:
    2011-02-10 at 9:41 pm

    Groupon ཚོང་ལས་ཁང་དང་བོད་དོན།
    སྤྱི་ཟླ་དང་པོའི་ཚེས་༦ ཉིན་ཨ་མི་རི་ཀའི་ནང་རྩེད་མོ་སྐད་གྲགས་ཅན་Super Bowl ལམ་བོད་པ་ཚོས་ཨོར་འཐོམ་པོ་ལོ་ཞེས་འབོད་པ་དེ་མཐའ་མའི་རྩེད་འགྲན་ཨ་རིའི་རྒྱལ་ཡོངས་བརྙན་འཕྲིན་ཐོག་བཏོན་པའི་ཉིན་ཨ་རིའི་རྒྱལ་ཡོངས་ནས་རྩེད་མོ་དེ་བལྟ་མཁན་མི་འབོར་ས་ཡ་༡༠༦ དང་གྲངས་ཆུང་༥ བྱུང་ཡོད་ཅིང༌། རྩོད་མོ་དེ་ནི་ཨ་རིའི་མི་དམངས་ཚོར་ཚོན་ན་གལ་ཆེ་དོན་ཆེན་གྱིས་བལྟ་འདོད་པ་ཞིག་དང་ལྟོ་མོ་བཏོནཔའི་སྐབས། ནང་མི་དང་དགའ་ཉེ། གྲོགས་གྲོགས་མོ། གྲོང་པ་ཁྱིམ་མཚེས་སོགས་མཉམ་འཛོམས་ཀྱིས་བལྟ་བ་ཡིན། རྩེད་མོ་སྐད་གྲགས་ཆེན་པོ་དེ་བཏོན་པའི་སྐབས། དེའི་དབར་ན་ཚོང་གི་དྲིལ་བསྒྲགས་སྐར་ཆ་༣༠ སོ་གྲངས་བཏོན་གྱི་ཡོད་པ་དེ་ཡང་ཉིན་དེར་ཨ་རི་རྒྱལ་ཡོངས་ནས་ལྟ་མོ་བལྟ་མཁན་གྱི་མི་འབོར་ཆེས་མང་བར་སོང༌། དྲིལ་བསྒྲགས་ཐུང་ངུ་དེར་ཡང་ཨ་རིའི་ཊོ་ལར་ས་ཡ་འགའ་ཤས་ཐོབ་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ། ཨ་མི་རི་ཀའི་གྲོང་ཁྱེར་Chicago ནང་དུ་རྟེན་གཞི་བྱས་པའི་Groupon ཚོང་ལས་ཁང་གིས་བྱིན་བདག་བྱས་ཏེ། ཉིན་དེའི་རྩེད་མོའི་བར་གསེང་གི་དྲིལ་བསྒྲགས་སྐར་ཆ་༣༠ བྱས་པ་ཞིག་ལ་ཨ་མི་རི་ཀའི་གློག་བརྙན་འཁྲབ་སྟོན་པ་Timothy Hutton ཡིས།བོད་ནང་གི་བོད་མི་རྣམས་དཀའ་ངལ་ཐོག་ལྷུངས་ཡོད་པའི་གནས་སྟངས་གསལ་སྟོན་བྱས་ཡོད་པ་རེད། བོད་དོན་དྲིལ་བསྒྲགས་སྐར་ཆ་༣༠ བྱས་པ་དེར་ཨ་རིའི་ཊོ་ལར་ས་ཡ་༣ ཐོབ་ཡོད་པ་དང༌། Groupon ཚོང་ལས་ཁང་གི་ཚོང་གི་དྲིལ་བསྒྲགས་ནང་བོད་དོན་འདེམས་དགོས་པའི་དགོས་པ་ཇི་ཡིན་སྐོར་ལ་བསམ་ཚུལ་ཤོད་མཁན་འདྲ་མིན་ཡོད། བཟང་ཕྱོགས་དང་ལྡོགས་ཕྱོགས་གཉིས་ཀའི་བསམ་ཚུལ་འཛིན་མཁན་འདུག བཟང་ཕྱོགས་འཛིན་མཁན་ཚོས་ཨ་རིས་བོད་དོན་རྒྱབ་སྐྱོར་བྱས་པ་གཞི་རྒྱ་ཆེ་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག་ གལ་ཏེ་ཁྱེད་རང་གིས་དྲིལ་བསྒྲགས་དེ་གཟིགས་འདོད་ན། གཤམ་འོག་གི་Youtupe ཁ་བྱང་ཐོག་ཡོད།
    http://www.youtube.com/watch?v=pOwJOcp-Mxk

  3. སྙན་བཟང་གཡུང་དྲུང་ཚེ་རིང says:
    2011-02-12 at 5:45 pm

    བདུན་ཕྲག་གཅིག་གི་གོང་དུ་ཨེ་ཇུབ་ཀྱི་གློག་བརྙན་འཁྲབ་སྟོན་པ་རྒད་པོ་ཞིག་གིས་ཨ་རབ་ཀྱི་རྒྱབ་ཁབ་ཁག་ཏུ་དམངས་གཙོ་ཡོད་པ་མ་རེད། རིམ་བཞིན་ཨ་རབ་མི་དམངས་ཀྱིས་དམངས་གཙོ་མིན་པའི་རྒྱལ་ཁབ་དེ་དག་མགོ་རྟིང་བསློག་གི་རེད་ཅེས་གསུངས་པ་དང་། དེ་རིང་ནས་བཟུང་ཨ་རབ་ཀྱི་རྒྱབ་ཁབ་ཨ་ཇཱ་རི་ཡིས་ཀྱང་སྲིད་གཞུང་ལ་ངོ་རྒོལ་བྱེད་འགོ་ཚུགས་སོང་། ངོ་རྒོལ་འདི་དག་ནི་ཧ་ལམ་སྲིད་དབང་སྒེར་གཅོད་ཀྱིས་མི་དམངས་ཀྱི་འཚོ་བ་དོང་ཞབས་སུ་ལྷུང་བཅུག་པ་ལ་བརྟེན་ནས་ཡར་འཕགས་པ་ཞིག་ཡིན་པར་མཐོང་། ང་ལ་དོ་སྣང་ཞིག་བྱུང་བ་ནི། ཨ་རི་དང་ཡུ་རོབ་གཙོས་པའི་རྒྱལ་ཁབ་སྟོབས་ཆེན་ཚོས་ཨ་རབ་མི་དམངས་ཚོར་གཞོགས་འདེགས་ཀྱི་གསུང་སྐད་ཤོར་བ་དེ་རེད། གསུང་སྐད་འདི་དག་ལ་རྐྱེན་བྱས་ཏེ་སྲིད་དབང་སྒེར་གཅོད་པ་ཚོས་ཀྱང་མི་དམངས་ཀྱི་གསེང་ལ་འབོམ་གཡུགས་མ་ཐུབ་པ་རེད། འབོམ་གཡུགས་པ་ཡིན་ན་སྟོབས་ཆེན་རྒྱལ་ཁབ་ཚོས་མཁའ་དམག་དང་མཚོ་དམག་དྲངས་ཏེ་སྲིད་གཞུང་ཉམས་དམས་སུ་གཏོང་སྲིད་པ་རེད། ཡིན་ནའང་གལ་སྲིད་རྒྱ་ནག་ནང་དུ་འདི་འདྲའི་ངོ་རྒོལ་ཞིག་ལངས་པ་ཡིན་ན་སྟོབས་ཆེན་རྒྱལ་ཁབ་འདི་ཚོ་རྒྱ་ནག་མི་དམངས་ཀྱི་རྗེས་སུ་འབྲང་གི་རེད་དམ། རྒྱ་ནག་གིས་མི་དམངས་ཁྲོད་དུ་འབོམ་གཡུགས་པ་ཡིན་ན་སྟོབས་ཆེན་རྒྱལ་ཁབ་ཚོས་མཁའ་དམག་དང་མཚོ་དམག་འདྲེན་གི་རེད་དམ། གནད་འགག་འདི་ཡིན་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme