Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཧོ་ཞི་བ་དམ་ཆོས་དེ་ག་རང་།།

Posted on 2017-09-012017-09-01 By ཁ་བརྡ་ 14 Comments on ཨ་ཧོ་ཞི་བ་དམ་ཆོས་དེ་ག་རང་།།

ཨ་ཁུ་འབྲོག་པ།

 
ཀ་བཤད་མི་འབྲི་ཀ་མེད་ཁ་བརྡས་བསྐུལ།།
ཁ་ནས་གང་ཐོན་བྲིས་ན་དུས་ཚོད་གྲོན།།
ག་ཕྱི་ག་ལོག་སྙོན་ན་རང་ཚུགས་འཆོར།།
ང་མཁས་ངས་འཇོན་བྲིས་ན་རྒྱུས་ཡོད་ཁྲེལ།།

ཅ་ཅོ་འུར་ཤོབ་མིན་པའི་ཀ་བཤད་ཅིག །
ཆ་ལུགས་ཚུལ་ལྡན་ཀུན་ལ་སྙིང་གཏམ་ཞིག །
ཇ་བཟི་ཆང་བཟིས་མ་ཡིན་ཐོལ་བྱུང་འབྲི།།
ཉ་ཆུང་གསེར་མིག་འདྲ་བའི་གྲོགས་རྣམས་གསོན།།

ཏ་ར་སྒྲོལ་མའི་རྣམ་འཕྲུལ་བྲག་སྲིན་མས།།
ཐ་འཁོབ་བོད་དུ་མི་ཡི་འགྲོ་བ་སྤེལ།།
ད་ལྟ་བོད་དང་བོད་བརྒྱུད་ནང་བསྟན་ཞེས།།
ན་ཚོད་རྒན་གཞོན་ཀུན་ཀྱིས་སྨོན་པའི་ཡུལ།།

པ་ཕ་༧གོང་ས་མཆོག་གི་མཛད་ཕྲིན་དང་།།
ཕ་རྒན་བྱང་སེམས་སྤྲེའུའི་ཐུགས་བསྐྱེད་མཐུས།།
བ་མོ་འདོད་འཇོ་ལྟ་བུའི་ནང་ཆོས་འདི།།
མ་ལུས་འཇིག་རྟེན་ཞི་བདེའི་སོས་སུ་སྨིན།།

ཙ་གོར་ལྷ་བྱའི་ཡུལ་གྱི་རང་རིགས་རྣམས།།
ཚ་གྲང་སྡུག་བསྔལ་ཆུང་ཚེགས་བཟོད་བྱས་ཏེ།།
ཛ་དྲག་ཡ་རབས་ལུགས་ལ་འབད་བྱས་ན།།
ཝ་ལེར་ཡིད་བརྣག་བོད་དོན་ཡང་དེ་རང་།།

ཞྭ་ལྟར་དཀོན་མཆོག་རྣམ་གསུམ་གོང་བཀུར་ནས།
ཟ་འདྲེ་བདག་འཛིན་ཉོན་མོངས་སྦུར་འཇོམས་ཐོངས།།
འ་ཆད་འུ་ཐུག་བྱུང་ན་སྔོན་ལས་སོམས།།
ཡ་རབས་སྤྱོད་བཟང་ཟེར་ནའང་དེ་རང་ཡིན།།

ར་བ་གངས་རིའི་ལྗོངས་ཀྱི་མི་རྒྱུད་རྣམས།།
ལ་ལུང་གང་དུ་གནས་ཀྱང་གཞན་ཕན་སེམས།།
ཤ་ཚ་ཟོལ་མེད་འགྲོ་བ་ཡོངས་གསྒོམས་ན།།
ས་སྟེང་འདི་རུ་བྱམས་བརྩེའི་རྩ་བ་ཚུགས།།

ཧ་ལོ་ལྟ་བུའི་སྡང་སེམས་ཡོངས་སྤངས་ཏེ།།
ཨ་མ་ལྟ་བུར་ཀུན་ལ་བྱམས་ལྡན་ན།།
ཧ་ཅང་སྤྲོས་པའི་གཟི་བརྗིད་མི་ལྡན་ཡང་།།
ཨ་ཧོ་ཞི་བ་དམ་ཆོས་དེ་ག་རང་།།

སྙན་ངག

Post navigation

Previous Post: ཡོ་ག་(yoga)ཆེད་སྦྱོང་པ་ཚེ་རིང་དབྱངས་འཛོམས་ལ་བཅར་འདྲི་བྱས་པ།
Next Post: མང་གཙོའི་དུས་ཆེན་ཐོག་གནང་བའི་གསུང་བཤད།

Comments (14) on “ཨ་ཧོ་ཞི་བ་དམ་ཆོས་དེ་ག་རང་།།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-01 at 9:22 pm

    ཀ་བཤད་ཁ་བཤད་གང་བཤད་རང་དབང་རེད་།
    ཁ་བཤད་གཏམ་ལ་འགན་འཁུར་ཐུབ་པ་དགོས་།
    ག་རེ་བྲིས་ཀྱང་བོད་ཡིག་ཡར་རྒྱས་རེད་།
    ང་རྒྱལ་སྤངས་ནསཀ་བཤད་འབྲི་ལ་སྤྲོ་།

    ཅ་ལག་དངོས་པོ་ཡར་འཐོན་གསར་བརྗེའི་ལམ་།
    ཆ་འཇོག་དགའ་ཞེན་ཕ་མེས་སྐད་ཡིག་ལ་།
    ཇ་ཆང་བཞིན་དུ་བཅུད་ལེན་ཐུབ་པ་དགོས་།
    ཉ་དང་མྱུང་མ་མཉམ་བསྲེས་མེད་ན་དགའ་།

    ཏ་ཐ་གཱ་ཏའི་བསྟན་པ་ཀ་ཁས་སྲུང་།
    ཐ་དད་སྐད་ཡིག་བོད་མིའི་བླ་སྲོག་མིན་།
    ད་ལྟའི་དུས་འདིར་བོད་ཀྱི་སྐད་ཡིག་ལ་།
    ན་རྒས་འཆི་ལ་ཐུག་པའི་ཉེན་ཁ་ཆེ་།

    པ་ཕ་ཨ་མས་རང་གི་བུ་ཕྲུག་ལ་།
    ཕ་མེས་སྐད་ཡིག་ཡང་ནས་ཡང་དུ་སློབ་།
    བ་ཕྱུགས་བསམ་མེད་མིན་པའི་རིན་ཆེན་མི་།
    མ་ཕྱུག་མ་ནོར་རང་གི་སྐད་ཡིག་སྲུང་།

    ཙ་བ་ཡུལ་དུས་འགྱུར་བའི་འཕོ་འགྱུར་འོག་།
    ཚ་གྲང་མ་ཐུབ་བོད་ཀྱི་སྐད་ཡིག་ཉམས་།
    འཛམ་གླིང་གོ་ལ་སྐད་ཡིག་སྣ་མང་འོག་།
    ཝ་མོ་སྤྱང་ཀི་ལ་སོགས་གནོད་འཚེ་མང་།

    ཞང་ཞུང་དམར་ཡིག་བོད་ཀྱི་སྐད་ཡིག་སྲོག་།
    ཟ་འོར་ཡུལ་དང་ལི་ཡིའི་ཡུལ་ལུང་སོགས་།
    འ་འུར་མིན་པ་བོད་ཀྱི་སྐད་ཡིག་མཇལ་།
    ཡ་རབས་བཟང་སྤྱོད་ཐུབ་པ་བོད་ཡིག་ཙམ་།

    རང་ལུགས་གསོ་སྐྱོང་འཚོ་བའི་དོན་ལ་དམིགས་།
    ལ་ལུང་འགྲིམས་ནས་ཙ་བཟང་ཆུ་བཟང་བསྟེན་།
    ཤ་རྒྱས་དུད་འགྲོའི་ཚེ་སྲོག་འཕྲོག་མཁན་མང་།
    ས་སྟེང་འདི་རུ་མི་ལས་སྡིག་ཆེན་སུ་།

    ཧ་ཅང་གཏམ་སྙོགས་མང་བའི་ཀ་བཤད་འདི་།
    ཨ་རོགས་ཟུར་གནས་མཁས་པའི་ཐུགས་མ་འགལ་།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-01 at 9:26 pm

    ནོར་བཅོས་ ( རང་ལུགས་) འདི་ར་ལུག་གསོ་སྐྱོང་འཚོ་བའི་དོན་ལ་དམིགས་།

  3. ཏྲེ་ཧོར་ཚང་། says:
    2017-09-02 at 1:18 am

    ༄། །དེང་སང་གི་ཆོས་ལུགས་པ་ཀུན་ལ་ཞེ་མ་བདེ།

    ཨོ་རྒྱན་ཉི་མ།

    ཀ་བ་བུམ་པ་རྩོད་ནས་མི་ཚེ་རྫོགས།།
    ཁ་དོག་དཀར་དམར་བརྩིས་ཏེ་སོ་ཡང་རལ།།
    ག་གེ་མོ་ལས་ངེད་ཅག་ལྷག་གོ་ཞེས།།
    ང་ཆེན་དགེ་ལྡན་པ་ལ་ཞེ་མ་བདེ།།

    ཅ་ཅོའི་ཕྲུ་གུའི་ངུ་སྐད་ལུང་པ་གང་།།
    ཆ་ལུགས་སྨྱོན་པ་དང་མཚུངས་གཏད་སོ་མེད།།
    ཇ་ཆང་ཚོད་མེད་སྤྱོད་ཅིང་མཐོ་སྐད་ཅན།།
    ཉ་ཉོག་རྙིང་མ་པ་ལ་ཞེ་མ་བདེ།།

    ཏ་ཀུའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ།།
    ཐ་མལ་རྟོག་དཔྱོད་ཙམ་ཡང་མ་སྤོང་བའི།།
    ད་ལྟའི་རྣམ་རྟོག་འདི་ཡིས་གྲོལ་ལོ་ཞེས།།
    ན་བུན་བཀའ་བརྒྱུད་བློ་ལ་ཞེ་མ་བདེ།།

    པ་ལོ་མཐུག་པོ་སྤྱི་བོའི་གཙུག་ཏུ་བསྡམ།།
    ཕ་རྒན་གོས་དཀར་ཅན་ཚོ་མང་ན་ཡང་།།
    བ་ལང་རང་རྒྱུད་ཡི་དམ་འཛིན་དྲགས་པའི།།
    མ་དགའ་ས་སྐྱའི་ལུགས་ལ་ཞེ་མ་བདེ།།

    ཙ་ཀ་ལི་དང་ཊ་དྲིལ་འབྲལ་མེད་རེད།།
    ཚ་ཚ་བུམ་གཏེར་བཟོ་ལ་མཁས་ན་ཡང་།།
    ཛ་དྲག་འཆི་ལ་ཐུག་དུས་ཆོས་མེད་པོ།།
    ཝ་འདྲའི་རྒྱ་བླ་དག་ལ་ཞེ་མ་བདེ།།

    ཞ་བོ་བཞིན་དུ་ལུས་ངག་འཇམ་ན་ཡང་།།
    ཟ་འདོད་བསླུ་འདོད་ཞེ་ན་མཐུག་དྲགས་པས།
    འ་ཆད་འུ་ཐུག་ཁྱི་མོ་ལྟོགས་འཆལ་བཞིན།།
    ཡ་ཡོ་མཁན་དགེ་དག་ལ་ཞེ་མ་བདེ།།

    ར་རྒན་ཞིག་གི་ཡོན་ཏན་མེད་ན་ཡང་།།
    ལ་ལུང་ཀུན་ལ་ང་ཆེ་ང་བཙན་སྒྲོག།
    ཤ་ཚ་སྙིང་བརྩེ་གཏན་དུ་སྤངས་པ་ཡི།།
    ས་འབུ་སྤྲུལ་རྫུན་དག་ལ་ཞེ་མ་བདེ།།

    ཧ་ཅང་ཀུན་ཤེས་ཀུན་རིག་དམ་པ་ལ།།
    ཧ་ལམ་སྲོག་ཀྱང་མཆོད་པ་འབུལ་ཕོད་པའི།།
    ཨ་མའི་བུ་མཆོག་ཨོ་རྒྱན་ཉི་མ་དེས།།
    ཨ་ཕ་ཀུན་ཏུ་བཟང་པོ་དགྱེས་ཕྱིར་ཕུལ།།
    ༼རྩོ་མ་རྙིང་ཞིག༽
    ཧཧཧཧཧཧཧ

  4. ཀརྡོ་རབ་འབྱམས་པ་ says:
    2017-09-02 at 3:36 am

    ཀ་བ་བུམ་པ་མྱུ་གུ་དང་། །
    ཁ་མདོག་དཀར་དམར་མཐོང་ཆོས་རིགས། །
    ག་རེ་མཐོང་ནའང་དཔེར་བཞག་པ། །
    ང་ཡི་དགེ་ལྡན་ཆོས་སྐད་བཟང་། །

    ཅ་ཅོའི་ཕྲུ་གུ་ངུ་ངོར་ཞོར་དུ། །
    ཆ་ལུགས་གཏད་མེད་སྨྱོན་མཚུངས་ཀྱང་། །
    ཇ་ཆང་ཚོད་མེད་སྤྱོད་མཐོང་ཡང་། །
    ཉ་ཉོག་ལྟར་སྣང་རྙིང་ཆོས་དད། །

    ཏ་ཐ་ག་ཏྰའི་ཕྱག་རྒྱ་ཆེ། །
    ཐ་མལ་རྣམ་རྟོག་དགག་སླ་བ། །
    ད་ལྟའང་གྲུབ་ཐོབ་མོས་སླ་བ། །
    ན་མཉམ་བཀའ་བརྒྱུད་ཡི་རངས་སོ། །

    པ་ལོ་མཐུག་པོས་སྤྱི་གཙུག་བསྡམས། །
    ཕ་རྒན་གོས་དཀར་མང་པོའི་ནང་། །
    བ་གླང་སྤྱོད་བྲལ་རབ་འབྱུང་མང་། །
    མ་སྨད་ལུང་རྟོགས་བསྟན་འཛིན་དད། །

    ཙ་རི་སྐོར་མཁན་ཞི་བྱེད་པ། །
    ཚ་རོང་ཉུལ་བའི་ཇོ་ནང་པ། །
    ཛ་ཡ་བཀའ་གདམས་གསར་རྙིང་སོགས། །
    ཝ་ལེར་མཐོང་ཡུལ་བོན་ཆོས་དར། །

    ཞྭ་གཟུགས་མཚོན་མདོག་མ་ངོམས་པར། །
    ཟ་ཚོད་ངོམས་པའི་མི་ལར་ལྟོས། །
    འ་ཅག་ནང་བསྟན་ཡོངས་རྫོགས་ལ། །
    ཡ་མཚན་ལུང་རྟོགས་དག་སྣང་སྦྱོངས། །

    རྭ་ལྟར་གྱོང་བའི་སེམས་འདུལ་ཕྱིར། །
    ལ་འུར་ལ་འུར་ཆོས་ལ་འཇུག །
    ཤ་ཆང་སྐྱེས་པ་བུད་མེད་སོགས། །
    ས་ལམ་བགྲོད་ལ་ཕན་མིན་ལྟོས། །

    ཧ་རྒོད་ཆ་བའི་ཀ་ཕྲེང་ཞིག །
    ཨ་མའི་བུ་ངའི་ཁ་ནས་ཤོར། །
    ཧ་བ་ཧོ་བའི་བྲིས་ཐལ་ལ། །
    ཨ་འཐས་ཤོར་བ་དགོངས་དག་ཞུ། །

  5. ཀརྡོ་རབ་འབྱམས་པ་ says:
    2017-09-02 at 3:38 am

    ཧ་རྒོད་ཆེ་བའི་ཀ་ཕྲེང་ཞིག །
    ཨ་མའི་བུ་ངའི་ཁ་ནས་ཤོར། །
    ཧ་བ་ཧོ་བའི་བྲིས་ཐལ་ལ། །
    ཨ་འཐས་ཤོར་བ་དགོངས་དག་ཞུ། །

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-02 at 8:40 pm

    ཀ་བ་ཁང་པ་ག་པ་གསུམ་།
    ཁ་དང་རྣ་དང་ལྕེ་དང་གསུམ་།
    ག་པ་རོག་པོ་གཡག་གི་མིང་།
    ང་ལ་དགོས་པ་ཨ་སྒོར་ཙམ་།

    ཅ་དངོས་མང་བ་འདོད་པས་ཕུང་།
    ཆ་ལག་ཚང་བ་རེ་རེ་ཙམ་།
    ཇ་ཆང་མི་ཡིས་བསོད་ནམས་རེད་།
    ཉ་ཕག་གོང་གསུམ་བདུག་ཟས་རེད་།

    ཏ་ལའི་ཤིང་འབྲས་ལུས་ལ་ཕན་།
    ཐ་མག་འཐེན་ན་གློ་བར་གནོད་།
    ད་ར་འོ་མ་དཀར་ཟས་སྤྱོད་།
    ན་རྒྱུ་ཚ་རྒྱུ་ཉུང་དུ་འགྲོ་།

    པ་ཕའི་ལས་འཇུག་བུ་གི་དགྱིས་།
    ཕ་བཟང་བུ་ལ་ཤེས་རིག་བཀྲ་།
    བ་ཕྱུག་དུད་འགྲོ་མི་ལ་འཁོར་།
    མ་འགྱུར་སེམས་ཅན་གྲལ་དུ་ཚུད་།

    ཙ་ཁ་བཟང་སར་དུད་འགྲོ་གནས་།
    ཚ་ཚོང་བོད་ཀྱི་བྱང་འབྲོག་ལས་།
    ཛ་ར་རྫེ་རེ་ཤིང་ལ་ཡོང་།
    ཝ་མོའི་རྔ་མ་ནག་པོ་ཡོང་།

    ཞ་ར་འོན་པ་དབང་སྐྱོན་མང་་།
    ཟ་རྒྱུ་འཐུང་རྒྱུ་མི་ལ་མང་།
    འ་ར་འུར་རེ་མི་ཡིས་སྤེལ་།

    ར་ལུག་རྟ་གཡག་འབྲོག་པས་འཚོ་།
    ལ་ལུང་བགྲོད་ནས་ཙ་སར་བསྟེན་།
    ཤ་ཙམ་དཀར་ཆུ་འབྲོག་པའི་ཟས་།
    ས་ཕྱོགས་ཀུན་ལ་འབྲོག་པ་མང་།

    ཧ་ཅང་མང་བའི་སྨྱོ་གཏམ་འདི་།
    ཨ་རྩི་བོད་ཡིག་བསྐོལ་སྤྱོད་ཨེ་ཕན་བསམ་།

  7. ལ་དྭགས་འཇམ་དཔལ།། says:
    2017-09-02 at 10:30 pm

    ལ་ལུང་ཀུན་ལ་ང་ཆེ་ང་བཙན་སྒྲོག།
    ཞེས་པར་འདི་ལྟར་འབྲི་ན་ལེགས་པར་མཐོང་།
    ལ་ལུང་ཀུན་ལ་ང་ཆེ་ང་བཙན་སྒྲོགས།
    ལྷམ་གྱི་འབོལ་ནི་ལྷམ་སྒྲོག་དག་གི་སྒྲོག
    དག་ཡིག་གཞིར་གཟུང་དེའི་ལུགས་འབྲུག་ལྟར་སྒྲོགས།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-02 at 11:18 pm

    ཀ་ར་གུ་རམ་ཁ་ལ་ཞིམ་ཀྱང་ཡ་སྲིན་ནག་པོའི་དགྲ་།
    ཁ་དཀར་རྐྱང་ལ་བདག་པོ་མེད་པས་ཁྱི་ར་རྔོན་པ་མང་།
    ག་བུར་ཙན་དན་དྲི་ངད་ཆེ་ནས་བདུག་སྤོས་བཟོ་བའི་རྒྱུ་།
    ང་རྒྱལ་ཅན་ལ་ཡོན་ཏན་མི་འཇག་བྱེ་སྟེང་ཆུ་སླུག་འདྲ་།

  9. ཟླ་བ། says:
    2017-09-03 at 9:36 pm

    ཡག་པོ་འདུག

  10. གཡག་རྫི། says:
    2017-09-04 at 8:20 am

    བྱ་དཀའི་ལུགས་འབྱུང་བྱད་ཟློག་མ།
    གཡག་རྫི།
    ཀོ་ལོང་ཁོང་ཁྲོ་ངོ་གདོང་ལོང་ལོང་གཡོ།།
    ཁུ་ཚུར་ཕུར་ཕུར་ཕུ་ནུ་ལུག་ཐུག་རྒྱག།།
    གེ་སེར་ཉེ་གཉེན་དཔེ་འགྲེ་ཁྲེད་ཁྲེད་བྱེད།།
    ང་རྒྱལ་གླང་དམར་ཧར་སྒྲས་སྨྱན་ཁ་སྦྱོར།།

    ཅོ་ཏོ་ཞ་འགེབས་ཕོ་གཟུགས་དཔའ་རྟགས་སྟོན།།
    ཆོ་ལོ་ཁ་འཁྱེར་དཔོན་ཐག་གཡོག་གཅོད་བྱེད།།
    ཇོ་ཇོའི་གདམས་ངག་ཕ་གཏམ་བུ་འཇགས་མེད།།
    ཉོ་ཚོང་མེས་པོའི་རྒྱལ་ཁབ་ཡིན་ཡང་བྱེད།།

    ཏཱ་ལའི་བླ་མའི་བཞེངས་པའི་སྒྲིག་འཛུགས་འདི།།
    ཐ་མལ་འགའ་ཡིས་གཏོར་འདོད་ཆེར་འདུག་པས།།
    ད་ནས་བཟུང་སྟེ་གཟབ་གཟབ་མ་བྱས་ན།།
    ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད།།

    པི་ཝང་རྒྱུད་མང་ཁྲོད་ཀྱི་གླུ་སྐད་ཀྱིས།།
    ཕ་སྐད་གཙང་མའི་སྲོག་རྩ་དགུ་མཐུད་ཡང་།།
    བུ་རབས་ཚ་རྒྱུད་སྐད་འཕྲིན་ཉལ་ཐས་ཁྱེར།།
    མུ་ཅོར་ཚུགས་མེད་འབུམ་གཅིག་མང་དུ་སོང་།།

    ཙི་གི་ཨབ་བྲ་ས་སྲིན་ཁུང་འབིགས་བཞིན།།
    ཚ་བཙོང་སྒོང་བཙོང་རྒྱ་སྲིན་བོད་དུ་དར།།
    ཛ་དྲག་གཉན་འཕྲེང་དུས་ཀྱི་གནས་བབ་འདིར།།
    ཝ་བྲོས་རི་ལ་མ་བརྒྱག་ཨ་མའི་བུ།།

    ཞྭ་མདོག་ཆོས་རྒྱུད་རྩོད་པའི་ཕུང་གསུམ་པ།།
    ཟ་འདྲེ་རྒྱ་ཁྱི་ཕྱི་ནང་གཡེན་སྦྱོར་མཁན།།
    འ་ཅག་ཕུང་ཀྲོལ་རྒྱུད་སྐུལ་བྱེད་པོ་དག།།
    ཡ་ང་སྙིང་རྗེ་མི་དགོས་རྡུལ་དུ་རློག །

  11. གཡག་རྫི། says:
    2017-09-04 at 8:21 am

    བྱ་དཀའི་ལུགས་འབྱུང་བྱད་ཟློག་མ།
    གཡག་རྫི།
    ཀོ་ལོང་ཁོང་ཁྲོ་ངོ་གདོང་ལོང་ལོང་གཡོ།།
    ཁུ་ཚུར་ཕུར་ཕུར་ཕུ་ནུ་ལུག་ཐུག་རྒྱག།།
    གེ་སེར་ཉེ་གཉེན་དཔེ་འགྲེ་ཁྲེད་ཁྲེད་བྱེད།།
    ང་རྒྱལ་གླང་དམར་ཧར་སྒྲས་སྨྱན་ཁ་སྦྱོར།།

    ཅོ་ཏོ་ཞ་འགེབས་ཕོ་གཟུགས་དཔའ་རྟགས་སྟོན།།
    ཆོ་ལོ་ཁ་འཁྱེར་དཔོན་ཐག་གཡོག་གཅོད་བྱེད།།
    ཇོ་ཇོའི་གདམས་ངག་ཕ་གཏམ་བུ་འཇགས་མེད།།
    ཉོ་ཚོང་མེས་པོའི་རྒྱལ་ཁབ་ཡིན་ཡང་བྱེད།།

    ཏཱ་ལའི་བླ་མའི་བཞེངས་པའི་སྒྲིག་འཛུགས་འདི།།
    ཐ་མལ་འགའ་ཡིས་གཏོར་འདོད་ཆེར་འདུག་པས།།
    ད་ནས་བཟུང་སྟེ་གཟབ་གཟབ་མ་བྱས་ན།།
    ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད།།

    པི་ཝང་རྒྱུད་མང་ཁྲོད་ཀྱི་གླུ་སྐད་ཀྱིས།།
    ཕ་སྐད་གཙང་མའི་སྲོག་རྩ་དགུ་མཐུད་ཡང་།།
    བུ་རབས་ཚ་རྒྱུད་སྐད་འཕྲིན་ཉལ་ཐས་ཁྱེར།།
    མུ་ཅོར་ཚུགས་མེད་འབུམ་གཅིག་མང་དུ་སོང་།།

    ཙི་གི་ཨབ་བྲ་ས་སྲིན་ཁུང་འབིགས་བཞིན།།
    ཚ་བཙོང་སྒོང་བཙོང་རྒྱ་སྲིན་བོད་དུ་དར།།
    ཛ་དྲག་གཉན་འཕྲེང་དུས་ཀྱི་གནས་བབ་འདིར།།
    ཝ་བྲོས་རི་ལ་མ་བརྒྱག་ཨ་མའི་བུ།།

    ཞྭ་མདོག་ཆོས་རྒྱུད་རྩོད་པའི་ཕུང་གསུམ་པ།།
    ཟ་འདྲེ་རྒྱ་ཁྱི་ཕྱི་ནང་གཡེན་སྦྱོར་མཁན།།
    འ་ཅག་ཕུང་ཀྲོལ་རྒྱུད་སྐུལ་བྱེད་པོ་དག།།
    ཡ་ང་སྙིང་རྗེ་མི་དགོས་རྡུལ་དུ་རློག །

  12. དྲི་མེད་ལྷག་བསམ། says:
    2017-09-04 at 12:16 pm

    ༄། །ཆོས་ལུགས་ལེགས་ལ་ཞེ་བློ་བདེ་བའི་ཀ་མགུར།

    ཀ་རུ་ཀ་ནས་མི་སློབ་ལམ་གྱི་བར། །
    ཁ་བཤད་རྩོད་པ་ལམ་རིམ་ཉམས་ལེན་ཡོད། །
    ག་ནས་བལྟས་ཀྱང་ཕྱི་ནང་ཀུན་བཟང་པ། །
    ང་ཚོའི་དགེ་ལྡན་དར་ན་ཞེ་བློ་བདེ། །།

    ཅ་ཅོ་དབེན་པའི་གངས་དང་རི་ཁྲོད་ན། །
    ཆ་ལུགས་མ་བཅོས་གང་ཤར་གདོང་འདེད་བྱེད། །
    ཇ་ཆང་རོ་སྙོམ་བྱེད་པའི་རྫོགས་ཆེན་པ། །
    ཉ་གང་རྙིང་མ་དར་ན་ཞེ་བློ་བདེ། །

    ཏཱ་ལའི་ནགས་དང་བོད་ཀྱི་རི་སིལ་ན། །
    ཐ་མལ་རྣམ་རྟོག་བཅོས་མེད་རང་ངོ་སྐྱོང་། །
    ད་ལྟའི་ཆེ་དགུ་རྣམས་ཀྱིས་མི་ཤེས་པའི། །
    ནཱ་རོའི་བཀའ་རྒྱུད་གནས་པས་ཞེ་བློ་བདེ། །

    པ་སངས་ལྟར་དཀར་གསུང་ངག་ལམ་འབྲས་དོན། །
    ཕ་བུར་སྙན་བརྒྱུད་ཚད་མ་བཞི་ལྡན་པ་།།
    བ་རིའི་སློབ་རྒྱུད་དྲི་མེད་ལྷ་ཡི་གདུང་།།
    མ་རྨད་ས་སྐྱ་རྒྱས་པས་ཞེ་བློ་བདེ།།

    ཙཱ་རི་མི་དགོས་མགྲོན་ཁང་གང་བཟང་ལེགས།།
    ཚ་དུག་མི་ཕོག་གྲང་གློག་གང་བདེར་སྤྱོད།།
    ཛ་ཡའི་གསུང་རབས་ཐབས་མཁས་ལམ་ནས་སྤེལ།།
    ཝ་ཁའི་རྒྱ་བླ་དར་བས་ཞེ་བློ་བདེ།།

    ཞྭ་མོའི་ཐོབ་དང་ལག་ཁྱེར་གང་བཟང་ཁུར།།
    ཟ་འདོད་ཙམ་མིན་གསུང་རབ་འཆད་རྩོད་ནུས།
    འ་འུར་ཁྲོད་ནས་རང་དོན་མི་འཆོར་བའི།།
    ཡ་མཚན་མཁན་དགེ་མང་བས་ཞེ་བློ་བདེ། །

    རྭ་ཅོ་མེད་ཀྱང་ཀུན་གྱིས་མཐོང་ན་འཇིགས། །
    ལ་ལུང་ཀུན་ལ་འཕྲིན་ལས་སད་སུད་རྒྱས། །
    ཤ་རྒྱས་སྐུ་བརྗིད་དགོན་སྡེའི་ཁུར་ཆེན་ཐེག།
    ས་སྟེང་སྤྲུལ་སྐུས་ཁྱབ་པས་ཞེ་བློ་བདེ།།

    ཧ་ལམ་བོད་རིགས་ཀུན་གྱིས་ཤེས་ནའང་། །
    ཧ་ཅང་ཕྱོགས་སུ་ལྷུང་ན་རང་ལ་བརྙས། །
    ཨ་ཕའི་ཁ་ཕོར་གཙང་བར་ཞེན་མིན་ཡང་། །
    ཨ་མཚར་གཏམ་འདི་བཅོས་མེད་ཤུགས་ཀྱིས་ཐལ། །དྲི་མེད་ལྷག་བསམ་པས།

  13. ཀརྡོ་རབ་འབྱམས་པ་ says:
    2017-09-04 at 2:17 pm

    ཀ་ཁ་ནས་བཟུང་སུམ་རྟགས་བར། །
    ཁ་ནས་ཐོས་དང་དེབ་ནང་མཐོང་། །
    ག་རེ་ཤེས་ཚད་ཁ་ནས་ཤོད། །
    ང་དང་ཁྱོད་ཀྱི་སྐད་ཡིག་རེད། །

  14. གཡག་རྫི། says:
    2017-09-05 at 7:19 am

    ལུགས་འབྱུང་བྱད་ཟློག་མ།

    གཡག་རྫི།
    ཀོ་ལོང་ཁོང་ཁྲོ་ངོ་གདོང་ལོང་ལོང་གཡོ།།
    ཁུ་ཚུར་ཕུར་ཕུར་ཕུ་ནུ་ལུག་ཐུག་རྒྱག།།
    གེ་སེར་ཉེ་གཉེན་དཔེ་འགྲེ་ཁྲེད་ཁྲེད་བྱེད།།
    ང་རྒྱལ་གླང་དམར་ཧར་སྒྲས་སྨྱན་ཁ་སྦྱོར།།

    ཅོ་ཏོ་ཞ་འགེབས་ཕོ་གཟུགས་དཔའ་རྟགས་སྟོན།།
    ཆོ་ལོ་ཁ་འཁྱེར་དཔོན་ཐག་གཡོག་གཅོད་བྱེད།།
    ཇོ་ཇོའི་གདམས་ངག་ཕ་གཏམ་བུ་འཇགས་མེད།།
    ཉོ་ཚོང་མེས་པོའི་རྒྱལ་ཁབ་ཡིན་ཡང་བྱེད།།

    ཏཱ་ལའི་བླ་མའི་བཞེངས་པའི་སྒྲིག་འཛུགས་འདི།།
    ཐ་མལ་འགའ་ཡིས་གཏོར་འདོད་ཆེར་འདུག་པས།།
    ད་ནས་བཟུང་སྟེ་གཟབ་གཟབ་མ་བྱས་ན།།
    ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད།།

    པི་ཝང་རྒྱུད་མང་ཁྲོད་ཀྱི་གླུ་སྐད་ཀྱིས།།
    ཕ་སྐད་གཙང་མའི་སྲོག་རྩ་དགུ་མཐུད་ཡང་།།
    བུ་རབས་ཚ་རྒྱུད་སྐད་འཕྲིན་ཉལ་ཐས་ཁྱེར།།
    མུ་ཅོར་ཚུགས་མེད་འབུམ་གཅིག་མང་དུ་སོང་།།

    ཙི་གི་ཨབ་བྲ་ས་སྲིན་ཁུང་འབིགས་བཞིན།།
    ཚ་བཙོང་སྒོང་བཙོང་རྒྱ་སྲིན་བོད་དུ་དར།།
    ཛ་དྲག་གཉན་འཕྲེང་དུས་ཀྱི་གནས་བབ་འདིར།།
    ཝ་བྲོས་རི་ལ་མ་བརྒྱག་ཨ་མའི་བུ།།

    ཞྭ་མདོག་ཆོས་རྒྱུད་རྩོད་པའི་ཕུང་གསུམ་པ།།
    ཟ་འདྲེ་རྒྱ་ཁྱི་ཕྱི་ནང་གཡེན་སྦྱོར་མཁན།།
    འ་ཅག་ཕུང་ཀྲོལ་རྒྱུད་སྐུལ་བྱེད་པོ་དག།།
    ཡ་ང་སྙིང་རྗེ་མི་དགོས་རྡུལ་དུ་རློག །

    རི་ཁོག་སྦྲུལ་ལམ་སྨད་ནས་སྟོད་ལ་འཐེན།།
    ལི་མ་གསེར་དངུལ་གཏེར་དངོས་རྒྱ་ལ་དྲུད།།
    ཤི་འཛིང་དགྲ་རྒོད་གཞིས་བཞུགས་སྤུན་ཟླས་བྱས།།
    སི་གླུ་སྙན་མོའི་སྤྲོ་གླུ་བྱེས་ནས་འཐེན།།

    ཧི་མ་ལ་ཡའི་གདུང་རྒྱུད་སྲིན་པོའི་བུ།།
    ཧ་ནེ་ཧོན་ནེར་དུས་རབས་རྗེས་ལ་ཆད།།
    ཨུ་ཚུགས་ཅན་གྱི་བླུན་པོ་ཁ་ནག་ཚོས།།
    ཨུ་རྒྱན་ཡུལ་ནས་ནང་འཁྲུག་རྐྱང་རྐྱང་བརྒྱབ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme