Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨང་རྩིས།

Posted on 2010-02-042013-05-13 By དགེ་རབ་ 17 Comments on ཨང་རྩིས།

དགེ་འདུན།
————
lodigyariposedphoto༡༩༧༩ ལོར་ཏིན་གྱིས་རང་བཙན་མ་ཡིན་པའི་སྐད་ཆ་གང་ཡིན་ཡང་བཤད་ཆོག་ཅེས་པ་ནས་བརྩིས་ན། ད་བར་དུ་ མི་ལོ་ ༣༢ སོང་ཟིན། ༡༩༨༧ ལོའི་ཨ་རིའི་གྲོས་ཚོགས་ཀྱི་༧གོང་ས་མཆོག་གི་གསུང་བཤད་དང༌། ༡༩༨༨ ལོའི་སི་ཊ་སི་སྦག་གི་གསུང་བཤད་གཉིས་ནས་བརྩིས་ན་ མི་ལོ་ ༢༣ ཙམ་སོང་ཟིན། ༢༠༠༢ ལོ་ནས་ད་ལྟའི་འབྲེལ་མོལ་ཟེར་བ་འདི་མགོ་བཙུགས་ནས་ད་བར་དུ་མི་ལོ་ ༨ ཙམ་འགྲོ་བཞིན་ཡོད། དུས་ཚོད་འདི་ནི་བྱིས་པ་ཞིག་སྐྱེས་ནས་སློབ་གྲྭ་ཆེན་མོ་ཐོན་པ་དང་། དེ་ནས་གཉེན་སྒྲིག་ཅིང་། བྱིས་པ་ཡང་གཉིས་གསུམ་གྱི་ཡབ་ཡུམ་ཆགས་པའི་དུས་ཡུན་ཞིག་རེད། དུས་ཚོད་འདིའི་ནང་རྒྱ་ནག་གི་སྲིད་འཛིན་གསུམ་བརྗེས་ཟིན་པ་རེད། ཞི་མོལ་གྱི་ལས་རིམ་མགོ་བཙུགས་རྗེས་སུ་སྐྱེས་པའི་བོད་པའི་བྱིས་པ་ནར་སོན་ཏེ་བོད་རང་བཙན་རྩོད་བཞིན་འདུག་ལ། ཁ་ཤས་བཙོན་དུ་ཚུད་ཅིང་ཁ་ཤས་ཀྱི་སྐུ་སྲོག་ཤོར་ཡོད་པ་རེད། ང་ཚོ་ནི་ འགྱུར་བ་མེད། ང་ཚོ་ནི་རྟག་པ་ཡིན། གཞུང་གཅིག གཞུང་གི་དཔོན་པོ་གཅིག སྐུ་ཚབ་གཅིག ལས་ཀ་གཅིག གྲུབ་འབྲས་གཅིག ད་གལ་ཆེ་ཤོས་དེ་སང་ཉིན་རེད། སང་ལོ་རེད། མ་འོངས་པའི་ལོ་ བཞིའི་ནང་ལ་འགྱུར་བ་ཡོད་དམ། ལོ་བཅུའི་ནང་ལ་འགྱུར་བ་ཡོད་དམ། ལོ་ཉི་ཤུའི་ནང་འགྱུར་བ་ཡོད་དམ།
རྒྱ་རི་རིན་པོ་ཆེས་ ༡༩༨༨ ཙམ་ནས་བཀའ་བློན་གྱི་ལས་འཁུར་ཞུས། དེ་ནས་ ༡༩༩༠ ནང་ནས་ད་བར་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས། ཧ་ལམ་མི་ལོ་ཉི་ཤུ་རྩ་གཅིག་ཙམ་གྱི་རིང་ལས་འགན་ཆེན་པོ་འདིའི་ཐུགས་འཁུར་བཞེས་པ་རེད། དུས་ཚོད་འདིའི་རིང་། ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ཚོགས་གཙོ་ཐེངས་གཉིས་དང་བཀའ་བློན་ཁྲི་པ་ཐེངས་གཉིས་བཅས་གནང་བ་རེད། ཟམ་གདོང་རིན་པོ་ཆེ་སྐུ་གཞོན་ཤ་ཅན་ནས་བགྲེས་པོའི་ཉམས་བཞེས་འདུག་ཅིང་། ཁ་སང་ཕྱག་ལ་ཕྱག་འཁར་ཞིག་བཞེས་ནས་ཕེབས་པ་མཐོང་བྱུང་བས་སེམས་སྐྱོ་བ་ཞིག་འདུག ད་དུང་དུས་ཡུན་དེའི་རིང་ཨ་རི་ལ་མཚོན་ན་སྲིད་འཛིན་གསུམ་བརྗེས་ཟིན་པ་རེད། རྒྱ་རི་རིན་པོ་ཆེ་དབུ་སྐྲ་ནག་པོ་ནས་དབུ་སྐྲ་དཀར་པོའི་བར་སླེབས་པ་རེད། ཞབས་སྟེགས་གཅིག་རང་གི་ཐོག་བཞུགས་པ་རེད། ད་ལོ་རྒྱ་རི་རིན་པོ་ཆེ་ དགུང་ལོ་ ༦༢ ཙམ་ལ་ཕེབས་ཡོད་པ་རེད། མ་འོངས་པའི་ལོ་ལྔ་བསྣན་ན་ དགུང་ལོ་ ༦༧ ལ་སླེབས་གི་རེད།
CHINA-TIBET/ENVOYSརྒྱ་རི་རིན་པོ་ཆེའི་མཛད་རྗེས་གཙོ་བོ་ཞིག་ནི་ ཨ་རིའི་གྲོས་ཚོགས་དང་གཞུང་ལ་སྐུལ་སློང་གིས་བོད་དོན་རྒྱབ་སྐྱོར་ཞུ་སྐུལ་བྱས་པ་དེ་རེད། ཁོང་གི་འཇོན་ཐང་ནི་ཧ་ལམ་མགར་སྟོང་བཙན་གྱི་ཚད་ལ་སླེབས་ཡོད་སྐད་འདུག འོན་ཀྱང་ང་ཚོ་ལ་ བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ཞིག་ནིའུ་ཡོག་ལ་ཡོད་ཡོད་རེད། གལ་སྲིད་༧དམིགས་བསལ་སྐུ་ཚབ་ལས་ཁུངས་དང་བོད་གཞུང་སྐུ་ཚབ་དོན་གཅོད་གཉིས་གཅིག་ལྕོགས་གནང་ཐུབ་ཚེ། བོད་གཞུང་ལ་ཨ་སྒོར་འབུམ་ཁ་ཤས་བསྲི་ཚགས་བྱེད་ཐུབ་པ་ཡོད་པ་རེད། རྒྱ་རི་རིན་པོ་ཆེའི་མཛད་རྗེས་གཞན་ཞིག་ནི། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཙུགས་པ་དེ་རེད། ལས་འགུལ་ཁང་འདིའི་ ༢༠༠༨ ལོའི་ཡོང་འབབ་སྒོར་མོ་ནི་ $5,345,726 རེད། དེ་ནི་བཙན་བྱོལ་བོད་གཞུང་གི་ད་ལྟའི་ལོ་འཁོར་སྔོན་རྩིས་ཧིན་སྒོར་ ས་ཡ་དགུ་བརྒྱ་སོ་བཞི་ལྷག་ཡིན་པའི་(934,000,000)དབང་དུ་བཏང་ན། དེའི་བརྒྱ་ཆ་ ༢༠ ཙམ་ཟིན་ཡོད་པ་རེད།
ད་བོད་མི་རིགས་ཞེས་པའི་སྐད་ཆ་ཆེན་པོའི་ཐོག་ནས་བརྩིས་ན། ༡༩༧༩ ལོའི་རྗེས་ནས་བོད་ནང་དུ་སྲིད་བྱུས་གུ་ཡངས་བཏང་ཡོད་པ་དང་། དེ་ནས་རིམ་གྱིས་བོད་ནས་གསར་འབྱོར་བ་མང་ཙམ་འབྱོར་ཡོད་པ་རེད། ལོ་རེར་ཆ་སྙོམ་གྱིས་ ༡༠༠༠ རེ་འབྱོར་ཡོད་པའི་དབང་དུ་བཏང་ན། ད་ལྟའི་ཆར་སྲིད་བྱུས་གུ་ཡངས་ཀྱི་རྗེས་ནས་འབྱོར་བའི་གསར་འབྱོར་གྱི་མི་འབོར་དེ་ཁྲི་གསུམ་བརྒལ་གི་ཡོད་པ་རེད། བྱང་ཨ་མི་རི་ཀ་ལ་མཚོན་ ༡༩༩༠ སྔོན་ལ་བོད་མི་ ༥༠༠ ཙམ་ཡོད་པ་ནས་ད་ལྟའི་ཆར་བོད་མི་ ཁྲི་གཉིས་ཙམ་གྱི་ཚོད་རྩིས་བྱེད་དགོས་པ་ཞིག་ཏུ་འཕེལ་ཡོད་པ་རེད། བོད་རིགས་ཚོགས་པ་ཡང་མང་དུ་ཕྱིན་ཡོད་པ་རེད། ད་མ་འོངས་པ་ལ་བསམ་བློ་བཏང་ན། མ་འོངས་པ་ལ་བསམ་བློ་གཏོང་ཐུབ་གི་མི་འདུག བོད་མི་ཁྲི་སྐོར་རེ་༧རྒྱལ་བའི་ཞལ་ལ་གཅེར་ནས་ཧི་མ་ལ་ཡ་འཕྲེད་ཀྱིས་གཅོད་ཀྱི་རེད། བོད་མི་ཚོ་ནི་རང་བཙན་ཡིན་ནམ་དབུ་མའི་ལམ་ཡིན་ཞེས་པའི་གསལ་ཁ་མེད་པ་འདིའི་ནང་ནས་ཤི་མཁན་ཚོ་ཤི་གི་རེད། སྐྱེ་མཁན་ཚོ་སྐྱེ་གི་རེད། ཧ་ལམ་ང་ཡང་ཤི་མཁན་གྱི་གྲས་ན་ཡོད་པ་འདྲ། རྩིས་ཤིག་རྒྱོབས། ད་དུང་ཨང་གྲངས་ཡོད་ན་གསུངས་རོགས།

རྩོམ་རིག

Post navigation

Previous Post: རེ་སྒུག
Next Post: ལོ་རྒྱུས་གསོན་པ་འདི་ན་ཡོད།

Comments (17) on “ཨང་རྩིས།”

  1. མི་རྐང་གླིང་བུ says:
    2010-02-04 at 2:52 pm

    ཨང་རྩིས་འདིས་ང་འཇིགས་སྣང་ཞིག་སྤྲད་ཡོང་ཁི

  2. རྡོ་རྗེ་དྲིལ་བུ་པ་ says:
    2010-02-04 at 4:33 pm

    ཨང་རྩིས་འདིས་ང་ལ་འཆི་བ་མི་རྟག་པའི་དྲན་གསོ་ཡག་པོ་ཅིག་ཐེབ་བྱུང་། ཐུགས་རྗེ་ཆེ།

    རྒྱ་རི་རིན་པོ་ཆེ་བཀའ་བློན་ཁྲི་པ་འཁོད་པའི་རེ་བ་དང་།
    ཟམ་གདོང་རིན་པོ་ཆེ་དམིགས་བསལ་༸སྐུ་ཚབ་འཁོད་པའི་སྨོན་འདུན་ཞུ།

    བོད་རིགས་བཟང་ཕྱོགས་རྒྱལ་གྱུར་ཅིག །

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-02-04 at 5:32 pm

    ཨང་རྩིས་ནོར་མི་འདུག ཨང་རྩིས་ལ་མཁས་པ་བྱེད་འདོད་ན། དང་བོ་རྩིས་པ་ལོངས་ཞར་གྱི་གཏམ་རྒྱུད་དེར་བསམ་བློ་ཞིག་གཏོང་། དེ་ནས་ཨང་རྩིས་མུ་མཐུད་དུ་རྒྱོབས་ཤིག

  4. མིག་དམར་རྡོ་རྗེ། says:
    2010-02-04 at 7:04 pm

    http://www.rigpawiki.org/index.php?title=Main_Page
    Prayer for the Long Life of Lodi Gyari Rinpoche
    om svasti
    chi mé tsa sum tsé lhé chin lap kyi འཆི་མེད་རྩ་གསུམ་ཚེ་ལྷའི་བྱིན་རླབས་ཀྱིས།།
    khen chen pen dé özer gyu trul gar མཁན་ཆེན་ཕན་བདེ་འོད་ཟེར་སྒྱུ་འཕྲུལ་གར།།
    lo drö gyal tsen shyab pé si tar ten བློ་གྲོས་རྒྱལ་མཚན་ཞབས་པད་སྲིད་མཐར་བརྟན།།
    ten dror pen déi trin lé kun khyab shok བསྟན་འགྲོར་ཕན་བདེའི་འཕྲིན་ལས་ཀུན་ཁྱབ་ཤོག།
    Om Svasti!
    Through the blessings of the deathless deities of the three roots and all the deities of long-life,
    May the life of Lodrö Gyaltsen, the magical emanation of Khenchen Phende Özer,
    Remain secure until the very end of time,
    And may his activity spread far and wide, bringing universal benefit to the teachings and beings.
    According to the requests of the Sogyal Rinpoche and Rigpa sangha, made together with the support of an offering, and out of my own feelings of inspiration and devotion, I, the one named Ngawang Chökyi Lodrö, who bears only the outer signs of a Buddhist monk, made this aspiration and wrote it down on the 6th day of the 10th month of the Wood Bird year (7th December 2005). Jayantu!

  5. Dhondup Tashi Rekjong says:
    2010-02-04 at 9:25 pm

    ཨང་རྩིས་འདི་ལ་བསམ་ཚུལ་འགའ་ཁ་སྣོན་བྱེད་ཀྱི་ཡིན།
    ད་ལོའི་བཙན་བྱོལ་བོད་གཞུང་གི་ལོ་འཁོར་སྔོན་རྩིས་དེ། རྒྱ་སྒོར་༡,༠༠༣,༦༤༢,༠༠༠ཙམ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལོ་རེའི་ཡོང་འབབ་ཨ་སྒོར་༥༣༤༥༧༢༦དེ་རྒྱ་སྒོར་ལ་ཕབ་ན། རྒྱ་སྒོར་༢༤༧,༡༥༩,༦༤༡ཙམ་རེད། དེས་བཙན་བྱོལ་བོད་གཞུང་གི་ལོ་གཅིག་གི་འགྲོ་སོང་གི་བརྒྱ་ཆ་༢༠ཟིན་འདུག བཙན་བྱོལ་བོད་གཞུང་ལ་དཔལ་འབྱོར་གྱི་ཡོང་ཁུངས་ཆེ་ཁག་གསུམ་ཡོད་པ་ནས། གཅིག་༧གོང་ས་མཆོག་སྐུ་སྒེར་ནས་རེད། གཅིག་དེ་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་རེད། གཞན་དེ། བཙན་བྱོལ་བོད་མིའི་དྭང་བླང་དཔྱ་ཁྲལ་ཡོང་འབབ་རེད། ཕྱི་ལོ་༢༠༠༩ལོའི་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་ཁྲལ་ཡོང་འབབ་ནི་རྒྱ་སྒོར་༨༧,༠༡༧,༢༢༦ཙམ་རེད། གཞན་༧གོང་ས་མཆོག་སྐུ་སྒེར་ནས་བརྒྱ་ཆ་ཉི་ཤུ་ཙམ་ཡོང་གི་ཡོད་པ་རེད། གལ་སྲིད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོང་འབབ་དེ་འདྲ་ཞིག་བོད་གཞུང་ལ་གཏོང་ཐུབ་ན། དེས་དཔལ་འབྱོར་ལས་ཁུངས་ཀྱི་ཕྱི་རྒྱལ་རོགས་དངུལ་ཚན་པའི་ལས་འགན་གཙོ་བོ་སྟེ།
    ༧གོང་ས་མཆོག་ནས་ཕྱི་རྒྱལ་རྒྱལ་ཁབ་ཁག་ནས་རོགས་དངུལ་ཐབས་འཚོལ་གནང་བར་མཇུག་སྐྱོང་གནང་རྒྱུ་ཟེར་བའི་ཁུར་བོ་ལྗིད་པོ་དེ་ས་ལ་ཕབ་པ་རེད།
    ངེད་ཀྱི་རྩ་བའི་བླ་མ་ལ་ཡང་སྐུ་ངལ་གསོ་བའི་གོ་སྐབས་ཅུང་ཙམ་ཡོང་གི་རེད། དེ་འདྲ་ཞིག་རེད།

  6. Dhondup Tashi Rekjong says:
    2010-02-04 at 9:44 pm

    ད་དུང་སྐད་ཆ་འགའ་ཁ་སྣོན་བྱེད་ཀྱི་ཡིན།
    རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཕྱི་ལོ་༢༠༠༨ལོའི་ལོ་འཁོར་རྩིས་ཕྲའི་སྤྱི་བསྡོམས་དེར་རོབ་ཙམ་བལྟས་བ་ཡིན།
    རྩིས་ཕྲ་དེ་ཞིབ་ཚགས་ཤིག་མི་འདུག ཞིབ་ཚགས་མེད་པའི་རྒྱུ་མཚན་གཅིག་དེ། (Expenses) འགྲོ་སོང་གི་ཁོངས་སུ།( Salaries expense)ལས་མིའི་གླ་ཆའི་འགྲོ་སོང་དེ་བཅུག་མི་འདུག
    ད་དུང་། མ་འཇོག་གི་ཁོངས་སུ(Dividends) ཡང་འདུག( Dividents) ཟེར་བ་འདི་བཟོ་གྲ་ཞིག་ཡིན་ན། དེའི་མ་བཤེར་བདག་པོ་ཚོར་བགོ་བའི་དངུལ་འབབ་དེ་རེད།
    ད་དུང་། ( Investments)མ་བཙུགས་ཀྱང་ཨ་སྒོར་༣༤༨,༠༠༩ཙམ་བྱས་འདུག་པ་དང་དེ་ནས་མ་དངུལ་( Investment loss)ཨ་སྒོར་༡༢,༦༦༠ཙམ་ལ་གྱོང་རག་འདུག
    རྩིས་ཕྲ་དེར་ཞིབ་ཚགས་ཤིག་བལྟས་རྗེས། ངེད་རང་སྒེར་ལ་ཚོར་སྣང་ཞིག་བྱུང་། དེ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་འདི་ཚོང་ལས་ཀྱི་སྡེ་ཚན་ཞིག་ཆགས་འདུག་པ་དེ་རེད།
    ཚོང་ལས་ཀྱི་་སྡེ་ཚན་ཞིག་ཡིན་པའི་རྣམ་པ་དེ་རྩིས་ཕྲའི་སྒང་ལ་གསལ་ལྷང་ངེར་འདུག དེ་ཙམ་ཡིན།

  7. Dhondup Tashi Rekjong says:
    2010-02-04 at 9:59 pm

    གཅིག་བརྗེད་འདུག
    ངེད་ཀྱིས་ཁོང་ཚོའི་རྩིས་ཕྲའི་ཐོག་ན་ཚོང་ལས་ཀྱི་སྡེ་ཚན་ཞིག་ཡིན་པའི་རྣམ་པ་དེ་གསལ་བོ་འདུག་ལབ་ཀྱི་ཡོད་མ་གཏོགས།
    གཞན། བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་མི་འདུག་ལབ་ཀྱི་མེད་ལ་བོད་དོན་དང་འབྲེལ་བའི་ལས་འགུལ་རྩོམ་གྱི་མི་འདུག་ཡང་ཟེར་གྱི་མེད།
    དེ་ཙམ་ཡིན།

  8. རྩམ་དགའ་ says:
    2010-02-04 at 9:59 pm

    བོད་གཞུང་ལས་རྒྱ་རི་ཚང་རྒྱུ་ཆེན་ཡིན་རབས་གོ་མྱོང་ཡོད། དེ་ངོ་མས་ཡིན་ས་རེད་ད་ཨ་ཨ།

  9. གཞིས་ལུས་བོད་པ། says:
    2010-02-05 at 12:53 am

    རྒྱ་རིའི་མཛད་རྗེས་གཙོ་བོ་ཞིག་ནི་ཨ་རིའི་གྲོས་ཚོགས་དང་གཞུང་ལ་སྐུལ་སློང་གིས་བོད་དོན་རྒྱབ་སྐྱོར་ཞུ་སྐུལ་བྱས་པ་དེ་རེད། རྒྱ་རིའི་མཛད་རྗེས་གཞན་ཞིག་ནི། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཙུགས་པ་དེ་རེད། འདི་ནི་བྱས་རྗེས་རླབས་ཆེན་ཞིག་རེད་འདོད།

  10. ལྷགབསམ་རྒྱ་མཚོ། says:
    2010-02-05 at 2:08 am

    གོང་གི་གྲངས་དེ་མཐོང་བས། མི་རྟག་པའི་རང་གཟུགས་རྗེན་པར་བསྟན་སོང་། བོད་དོན་ནི་མི་ཁ་ཤས་ཀྱི་གཉའ་བར་ལྷུང་པ་དང་། རྒྱབ་སྐྱོར་ཀྱི་དངུལ་ཡང་སྒེར་བ་ཁ་ཤས་ཀྱི་ཁུག་མར་ཐིམ་འགྲོ་ངེས་ཆེ་སྙམ་པའི་དོགས་པ་བྱུང་། དེ་ལྟར་མི་འགྱུར་བའི་རེ་བ་ཡོད། བོད་ཀྱི་གནད་དོན་གལ་ཆེན་ཞིག་ནི་ཉི་མ་རེ་བཞིན་མི་རིགས་ཉུང་དུ་སོང་ནས་འདི་ནས་ལོ་ལྔ་བཅུ་སོང་ཚེ་མི་གྲངས་འབུམ་ཉི་ཤུའི་ཚད་ལ་སླེབས་རྒྱུ་དེ་རེད། དེའི་ནང དུ་སྐད་ཡིག་གཙང་མ་དང ། བོད་ཀྱི་ཆོས་དང་རིགས་གནས་ལ་ཤ་ཞེན་ཅན་ག་ཚོད་ཡོད་རྒྱུ་རེད། དེ་ཐག་གཅོད་མ་བྱུང་ཚེ་མི་རིགས་ཤིག་གི་ལོ་རྒྱུས་དང་ཆོས་དང་རིགས་གཞུང་སྲུང་སྐྱོབས་ཟེར་བའི་གཏམ་སྙན་པོ་ཚོ་ཡང་རྨི་ལམ་ནང་གི་འདོད་ཡོན་བཞིན།

  11. ཚངས་དབྱངས། says:
    2010-02-05 at 11:17 am

    རྒན་དགེ་འདུན་རབ་གསལ་ལགས

    འདྲི་བ་གསུམ་ཡོད་པས་དེ་ལ་ལན་ཞིག་གནང་རོགས།

    ༡༽ཉིད་ཀྱིས། “རྒྱ་རི་རིན་པོ་ཆེའི་མཛད་རྗེས་གཞན་ཞིག་ནི། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཙུགས་པ་དེ་རེད།”གསུངས། 

    ཡིན་ནའང་། ངས་ཐོས་པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་འདི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གསར་བཙུགས་གནང་བ་རེད་ཟེར། དེ་གསལ་བཤད་ཤིག་གནང་རོགས། རྒྱུ་མཚན་ནི། ལས་འགུལ་ཁང་དེའི་དབུ་འཛིན་དང་པོ་བསྟན་འཛིན་རྣམ་རྒྱལ་ལགས་རེད། རྒྱ་རི་རིན་པོ་ཆེ་ཁོང་གི་མཇུག་ལ་རེད།

  12. དགེ་འདུན་རབ་གསལ་ says:
    2010-02-05 at 11:33 am

    ད་ཡང་བསམ་བློ་གཏོང་བཞིན་ཡོད། ཨང་རྩིས་འདིའི་སྐོར་ལ་བསམ་བློ་གཏོང་བཞིན་ཡོད། “བོད་མི་རིགས་”ཀྱི་འཐབ་རྩོད་འདི་ལ་ངར་ཤུགས་ཀྱིས་ཕོངས་མི་འདུག རྒྱལ་ཞེན་གྱིས་ཕོངས་མི་འདུག འོན་ཀྱང་། ངར་ཤུགས་དང་རྒྱལ་ཞེན་དེ་དག་བེད་སྤྱོད་གཏོང་མ་ཐུབ་ནས་ཕོངས་འདུག དེ་དག་བེད་སྤྱོད་གཏོང་སྟངས་མ་ཤེས་ནས་ཕོངས་འདུག མི་ཞིག་ལ་དཔེ་བྱས་ན། གཟུགས་པོ་བདེ་ཐང་རེད། ཡིན་ན་ཡང་། གཟུགས་པོ་ལ་མྱུར་རྩལ་ཡོད་མ་རེད། ལྡེམས་ཆ་ཡོད་མ་རེད།
    ད་ འགྱུར་བ་གཏོང་དགོས་པ་རེད། ཏན་ཏན་འགྱུར་བ་གཏོང་དགོས་པ་རེད། སྐུ་ཚབ་ཀྱང་བརྗེས་དགོས་པ་རེད། གཞུང་ཡང་བརྗེས་དགོས་པ་རེད། གལ་ཆེ་ཤོས་དེ་ཆབ་སྲིད་ཀྱང་བརྗེས་དགོས་པ་རེད། མ་བརྗེས་ན། འཐོམས་འཐོམས་ཀྱི་བསམ་བློ་འདིས་ང་ཚོའི་འཐབ་རྩོད་འཕྲོ་བརླག་ལ་གཏོང་གི་རེད། ཡིན་ལ་མིན་ལ་ཅན་གྱི་སྲིད་བྱུས་འདིས་ང་ཚོའི་འཐབ་རྩོད་འཕྲོ་བརླག་ལ་གཏོང་གི་རེད།
    ལོ་རྗེས་མའི་ནང་། ད་ལྟའི་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་རྩ་ནས་མེད་པའི་ཐོག་ནས་ “༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་”ཐུབ་གི་ཡོད་ན་ཡང་། རྒྱལ་ཁ་ཞིག་རེད། བོད་མི་ས་ཡ་དྲུག་གིས་༧རྒྱལ་བ་སྐུ་གསོན་པོ་དེ་མཇལ་དུས་ཤི་ན་ཡང་རྣམ་ཤེས་བདེ་ནས་འགྲོ་གི་རེད། དེ་ལྟར་མེད་ཚེ། ང་ཚོའི་མི་ཐོག་གི་མི་འཇོན་པ་འདི་ལ་བརྟེན་ནས་མ་འོངས་པའི་མི་རབས་ཚོའི་མདུན་ལམ་གཅོད་མི་རུང་བ་རེད། མི་འོས་པ་རེད། ང་ཚོས་ད་བར་དུ་ “བོད་ཀྱི་འཐབ་རྩོད་”འདིའི་གནམ་འཕང་དགུང་ལ་བསྟད་པ་རེད། མུ་མཐུད་ནས་མ་འོངས་པའི་མི་ཐོག་ལ་འཐབ་རྩོད་འདིའི་རྒྱུན་འཇོག་དགོས་པ་རེད། “རྒྱ་ནག་ལ་སྐད་ཆ་བཤད་པ་ཡིན། བྱུང་མ་སོང་། ད་མཚམས་འཇོག་གི་ཡིན། མ་འོངས་པའི་བྱེད་ཕྱོགས་འདི་ཡིན།”ཞེས་ཁ་བསངས་དགོས་པ་རེད། ཨང་རྩིས། ཨང་རྩིས་འདི་འདྲ་རེད།

  13. དགེ་འདུན་རབ་གསལ་ says:
    2010-02-05 at 11:41 am

    ཚངས་དབྱངས་ལགས།
    ཏན་ཏན་ང་ནོར་ཡོད་པ་རེད། ངས་ཁྱེད་ཀྱི་དྲི་བ་མཐོང་འཕྲལ་ ཁོང་ཚོའི་དྲ་རྒྱ་ལ་ (http://www.savetibet.org/)བཙལ་བ་ཡིན། རྙེད་མ་བྱུང་། ཚོགས་པ་འདི་ ༡༩༨༨ ལོར་བཙུགས་འདུག བྱས་དུས། རྒྱ་རི་རིན་པོ་ཆེ་སྐབས་དེ་དུས་རྒྱ་གར་ལ་ཡོད་པ་རེད། ཕལ་ཆེར་ཁྱེད་རང་བདེན་པ་རེད། མུ་མཐུད་ནས་དེ་འདྲ་གསུངས་རོགས། ཐུགས་རྗེ་ཆེ།

  14. ཚངས་དབྱངས། says:
    2010-02-05 at 12:27 pm

    རྒན་དགེ་འདུན་རབ་གསལ་ལགས། འདྲི་བ་གཉིས་པ་དེ། དམིགས་བསལ་སྐུ་ཚབ་དང་བོད་གཞུང་གི་དོན་གཅོད་སྐོར་ཡིན། 

    རྒྱ་རི་རིན་པོ་ཆེས་བོད་གཞུང་གི་ལས་བྱེད་མིན་གསུང་གི་འདུག རྒྱུ་མཚན་ནི། བོད་གཞུང་གི་ལས་བྱེད་ཡིན་ན། ཚོགས་པ་གཞན་གྱི་ནང་ལ་ལས་འཁུར་བྱེད་མི་ཆོག་པས་ཡིན། རྒྱ་རི་རིན་པོ་ཆེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཀྱི་དབུ་འཛིན་གནང་བའི་སྐབས། ཁོང་བོད་གཞུང་གི་ལས་བྱེད་མིན་གསུངས། 

    དེ་བདེན་པ་རེད་དམ།

  15. དགེ་འདུན་རབ་གསལ་ says:
    2010-02-05 at 12:43 pm

    ཚངས་དབྱངས་ལགས།
    དྲི་བ་གཉིས་པ་འདི་དཀའ་ལས་ཁག་པོ་འདུག ཁྱེད་ཀྱིས་མཁྱེན་པ་ལས་ལྷག་ཅིག་ང་ལ་ཡང་ཞུ་རྒྱུ་མེད། བོད་གཞུང་གིས་གཏན་འབེབས་བྱས་པའི་ས་མིག་ཐོག་ཕྱག་ལས་གནང་བཞིན་པའི་གཞུང་ཞབས་དེ་ཚོ་སྐོར་གཅིག་རེད། བཀའ་བློན་ཚོ་སྐོར་གཅིག་རེད། སྤྱི་འཐུས་ཚོ་སྐོར་གཅིག་རེད། འདི་དག་གི་ཐད་གཞུང་ཞབས་ལས་བྱེད་ཚོའི་ཁྲིམས་ཡིག་ཡོད་པ་རེད། དེབ་དེ་ང་ལ་མེད།
    ད་ རྙོག་ཁྲའི་རྩ་བ་དེ་གང་ལ་ཡོད་པ་རེད་ཟེར་ན། དམིགས་བསལ་སྐུ་ཚབ་ཅེས་པའི་གོ་གནས་འདི་རེད། གོ་གནས་འདི་ལ་ངས་འགྲེལ་བཤད་རྙེད་མ་བྱུང་།

  16. ལྕམ་ཆུང་གཡུ་ལོ། says:
    2010-02-06 at 12:01 am

    དགེ་འདུན་རབ་གསལ་ལགས་ཀྱིས་དངོས་གནས་ཚང་མས་དོ་སྣང་བྱེད་འོས་པའི་བསམ་ཚུལ་འགྲན་ཟླ་མེད་པ་ཞིག་བྲིས་འདུག་ད་ཚང་མས་དོ་སྣང་བྱེད་ས་དེ་རྒྱལ་སྤྱིའི་བོད་དོན་ཁང་སུའི་བཙུགས་མིན་དང་གཞུང་ཞབས་ཁོངས་ཡིན་མིན་དེ་གཙོ་བོ་མ་རེད་བསམ།ད་ལྟ་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་ན་ལས་འགུལ་ཁང་དེར་ཁང་བ་རྫིག་པོ་ཞིག་ཡོད་པ་དེ་མ་འོངས་པར་སུ་བདག་པོ་ཡིན་མིན༼མི་སྒེར་བ་ཞིག་གི་མིང་ཐོག་ནས་ཉོས་ཡོད་ཀྱང་སྲིད་།༽ཡང་ང་ཚོ་སུ་ལ་གསལ་ཆ་ཡོད་དམ།ད་ལྟ་ཕྱག་རྟེན་བསྣབས་ནས་ཕེབས་ཀྱིན་ཡོད་ནའང་ད་དུང་མུ་མཐུད་དུ་ཐེངས་རྗེས་མའི་བཀའ་བློན་ཁྲི་བར་ཡང་བསྐྱར་འདེམས་ཐབས་བརྩོན་ལེན་བྱེད་པ་སུའི་འཆར་གཞི་ཡིན་ནམ།རེ་བ་མེད་པ་ཤེས་བཞིན་ད་དུང་ལོ་ནས་ལོ་མཐུད་དེ་ཨ་ཞང་ཚང་གི་མགྲོན་ལ་འདུར་དོན་ཅི་ཡིན་ནམ་།བོད་མི་རིགས་ཀྱི་ཆེད་ཡིན་ནམ་དམིགས་བསལ་སྐུ་ཚབ་ཀྱི་རྐུབ་སྟེགས་གཏོང་མ་ཐུབ་པ་ཡིན།༧གོང་ས་མཆོག་ཁ་ལ་ཁྱེནས་དོན་གྱིས་སོ་སོའི་སྒེར་གྱི་ངོས་ནས་རྒྱ་རིགས་ནང་ཆོས་ལ་དད་ལྡན་པ་ཕྱུག་པོ་མང་པོ་མང་པོ་ཞིག་རྙིང་མ་བའི་ཁོངས་སུ་ཚུར་ལེན་ལ་འབད་པ་དེ་འབྲེལ་མོལ་ལས་སྐུ་ཚེགས་ཡངས་བ་དང་དཀའ་ལས་རྒྱག་པ་ལ།

  17. གཞིས་ལུས་བོད་པ། says:
    2010-02-07 at 12:25 am

    དྲ་བའི་དོ་དམ་པ་ལགས། ཁ་བརྡ་དྲ་བ་འདི་ལ་སྐྱོན་ཞིག་ཡོད་པ་ནི་རྩིས་འཕྲུལ་གཅིག་གི་སྟེང་ནས་སྔོན་དུ་ཞུགས་པ་དེའི་མིང་དང་གློག་འཕྲིན་ཁ་བྱང་ཚང་མ་རྗེས་སུ་ཞུགས་པ་དེས་ཤེས་ཐུབ་པ་དེ་རེད། དེ་ལྟར་ཡིན་དུས་དྲ་ཁང་སོགས་ནས་ཞུགས་ཏེ་མཆན་བཏབ་ན་ཉེན་ཁ་འདུག་ཅིང་རྗེས་མར་ཞུགས་པ་དེས་སྔ་མའི་མིང་ཐོག་ནས་ཞུགས་ཏེ་མཆན་འདེབས་པ་སོགས་སྲིད་པ་དང་བཙལ་སླ་བ་དེ་རེད། དེས་ན་འདི་ལ་བཅོས་རྒྱུ་ཡོད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme