Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨམ་སྐད་ཀྱིས་བྲིས་བས་ཤེས་ཀི་མི་འདུག་ཟེར། མི་རིང་དང་མི་ཞེང་ཆེན། མིག་རྣོ་གསུམ་གྱི་སྒྲུང་།།

Posted on 2012-06-252012-06-25 By ཁ་བརྡ་ 36 Comments on ཨམ་སྐད་ཀྱིས་བྲིས་བས་ཤེས་ཀི་མི་འདུག་ཟེར། མི་རིང་དང་མི་ཞེང་ཆེན། མིག་རྣོ་གསུམ་གྱི་སྒྲུང་།།

ཨ་ནུ་ཐང་བསོད་ནམས།

༼ སྒྲུང་འདི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གིས་ཕྲན་ལ་བསྒྱུར་ཏུ་བཅུག་པས་ཁ་ངོ་མ་ཟློག་པས་ལས་བྱོལ་དུ་བསྒྱུར་ཁུལ་བྱས་ཀྱང་བོད་པའི་དབུ་མེད་ཅིག་གིས་སྒྲུང་འདི་ཨམ་སྐད་ཀྱིས་བྲིས་བས་གོ་ཡ་འདུག་མི་འདུག་གསུངས་བས་ཀློག་པ་པོ་རྣམས་ཀྱིས་དགོངས་འཆར་གསུངས་བ་མཁྱེན། ༽

༡༽རྒྱལ་པོ་ཞིག་ཡོད་པ་དེ་ལ་སྲས་ཤིག་ཡོད། ཉིན་ཞིག་རྒྱལ་པོས་ད་ནི་ང་རྒས་ཟིན་ཅིང་ཁྱེད་རང་ཆང་ས་རྒྱག་རན་པས་ངས་ཁྱེད་ཀྱི་མ་འོངས་བའི་གནའ་མ་ལྟ་འདོད་འདུག་ཅེས་ལབ། སྲས་ཀྱིས་ངས་ཁྱེད་ཀྱི་རེ་བ་སྐོང་འདོད་ཡོད་ཀྱང་ང་ལ་ངོ་ཤེས་ཀྱི་བུ་མོ་ཞིག་ད་བར་མེད་ཅེས་ཞུས།
༢༽ ཡབ་ཀྱིས་གསེར་གྱི་ལྡེར་མིག་ཅིག་སྤྲད་ཅིང་ཁྱེད་རང་ཐོག་ཁང་གི་བརྙན་པར་ར་བ་སོང་དང་། དེ་ནས་ཁྱེད་ཀྱི་བློ་ལ་འབབ་པའི་གནའ་མ་ཞིག་དེ་ནས་འདེམས་ཏེ་ང་ལ་ལབ་ཅེས་གསུངས།

༣༽ གསེར་གྱི་མཐའ་ཤིང་ནང་དུ་རྒྱལ་པོའི་གཞན་གྱི་སྲས་མོ་བཅུ་བཉིས་ཡོད་པའི་ལྕགས་སྒོ་ཕྱེ་ནས་ནང་དུ་ཕྱིན། སྲས་མོ་ཀུན་གྱི་དབུ་རུ་རྒྱལ་པོའི་དབུ་རྒྱན་མནབ་ཡོད་ཅིང་། དེ་དག་ལ་བལྟས་རྗེས་གཅིག་ནི་གཞན་ལས་ཀྱང་མཛེས་ཉམས་ལྡན་པ་མཐོང་།
༤༽ ཁོ་ཧང་སང་བའི་སྒོ་ནས་ཁོང་རྣམས་ལ་ཞིབ་ལྟ་གནང་རྗེས་འདྲ་པར་བཅུ་གསུམ་པ་དེ་དར་རས་ཀྱིས་བཀབ་ཡོད་པ་ཤེས། དར་རས་ཕར་གཡུག་ནས་གང་ཞིག་དེ་རུ་འདུག་པ་བལྟས།
༥༽ གྱོན་གོས་དཀར་པོ་མནབ་ཅིང་དངུལ་གྱི་སྐེ་རགས་བཅིང་བ། མུ་ཏིག་གི་དབུ་རྒྱན་ཡོད་པའི་བུ་མོ་ཞིག་མཐོང་ཞིང་མོ་ནི་ཧ་ཅང་གི་མཛེས་སྡུག་ལྡན་པ་ཡང་། སྐྱོ་ཉམས་ལྡན་ཞིང་སྐུ་ཁ་སྐུ་མདོག་སྐྱ་པོས་ཁེངས། འདྲ་པར་གྱི་མདུན་དུ་རྒྱལ་སྲས་རྒྱུན་རིང་ལངས་ནས་ལྷག་ཅིང་། རིམ་བཞིན་སྙིང་དུ་ཟུག་གཟེར་སྐྱེས་བས་ལྷོད་ཀྱིས་ངུས། ཁོང་ལ་མོ་ནི་མཁོ་ཞིང་གཞན་རྣམས་དགོས་མཁོ་མེད་པ་གཞི་ནས་འཚོར། སྐབས་དེར་འདྲ་པར་གཞན་རྣམས་ངེས་མེད་དུ་ཡལ།
༦༽ རྒྱལ་སྲས་འོག་ཁང་དུ་ཕྱིན་ནས་ཡབ་རྒྱལ་པོ་ལ་ཁོས་ཅི་ཞིག་གདམས་པ་ཞུས་སྐབས་ཡབ་སྐྱོ་སྣང་གིས་གང་། ཡབ་གྱིས་རྒྱལ་སྲས་མ་དེ་རྫུ་འཕྲུལ་ལྡན་པའི་མི་ཞིག་གིས་བཙོན་དུ་བཅུག་ཟིན་པས་མི་སུ་ཞིག་མོ་སྐྱོབ་ཏུ་ཕྱིན་ཡང་ཕྱིར་འོང་མེད། ཁྱེད་ཀྱིས་མོ་སྐྱོབ་ནས་མོ་དང་མཉམ་དུ་ལམ་ལྷོང་ལྡན་པའི་ངང་ཕྱིར་ལོག་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་གསུངས།
༧༽ རྒྱས་སྲས་ཀྱིས་ཡབ་དང་གྱེས་ཕྱག་གིས་རྟ་ལ་ཞོན་ནས་ཕྱིན་མཐར་ནག་ཁུང་དབུས་སུ་ལམ་ཁ་བརླགས། གློར་བུར་དུ་རྒྱབ་ཕྱོགས་ནས་མི་ཞིག་གིས་བོས་ཞིང་”ང་སྐུ་ཉིད་ཀྱི་ཞབས་ཞུ་པ་ཁྲིད་ཅིག ཁྱེད་ཉིད་མ་འོངས་བ་ཐུགས་འགྱོད་མི་སྐྱེས་པ་སེམས་ཐག་ཡིན།” རྒྱལ་སྲས་ཀྱིས་ཁྱེད་རང་སུ་ཡིན། ཁྱེད་ལ་དམིགས་བསལ་གྱི་ནུས་པ་ཅི་ཡོད་ཅེས་དྲིས། གཞན་གྱིས་ང་ལ་མི་རིང་ཟེར། ངའི་ལུས་པོ་ནགས་ཚལ་འདིའི་སྡོང་པོ་རིང་ཤོས་ལས་ཀྱང་རིང་བ་བྱེད་ཐུབ་པས་ཡིན།
༨༽ ཁོས་བཤད་པ་ནང་བཞིན་དེ་ལྟར་བྱས་ཤིང་སྡོང་པོ་རིང་ཤོས་ལས་བྱ་ཚང་ཞིག་བླངས་ཏེ་རྒྱལ་སྲས་ལ་ཕུལ། རྒྱལ་སྲས་ཀྱིས་ཁྱེད་ཀྱིས་དེ་ལྟར་བྱེད་པ་ཡག་པོ་རེད། ཡིན་ཡང་ཁྱེད་ཀྱིས་ང་ལ་ནགས་གསེབ་འདི་ནས་ལམ་ཁ་བསྟན་ན་དེ་ལས་ཡག་ཤོས་རེད། མི་རིང་གིས་རང་གཟུགས་རིང་དུ་བཏང་ཞིང་བལྟས་རྗེས་ལམ་ཁ་འདི་ནས་ནགས་གསེབ་ལས་ཕྱི་རུ་འགྲོ་ས་ཐུང་ཤོས་རེད་ཅེས་བསྟན།
༩༽ ཁོང་གཉིས་ནགས་གསེབ་ལས་ཕྱི་རོལ་ཏུ་ཐོན་སྐབས་མི་རྒྱགས་པ་ཞིག་མཐོང་། མི་རིང་གིས་ཁོང་ནི་ངའི་གྲོགས་པོ་རེད། ཁྱེད་ཀྱིས་ཞབས་ཞུ་པ་བྱེད་ཆོག ཁོས་ཞབས་ཞུ་ཡག་པོ་བྱེད་ངེས་རེད། རྒྱལ་སྲས་ཀྱིས་ཁྱེད་རང་སུ་ཡིན། ཁྱེད་ལ་དམིགས་བསལ་གྱི་ནུས་པ་ག་རེ་ཡོད་ཅེས་དྲིས། གྲོགས་པོས་ང་ལ་ཞེང་ཆེ་ཟེར། ངའི་ལུས་ཕུང་ཞེང་ཁ་ཆེ་རུ་བཏང་བའི་ནུས་བ་ཡོད། རྒྱལ་སྲས་ཀྱིས་ང་ཚོ་ལ་སྟོན་དང་ཞེས་གསུངས།
༡༠༽ “བྲོས་ཤིག མགྱོགས་པོ་ནགས་གསེབ་ཏུ་བྲོས་ཤིག དེ་མིན་ངའི་གྲོད་ཁོག་ཆེ་རུ་གྱུར་ནས་བས་ཁྱེད་གཉིས་གཙིར་ངེས་རེད་ཅེས་བཤད་སྐབས་མི་རིང་འབྲོ་ས་རུ་རྒྱལ་སྲས་རྟ་ལ་ཞོན་ཏེ་བྲོས་ཀྱང་ཕལ་ཆེར་གཙིར་འཕྲོ་བྱོས།”
༡༡༽ སྐབས་དེར་ཞེང་ཁ་ཆེ་རུ་བཏང་མཚམས་བཞག་ཅིང་ཁ་ནས་དབུགས་ཕྱི་རུ་བཏོན་ཚེ་ཤིང་ནགས་ཀྱི་མགོ་བོ་ཡོམ་ཡོམ་དུ་ས་རུ་གཡོས། རྒྱལ་སྲས་བཞད་བགད་དང་ལྷན་དུ་ཁྱེད་ཀྱིས་ང་ཐག་རིང་སར་འབྲོ་རུ་བཅུག་སོང་། ངས་ཉིན་རེ་བཞིན་མི་ནུས་བ་ཅན་འདི་འདྲ་རྙེད་པ་མི་སྲིད་པས་ང་དང་མཉམ་དུ་འགྲོ་ཞེས་སྨྲས།
༡༢༽ ཁོང་ཚོར་བྲག་ངོས་སུ་ཕྱིན་སྐབས་མགོ་དཀྲིས་ཀྱིས་མིག་གཉིས་བཏུམས་པའི་མི་ཞིག་དང་འཕྲད། རྒྱལ་སྲས་ཀྱིས། མིག་གཉིས་བཏུམས་ཚེ་ལམ་ཁ་ཡག་པོ་མི་མཐོང་བས་ག་རེ་བྱས་ནས་བཏུམས་པ་ཡིན་ཞེས་དྲིས།། ངའི་མིག་ཧ་ཅང་རྣོ་བས་བཀབ་པ་ཡིན། གལ་སྲིད་མ་བཀབ་ན་རྣོ་རྒྱུ་མང་དྲགས་པས་ལྟ་ཡུལ་ཀུན་ལ་འཚིག་སྐྱོན་དང་གཏོར་སྐྱོནའབྱུང་བས་ཡིན། དེ་བརྟེན། ང་ལ་མིག་རྣོ་ཅན་ཞེས་འབོད།
༡༣༽ ཁོས་མིག་སྒྲིབ་ཀྱི་རས་མར་ཕུད་ཅིང་བྲག་རྡོ་ཞིག་ལ་ཐེར་ཟུག་ཏུ་བལྟས་སྐབས། བྲག་རྡོ་བསྲེགས་ཤིང་གནམ་ལ་གས་འཐོར་དུ་ཕྱིན་ཞིང་མཐར་བྱེ་མ་ཙམ་དུ་གྱུར།
༡༤༽ བྱེ་མའི་དཀྱིལ་ནས་འོད་དུ་འཚེར་བའི་གསེར་ཞིག་བྱུང་ཞིང་གསེར་དེ་རྒྱལ་སྲས་ལ་ཕུལ། རྒྱལ་སྲས་བཞད་བགད་དང་ལྷན་དུ་ཁྱེད་ནི་རིན་ཐང་ཅན་གྱི་མི་ཞིག་རེད། གལ་སྲིད་མི་ཞིག་གིས་ཁྱེད་ཉིད་མ་ཁྲིད་ན་སྨྱོན་པ་ཡིན་ངེས་རེད་ཅེས་གསུངས།
༡༥༽ ཁྱེད་ཀྱི་མིག་དེ་འདྲ་རྣོ་པས་འདི་ནས་ལྕགས་ཀྱི་ཕོ་བྲང་བར་དུ་ལམ་ཐག་ཅི་ཙམ་དང་། དེ་ནས་ད་ལྟ་ག་རེ་བྱེདབཞིན་འདུག ངས་ཤེས་འདོད་འདུག་ཅེས་དྲིས། ཁོང་ཚོ་ད་ལྟ་དགོང་ཟས་གྲྭ་འགྲིག་བྱེད་བཞིན་འདུག ངའི་མ་འོངས་བའི་གནའ་མས་ག་རེ་བྱེད་བཞིན་འདུག མོ་ནི་ཕོ་བྲང་གི་ཡང་ཐོག་ནས་བཟང་བཙོན་དུ་འདུག་ཅིང་རྗུ་འཕྲུལ་ཅན་གྱི་མི་ངན༼བོད་ཀྱི་ལྷ་སྒྲུང་དུ་བདུད་ཅེས་འབོད་པ་དང་གཅིག་མཚུངས་རེད་སྙམ༽ དེས་སྲུང་ནས་བསྡད་འདུག དེ་རིང་དགོང་ཁ་བར་དུ་ང་ཚོ་གནས་དེ་རུ་འབྱོར་ཐུབ་ངེས་རེད་ཅེས་ལན་གནང་།
༡༦༽ བྲག་ངོས་དང་རྗ་གསེབ། ནགས་གསེབ་སོགས་རྒྱུུད་ནས་བར་ཆོད་སྣ་ཚོགས་བྱུང་ཡང་ཞབས་ཞུ་པ་གསུམ་གྱི་ནུས་མཐུ་ཡིས་དེ་དག་ཐམས་ཅད་བཟློགས། ཉི་མ་ནུབ་པ་མཉམ་དུ་ལྕགས་ཀྱི་ཕོ་བྲང་ཁོང་ཚོའི་མིག་མདུན་དུ་མངོན།
༡༧༽ ཁོང་ཚོ་བཞི་པོ་ཕོ་བྲང་གི་ཉེར་འཁོར་གྱི་སྲུང་སྐྱོབ་རྫིང་བུའི་ཟམ་པ་རྒྱུད་སྒོ་ཆེན་དུ་འཛུལ་བ་དང་མཉམ་དུ་རྒྱ་སྒོ་རང་བཞན་གྱིས་བརྒྱབས།
༡༨༽ ལྕགས་ཀྱི་ཕོ་བྲང་གི་མདུན་ཐང་དང་རྟ་ཁང་། ཚོགས་ཁང་དང་སྒེར་ཤག་སོགས་སུ་མི་མང་པོ་མཐོང་ཡང་ཐམས་ཅད་བྲག་རྡོ་གྱུར་པས་སུ་ཡང་འགུལ་སྐྱོད་བྱེད་མ་ཐུབ་པ་ལྷག
༡༩༽ ཁོང་རྣམས་ཕོ་བྲང་གི་ཚོགས་ཁང་ནང་དུ་ཕྱིན། ཚོགས་ཁང་གི་དཀྱིལ་དུ་མདུན་ཅོག་ཅིག་ཡོད་ཅིང་མདུན་ཅོག་སྟེང་དུ་བཟའ་བཏུང་གིས་གང་། ཁོང་རྣམས་ཀྱིས་ཅུང་ཙམ་སྒུག་བྱེད་ཀྱང་སུ་ཡང་མ་ཡོང་བས་མཐར་བཟའ་བཏུང་རྣམས་གང་ཐུབ་ཀྱིས་ལོངས་སུ་སྤྱད།
༢༠༽ ཁོང་ཚོས་བཟའ་བཏུང་ཚར་རྗེས་སུ་རྫུ་འཕྲུལ་ཅན་གྱི་མི་ངན་དེས་སྒོ་ཕྱེ་ནས་ནང་དུ་སླེབས། མི་དེས་གྱོན་པ་ནག་པོ་གྱོན་ཞིང་ཁ་སྤུ་པུས་མོ་བར་དུ་སླེབས་པ། ལྕགས་ཀྱི་སྐེ་རགས་གསུམ་གྱིས་སྐེད་པ་བཅིངས་ཤིང་སྲས་མོ་སྐུ་ཞབས་ཀྱི་ཕྱག་ལ་འཇུས་ནས་སླེབས། སྲས་མོས་ན་བཟའ་དཀར་པོ་མནབས་ཤིང་མུ་ཏིག་དབུ་རྒྱནབཀྲུས་ཁར་སྐྱོ་ཉམས་སྒང་སྐུ་མདོག་སྐྱ་པོ་ཆགས་པས་དུར་ས་ནས་ཕྱིར་ལོག་བྱེད་པ་དང་གཉིས་སུ་མཆིས།
༢༡༽ ཁྱེད་ཚོ་འདི་རུ་ག་རེ་ཆེད་དུ་ཡོང་བ་ངས་ཤེས་ཡོད། ཁྱེད་ཚོས་མོ་ཁྲིད་རྒྱུ་ཡིན་པས། ཁྲིད་ན་འགྲིག་གི་རེད། ཡིན་ཡང་ཁྱེད་ཚོས་ཉིན་གསུམ་རིང་མོ་ཡལ་དུ་མི་འཇུག་པ་ལྟ་རྟོགས་བྱེད་དགོས། དེ་མིན་ཁྱེད་ཚོ་ཡང་མོ་ཁྲིད་རྩིས་བྱེད་མཁན་གྱི་དེ་སྔོན་གྱི་མི་ཚོ་བཞིན་རྡོ་རུ་འགྱུར་ངེས་རེད། ཅེས་སྣང་ཆུང་གིས་བཤད་ཅིང་སྲས་མོ་རྐུབ་སྟེགས་སྟེང་དུ་སྡོད་དུ་བཅུག་ནས་ཕྱིན།
༢༢༽ མོའི་མཛེས་སྡུག་གིས་རྒྱལ་སྲས་ཀྱི་ལུས་ངག་ཡིད་གསུམ་ཀུན་ནས་བཀུག་ཅིང་རང་དབང་མེད་པ་མོ་ཡི་མདུན་དུ་ཕྱོགས་ཀྱང་མོ་ནི་མཱ་མཱ་གི་རྡོ་ནང་བཞིན་ཕྱི་ལན་ཅི་ཡང་མ་གནང་བ་ལྷག མི་རིང་གིས་རང་ལུས་ཁང་གདོང་དུ་མ་ཐུག་པ་རིང་དུ་བཏང་ཞིང་མི་གྱད་ཀྱིས་རང་གཟུགས་ཆེ་རུ་བཏང་ནས་སྒོ་བཅད། མིག་རྣོས་མོ་ལ་བྱ་ར་བྱས། ཅུང་འགོར་རྗེས་ཁོང་རྣམས་ཧ་ཅང་ཨ་ཐང་ཆད་ནས་མཚན་གང་གཉིད་དུ་གཡུར།
༢༣༽ ཞོགས་པ་ཐེངས་དང་པོ་རྒྱལ་སྲས་གཉིད་ལས་སེལ། བྲེལ་ཚབ་ངང་གང་མགྱོགས་ཀྱིས་ཞབས་ཞུ་པ་རྣམས་གཉིད་ལས་དཀྲོགས་ཤིང་སྲས་མོ་གནས་འདིར་མི་འདུག་ཅེས་ལབ། མིག་རྣོས་ཐུགས་ཁྲལ་མ་གནང་། ངས་ལྟ་དགོས་ཟེར་བཞིན་སྒེའུ་ཁུང་རྒྱུད་དེ་བལྟས་སྐབས་མོ་ནི་ནགས་དཀྱུལ་གྱི་བེ་ཤིང་རྩེ་ཡི་བེ་འབྲས་ཀྱི་ནང་དུ་ཡིབ་པ་མཐོང་།
༢༤༽ མི་རིང་གིས་མིག་རྣོ་རྒྱབ་ཏུ་འཁུར་ཞིང་ནགས་གསེབ་ཏུ་མིག་རྣོའི་ལམ་སྟོན་བཞིན་ཕྱིན། གོམ་གང་ལ་མེ་ལི་གཅིག་ཙམ་ཡོད་པས་ཁོང་གཉིས་ཀྱིས་མགྱོགས་པོ་གནས་དེར་སླེབས་ཏེ། ཤིང་ཏོག་བཏོགས་ནས་འཕྲལ་དུ་རྒྱལ་སྲས་ཀྱི་གམ་དུ་ལོག ཤིང་ཏོག་རྒྱལ་སྲས་ལ་ཕུལ། རྒྱལ་སྲས་ཀྱིས་ཤིང་ཏོག་ས་ལ་གཡུག་པ་ན་སྲས་མོ་འཇའ་མཚོན་ལྟར་ཁོང་གི་འཁྲིས་སུ་མངོན།
༢༥༽ རྗུ་འཕྲུལ་ཅན་གྱི་མི་ངན་གྱིས་སྒོ་མགྱོགས་པོ་ཕྱེ་ཞིང་ནང་དུ་སླེབས། ཡ་མཚན་གྱི་ངང་མིག་གྱེར་རེ་བལྟས་སྐབས་ཁོང་གི་ལྕགས་ཀྱི་སྐེ་རགས་གཅིག་ཆད། སྲས་པོ་ལག་ཏུ་འཇུས་ནས་ཁོང་དང་མཉམ་དུ་ཕྱི་ཁྲིད།
༢༦༽ རྒྱས་སྲས་དང་ཁོང་གི་ཞབས་ཞུ་པ་རྣམས་ཉིན་གང་ཕོ་བྲང་དུ་མྱུལ་སྐབས་རྒྱས་སྲས་གཞན་དང་མི་མང་པོ་ཞིག་རྡོ་རུ་འགྱུར་ཞིང་མི་ཞིག་འབྲོ་རྩིས་བྱེད་སྐབས་དང་། མི་ཞིག་གིས་རལ་གྲི་ཕྱི་རུ་བཏོན་རྩིས་བྱེད་སྐབས། མི་ཞིག་གིས་ཤ་ཟ་སྐབས་བཅས་སུ་རྡོ་རུ་གྱུར་བས་གནས་དེར་དམག་ཤུལ་གྱི་གཡུལ་ས་བཞིན་གསོན་ཤུགས་མེད་པ་གནས་བ་མ་ཟད། ཆུ་བོ་ཡང་རྒྱུ་བཞིན་མེད་ལ་ཉ་ཡང་གཙང་པོ་མེད། གནས་དེ་རུ་བྱ་བྱེའུ་མེད་ཅིང་ཤིང་སྡོང་ལ་ལོ་མ་མེད་པས་ཆེས་ཉམ་ང་མངའ་བའི་གནས་སུ་མཆིས།
༢༧༽ དུས་ཡུན་གསུམ་གྱི་ཟས་རིགས་དུས་ཐོག་ཏུ་རང་བཞིན་སླེབས་ཤིང་ཁོང་རྣམས་ཀྱིས་ཕོ་བྲང་དུ་བཟའ་བཏུང་ལ་བདེ་པ་རོལ། ལྷག་པར་དུ་བཏུང་ཡ་རིགས་འདྲ་མིན་སྣ་ཚོགས་ཀྱང་རྒི་ལ་སི་ཡི་glassནང་དུ་རང་བཞིན་གྱིས་འཕོ་བས་བདེ་བ་བཏུང་།
༢༨༽ དགུང་ཟས་རྗེས་ཡང་རྫུ་འཕྲུལ་ཅན་གྱི་མི་ངན་དེས་སྒོ་ཕྱེ་ཞིང་སྲས་མོ་ཁྲིད་དེ་འོང་། ཁྱེད་ཚོས་མཚན་གང་མོ་ལ་ལྟ་རྟོག་ནན་པོ་བྱོས་བཤད་དེ་ཕྱིན། ཁོང་ཚོས་མཚན་གང་ལྟ་རྟོགས་བྱེད་རྒྱུ་ཁས་ལེན་བྱས་ཀྱང་སླར་ཡང་གཉིད་དུ་གཡུལ།
༢༩༽ ཞོགས་པ་ཉི་མ་ཤར་བ་དང་མཉམ་དུ་རྒྱལ་སྲས་ཡར་བཞེངས་ཞིང་ཡར་མར་བལྟས་ཀྱང་སྲས་མོ་མ་མཐོང་། “ཁོས་མགྱོགས་པོ་མིག་རྣོ་ལ་ཡར་ལོངས་ནས་སྲས་མོ་གང་དུ་ཡོད་མེད་ལྟོས་དང་།” “མིག་རྣོ་ཡིས་མིག་ཕུར་ཕུར་ཞིག་སྟངས་ཞོར་དུ་བལྟས་ནས་ངས་མོ་གང་དུ་ཡོད་པ་མཐོང་བྱུང་།” འདི་ནས་མེ་ལི་གཉིས་བརྒྱ་ཙམ་གྱིས་སར་བྲག་ནང་དུ་ནོར་བུ་ཞིག་འདུག ནོར་བུ་དེ་སྲས་མོ་རེད།
༣༠༽ མིག་རིང་གིས་མིག་རྣོ་ཕྲག་ཏུ་འཁུར་ཞིང་གནས་དེ་རུ་ཕྱིན། གོམ་པ་གང་ལ་མེ་ལི་ཉི་ཤུ་ཙམ་ཡོད། མིག་རྣོའི་མིག་གིས་བྲག་རྡོ་དེ་དུམ་བུ་སྟོང་ཕྲག་དུ་མ་བཏང་ཞིང་གས་སྲིབ་ལས་འོད་དུ་འཚེར་བའི་ནོར་བུ་ཐོན། ཁོང་གཉིས་ཀྱིས་ལམ་སང་དེ་འཁུར་ནས་ཕྱིར་རྒྱལ་སྲས་ཀྱི་གམ་དུ་ལོག
༣༡༽ རྒྱལ་སྲས་ཀྱི་ནོར་བུ་ས་ལ་གཡུག་སྐབས་སྲས་མོ་ཁོང་གི་འཁྲིས་སུ་ལངས་ནས་བསྡད། དུས་དེར་མོ་སྔོན་ལྟར་ཤ་མདོག་སྐྱ་པོ་མ་རེད། རྫུ་འཕྲུལ་ཅན་གྱི་མི་ངན་གྱིས་མགྱོགས་པོར་སྒོ་ཤུགས་ཆེན་ཕྱེ་ཞིང་སེམས་ཁམས་མ་སྐྱིད་པའི་ངང་ནང་དུ་ལོག ཁོས་སྲས་མོ་དེ་རུ་ཡོད་པ་མཐོང་བས་ཁོང་ཁྲོས་ངར་སྐད་ཅིག་འབྱིན་སྐབས། ཁོང་གི་ལྕགས་ཀྱི་སྐེ་རགས་གཉིས་པ་དེ་ཆད་ཅིང་སྐེད་པ་ནས་ས་ལ་ཟགས། སྲས་མོ་ཁྲིད་ཅིང་ཕོ་བྲང་གི་ཡང་དཀྱིལ་དུ་ཡལ།
༣༢༽ ཉིན་དེ་ཁ་སང་བཞིན་ཡིན་ཡང་དགོང་མོ་སླར་ཡང་རྫུ་འཕྲུལ་ཅན་གྱི་མི་ངན་གྱིས་སྲས་མོ་ཁྲིད་ནས་རྒྱལ་སྲས་གྱི་གམ་དུ་སླེབས། “ངལ་རྒྱལ་དང་ལྷན་དུ་ད་ཐེངས་ངེད་གཉིས་སུ་རྒྱལ་ལྟ་དགོས་བཤད་ཅིང་ལམ་སང་ལོག” ཁོང་ཚོས་ཕན་ཚུན་ལ་ད་ཐེངས་ཉེན་ཁ་མི་རྒྱུད་རྒྱུའི་དམ་བཅའ་ཕུལ་ཡང་ཞོགས་པ་གཉིད་དུ་གཡུལ།
༣༣༽ རྒྱལ་སྲས་སྐྱོ་སྣང་གི་ངང་མིག་རྣོ་མལ་ལས་བསླངས་ཤིང་སྲས་མོ་ཡལ་ཚར་འདུག མགྱོགས་པོ་གང་དུ་ཡོད་མེད་རྩད་གཅོད་བཏང་དང་། མིག་རྣོས་གང་སར་བལྟས་རྗེས་མེ་ལི་སུམ་བརྒྱའི་ས་རུ་མཚོ་ཞིག་འདུག་ཅིང་མཚོ་དཀྱིལ་དུ་དུང་ཞིག་མཆིས། དུང་དཀྱིལ་དུ་མཛུབ་དཀྲིས་ཤིག་འདུག མཛུབ་དཀྲིས་ཀྱི་དཀྱིལ་དུ་མུ་ཏིག་གིས་རྒྱན་ཞིང་མི་ཏུག་དེ་ནི་སྲས་མོ་རེད། ཐུགས་ཁྲལ་མ་གནང་། ང་ཚོས་སྲས་མོ་ཕྱིར་ཁྲིད་ཡོང་གི་ཡིན། མི་རིང་གིས་ཁོང་གི་གྲོགས་པོ་གཉིས་ཕྲག་པ་གཡས་ཡོན་དུ་བཞག་ཅིང་གོམ་པ་གཅིག་ལ་མེ་ལི་སུམ་བཅུ་རེ་སྤོས་ཏེ་གནས་དེ་རུ་ཕྱིན།
༣༤༽ ཁོང་རྣམས་གནས་དེ་རུ་འབྱོར་རྗེས་མིག་རྣོས་མི་རང་ལ་དུང་དཀར་གང་དུ་ཡོད་མེད་བསྟན། མི་རིང་གིས་རང་ནུས་ཅི་ལྕོགས་ཀྱིས་བསྙབས་ཀྱང་མཚོ་མོ་ཟབ་དྲགས་པ་མཚོ་དཀྱིལ་དུ་སྙོབ་མ་ཐུབ།
༣༥༽ མི་གྱད་ཀྱིས་རང་ལུས་གང་ཐུབ་ཀྱིས་ཆེ་རུ་བཏང་ཞིང་མཚོ་འགྲམ་དུ་ཉལ་ནས་བཏུངས་བས་ཆུ་རིམ་བཞིན་ཉུང་དུ་ཕྱིན་ཏེ་མི་རིང་གིས་སྙོབ་ཐུབ་པ་བྱུང།
༣༦༽ མི་རིང་གིས་དུང་དཀར་དབུས་ཀྱི་མཛུབ་དཀྲིས་བླངས་ཤིང་གྲོགས་པོ་གཉིས་ཕྲག་ཏུ་འཁུར་ནས་བྲེལ་ཚབ་ངང་ཕྱིར་རྒྱལ་སྲས་ཀྱི་གམ་དུ་ལོག ཡིན་ཡང་མི་གྱད་ཀྱིས་མཚོ་ཡི་ཕྱེད་ཀ་འཐུང་བའི་རྐྱེན་མི་རིང་སྔོན་ལྟར་མགྱོགས་པོ་འགྲོ་མ་ཐུབ་པས་ཁོས་མི་གྱད་ལུང་ཁུག་ཟབ་མོ་ཞིག་གི་ནང་དུ་ས་ལ་གཡུགས ལུང་པ་དེ་ཆུ་ཡིས་གང་།
༣༧༽ ཐོ་རེངས་ཀྱི་སྐྱ་མདའ་དལ་གྱིས་ཤར་ཡང་རྒྱལ་སྲས་ཀྱི་ཞབས་ཞུ་པ་རྣམས་ད་དུང་མ་སླེབས། ཉི་མའི་འོད་ཟེར་མཐོ་པོའི་ཤར་རིའི་ཕྱོགས་ཀྱི་ནམ་འཕྲོས་ཀྱང་ཁོང་རྣམས་མ་སླེབས་པས་རྒྱལ་སྲས་ལ་དེ་སྔོན་སྐྱེས་མྱོང་མེད་པའི་འཇིགས་སྣང་ཞིག་གིས་ཀུན་ནས་དེད། སྐབས་དེ་རུ་རྫུ་འཕྲུལ་ཅན་གྱི་མི་ངན་གྱིས་སྒོ་ཕྱེ་ནས་ནང་དུ་སླེབས། ཁོས་གང་སར་བལྟས་ཀྱང་སྲས་མོ་མ་མཐོང་པས་དགའ་སྤྲོས་གད་མོ་ཤུགས་ཆེ་བགད།
༣༨༽ མིག་རྣོས་གནད་དོན་ཅི་ཞིག་ལྷག་བཞིན་ཡོད་པ་མཐོང་པས་མི་རིང་ལ་བཤད། མི་རིང་མཆོང་ཐེངས་གཅིག་གིས་ཉེ་སར་བཅར་ཞིང་མཛུབ་དཀྲིས་སྒེའུ་ཁུང་རྒྱུད་ནས་ནང་དུ་གཡུགས། དཀྱིལ་གྱི་མི་ཏུག་བཅག་པས་སྲས་མོ་མཐོང་ལམ་དུ་མངོན། སྲས་མོས་རྒྱལ་སྲས་ལ་འཛུམ་མདངས་དང་ལྷན་འོད་དུ་འཚེར་བའི་མཁུར་ཚོས་ངོམས།
༣༩༽ རྫུ་འཕྲུལ་ཅན་གྱི་མི་ངན་གྱིས་སྡང་སྐད་ཀྱི་ངར་སྒྲ་བསྒྲོགས་པས་ཕོ་བྲང་ཡང་ལྡེམ་ལྡེམ་དུ་གཡོ་ཞིང་ཁོའི་ལྕགས་ཀྱི་སྐེ་རགས་གསུམ་པ་དེ་ཆད། ཁོ་ཁྭ་ཏ་སྤྲུལ་ཞིང་སྒེའུ་ཁུང་རྒྱུད་ནས་ཕྱི་རུ་ཕུར། ལམ་སང་རྒྱལ་སྲས་ཀྱི་སེམས་སུ་ད་ནི་ཁོས་སྲས་མོ་སྐྱོབ་ཐུབ་སོང་སྙམ་སྐབས་སྲས་མོ་ངོ་ཚའི་དབང་གིས་ཁ་མདོག་དམར་པོ་ཆགས་ཤིང་རྒྱ་སལ་མེ་ཏོག་ལྟར་བུ་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར། དེ་ནི་དགའ་སྤྲོ་དང་བརྩེ་དུང་གིས་དམར་པོ་ཆགས་པ་ལས་སྤྱི་སྟངས་ཀྱི་ངོ་ཚ་ཞིག་ག་ལ་ཡིན།
༤༠༽ དེ་དུས་ཕོ་བྲང་དང་ཕོ་བྲང་གི་ཉེར་འཁོར་ཐམས་ཅད་ལ་གསོན་ཤུགས་རྒྱས་ཤིང་དེ་སྔོན་རལ་གྲི་ཕྱི་རུ་བཏོན་རྕིས་བྱེད་པའི་མི་དེས་རལ་གྲི་ཕྱིར་བཏོན་པ་དང་། འབྲོ་རྩིས་བྱེད་པའི་མི་དེ་ས་རུ་འགྱེད་དེ་སྣ་ལ་རྨས་སྐྱོན་བཟོས། ཟ་འཕྲོ་བྱེད་པའི་མི་དེས་ཤ་ཟ་འཕྲོ་རྒྱུན་མཐུད་དུ་ཟས་བ་སོགས་དེ་སྔོན་རྫུ་འཕྲུལ་ཅན་གྱི་མི་ངན་དེས་ཁོང་རྣམས་རྡོ་རུ་མ་བསྒྱུར་གོང་གི་འགུལ་སྐྱོད་ཚང་མ་འཇུག་སྐྱོང་ཡོང་བའི་གོ་སྐབས་ཤར། རྟ་ཕོའི་ངུར་སྒྲ་དང་བྱེའུ་སྐད་སྒྲ་བཅས་རིམ་བཞིན་སྒྲོག་པ་མ་ཟད་གཙང་པོའང་རྒྱུན་ལྡན་བཞིན་རྒྱུ་ཞིང་ཉ་རྣམས་གང་འདོད་དུ་རྩེས།
༤༡༽ ཐམས་ཅད་གྱིས་རྒྱལ་སྲས་ལ་ཐུགས་རྗེ་ལེགས་འབུལ་བྱེད་སྐབས་རྒྱལ་སྲས་དགྱེས་འཚོར་ངང་། གལ་སྲིད་ང་ལ་འཇོན་ཐང་ཅན་གྱི་ཞབས་ཞུ་པ་གསུམ་པོ་མེད་ཚེ་ང་ཡང་ཁྱེད་ཚོ་ནང་བཞིན་རྡོ་རུ་འགྱུར་ངེས་རེད་ཅེས་གསུངས། མགྱོགས་པོ་ཞབས་ཞུ་པ་གསུམ་པ་དང་སྲས་མོ་བཅས་ཁྲིད་ནས་ཡབ་རྒྱལ་པོ་འཁྲིས་སུ་ལོག སྐུ་དྲག་དང་རྒྱལ་སྲས་གཞན་སོགས་ཁོང་གིས་སྐྱོབས་གནང་མཛད་པའི་མི་རྣམས་རྒྱལ་སྲས་ཀྱི་རྗེས་སུ་འབྲངས།
༤༢༽ དགུང་ལོ་བགྲས་པའི་ཡབ་རྒྱལ་པོས་ཁོང་གི་སྲས་ནམ་ཡང་ཕྱི་འོང་མེད་པ་བསམས་ཀྱང་། ལམ་ལྷོང་ངང་བདེ་པ་ཕྱིར་ལོག་པས་བསོད་ནམས་ཆེ་བ་བསྒོམས་ནས་དགའ་བས་ཀུན་ནས་མྱོས་ཤིང་བདེ་སྐྱིད་ཀྱིས་ངུས། ཆང་སའི་གཉེན་སྟོན་གྱི་གྲྭ་བསྒྲིགས་རྒྱ་ཆེན་བྱས། དབུ་རྒྱན་སྲས་ལ་གནང་ཞིང་རྒྱལ་སྲིད་ཕུལ།
༤༣༽ ཆང་སའི་གཉེན་སྟོན་གྱི་རྗེས་སུ་འཇོན་ཐང་ཆེ་བའི་ཞབས་ཞུ་པ་གསུམ་གྱིས་སྐུ་ན་གཞོན་པའི་རྒྱལ་པོ་ལ་ང་ཚོས་ས་ཆ་གཞན་ཞིག་ལ་ཕྱིན་ཏེ་ལས་ཀ་འཚོལ་རྒྱུ་ཡིན་ཞེས་ཞུས། རྒྱལ་པོས་ཁོང་གསུམ་ཁོ་དང་ལྷན་དུ་འདུག་རྒྱའི་སློབ་གསོ་གང་ཐུབ་བཏང་ཡང་ལེགས་འགྲུབ་མ་བྱུང་། རྒྱལ་པོ་དང་རྒྱལ་མོས་ཁོང་གསུམ་ལ་གྱེས་བྲལ་གྱི་མཛད་སྒོ་བསྐྱངས་ཞིང་རྔན་པ་ལ་ཆང་སའི་ཟས་རིགས་སྤྲད། དེ་ནས་བཟུང་ད་ལྟའི་བར་ཁོང་གསུམ་འཛམ་གླིང་སྟེང་ལྗོངས་རྒྱུད་ལ་འགྲོ་བཞིན་ཡོད།།

འགྱུར་རྩོམ།

Post navigation

Previous Post: རིན་པོ་ཆེ་མཆོག་ཚོགས་ཆེན་དུ་ཕེབས་པའི་གནས་ཚུལ།
Next Post: དབང་འདུས་ཕོ་བྲང་མེ་ལ་ཤོར་བ།

Comments (36) on “ཨམ་སྐད་ཀྱིས་བྲིས་བས་ཤེས་ཀི་མི་འདུག་ཟེར། མི་རིང་དང་མི་ཞེང་ཆེན། མིག་རྣོ་གསུམ་གྱི་སྒྲུང་།།”

  1. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-06-25 at 4:27 pm

    བུ་མོ་དེས་ཁྱེད་ཀྱིས་བོད་ཡིག་གིས་བྲིས་པའི་ལབ་རྒྱུའི་ཚབ་དུ་ཁ་ནོར་ནས་ཨམ་སྐད་ཀྱིས་བྲིས་ལབ་པ་ཡིན་རྒྱུ་རེད། ཁོང་ཚོས་གོ་རྒྱུ་ཞིག་འབྲི་དགོས་ཚེ། བོད་ཡིག་དང་བོད་སྐད་ཡིན་མི་སྲིད། ཡང་གཅིག་བཤད་ན། ཁྱི་ཕག་གིས་གོ་བའི་ཡི་གེ་ཞིག་ང་ཚོས་ག་འདྲ་བྱས་ནས་འབྲི་དགོས་སམ། བསྒྱུར་ཡག་གི། མུ་མཐུད་དུ་ཤུགས་རྒྱག་རོགས།

  2. མཁས་གྲུབ says:
    2012-06-25 at 5:03 pm

    ཨ་ནུ་ཐང་བསོད་ནམས་ལགས། ཉིད་ཀྱིས་སྒྲུང་འདི་དཔེ་ཡག་པོ་བསྒྱུར་འདུག་པས་བཀའ་དྲིན་ཆེ། བཀའ་འདྲ་ཞུ་ཡག་གཅིག་ནི། སྒྲུང་འདི་གཡག་རྒོད་བྱིས་པའི་དྲ་གནས་སུ་བཀོད་ན་བྱིས་པ་མང་བོ་ཞིག་ཕན་ཐོག་གི་རེད་འདོད་ཀི། སྐུ་ཉིད་ཀྱིས་འགོད་ཆོག་མི་ཆོག་གི་ལན་ཞིག་གནང་རོགས་མཁྱེན།

  3. ཀླུ་སྨྱོན། says:
    2012-06-25 at 5:27 pm

    བོད་སྐད་དང་དབྱིན་སྐད་ཧིན་སྐད་གསུམ་མ་བསྲེས་ན་ཨམ་སྐད་ཆགས་ལོས་འགྲོ སྐབས་འདིའི་ཨམ་སྐད་ཅེས་པ་ནི་ཨམ་མདོའི་སྐད་ཅེས་པའི་དོན་མ་ཡིན་པར་ཨམ་ཅོག་ནང་ལ་བདེ་བོ་མེད་པའི་སྐད་རིགས་ལ་གོ་དགོས། བུད་མེད་དེས་བོད་དབྱིན་ཧིན་གསུམ་བསྲེས་སྐད་ལ་ཉན་ཉན་ནས་ད་གཟོད་བོད་སྐད་རྐྱང་བ་ཞིག་ལ་ཉན་དུས་དེ་མོའི་ཨམ་ཅོག་ཐང་ཐང་མེད་པ་དེའི་ནང་དུ་བདེ་བོ་མེད་པ་ཞིག་ཆགས་སོང་བ་རེད།

  4. ལོ་མ་ལྗང་ཁུ་། says:
    2012-06-25 at 6:29 pm

    ཨ་ཁུ་ཀླུ་ཚང་དངོས་གནས་རེད་། ཁ་སྐད་ར་མ་ལུག་མ་མཤད་ན་ཕྱི་ལོག་ནས་འཚར་ལོངས་བྱུང་བའི་བོད་མི་དང་བོད་སྐད་སྦྱང་བའི་ཕྱི་མི་མང་པོ་ཞིག་གིས་བོད་སྐད་རྐྱང་བ་བཤད་ན་མི་གོ་ཡི་ཟེར་གི་། ད་དུང་དེ་ནི་བོད་སྐད་དག་མ་མ་རེད་ཟེར་ནས་ཚུར་ལ་རྩོད་པའང་བྱེད་ཀྱི་འདུག

  5. གཞོན་ནུ་ཟླ་མེད། says:
    2012-06-25 at 7:30 pm

    གནའ་སྔོན་མ་ཞིག་ལ་སྒོ་མང་དགེ་བཤེས་ཚུལ་ཁྲིམས་རྒྱ་བོ་ཝ་ར་ན་སིའི་མཐོ་སློབ་ཀྱི་དགེ་རྒན་ལ་མངགས། མཐོ་རིམ་སློབ་མ་ཚང་མས་དགེ་བཤེས་ལགས་ཀྱིས་ཨམ་སྐད་བཤད་ནས་གོ་ཐུབ་ཀྱི་མི་འདུག་ཟེར་ནས་བསམ་འཆར་བཏོན། ཉིན་ཞིག་མཐོ་སློབ་འགན་འཛིན་ཟམ་གདོང་བླ་མ་འཛིན་ཁང་ནང་དུ་བརྟག་དཔྱད་ལ་ཕེབས། དགེ་བཤེས་ཚུལ་ཁྲིམས་རྒྱ་བོ་ལགས་ཀྱིས་ཨམ་སྐད་ཐོག་ནས་དགོད་བྲོ་བའི་སྒྲུང་ཞིག་བཤད། མཐོ་རིམ་སློབ་མ་ཚང་མ་བཞད་གད་ཤོར། མཚམས་དེར་དགེ་བཤེས་ལགས་ཀྱིས་དགེ་སློབ་ཀུན་ལ་ཁྱོད་ཚོས་ཨམ་སྐད་ཡག་པོ་གོ་ཡི་འདུག་ཀ ངས་ཁྱོད་ཚོ་ལ་དཔེ་ཆ་ཁྲིད་དུས་ཨམ་སྐད་མང་པོ་ཡོད་པ་མ་རེད་ཟེར་ནས་བཤད་པས་མཐོ་རིམ་སློབ་མ་ཚང་མ་ལ་ལན་མ་རྙེད་པར་མིག་ཧྲིག་ཧྲིག་བསྡད།

  6. གནམ says:
    2012-06-25 at 9:12 pm

    ལས་ཚིག་གི་དུས་གསུམ་ལ་དབྱེ་བ་ཞིག་མེད་པ་ནི་སེམས་སྐྱོ་བའི་གནས་རེད། དེ་མིནརྟགས״״འདིའི་དགོས་དོན་དང་བཀོལ་སྤྱོད་ཡང་ཡག་པོ་ཞིག་ཤེས་མེད་ཚོད་རེད། གཟབ་གཟབ་གནང་། མ་རྩོམ་མེད་ན་བསྒྱུར་ཡག་པོ་བྱུང་མ་བྱུང་བཤད་དཀའ་བས་དེ་ཙམ་ཞུ།

  7. གནམ says:
    2012-06-25 at 9:43 pm

    རྒྱལ་པོ་ཞིག་ལ་སྲས་ཤིག་ཡོད་པ་རེད། ཉིན་ཞིག་རྒྱལ་པོས་རང་གི་སྲས་ལ་ང་རྒས་ཟིན་པས་ཁྱོད་ཆང་ས་རྒྱག་རན་པ་དང་། དེ་ཡི་མི་ཚད་ངས་ཁྱོད་ཀྱི་མ་འོངས་པའི་བཟའ་ཟླ་དེ་ལ་ལྟ་འདོད་ཡང་ཡོད་ལབ་པར། སྲས་དེས་ང་ལ་ཡབ་ལགས་ཀྱི་ཐུགས་དགོངས་སྐོང་བྱེད་ཀྱི་བུ་མོ་ངོ་ཤེས་ཤིག་ལག་ལ་རེག་མ་མྱོང་ཞེས་ལེན་བཏབ་པ་རེད།
    འདི་འདྲ་ཞིག་འབྲི་ཤོར་སོང་། སྤྲོ་མ་ཁུལ།

    ༡༽རྒྱལ་པོ་ཞིག་ཡོད་པ་དེ་ལ་སྲས་ཤིག་ཡོད། ཉིན་ཞིག་རྒྱལ་པོས་ད་ནི་ང་རྒས་ཟིན་ཅིང་ཁྱེད་རང་ཆང་ས་རྒྱག་རན་པས་ངས་(ཁྱེད་ཀྱི་མ་འོངས་བའི་(གནའ་མ་) འདི་འགྲིག་གི་ཡོད་རྒྱུ་མ་རེད་འདོད། ལྟ་འདོད་འདུག་ཅེས་ལབ། སྲས་ཀྱིས་ངས་ཁྱེད་ཀྱི་རེ་བ་སྐོང་འདོད་ཡོད་ཀྱང་ང་ལ་ངོ་ཤེས་ཀྱི་བུ་མོ་ཞིག་ད་བར་མེད་ཅེས་ཞུས།

  8. མེ་ཏོག་དཀར་པོ། says:
    2012-06-25 at 10:12 pm

    ལྟོས་དང་། ཨ་མདོ་ཧམ་ཆེན་ཚོས་གཅིག་གིས་གཅིག་ལ་བསྟོད་ཁུལ་བྱེད་གི་འདུག

  9. སྣྲོན་ངག་ཁྲི། says:
    2012-06-25 at 11:13 pm

    ༸གོང་ས་མཆོག་གི་ཞལ་སྔ་ནས།
    ཱ༼ང་ཚོས་ཁ་ནས་ཕན་ཚུན་སྐད་ཆ་ཤོད་སྐབས་ཁ་སྐད་དང་ལུང་པ་སོ་སོའི་ཡུལ་སྐད་རྒྱག་
    དགོས་པ་རེད་མ་གཏོགས། ཡི་གེའི་ཐོག་ནས་འབྲི་བའི་སྐབས་སུ་ཆོལ་ཁ་གསུམ་ཁྱོན་ཡོངས་ལ་གོ་བའི་ཡིག་སྐད་དམ་ཡི་གེའི་འགྲོ་སྟངས་ཀྱི་སྒང་ནས་འབྲི་དགོས་༽ཞེས་གསུངས་པས་དེ་ནི་ང་ཚོ་དྲྭ་རྒྱ་སོགས་ནང་ཕན་ཚུན་ཡིག་ཐོག་ནས་གོ་བརྡ་སྤྲོད་མཁན་རྣམ་པས་ངེས་པར་
    གདམས་ངག་ཏུ་འཛིན་དགོས་ཏེ་། རང་གཞན་ཀུན་གྱི་ཁེ་ཕན་ཡིན་པའི་ཕྱིར།
    ལ་ལས་ཁ་སྐད་རྒྱུན་འཛིན་བྱ་ཁུལ་གྱིས་ཡིག་ཐོག་ཏུའང་ཁ་སྐད་དང་ཡུལ་སྐད་མཁྲེགས་པོ་དེ་རིགས་བཀོལ་བ་ནི་ལྐུག་པའི་ཞེན་ཁོག་ཙམ་དུ་ཟད་དེ། དོན་དུ་ཡིག་སྐད་ལ་
    བསྲེ་ལྷད་བཏང་བ་ཡིན་པའི་ཕྱིར་རོ།།

  10. བོད་ལ་ཞེན། says:
    2012-06-26 at 12:29 am

    ཁོ་རེ། ཁྱོད་ཀྱིས་བྲིས་པ་དེ་ཨམ་སྐད་མ་རེད།

  11. ཨ་ར་དཀར་པོ says:
    2012-06-26 at 12:51 am

    འགོ་ནས་ཚན་པ་འགའ་ཀློག་པ་ཡིན། ཨམ་སྐད་མ་རེད་མོད་བྱིས་པ་ཚོའི་ཆེད་ཡིན་ན་ཁ་གསལ་གོ་བདེ་ཞིག་དགོས་པ་རེད། ཨམ་སྐད་མ་རེད་ལ་བྱིས་པའི་བློ་ངོར་འཚམས་པ་ཞིག་ཀྱང་མ་རེད་ཞུ་རྒྱུ་ཡིན།

  12. རིག་བློ says:
    2012-06-26 at 2:18 am

    དྲ་འབུ་ཚོར་ཆོ་མི་འདུག

  13. རིག་པའི་བུ says:
    2012-06-26 at 2:37 am

    མེ་ཏོག་དཀར་པོ་ལགས། ཨ་མདོ་ཡིན་མིན་གྱི་སྐད་ཆ་མ་རེེད། སྐད་ཆ་དྲང་མོ་ལབ་དགོས་པ་རེད། མེ་དཀར་ནི་དྲང་ཚུགས་ཅན་ཞིག་རེད་བསམ་ཡང་མ་བསམ་ས་ནས་དེ་ལྟར་རེད་འདུག

  14. རེབ་ཐོག་མདའ says:
    2012-06-26 at 2:58 am

    མི་འདི་ཚོས་ག་རི་བཤད་གིན་ཡོད་རེད། བོད་པའི་སྐད་གི་གདངས་ལ་དབྱེ་བ་ཅུང་ཙམ་ལས་ཡི་གེ་ལ་ཨམ་མདོ་ཡི་གེ་དང་ཁམས་གི་ཡི་གེ་ཟེར་བ་ཞིག་གང་ན་ཡོད། རྩོམ་སྒྲུང་འམ་གཞན་བརྗོད་བྱ་ག་འདྲ་ཞིག་སྐད་རིགས་གཞན་ལས་བོད་ཡིག་དུ་བསྒྱུར་བ་ཡིན་ན་བོད་པ་བོད་ཡིག་ཡག་པོ་ཤེས་མཁན་ཞིག་གི་ཀློག་མི་ཐུབ་པ་མེད། ཡིན་ཡང་ཁོ་མོའི་བཤད་པ་ནི་ཕལ་བསྒྱུར་པ་པོའི་ནང་དུ་ཞེ་ས་མང་པོ་མེད་པའི་ཡིན་ནམ། དེ་མ་གཏོགས་ད་དབྱིན་རྒྱ་བོད་བསྲེས་ཏེ་བསྒྱུར་བ་ལས་ཐབས་ཤེས་ཡོད་ཀྱི་མ་རེད།

  15. རུ་ཤུལ་བུ་ says:
    2012-06-26 at 6:25 am

    ཨམ་སྐད་ཡིན་མིན་མི་ཤེས་མོད་བོད་ཡིག་འབྲི་ཀློག་ལ་བྱང་ཆུབ་པ་ཞིག་ཡིན་ན་གོ་ཐག་ཆོད་རེད། དེ་མིན་མི་ཤེས།
    ཚང་ཀློག་མ་ཐུབ་ཀྱང་འགོ་ནས་སྐེད་བར་དུ་བཀླགས་ཡིན། འདི་ཨ་མདོའི་ལོག་སྐད་རེད་བསམ་པ་ཅི་ཡང་མ་བྱུང་།
    བྱིས་སྒྲུང་དུ་བཀོད་ན་ལེགས་སྙམ།

  16. ཨ་ནུ་ཐང་བསོད་ནམས says:
    2012-06-26 at 10:09 am

    རྣམ་ཚོས་བསམ་ཚུལ་གསུངས་བ་ཐུགས་རྗེ་ཆེ། ངས་འདི་ལྟར་བཀོད་དགོས་དོན་ནི་མོ་ལ་གནོད་སེམས་བཅང་བ་མིན། དེ་ནི་བོད་ཡིག་སྒང་རྩོམ་ཡིག་ཀྱག་ཀྱོག་རེ་འབྲི་མཁན་ཡོངས་ལ་འཕྲད་དང་འཕྲད་བ་འགྱུར་བའི་དཀའ་ངལ་ཞིག་ཏུ་འདོད་པས་བཀོད་པ་ཡིན། རྒྱུ་མཚན། མོ་ནི་ངས་ངོ་ཡག་པོ་ཤེས་ཀྱི་ཡོད་པ་མ་ཟད་མོས་རྒྱ་་ཡིག་ཅུང་ཤེས་བ་མ་གཏོགས་བོད་ཡིག་ཡག་པོ་ཀློག་ཡང་ཐུབ་ཀྱི་མེད་པ་གསལ་བོ་ཤེས་ཀྱི་ཡོད། མོས་བོད་ཡིག་ཐོག་རྩོམ་ཡིག་ཀློག་པ་ལྟ་ཅི་ཐ་ན་བོད་ཡིག་གི་གསར་འགྱུར་ཡང་ཀློག་མྱོང་མེད་པའི་ནག་ཆུ་ནས་ཡོང་བའི་དབུ་མེད་ཅིག་ཡིན་ཡང་། ཕྱི་གླིང་བའི་མདུན་དུ་མོས་བོད་ཡིག་ཡག་པོ་ཤེས་ཀྱི་མེད་ཅེས་ལབ་སྟངས་མ་ཤེས་བས་ཨམ་སྐད་ཡིན་ཕྱིན་གོ་ཡ་མི་འདུག་ལབ་པ་རེད། དེ་ནི་འཇིག་རྟེན་གྱི་མི་སྤྱི་མཚུངས་ལྟར་གོ་སྐབས་ཤིག་ཡོད་ན་ཁེ་བཟང་རྐྱང་རྐྱང་ལས་གྱོང་འཁུར་འདོད་མེད་པས་རེད། བོད་ཡིག་ཡག་པོ་མི་ཤེས་བ་ཁས་ལེན་བྱེད་ཚུལ་ཕྱི་གླིང་བའི་མདུན་དུ་རང་གི་ལ་རྒྱ་ཤོར་བས་ལ་རྒྱལ་མི་མཁོ་མཁན་གྱི་དྲང་ཚིག་ཅན་གྱི་སྤྱི་ཚོགས་ཉུང་ལ་། ལྷག་པ་རང་རིས་སྤྱི་ཚོགས་ཁྲོད་དེ་བས་དཀོན་པས་རེད། རྒྱ་མཚན་ནི་ང་ཚོ་ལ་ནུབ་གླིང་པ་ལས་ཚུལ་ཆོས་ཆེ་བས་ཡིན།
    འབྲི་པ་པོ་ངོས་ཟིན་ཚེ་བོད་ཡིག་མི་ཤེས་མཁན་གྱི་བོད་པ་ཚོ་ཕྱི་གླིང་བའི་མདུན་དུ་ཁ་གཡོག་ས་ཡག་ཤོས་ནི་ཨམ་མདོའི་ལོག་སྐད་དམ་ཁམས་ཀྱི་འཁྱོག་སྐད། ལྷ་སའི་རྒྱ་སྐད་རེད་ཅེས་རང་ལ་ནག་ཉེས་མེད་པ་དཀར་ཕྱོགས་སུ་འབུད་ཐབས་བྱེད། མ་འོངས་བ་དེ་རིགས་མང་དུ་ཕྱིན་ཆེ་ཆོལ་ཁ་རེ་ལ་ཡི་གེ་རེ་དགོས་བ་འགྱུར་ལ་ད་ནས་བཟུང་གྲ་སྒྲིག་བྱེད་རན་རེད། གལ་སྲིད་ཆོལ་ཁ་རེ་ལ་ཡི་གེ་བཟོས་བའི་དབང་དུ་བཏང་ཡང་བོད་ཡིག་ལ་དོགས་སྣང་མེད་མཁན་ད་དངུ་ཡང་ཕྱི་གླིང་བའི་མདུན་དུ་བོད་ཡིག་ཤེས་ཁུལ་གྱིས་ཁག་གཡོག་ས་ཞིག་བཙལ་ངེས། ད་ནི་ཧི་མ་ལ་ཡའི་མི་ཁ་ཤས་ཀྱིས་བོད་ཀྱི་ཆོས་ཡིག་ཤེས་ཀྱི་མེད་ཟེར་བ་གཅིག་མཚུངས་རེད།
    གསལ་བཤད། མོ་ནི་བོད་དོན་རྒྱལ་སྐྱོར་ཚོགས་པའི་མི་ཞིག་དང་ཕན་ཚུན་ངོ་ཤེས་ཡིན་པ་ལས་ཚོགས་པ་རུ་ལས་ཀ་བྱེད་མཁན་མ་རེད། ཁོང་གཉིས་ཆང་ཁང་དུ་འཕྲད་པས་མོས་དེ་ལྟར་ལབ་རེད། ཡིན་ཡང་བོད་མི་ཞིག་གིས་བོད་ཡིག་འབྲི་ཀློག་ཡག་པོ་མི་ཤེས་པ་ཡོ་རོབ་པ་ཞིག་གིས་བསམ་བློ་འཁོར་དཀའ་བས་མོས་གང་བཤད་བདེན་དུ་བརློམས་ངེས་རེད། རྒྱུ་མཚན་ནི་ཡོ་རོབ་ཀྱི་མི་བརྒྱ་ཆ་གོ་བརྒྱད་ཀྱིས་རང་ཡིག་འབྲི་ཀློག་ཡག་པོ་ཤེས་བས་རེད།

  17. ཨ་ནུ་ཐང་བསོད་ནམས says:
    2012-06-26 at 10:21 am

    གནམ་ལགས། ཁྱེད་ལ་མ་རྩོམ་དགོས་ན་འདི་རེད།
    Dlouhý, Široký a Bystrozraký – texty k obrázkům

    1. Byl jednou jeden král a ten měl syna. Jednoho dne si ho zavolal a pravil: „Jsem již starý, ožeň se
    synu, rád bych ještě viděl tvou nevěstu, budoucí královnu.“ Syn mu odpověděl: „Rád bych Ti vyhověl
    otče, ale neznám žádnou dívku, která by se mohla stát mou ženou.“

    2. Král mu podal zlatý klíč se slovy: „Jdi až nahoru do věže, prohlédni si obrazy v tajné galerii a pak
    pověz, pro kterou se rozhodneš .“ Princ nemeškal a šel…

    3. Nahoře ve věži odemkl zlatým klíčem železné dveře a vstoupil do místnosti, kde bylo dvanáct
    obrazů ve zlatých rámech. Na každém z nich byla jiná princezna s královskou korunou na hlavě, jedna
    krásnější než druhá.

    4. A když tak s podivením na ně hleděl, všiml si, že třináctý obraz je zastřen bílou oponou. Odhrnul
    tedy tu oponu, aby viděl co je pod ní.

    5. Uviděl princeznu celou v bílém se stříbrným pásem a perlovou korunou. Byla krásná, ale smutná
    a bledá. Princ stál dlouho před tím obrazem až ho u srdce zabolelo a zašeptal: „Tuto dívku chci mít a
    žádnou jinou.“ A v tom okamžení všechny obrazy zmizely.

    6. Když pak sešel dolů a pověděl otci, jak se rozhodl, zasmušil se starý král: „Ta dívka je v moci zlého
    černokněžníka, zakletá v železném zámku. Z těch, kdo se ji pokusili osvobodit, se ještě nikdo nevrátil.
    Zkus tedy své štěstí a zdráv se mi domů vrať i s nevěstou.“

    7. Princ se rozloučil s otcem, vsedl na koně a jel. Cestou zabloudil v temném lese, když tu náhle za
    sebou zaslechl někoho volat: „Počkejte, vezměte mě do služby a nebudete litovat.“ „Kdo jsi?“ řekl
    kralevic „a co umíš?“ „Říkají mi Dlouhý a umím se tak natahovat, že budu vyšší než nejvyšší stromy
    tady v lese.“

    8. Jak řekl, tak udělal. Natáhl se, sebral ptačí hnízdo ze špičky nejvyšší jedle a v okamžiku podával
    hnízdo kralevici. „Pěkný kousek, ale kdybys mi raději ukázal cestu z lesa.“ řekl princ. Dlouhý se zase
    natáhl, rozhlédl se a povídá: „Tudy to máme nejblíže z lesa ven.“

    9. Když vyšli z lesa, uviděli zavalitého chlapíka. „To je můj kamarád pane, toho byste měl také vzít do
    služby. Dobře vám poslouží,“ řekl Dlouhý. „Kdo jsi a copak umíš?“ zeptal se princ. „Přátelé mi říkají
    Široký a umím růst do šířky.“ Odpověděl mu zavalitý chlapík. „Tak se ukaž!“

    10. „Pane ujíždějte honem – honem zpátky do lesa,“ volal Široký a počal se nadýmat. Princ vida
    Dlouhého utíkat, pobídl koně a měl co dělat, protože by ho i s koněm Široký zamačkal, jak mu břicho
    rostlo na všechny strany.

    11. Pak se Široký přestal nadýmat, odfoukl si až se lesy ohýbaly a splaskl do původní podoby. „Tys
    mě prohnal,“ usmál se princ. „Takového chlapíka každý den nenajdu, pojď se mnou.“

    12. Cesta je zavedla ke skalám, kde potkali mládence, který měl oči zavázané šátkem. „Proč máš
    zavázané oči? Vždyť nevidíš na cestu,“ divil se princ. „Právě proto, že dobře vidím, musím si oči
    zavazovat. Když se na něco podívám, chytne to plamenem a co nehoří, rozskočí se na kusy. Proto mi
    říkají Bystrozraký.“

    13. Pak se obrátil ke skále, odvázal šátek a upřel na ni své žhavé oči. Skála začala praštět a létaly z ní
    kusy na všechny strany. Za chvíli z ní nezbylo nic než hromada písku.

    14. V tom písku se cosi zatřpytilo. Bystrozraký to podal princi. Bylo to ryzí zlato. „Ho ho, tys chlapík
    k nezaplacení,“ zasmál se princ, „byl by blázen, kdo by tvé služby nechtěl využít.“

    15. „Když máš tak dobrý zrak, pověz mi, jak daleko je železný zámek a co se tam nyní děje?“ vyzvídal
    princ. „Právě tam chystají večeři,“ uviděl Bystrozraký. „A co tam dělá moje princezna?“ „Je ve
    vysoké věži, černokněžník ji tam střeží. Do večera tam budeme.“

    16. A tak šli skalami, vysokými horami i hlubokými lesy dál a dál. Kde byla v cestě překážka, hned ji
    ti tři tovaryši odklidili. Když slunce zapadalo, uviděli před sebou železný zámek.

    17. Vjeli po železném mostě do brány, která za nimi sama zapadla a králevic i jeho pomocníci byli v
    zámku zajati.

    18. Na nádvoří, v konírně, v zámecké síni i v pokojích viděli mnoho lidí, pánů i služebníků, ale žádný
    z nich se ani nepohnul – všichni byli zkamenělí.

    19. Vešli do síně, kde byl uprostřed stůl, na něm množství jídla i nápojů. Prostřeno bylo pro čtyři
    osoby. Chvíli čekali, ale když stále nikdo nepřicházel, jedli a pili, co hrdlo ráčilo.

    20. Právě když dojedli, rozlétly se dveře a vstoupil černokněžník, celý v černém, šedivé vousy po
    kolena. Místo opasku měl tři obruče. Za ruku vedl krásnou princeznu, bíle oblečenou s perlovou
    korunou na hlavě. Byla bledá a smutná, jakoby právě vstala z hrobu.

    21. „Vím, proč jsi přišel. Chceš si ji odvézt? Vezmi si ji, ale jen když jí po tři noci dokážeš uhlídat,
    aby ti nezmizela. Jinak zkameníš stejně tak, jako ti před tebou,“ zaskřehotal černokněžník. Poté
    posadil princeznu do křesla a odešel.

    22. Princ z ní nemohl oči spustit, jak byla krásná, ale na žádnou otázku neodpovídala, jako by byla
    z mramoru. Dlouhý se natáhl podél stěn pokoje, Široký ucpal dveře a Bystrozraký s princem hlídali
    princeznu. Ale za chvilku všichni únavou usnuli a spali celou noc.

    23. Ráno se první vzbudil princ. Jak zjistil, že je princezna pryč, vzbudil rychle své služebníky. „Klid,
    pane,“ volá Bystrozraký, který vyhlédl z okna ven. „Uprostřed lesa je dub, na něm na vršku žalud a
    v tom žaludu je ona.“

    24. Dlouhý si Bystrozrakého naložil na záda a šel, co krok to deset mil. Bystrozraký mu ukazoval
    cestu. V lese utrhli z dubu žalud a v mžiku byli zpět na zámku. Podali žalud princi, ten jej upustil na
    zem a princezna stála vedle něho.

    25. Rozlétly se dveře a vstoupil černokněžník. Když uviděl princeznu, zamračil se a třesk – jedna
    železná obruč na něm praskla. Pak vzal princeznu za ruku a odvedl jí pryč.

    26. Princ a jeho přátelé pak celý den chodili po zámku a viděli mnoho zkamenělých rytířů, každého
    tak jak byl, když ho černokněžník zaklel. Jeden tasil meč, druhý zůstal v pádu, když v hrůze utíkal,
    jiný k ústům nesl pečeni. Kolem zámku bylo pusto a mrtvo. Stromy bez listí, řeka netekla, ve vodě
    nebyla žádná rybka, nikde ani ptáčka zpěváčka.

    27. Ráno, v poledne i večer našel princ i se svými služebníky v zámku dobrou a hojnou hostinu. Různá
    jídla se sama nosila, rozličné nápoje se samy nalévaly.

    28. Po večeři se opět otevřely dveře a zlý černokněžník přivedl princeznu, aby jí po celou noc hlídali.
    Ačkoliv si umínili, že tentokrát princeznu ohlídají, znovu usnuli.

    29. Ráno za svítání princ procitl a když nikde neviděl princeznu, hned budí Bystrozrakého: „Vstávej
    a hledej princeznu.“ Ten si protřel oči a volá: „Už ji vidím, dvě stě mil odtud je skála, v té skále
    drahokam a ten drahokam je ona.“

    30. Dlouhý ho hned vzal na ramena, a šel, co krok to dvacet mil. Bystrozraký pak upřel na skálu

    své žhavé oči, skála se rozskočila na tisíc kusů a mezi nimi se zatřpytil krásný drahokam.Vzali ho a
    spěchali k princi.

    31. Jen jej princ pustil na zem, stála u něj princezna. Už nebyla tak bledá. A v té chvíli se rozrazily
    dveře a vstoupil podmračený černokněžník. Jak uviděl princeznu, zlostně vykřikl a třesk- druhá obruč
    odletěla z jeho pasu. Popadl princeznu a zmizel s ní v útrobách zámku.

    32. Přes den bylo vše jako včera. Večer zas černokněžník přivedl princeznu a posměšně pravil: „Uvidí
    se, zda zvítězíš ty, nebo já.“ A ihned odešel. Slíbili si, že tentokrát nic neponechají náhodě, ale co
    naplat, k ránu opět usnuli.

    33. Nešťastný princ budí Bystrozrakého: „Princezna zmizela, zkus jí nalézt.“ Ten se rozhlíží a
    volá: „Tři sta mil odtud je jezero, uprostřed jezera je škeble a v ní je prsten s perlou a to je ona.
    Nezoufejte princi, my vám ji přineseme.“ Dlouhý si naložil oba kamarády na ramena a utíkal, co skok
    to třicet mil.

    34. Když byli u jezera, ukazoval mu Bystrozraký, kam má pro tu škebli do hlubin sáhnout. Dlouhý
    natahoval ruku co mohl nejvíc, ale na dno jezera nedosáhl.

    35. „Počkejte kamarádi, já vám pomohu,“ povídá Široký a nadmul se, co mu břicho stačilo. Pak se
    položil na břeh jezera a pil. Za malou chvilku voda klesla tak, že Dlouhý snadno dosáhl na dno a
    vylovil škebli s prstenem.

    36. Vyndal prsten, naložil si na ramena kamarády a spěchal za princem. Ale běželo se mu moc špatně,
    protože měl Široký v břiše půl jezera vody. Setřásl ho tedy z ramen v jednom hlubokém údolí. Za
    chvíli už bylo celé údolí pod vodou.

    37. Červánky už ohlásily přicházející jitro a princovi přátelé stále nepřicházeli. A když první paprsky
    slunce na východě proťaly oblohu, jeho úzkost dosáhla vrcholu. V té chvíli se rozevřely dveře a
    na prahu stál zlý černokněžník. Rozhlížel se kolem a když nikde neviděl princeznu, šeredně se
    zachechtal.

    38. Když viděl Bystrozraký, co se děje, řekl to Dlouhému a ten udělal poslední skok a hodil prsten
    oknem do komnaty s princem. A v tom cvrnk, perla pukla a vedle prince stála usmívající se princezna,
    celá zrůžovělá ve tvářích.

    39. Černokněžník zlostí zařval, až se zámek otřásl a tu prásk – to ta třetí obruč na něm praskla, on se
    proměnil v černého havrana a vyletěl oknem ven. Princezna hned princi děkovala, že ji vysvobodil a
    zčervenala jako růže.

    40. V ten okamžik v zámku i jeho okolí vše ožilo. Ten máchl mečem, ten zas dopadl a prohlížel si
    natlučený nos. Jiný se zakousl do šťavnatého sousta. A tak každý dodělal to, co započal, než byl
    zaklet. Ržáli koně, v potoce se proháněly rybky a kolem vesele švitořili ptáci.

    41. Všichni děkovali princi, ale on se jen usmíval a pravil: „Kdyby nebylo mých věrných služebníků
    Dlouhého, Širokého a Bystrozrakého, dopadl bych jako vy.“ A hned se vypravil i s princeznou a svými
    třemi druhy domů ke králi. Všichni páni, které vysvobodili, jej doprovázeli.

    42. Starý král plakal radostí, že se jeho synovi tak poštěstilo, protože si myslel, že se nevrátí. Brzy nato
    vystrojili velikou svatbu. Král pak předal princi korunu a žezlo a s ním i celé království.

    43. Když bylo po svatbě, ohlásili se Dlouhý, Široký a Bystrozraký mladému králi, že zase půjdou
    do světa hledat práci. On je přemlouval, aby u něj zůstali, ale marně. Tak je i s mladou královnou
    vyprovodili s velkou slávou i výslužkou a oni se od té doby po světě toulají dodnes.

  18. ཨ་ནུ་ཐང་བསོད་ནམས says:
    2012-06-26 at 11:23 am

    གནམ་ལགས།
    ཁྱེད་ཀྱིས་ཡང་སྐྱར་བྲིས་བ་ཡག་བྱུང་། འོན་ཀྱང་ཁྱེད་འབྲི་སྟངས་ལྟར་བྲིས་ན་དགོས་མེད་ཀྱི་ཚིག་ཚོགས་མང་དུ་སྤྱད་པས་གསུམ་ཆ་གཅིག་གི་རིང་དུ་འགྲོ་ཞིང་དེ་ནི་དགོས་མེད་ཀྱི་ཚིག་ཚོགས་ལས་དོན་སྙིང་ལྡན་པ་མ་མཐོང་། ལྷག་པ་དུ་གཞོན་ནུའི་དུས་ནས་བོད་ཀྱི་ཡིག་སྐད་ཡག་པོ་སློབ་གལ་ཆེ་པ་ལས་ཉིད་ལྟར་དབུས་གཙང་གི་ཁ་སྐད་གཙོ་བཟུང་གིས་བྲིས་ན་དགོས་མེད་ཀྱི་ཚིག་ཚོགས་མང་ཁར་ཁམས་ཀྱི་སྨད་དང་ཨ་མདོ་པས་གོ་མི་ཐུབ་པས་ཕན་མེད་དུ་འགྱུར། ང་ཚོས་གང་ཞིག་བྲིས་ཀྱང་བོད་ཡོངས་ཀྱི་གོ་ཐུབ་པ་ཞིག་འབྲི་གལ་ཆེ་ཞིང་། བྱིས་པ་རྣམས་ལ་དེ་ལྟར་སློབ་གལ་ཆེ། གལ་སྲིད་དེ་ལྟར་སློབ་ན་གནས་སྐབས་སུ་དཀའ་ངལ་ཅུང་ཡོད་ཀྱང་མ་འོངས་བར་བོད་མི་ཀུན་ཡིག་རྨོངས་ལས་སེལ་ཚེ་བོད་སྤྱི་ལ་དབང་བའི་སྐད་ཅིག་དེ་ནས་འབྱུང་ཐུབ་ངེས་ཡིན། དེ་མིན་བྱིས་པའི་སྐབས་ནས་བོད་ཡིག་གི་མ་གཞི་ཡག་པོ་མ་བཞག་པ་ཡུལ་སྐད་གཙོ་བཟུང་གིས་ཁྲིད་ན་ཆེ་རུ་སྐྱེས་ཚེ་མེས་པོ་བྲིས་པའི་ཕྱག་དཔེ་ཀློག་མི་ཐུབ་ཁར་ཡུལ་སྐད་ཀྱི་རྩོམ་ཡིག་དང་གསར་འགྱུར་འབྲི་མཁན་མང་དུ་འབྱུང་ཞིང་། དེས་བོད་ཀྱི་སྐད་ཡིག་གཅིག་སྒྲིལ་ལ་འགོག་རྐྱེན་ཐེབས་པ་མ་ཟད་ཆོལ་ཁ་རེ་དང་ལུང་ཚན་ལ་ཡི་གེ་འབྱུང་བའི་སྔ་ལྟས་སུ་འགྱུར་བ་དགེ་ཆོས་ཀྱིས་གསུངས་བཞིན་ལགས།
    ཁྱེད་ཀྱི་མཆན་ཡིག་ལ་དག་བཅོས་ཅུང་བཏང་ན་འདི་ལྟར་ཏེ།
    མ་ཟད༼དེ་ཡི་མི་ཚད༽ངས་ཁྱོད་ཀྱི་མ་འོངས་པའི་བཟའ་ཟླ་༼དེ་༽ལ་ལྟ་འདོད་༼ཡང་༽ཀྱང་ཡོད་་་་ཅེས་ལབ༼་པར།༽སྲས་ཀྱིས་༼དེས་ང་ལ་༽༼བྱེད་སྒྲ་ལས་ལ་དོན་མིན༽ངས་ཡབ་༼ལགས་་་་་ཡབ་ནི་ཞེ་ས་ཡིན་པས་”ལགས་”བྲིས་ན་དོན་ཀྱི་མེད་ཚིག་ཚོགས་ལས་ཅི་ཡང་མིན། དེ་ནི་བྱིས་པ་རྣམས་ལོག་ལམ་དུ་ཁྲིད་བྱེད་ཀྱི་ཚིག་སྐྱོན་རེད། ཡིན་ཏེ་བྱིས་པའི་སྐབས་ནས་བོད་སྐད་ཡག་པོ་ཞིག་སློབ་དགོས་ཤིང་དེ་མིན་གྲོང་སྐད་ཀྱིས་བྲིས་ན་སྐྱག་ལང་ཤོར་བས་ཚེ་གང་བོད་ཡིག་ཡག་པོ་ཞིག་འབྲི་མི་ཐུབ།༽ཀྱི་ཐུགས་དགོངས་སྐོང་བྱེད་ཀྱི་བུ་མོ་ངོ་ཤེས་ཤིག་ལག་ལ་རེག་མ་མྱོང་ཞེས་ལེན་བཏབ༼པ་རེད།༽ བཏབ་ནི་འདས་ཚིག་ཡིན་པས་་་་པ་རེད་་་ཅེས་འདས་བའི་ཚིག་རྒྱན་གྱིས་དཀྲིས་དགོས་དོན་མེད་ཅིང་། གལ་སྲིད་དཀྲིས་བའི་དབང་དུ་བཏང་ན་འབེབ་ཀྱི་སྡེབ་སྦྱོར་གོང་འོག་དང་མི་མཐུན་པས་ཆིག་གི་མཛེས་ཆ་བརླགས་པས་ཡིན།
    ༼གནའ་མ་) འདི་འགྲིག་གི་ཡོད་རྒྱུ་མ་རེད་འདོད། ༽ བཟའ་ཟླ་མ་གཏོགས་མནའ་མ་སྦྱོར་ན་མི་འགྲིག་པའི་དོགས་པ་སློང་དགོས་དོན་མེད་དེ། མནའ་མའམ་བག་མ་ནི་གསར་དུ་བླངས་བའི་ཆུང་མའི་མིང་ཡིན་པས་བཟའ་ཟླ་བཀོད་མི་རུང་། བཟའ་ཟླ་wifeནི་ཆང་སའམ་གཉེན་སྟོན་བྱས་ནས་རྒྱུན་རིང་ཕྱིན་པའི་ཟླ་པོ་ལ་གོ་ཞིང་། མནའ་མ་ནི་དེ་ལས་ལྡོག་སྟེ་ཆང་ས་རྒྱབ་ནས་རྒྱུན་རིང་མ་ཕྱིན་པའི་ཟླ་པོ་འམ་མ་འོངས་བར་ཡོང་བ་འགྱུར་བའི་ཆུང་མ་ལ་གོ་བས་ཡིན། མནའ་མ་བཀོད་ན་མ་འགྲིག་པ་ནི་ཁྱེད་ཀྱི་བོད་ཡིག་གི་མ་གཞི་གྲོང་སྐད་ཀྱིས་སྟེང་བཞག་པའི་སྐྱོན་ལས་ཅི་ཡང་མ་མཆིས། ད་དེ་ཙམ་བྱོས།
    མནའ་མ་་་་་bride
    བཟའ་ཟླ་་་་wife

  19. ཨ་ནུ་ཐང་བསོད་ནམས says:
    2012-06-26 at 11:41 am

    མཁས་གྲུབ་ལགས།
    ཁྱེད་ལ་ད་དུང་ཡང་ཐུགས་འདོད་ཡོད་ཚེ་གཡག་རྒོད་དྲ་བའི་ཁ་བྱང་ང་ལ་སྤྲོད་དང་ངས་སྐུར་ཆོག ཐུགས་རྗེ་ཆེ།

  20. གནམ says:
    2012-06-26 at 8:31 pm

    ཡ་ཡ། གོང་གི་མ་རྩོམ་དེ་སྒྱུར་ཡ་ཕར་བཞག། རྒྱལ་ཁབ་གང་གི་ཡི་གེ་ཡིན་པ་ཡང་མི་ཤེས་འི།
    མནའ་མ་དང་བཟའ་ཟླའི་བར་ལ་འདོད་པ་གཅིག་མཐུན་མ་རེད།
    ཁྱོད་ཀྱི་མནའ་མ་མི་ཟེར། ངེད་ཚང་གི་མནའ་མ་ཟེར་བ་རེད།
    ཁྱོད་ཀྱི་བཟའ་ཟླ་ཟེར། ངེད་ཚང་གི་བཟའ་ཟླ་མི་ཟེར་བ་རེད།
    ཁྱོ་ལ་མནའ་མ་ཞིག་བཙལ་དགོས་ཟེར་ནོ་རེད། དེ་ནི་ངེད་ཚང་ལ་མནའ་མ་ཞིག་དགོས་བ་དང་ཁྱོ་ལ་བཟའ་ཟླ་ཞིག་བཙལ་བའི་དོན་ལ་གོ།
    ཆང་ས་མ་རྒྱབ་ན་ཟླ་བོ་དང་ཟླ་མོ། ཡང་དགའ་བོ་དང་དགའ་མ་སོགས་མང་བོ་རེད།
    གཉེན་སྒྲིག་བྱས་ཚར་ན། རང་གི་བཟའ་ཟླ། ཨ་ཡས། མནའ་མོ། སྐྱེས་མེད་སོགས་མང་པོ་རེད།
    ཚིག་ཉོག་དང་ཡུལ་སྐད་ལ་གཟབ་ཀི་ཡོད་ན་ཡག་པོ་མ་རེད་ཞེས་ཞུ་ཡ་མེད། འོན་ཀྱང་ཡུལ་སྐད་ཉམ་ན་ཡུལ་ངོ་ཉམ་པ་རེད། ཡུལ་ངོ་ཉམ་ན་འཛུལ་ས་མེད་པའི་ཡུལ་མི་ཁོངས་མེད་ཞིག་དུ་ཆགས་པ་རེད། དེ་ཡི་དུས་དཀའ་ངལ་འདྲ་མེད་འགྲོ་བསམ་ཡོད།

  21. རྫ ་ཚེ་རིང་བཀྲ་ཤིས། says:
    2012-06-26 at 9:05 pm

    ངས་ཀྱང་ཉེ་ཆར་རྒྱ་མོ་ཞིག་ལ་བྱིས་སྒྲུང་ཞིག་བོད་བསྒྱུར་བྱེད་རོགས་བྱས་ཡིན།
    མོས་རང་ཉིད་ཀྱིས་བྱ་དགའི་དངུལ་ཞིག་རག་མྱོང་བ་དེ། མོ་རང་གིས་བྲིས་པའི་རྩམ་སྒྲུང་ཞིག་རྒྱ་བོད་སྦྲགས་མའི་མུ་འབྲེལ་བརྙན་རིས་ཡོད་པའི་དེབ་ཆུང་བཟོས་ཏེ་བྱིས་པ་ཚོར་སྤྲོད་འདོད་འདུག
    ངས་མོའི་བསམ་ཚུལ་ལྟར་མ་དཔེའི་ནང་གི་ཚིག་དང་སྒྲིག་བཀོད་བོད་ཀྱི་རིག་གཞུང་དང་མི་མཐུན་པ་ཁག་ལ་བཟོ་བཅོས་བཅས་བསྒྱུར་བ་ཡིན།
    ཨ་ནུའི་འགྱུར་ལ་སྐྱོན་མི་འདུག་སྟེ། ཅུང་གོ་སླ་བ་ཞིག་ནི་ཧ་ཅང་གལ་ཆེ་གི
    ངས་ཀྱང་གང་ཐུབ་ཐུབ་གོ་སླ་པོར་བསྒྱུར་པ་ཡིན།

    11》༡༡༽ ཉི་མ་གཅིག་ལ་བུ་བཀྲ་ཤིས་ཞིང་ཁ་ན་ཕར། དགོན་པར་འགྲོ་སའི་རི་སྐེད་ཀྱི་རྐང་ལམ་ཆུང་ཆུང་དེ་དེད་ནས་འགྲོ་གིན་ཡོད།
    12》༡༢༽ གནམ་གཤིས་ཧ་ཅང་ལེགས་ཤིང་། ལྕང་སྡོང་དག་ལ་ཡང་ལོ་མ་གསར་པ་ཐོགས་ནས་ཡུལ་ཚང་མ་སྣུམ་གྱི་ལེར་ཡོད། ནས་ཞིང་ཀྱི་ལེའུ་དག་ཀྱང་མྱུ་གུ་འབུས་ནས་ལྗང་ཡམ་མེར་འདུག།
    13》༡༣༽ ཕར་ཕར་སོང་བ་དང་། དགའ་ལྡན་མཁན་པ་དང་ཤུག་པའི་བསང་དྲི་ཞིམ་པོ་ཞིག་སྣ་ལ་ཚོར་བར་མ་ཟད། དར་ཅོག་སྣ་ཚོགས་ལྷབ་ལྷུབ་ཏུ་གཡོ་བའི་བྲག་སྣ་ཞིག་ཀྱང་མཐོང་བ་རེད། བྲག་དེ་ནི་སྔ་མོ་གུ་རུ་རིན་པོ་ཆེ་བོད་ལ་ཕེབས་ནས་བསམ་ཡས་ནས་ལྷ་སར་ཕེབས་སྐབས་ལམ་བར་ནས་ཞག་མ་གཅིག་བཞུགས་མྱོང་བ་རེད་ཅེས་ཡུལ་མི་ཚོར་ཤོད་སྲོལ་ཡོད། བྲག་ཕུག་གི་ཕྱི་ལོགས་སུ་ཁ་བཏགས་གསར་རྙིང་མང་པོ་ཞིག་དཔྱངས་བཞག་འདུག
    14》༡༤༽ བུ་བཀྲ་ཤིས་མུ་མཐུད་སྔུན་ཕྱོགས་སུ་བསྐྱོད། སྟོབས་ཤུགས་གཞན་ཞིག་གིས་ནང་དུ་འཁྲིད་ཀྱིན་ཡོད་པ་ལྟར་ལམ་སང་བྲག་ཕུག་གི་སྒོ་རྩར་སླེབས་འདུག བྲག་ཕུག་གི་ནང་དུ་དུས་རྒྱུན་ཐང་ཀའི་ནང་ནས་མཐོང་བའི་ལྷ་ལྷ་མོ་དེ་འདྲ་མང་པོ་ཞིག་ཡོད་པར་མ་ཟད། མང་པོ་ཞིག་བལ་སྟན་སྲབ་མོ་འདྲ་བའི་སྤྲིན་པའི་ཐོག་ལ་རྐང་བ་བཞག་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་དང་། འགའ་ཞིག་མེ་ཏོག་གི་ར་བ་སྙིང་རྗེ་པོ་དེ་འདྲ་ན་རྩེད་མོ་བརྩེད་ཀྱིན་འདུག དེའི་ནང་ནས་བུ་བཀྲ་ཤིས་རང་ཉིད་ཀྱི་ལོ་ཚོད་དང་འདྲ་བའི་ཕྲུ་གུ་ཡང་མང་པོ་འདུག

  22. རྫ ་ཚེ་རིང་བཀྲ་ཤིས། says:
    2012-06-26 at 9:09 pm

    འདི་ནི་དེའི་ནང་གི་དུམ་བུ་ཐུང་ཐུང་ཞིག་རེད།

  23. མཁས་གྲུབ says:
    2012-06-26 at 9:59 pm

    ཨ་ནུ་ཐང་བསོད་ནམས་ཀྱིས་ལན་གནང་པར་བཀའ་དྲིན་ཆེ། འདི་ན་དྲ་བྱང་ཡོད། དྲ་ནང་དུ་བཀོད་དེ་དྲ་ལམ་ནས་ཁ་འཐོར་ནས་ཡོད་བོད་ཀྱི་བྱིས་པ་ཚོར་ཕན་ན་བསམ་པ་ཁོ་ན་ཡིན།

    http://www.wildyaks.com

    བཀའ་དྲིན་ཆེ།

  24. མཁས་གྲུབ says:
    2012-06-26 at 10:06 pm

    རྫ ་ཚེ་རིང་བཀྲ་ཤིས་ལགས། སྐུ་ཉིད་ཀྱིས་རྒྱ་མོ་ལ་བོད་བསྒྱུར་བྱས་པའི་བྱིས་སྒྲུང་དེ་གཡག་རྒོད་བྱིས་པའི་དྲ་ཚིགས་ལ་གཏོང་རོགས། གཡག་རྒོད་ནི་བྱིས་སྒྲུང་གཙོ་གཉེར་གྱི་ལས་གཞི་གཉེར་བའི་བོད་ཡིག་དྲ་བ་ཞིག་ཡིན།

    གལ་ཏེ་ཐུགས་འདོད་ཡོད་ན་དྲ་བྱང་འདིར་འབྲེལ་བ་བྱེད་རོགས། http://www.wildyaks.com
    ཐུགས་རྗེ་ཆེ

  25. ཨ་ནུ་ཐང་བསོད་ནམས says:
    2012-06-27 at 4:24 am

    གནམ་ལགས།
    མནའ་དང་བཟའ་ཟླ་ངེད་གཉིས་ཀྱི་རྩོད་པ་བྱེད་མི་དགོས་བ་བོད་ཀྱི་བརྡ་དག་གི་གཞུང་ལ་ལྟོས་དང་། ངས་གོང་དུ་སྨས་བ་བཞིན་མགྱོགས་པོ་ཤེས་ངེས་རེད། དེ་མིན་ལུང་སྐད་ཅིག་ལ་གཞི་བཅོལ་ན་འཁྱོལ་ཐབས་མེད་ཅིང་ལུང་ཚན་རེ་རེའི་འབོད་སྲོལ་མི་འདྲ་བ་མ་ཟད་མི་ཚོས་རང་གི་ཞེན་འདོད་ལྟར་གང་འདོད་དུ་སྨྲ་ཆོག་ཅིང་བྲིས་ཀྱང་ཚོག དེ་ལྟར་ཡིན་ན་བོད་ལ་བརྡ་སྤྲོད་ཀྱི་གཞུང་དགོས་དོན་མེད་ཅིང་གཅིག་མཐུན་གྱི་ཡི་གེ་ཡང་དགོས་མཁོ་མེད་པ་འགྱུར་ངེས་རེད།
    ༼ འོན་ཀྱང་ཡུལ་སྐད་ཉམ་ན་ཡུལ་ངོ་ཉམ་པ་རེད། ཡུལ་ངོ་ཉམ་ན་འཛུལ་ས་མེད་པའི་ཡུལ་མི་ཁོངས་མེད་ཞིག་དུ་ཆགས་པ་རེད། དེ་ཡི་དུས་དཀའ་ངལ་འདྲ་མེད་འགྲོ་བསམ་ཡོད།༽ ཚིག་འདི་དག་ཐེངས་མང་ཀློག་ཀྱང་བློ་ངེས་བའི་གོ་བ་ཞིག་ལེན་ཐུབ་མ་སོང་། དེ་ནི་ཕ་ཡུལ་གྱི་སྐད་རེད་དམ་ཡང་ན་གཞན་ཞིག་རེད། དངོས་གོ་མ་སོང་། དགོངས་འགལ་མེད་པ་ཞུ། གཅིག་བྱས་ན་ངའི་བོད་ཀྱི་ཤེས་ཚད་སྐྱོ་དྲགས་པས་ཡིན་རྒྱུ་རེད། དོན་དག་འདི་ཡིན་ན་ངས་ཅུང་ཧ་གོ་སོང་། འོན་ཀྱང་ཡུལ་སྐད་༼ཉམ༽་ན་ཡུལ་ངོ་?༼ཉམ་༽ཉམས་པ་རེད། ཡུལ་ངོ?༼ཉམ་༽ཉམས་ན་འཛུལ་ས་མེད་པའི་ཡུལ་མི་ཁོངས་མེད་ཞིག་༼དུ་༽ཏུ་ཆགས་པ་རེད། དེ་ཡི་དུས་དཀའ་ངལ་འདྲ་མེད་འགྲོ་བསམ་ཡོད
    ཡུལ་ངོ་་་ཟེར་བ་ཧ་གོ་མ་སོང་། དེ་ནི་ཕ་ཡུལ་ཟེར་བའི་དོན་རེད་དམ། བརྡ་རྙིང་འདྲ་མིན་འགྲོ་སྙམ་ནས་ཕྲན་ལ་ཡོད་པའི་བོད་ཡིག་གི་ཚིག་མཛོད་ཀུན་ཀློག་ཀྱང་མཐོང་མ་སོང་། དེ་ནི་ཁྱེད་རང་གི་ཕ་ཡུལ་གྱི་སྐད་རེད་དམ། ཡིན་ན་གོ་ཐུབ་མ་སོང་པས་ཡུལ་སྐད་དང་བསྟུན་ན་དེ་འདྲ་རེད། རང་གི་ལུང་ཁུག་མ་གཏོགས་གཞན་གྱིས་ཤེས་བའི་གནས་མེད། ཡང་མིན་ན་བོད་མི་ཚང་མ་ཁྱེད་ཚོའི་ལུང་པ་ཕྱིན་ནས་སློབ་སྦྱོང་བྱེད་དགོས་ས་རེད། རྩེད་མོ་ཡིན།
    གལ་སྲིད་ཁྱེད་ཀྱིས་ཡུལ་སྐད་ཉམས་ན་བོད་ཡིག་ལ་རྟེན་ས་མེད་པ་འགྱུར་སྲིད་པས་ཐུགས་ཁྲལ་ཡོད་ན་དེ་ནི་དོན་མེད་ཀྱི་སྡུག་ངལ་རེད། རྒྱུ་མཚན་ནི་བོད་ལ་ཚད་མཐོའི་རང་བཞིན་ལྡན་པའི་ཡིག་སྐད་ཡོད་བཞིན་དུ་ཡུལ་སྐད་བྱེ་བྲག་པ་ཞིག་དགོས་དོན་མེད་དེ། བོད་ཁུལ་གྱི་གྲོང་སྐད་རེ་རེ་སྦྱང་དགོས་ན་ཡོང་ཐབས་དཀའ་ཞིང་དོམ་མེད་དུ་ཆུ་ཚོད་ཟད་པའི་རྒྱུ་རེད། ལུང་ཁུག་ཚང་མའི་ཡུལ་སྐད་སྐད་སྦྱང་བ་མ་དགོས་ཆོལ་ཁ་གསུམ་གྱི་སྐད་ཀྱང་རང་མགོ་མི་ཐོན་པ་ག་ཚོད་འདུག ཐ་ན་བོད་མི་མང་པོ་ཞིག་གིས་ཆོལ་ཁ་ཕན་ཚུན་གྱི་ཡལ་སྐད་ལ་འཐེན་འཁྱེར་དང་སྣང་ཆུང་བྱས་ན་སྦྱང་བ་མི་བྱེད་མཁན་ངས་བཤད་མི་དགོས་བ་ཉིད་ཀྱིས་མཁྱེན་གསལ་རེད།

  26. ཨ་ནུ་ཐང་བསོད་ནམས says:
    2012-06-27 at 5:54 am

    རྫ་ཚེ་ཕེབས་ནས་དགོངས་ཚུལ་གསུངས་བ་ཐུགས་རྗེ་ལེགས་འབུལ་ཡོད་ལ། ལྷག་པར་ཉིད་ཀྱིས་བྲིས་བའི་བྱིས་སྒྲུང་འདིར་བཀོད་པ་དེ་བས་དགའ་པོ་བྱུང་། ཕྲན་གྱིས་ལྷ་སྒྲུང་འདི་མ་སྒྱུར་བའི་གོང་དུ་ཉིད་ཀྱིས་གསུངས་བའི་གནད་དོན་དེ་ལ་ཐེངས་མང་བསམ་བློ་བཏང་བ་མ་ཟད་གོ་བདེའི་འབྲི་རྩིས་ཀྱང་བྱས། འོན་ཀྱང་སྒྲུང་འདིའི་མ་ཡིག་ཅུང་མཁྲེགས་པ་མ་ཟད་སྙན་ངག་གིས་མང་དུ་རྒྱན་པས་བོད་ལ་མཚོན་ན་སྣང་ས་འོད་འབུམ་སོགས་བོད་ཀྱི་རྣམ་ཐར་ཆ་བརྒྱད་ལྟ་བུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ངག་རྒྱུན་གྱི་བྱིས་སྒྲུང་ཞིག་ཡིན་པ་ལས་དེང་་སང་བྲིས་བའི་གསར་ཞིག་མིན་པས་ཡིན། དེ་བརྟེན་ཕྲན་གྱིས་མ་ཡིག་ལ་གང་མཐུན་གྱིས་སྙན་ངག་གིས་དེ་ཙམ་རྒྱན་མེད་པ་ཅུང་གོ་བདེའི་ངང་བྲིས་ཁུལ་བྱས་བ་ཡིན། ཡིན་ཡང་དེ་ནི་ཆེས་གོ་སླ་ཚིག་སྦྱོར་གྱིས་བྲིས་མེད་ལ་དེ་ལྟར་འབྲི་འདོད་ཀྱང་མེད་དེ། སྒྲུང་འདི་མ་གཞི་ནས་རྣམ་དཔྱོད་ཅན་གྱི་བྱིས་བའམ་ཅུང་འབྲི་ཀློག་ཡག་པོ་གོམས་པའི་བྱིས་པ་ཚོ་ལྟ་ཀློག་སླད་དུ་དམིགས་པ་ཡིན། རྒྱུ་མཚན་ནི་ཕྲན་གྱི་གྲོགས་པོ་ཡོ་གླིང་བའི་སྐད་རིག་པའི་མཁས་པ་རེ་ཟུང་གིས་གང་ཐུབ་ཀྱིས་བྱིས་བའི་སྐབས་ནས་ཚིག་སྦྱོར་དག་པའི་བྱིས་སྒྲུང་ཕྲུ་གུ་ཚོ་ལ་སློབ་ན། དེ་ནི་རྩིག་གདན་ལྟར་མ་འོངས་བ་འབྲི་ཀློག་ཡག་པོ་འཕེར་བའི་གཞི་མ་འགྱུར་བའི་བསམ་ཚུལ་སྟོན་པས་ཡིན། མ་ཟད་སྒྲུང་འདི་བྱིས་པ་རྒན་པ་ཚོ་དང་རྣམ་དཔྱོད་ཅན་གྱི་བྱིས་པ་ཚོ་གཙོ་བཟུང་གིས་དམིགས་པ་ཡིན་ལ། ཕ་མ་ཚོས་རང་གི་བྱིས་པ་ཚོར་སྒྲུང་འདི་ཀློག་ནས་འགྲེལ་བཤད་བྱ་སླད་དེ་བས་ཡིན། རྒྱུ་མཚན་ནི་བྱིས་སྒྲུང་ག་ཚོད་ཀྱིས་གོ་སླ་ཡང་བྱིས་པའི་བློ་ལ་རབས་འབྲིང་མཐའ་གསུམ་ཡོད་པས་ཐམས་ཅད་ཀྱིས་གོ་བའི་གནས་མེད་ལ། ཀློག་ཐུབ་པའི་ངེས་བའང་མེད། གཙོ་བོ་ཕ་མ་དང་དགེ་རྒན་སོགས་གྱིས་བྱིས་པ་ཚོ་ལ་སྒྲུང་གཏམ་སློབ་ཁྲིད་དང་འགྲེལ་བཤད་གནང་གལ་ཆེ་བ་འདོད། འདི་ཕྱོགས་ནས་ཡིན་ནའང་བྱིས་པ་ཚོའི་ལོ་ཚོད་ལ་དཔགས་པས་ཕ་མས་སྒྲུང་དེབ་ཀློག་ཅིང་ཉལ་ཁ་མལ་དུ་འཇུག་བཞིན་འདུག འོན་ཀྱང་བོད་ཀྱི་ཕ་མ་མང་ཤོས་ནི་ཡིག་རྨོངས་པ་ཡིན་པས་དེའི་ཕྲུག་གུས་ཤེས་ཡོན་ལ་ཚོད་འཛིན་ཐེབས་པ་སྨོས་མེད། འོན་ཀྱང་ང་ཚོའི་མི་རབས་འདིས་ཅུང་འབད་བརྩོན་བྱས་ན་མི་རིགས་གཞན་ལྟར་མི་རབས་རྗེས་མའི་རིང་གྲུབ་འབྲས་ཐོན་ངེས་རེད། སྔོན་ཐོན་གྱི་མི་རིགས་ཀུན་ཀྱང་ང་ཚོ་ལ་འཕྲད་པའི་དཀའ་ངལ་བཞིན་ཡུལ་སྐད་དང་ཡིག་སྐད་བར་གྱི་ཧེ་བག་ཀྱང་། ཁོང་ཚོས་གང་ཐུབ་ཀྱིས་ཡི་གེ་འབྲི་ཀློག་ཚད་ལྡན་སྦྱང་ཞིང་ཡིག་སྐད་གཙོ་བཟུང་སྒང་ཡིག་རྨོངས་སེལ་བའི་ཉེར་ལེན་གྱིས་རིམ་བཞིན་དགོས་མེད་ཀྱི་ཡུལ་སྐད་རྣམས་འཇའ་བཞིན་ཡལ་བ་རེད། ང་ཚོ་ནི་ད་ལྟ་སྐྱོག་མཚམས་གལ་ཆེན་ཞིག་ཏུ་སླེབས་ཡོད་ཅིང་། དེ་ནི་ང་ཚོས་རྗེས་རབས་རྣམས་ལ་ཡིག་སྐད་གཙོ་བཟུང་གིས་ཁྲིད་དམ་ཡང་ན་ཡུལ་སྐད་གཙོ་བཟུང་གིས་ཁྲིད། ཡང་ན་ཟུང་དུ་སྦྲེལ་ནས་ཁྲིད་དམ་ཐམས་ཅད་སྤྱོད་དེ་ཁྲིད། དེ་ནི་ང་ཚོ་སླེབས་སའི་ལམ་མདོ་ཡིན་པ་འདོད།
    ཡང་ཉིད་ཀྱིས༼ངས་མོའི་བསམ་ཚུལ་ལྟར་མ་དཔེའི་ནང་གི་ཚིག་དང་སྒྲིག་བཀོད་བོད་ཀྱི་རིག་གཞུང་དང་མི་མཐུན་པ་ཁག་ལ་བཟོ་བཅོས་བཅས་བསྒྱུར་བ་ཡིན།༽ དེ་ལ་མོས་མཐུན་ཡོད་མེད་གཉིས་ཡོད།

    ༡༽ཚིག་སྦྱོར་བོད་སྐད་དང་མཐུན་པ་ཟེར་བ་མོས་མཐུན་ཡོད་ཅིང་། ཚིག་སྦྱོར་བོད་ཡིག་དང་མ་མཐུན་ན་བོད་མིས་མི་རྟོགས་པས་ཕན་མེད་དུ་འགྱུར་ལ། བོད་ཡིག་ཏུ་འགྱུར་བའང་དགོས་མེད་ཡིན་པས་དེ་ལ་མོས་མཐུན་ཡོད།
    ༢༽སྒྲིག་བཀོད་བོད་ཀྱི་རིག་གཞུང་དང་མཐུན་དགོད་ཟེར་བ་མོས་མཐུན་བྱེད་དཀའ་ཞིང་བོད་ཀྱི་རིག་གཞུང་དང་མཐུན་དགོས་ན། བོད་ལ་དམིགས་བསལ་བ་གང་ཡང་མིན་པ་མ་ཟད། ཕྱི་གླིང་བའི་རིག་གཞུང་དང་བསམ་ཚུལ་གྱི་མཛེས་ཉམས་མཐའ་དག་མཐོང་བའི་ཀགས་སུ་འགྱུར་བས་མོས་མཐུན་མེད། ངེས་བར་དུ་་་་གང་ཐུབ་ཀྱིས་ཕྱི་གླིང་བའི་རིག་གཞུང་ངམ་བརྩམས་སྒྲུང་། རྩོམ་ཡིག་གི་མ་གཞི་དང་བསྒྲིག་ས་བཀོད་དང་མཐུན་དགོས། དེ་མིན་བོད་མི་རྣམས་ཀྱི་སེམས་སུ་འཇིག་རྟེན་གྱི་ཡོད་ཚད་བོད་དང་འདྲ་བོ་འདུག་པའི་འཚོར་བ་སྤྲད་ཅིང་། རྨོངས་འཚོར་གྱིས་ཕ་རོལ་བའི་རིག་གཞུང་རྟོགས་པའི་གནས་མེད། དེ་ནི་ངས་ཕྱི་སྐད་མི་ཤེས་བའི་སྔོན་དུ་བོད་སྐད་གློག་བརྙན་ནང་དུ་དཀོན་མཆོག་གསུམ་དང་ཨ་མའི་རོ་སོགས་བེད་སྤྱོད་བྱེད་པས་ངས་ཀྱང་མི་རིགས་གཞན་གྱིས་མཆོག་གསུམ་མནའ་སྐྱེལ་བ་འདོད་ཀྱང་རྗེས་སུ་ཕྱི་སྐད་ཅུང་ཙམ་ཤེས་མཚམས་དེ་དག་བདེན་པ་རེད་མི་འདུག མིའི་ལུས་ལ་ཁྲག་གསར་པ་སླེབས་པ་ཇི་བཞིན་སྒྱུར་རྩོམ་ལ་ངེས་བར་དུ་ཕྱི་རྒྱལ་བའི་གསོན་ཉམས་ལྡན་དགོས། གལ་སྲིད་དེ་ལྟར་ལྡན་མ་ཐུབ་ཀྱང་སྒྱུར་རྩོམ་རྒྱུད་བོད་མི་རྣམས་ལ་ཕྱི་གླིང་བའི་འཚོ་བ་དང་འདུ་ཤེས་འཛིན་སྟངས་སོགས་གང་ཐུབ་ཀྱིས་གསལ་སྟོན་བྱེད་དགོས་ཏེ། དེ་ནི་སྒྱུར་རྩོམ་གྱི་དགོས་པ་རེད།
    གཞན་ཡང་བྱིས་སྒྲུང་ཡིན་ན་གོ་སླ་ཁོ་ནར་འདོད་མཁན་ཀུན་ལ་མོས་མཐུན་མེད་ཅིང་། བྱིས་སྒྲུང་ཐམས་ཅད་ཕ་མ་དང་དགེ་རྒན་མེད་པ་བྱིས་པ་གཅིག་བུས་ཀློག་པ་མ་ངེས་ལ། བྱིས་པའི་བློ་ལའང་རབས་འབྲིང་ཐ་གསུམ་ཡོད་པ་མ་ཟད། ལོ་ལའང་ཆེ་ཆུང་བྱས་ནས་ཡོད། ལྷག་པར་དུ་བྱིས་སྒྲུང་ནི་ཁ་ལག་གཅིག་དང་འདྲ་བ་གོ་བདེ་དང་གོ་དཀའ། ཡུལ་སྐད་གཙོ་བཟུང་དང་ཡིག་སྐད་གཙོ་བཟུང་། ཟུང་སྦྲེལ་དང་རིང་ཐུང་སོགས་སྣ་ཚོགས་ཡོད་ཆོག་ཅིང་དེ་དག་ནས་ཕྲུ་གུ་རྣམས་ཀྱི་མོས་འདོད་བཞིན་འདེམ་ཆོག་ལ། ཕ་མའམ་དགེ་རྒན་གྱིས་ཅི་འདོད་དུ་ཁྲིད་ཆོག དེ་མིན་ཆེས་གོ་བདེ་ཁོ་ན་ཡིན་ཚེ་རྣམ་དཔྱོད་ཅན་དང་དོ་སྣང་ཅན་གྱི་བྱིས་པ་ཚོས་རྣམ་དཔྱོད་ལ་ཚོད་འཛིན་ཐེབས་པ་མ་ཟད། བྱིས་པའི་རྣམ་དཔྱོད་ལ་མཐོང་ཆུང་བྱེད་པ་འགྱུར་ཞིང་། བྱིས་པའི་རྣམ་དཔྱོད་ལ་མཐོང་ཆུང་བྱེད་པ་ནི་དོན་གྱིས་མིའི་ཤེས་རབ་ལ་མཐོང་ཆུང་བྱེད་པས་འཇིག་རྟེན་ཡར་རྒྱས་ལ་གནོད་སྐྱོན་འགྱུར་བ་ངེས། དེར་བརྟེན་གོ་དཀའ། གོ་སླ་འབྲིང་ཚང་མ་མཁོ།།
    དེ་དག་ནི་བསམ་ཚུལ་བརྗེ་རེས་ཙམ་ཡིན། བདེ་བ་ཞུགས།

  27. ཨ་ནུ་ཐང་བསོད་ནམས says:
    2012-06-27 at 5:56 am

    དྲ་རྒྱ་རྒྱུད་ནས་ལྟ་འདོད་ཚེ་མ་ཡིག་འདི་ནས་མཐོང་ཐུབ།
    http://www.cesky-jazyk.cz/citanka/karel-jaromir-erben/dlouhy-siroky-a-bystrozraky-pohadky.html

  28. ཨ་ནུ་ཐང་བསོད་ནམས says:
    2012-06-27 at 6:08 am

    གསལ་བཤད།
    ངས་གོང་དུ་ཞུས་བའི་”ཡུལ་སྐད གཙོ་བཟུང་”ཟེར་བའི་དོན་ནི་ལུང་ཚན་བྱེ་བྲག་པ་ཞིག་གི་ཁ་སྐད་མིན་པ་བོད་སྤྱི་ཡོངས་ཀྱིས་གོ་ཐུབ་པའི་ཁ་སྐད་ལ་བཤད་ཀྱི་ཡོད། དེ་མིན་ལུང་ཆུང་རེ་ལ་ཡུལ་སྐད་རེ་ཡོད་ཅིང་ཡུལ་སྐད་མང་དྲགས་པས་ཡོང་ཐབས་མེད།

  29. ཨ་ནུ་ཐང་བསོད་ནམས says:
    2012-06-27 at 6:18 am

    མདོར་ན། ལེའུ་དང་པོ་རྣམས་ལ་ཅུང་མཁྲེགས་པོ་ཡིན་པ་བདེན་པ་རེད། ཡིན་ཡང་ཨམ་སྐད་ཡིན་པ་བདེན་པ་མ་མཐོང་པས་འདི་རུ་བཀོད་པ་ཡིན་ལ། རྣམ་ཚོས་ཨམ་སྐད་མིན་པའི་དཔང་པོ་བྱེད་པ་ཐུགས་རྗེ་ཆེ། ཚང་མ་ལ་ཐུགས་རྗེ་ཆེ།

  30. གནམ says:
    2012-06-27 at 7:38 am

    ཁྱོ་ལ་ཁག་མེད། ངས་ཡུལ་སྐད་མིན་པས་གཞན་ཤེས་འི་མེད། སློབ་གྲྭ་ནས་གཞུང་ཡིག་དང་དགོན་པ་ནས་ཆོས་ཡིག་སོགས་གང་ཡང་སྦྱང་མྱོང་མེད། འོན་ཀྱང་ཆོལ་ཁ་གསུམ་པོའི་སྐད་ཡག་པོ་ཞིག་གོ་འི་ཡོད། ཡུལ་ངོ་ཟེར་བ་དེ། ཕ་མ་མིན་པས་མྱི་ངོ་མི་ཤེས་བ་དང་ཐབ་ཀ་མིན་པས་ས་ངོ་མི་ཤེས་བ་ཟེར་ཚུལ་ཡོད་པ་དེ་བཤད་ཀྱིན་ཡོད་པའི་ཁུལ་རེད། གོ་བ་མེད་ན་རྐྱོན་མེད་ཀི སྐད་ཆ་འདི་མོ་འདི་བརྒྱབ་ནས་འགྲོ་བ་མ་གཏོགས་འབྲི་ནི་མེད་ན་ཐང་། ཉམ་ལ་ས་མཐའ་འཇོག་མི་འཇོག་ཁྱེད་རང་གི་འདོད་པ་ཡིན།

  31. གནམ says:
    2012-06-27 at 7:51 am

    སྐྱོན་མེད་ལ་བཅོས། དེ་ནས་ ཡུལ་ངོ་ལ་ཡིག་སྐད་ཀྱིས་ཕ་ཡུལ་གྱི་ངོ་བོ་ལབ་ཀི་ཡོད་ས་རེད།

  32. ཨ་ནུ་ཐང་བསོད་ནམས says:
    2012-06-27 at 8:56 am

    འགྲེལ་བཤད་གནང་བ་ཐུགས་རྗེ་ཆེ། བོད་ཡིག་གང་ཐུབ་ཀྱིས་བྲིས་ཤིང་ཀློག་པ་ནི་དགའ་འོས་བའི་གནས་སུ་མཆིས། ཐུགས་རྗེ་ཆེ།

  33. གཉིས་མེད་སེངྒེ says:
    2012-06-27 at 11:53 am

    འདི་ཨམ་སྐད་ཡིན་པས་མི་གོ་ཟེར་མཁན་ཡོད་ན་རང་ཉིད་ཀྱིས་བོད་ཡིག་ཡག་པོ་མ་ཤེས་པའི་ངན་ཁག་གཞན་དཀྲི་བྱེད་ཐབས་ཙམ་ལས་མ་འདས།

  34. དཀོན་མཆོག་ནས། says:
    2012-06-27 at 11:54 pm

    ཡག་པོ་བསྒྱུར་འདུག

  35. པདྨ་ says:
    2012-06-28 at 12:00 am

    གནམ་ཟེར་ཡ་འདི་ད་པོ་སུ་ཟིག་རེད་མི་དགོས་པའི་ཚིག་ཉོག་མང་པོ་སྤེལ་འདུག་ཨ། ཅིའི་ཕྱིར་་་

  36. གྲགས་པ་ says:
    2012-06-28 at 12:14 am

    བསོད་ནམས་དང་གནམ་ཡིན་ན་ས་ཡིན་ན་འདི་གཉིས་ཀྱི་རྩོད་པ་ལ་བལྟ་རྒྱུ་ཅང་མི་འདུག་མོད་བསྒྱུར་གྱི་ཚིག་སྦྱོར་ལ་སྙན་ཆ་འདུག་འདི་ནི་ངས་བོད་ཡིག་སྒང་ནས་བལྟས་པ་ཡིན་བརྒྱ་ཆ་བརྒྱ་ཡོང་རྒྱུ་དཀའ་རུང་བོད་ཡིག་ཐོག་ཏུ་སྒྲུང་གིས་མཚོན་པའི་གང་ཐུབ་ཐུབ་བསྒྱུར་རྒྱུ་གལ་ཆེ་བ་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme